མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ང་ཚོའི་ཆོད་སེམས་ལ་འགྱུར་བ་མེད།

བོད་ཀྱི་དུས་བབ།
༢༠༠༩/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟའི་དུས་འདིར་ང་ཚོ་གཞན་ཡུལ་དུ་ཡོད་ཀྱང་ནམ་ཞིག་ག་ང་ཚོ་ཕྱིར་རང་ཡུལ་ཏུ་ལོག་རྒྱུ་ཡིན་ལ། ང་ཚོས་བོད་ཀྱི་རྒྱལ་དར་བོད་རང་གི་ས་ཐོག་ཏུ་སྒྲེང་འཛུགས་བྱ་རྒྱུ་ཡིན་ཟེར།

ཕྱིར་རང་ཡུལ་དུ་ལོག་པ་ཞེས་པའི་ལས་འགུལ་ཐེངས་གཉིས་པའི་གོམ་བགྲོད་པ་རྣམས་ཕྱི་ཚེས་ ༢༡ ཉིན་རྒྱ་གར་དང་བོད་ཀྱི་ས་མཚམས་ནས་རྒྱ་གར་མཐའ་སྲུང་དམག་མིས་འཛིན་བཟུང་གིས་ཉིན་གྲངས་གསུམ་རིང་བཀག་ཉར་བྱས་རྗེས་ཕྱིར་བཞུགས་སྒར་དུ་འབྱོར་ཡོད་པ་དང༌། དེ་རིང་ཞོགས་པའི་ཆུ་ཚོད་ ༩ དང་ཕྱེད་ཀའི་སྟེང་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་དཔེ་མཛོད་ཁང་དུ་གོམ་བགྲོད་པ་ཚོ་དངོས་སུ་ཕེབས་ཏེ་གསར་འགོད་གསལ་བསྒྲགས་གནང་སོང། སྐབས་དེར་བླ་མ་ཤིང་བཟའ་རིན་པོ་ཆེས་གསུངས་དོན།  ང་ཚོའི་བོད་ནང་ལོག་པའི་ལས་འགུལ་འདི་ ༢༠༠༨ ལོར་ཐོག་མར་མགོ་བརྩམས་པ་དང༌། སྐབས་དེར་མི་ ༥༩ ལྷག་གི་ཞི་བའི་གོམ་བགྲོད་བྱས་ཏེ་བོད་ཀྱི་ས་མཚམས་དང་ཀེ་ལོ་མིས་ཊར་ ༢༧ ཡོད་པའི་མཚམས་སུ་སླེབས་སྐབས་རྒྱ་གར་དམག་མིས་འཇུས་པ་རེད། དེ་ལྟར་ཡང༌། ང་ཚོས་དམ་བཅའ་བརྟན་པོ་སྙིང་ལ་བཅངས་ཏེ་ཟླ་འདིའི་ཚེས་ ༡༠ ཉིན་གདན་ས་གསུམ་གྱི་གྲྭ་བ་ཁོ་ནར་གོ་སྒྲིག་བྱས་ཏེ་གྲྭ་ས་ནས་ཐོན་ཡོང་བ་ཡིན་ལ། ཕྱི་ཚེས་ ༡༤ ཉིན་རྒྱལ་ས་ལྡི་ལི་ནས་མུ་མཐུད་བོད་ནང་ལོག་པའི་ལས་འགུལ་གཉིས་པ་མགོ་བཙུགས་ཏེ་གོམ་བགྲོད་བྱས་ཤིང། ཕྱི་ཚེས་ ༡༦ ཉིན་ལམ་ཁ་ཡོངས་སུ་གངས་བརྒྱབས་ཡོད་སྟབས་ལས་འགུལ་བ་ཚོ་རྐང་ཐང་ལ་འགྲོ་དགོས་བྱུང་བ་དང༌། ཉིན་གྲངས་བདུན་ལྷག་གོམ་བགྲོད་བྱས་ཏེ་ཕྱི་ཚེས་ ༢༡ ཉིན་སུམ་མདོ་ཞེས་པའི་ས་མཚམས་སུ་སླེབས་མ་ཐག་རྒྱ་གར་དམག་མིས་འཇུས་ཏེ་ཕྱིར་ལོག་དགོས་བྱུང་ཡོད། ང་ཚོས་ཞེ་བོ་སྒྲུབ་ཡོད་པ་དང་འཇོན་ཡོད་ཅེས་གསར་འགོད་གསལ་བསྒྲགས་བསྐྱངས་པ་མིན་པར་རྒྱ་ཆེའི་མི་དམངས་ལ་དགོངས་དག་ཞུ་ཆེད་འདི་ལྟར་གསར་འགོད་གསལ་བསྒྲགས་བསྐྱངས་པ་ཡིན་ལ། ཐེངས་འདིའི་གོམ་བགྲོད་ཀྱི་དམིགས་ཡུལ་མ་འགྲུབ་པས་ང་ཚོར་བློ་ཕམ་ཆེན་པོ་བྱུང་ཡོད། ཅེས་དང༌། ཡང་ཐེངས་འདིའི་གོམ་བགྲོད་གསང་བ་བྱས་པའི་ཐད་ལ་གསུངས་དོན། ཁོང་གིས། ད་ལྟའི་ཆར་ང་ཚོའི་འཐབ་རྩོད་དེ་རྒྱལ་ཁབ་གཉིས་ཀྱི་བར་མཚམས་ཀྱི་འཐབ་རྩོད་ཞིག་ཆགས་ཡོད་སྟབས། ལས་འགུལ་གང་ཞིག་ཡིན་ཡང་མགོ་བརྩམས་མ་ཐག་ནས་བཟུང་ང་ཚོར་དཀའ་ངལ་གང་མང་ཞིག་འཕྲད་ཡོང་གི་ཡོད་པས་ང་ཚོས་གསང་བ་བྱས་དགོས་བྱུང་བ་རེད། ཐེངས་འདིའི་ལས་འགུལ་ལ་གྲུབ་འབྲས་མ་བྱུང་ཡང༌། སྔོན་མ་ནས་ང་ཚོས་ནམ་ཞིག་བོད་ཀྱི་ས་མཚམས་སུ་རྒྱལ་དར་སྒྲེང་འཛུགས་བྱ་རྒྱུའི་དམ་བཅའ་བཞག་ཡོད་ལ། ད་ལྟ་ཡང་ང་ཚོའི་དམ་བཅའ་ལ་འགྱུར་བ་མེད། ཐེངས་འདིའི་ང་ཚོའི་འཐབ་རྩོད་དེ་ཕྱོགས་གཅིག་ནས་ཕམ་ཁ་ཞིག་རེད་ལ། ཕྱོགས་གཞན་ཞིག་ནས་ང་ཚོའི་རྒྱལ་ཁ་ཅིག་ལ་ངོས་འཛིན་བྱེད་བཞིན་ཡོད། ཅེས་གསུངས་བྱུང། དེ་བཞིན་གོམ་བགྲོད་པ་གྲྭ་བློ་བཟང་སྦྱིན་པ་ལགས་དང་གྲྭ་བློ་བཟང་བསྟན་དར་ལགས་རྣམ་གཉིས་ཀྱིས། གོམ་བགྲོད་ཀྱི་བརྒྱུད་རིམ་ངོ་སྤྲོད་དང་འབྲེལ་གསུངས་དོན།  ང་ཚོར་ལམ་ཁྲིད་པ་དང་ས་ཕྱོགས་རྒྱུས་མངའ་ཡོད་མཁན་གྱི་མི་གཅིག་མེད་ཀྱང་དཀའ་ངལ་གང་མང་ལ་གདོང་ལེན་བྱས་ཏེ་ཆོད་སེམས་བརྟན་པོས་ཉིན་གྲངས་བདུན་ལ་གོམ་བགྲོད་བྱས་ཀྱང་ལམ་འགྲོ་མ་རྒྱུགས་པས་ཕྱིར་ལོག་དགོས་བྱུང་བ་རེད། ཡིན་ཡང། ཐེངས་འདིར་ང་ཚོས་རྒྱ་གར་དང་བོད་ཀྱི་རྒྱལ་དར་གཉིས་ཁུར་ཡོད་ལ། ས་མཚམས་རྒྱ་གར་དམག་མིས་ང་ཚོར་རྒྱ་མིའི་ས་མཚམས་ཡིན་ཚུལ་བརྗོད་པར། ང་ཚོས་ས་མཚམས་དེ་རྒྱ་གར་དང་རྒྱ་མི་གཉིས་ཀྱི་ས་མཚམས་མིན་པར་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་ཡིན་ཚུལ་གསལ་བོར་ར་སྤྲོད་བྱས་པ་ཡིན་ལ། འཛིན་བཟུང་བྱས་རྗེས་རྒྱལ་མཚམས་ནས་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་དགོས། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གློད་གྲོལ་བྱ་དགོས་ཞེས་སྐད་འབོད་བྱས་རྗེས་གོམ་བགྲོད་མཚམས་འཇོག་བྱ་དགོས་བྱུང༌། ཐེངས་འདིར་ང་ཚོ་མི་རེ་རེའི་ངོས་ནས་ནུས་པ་གང་ཡོད་བཏོན་ཏེ་གོམ་བགྲོད་དུ་ཆས་པ་ཡིན་སྟབས་མ་འོངས་པར་རེ་སྐུལ་གང་ཡང་མེད། ཡིན་ཡང༌། རྒྱ་མིའི་གཞུང་ལ་འབོད་སྐུལ་ཞུ་རྒྱུ་ཞིག་ལ། ད་ལྟའི་དུས་འདིར་ང་ཚོ་གཞན་ཡུལ་དུ་ཡོད་ཀྱང་ནམ་ཞིག་ང་ཚོ་ཕྱིར་རང་ཡུལ་ཏུ་ལོག་རྒྱུ་ཡིན་ལ། ང་ཚོས་བོད་ཀྱི་རྒྱལ་དར་བོད་རང་གི་ས་ཐོག་ཏུ་སྒྲེང་འཛུགས་བྱ་རྒྱུ་ཡིན། ཅེས་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང་།  པཎ་ཆེན་ཆུང་སྲིད་གཙོས་ཆབ་སྲིད་བཙོན་པ་ཡོངས་གློད་གྲོལ་གཏོང་དགོས། ཞེས་བརྗོད་བྱུང།

འབྲེལ་ཡོད་གསར་འགྱུར།

Uyghur Scholar Rahile Dawut [Photo: Uyghur Human Rights Project]
Mobile App

ཡུ་གུར་གྱི་སློབ་དཔོན་ཆེན་མོ་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

ཆུ་ཚོད་ ༡༠ སྔོན་ལ།
EU trade chief Valdis Dombrovskis speaks at the Bund Summit in Shanghai on Saturday. Photo: Reuters
Mobile App

འཛམ་གླིང་གི་ཚོང་ཤག་ཆེ་ཤོས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་ཉེན་འདུག 

ཆུ་ཚོད་ ༡༠ སྔོན་ལ།
པད་མ་ཚེ་བརྟན་ལགས་བྱང་ཨ་རིར་གློག་བརྙན་དབུག
ས་ལྒང་གི་ཆེས་ཐོག་མའི་གཟིགས་འབུལ་ཞུ་ཆེད།
ཅི་ཀ་ཀོར་ཕེབས་པའི་སྐབས། (༢༠༡༩)
པར་དབང་། རིག་འབྱུང་དོན་གྲུབ་བཀྲ་ཤིས།
ཆོག་མཆན་ཞུས་པའི་ཐོག་ནས་པར་འདྲེན་བཀོད་བྱས།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་གྱི་མི་ཚེའི་ལོ་རྒྱུས།

ཆུ་ཚོད་ ༡༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་ཁུལ་དུ་གཟིགས་སྐོར་གནང་བཞིན་འདུག

༢༠༢༣/༠༩/༢༢
སྤྱི་འཐུས་ཉི་ཤུ་ལྷག་གཞི་རིམ་མི་མང་གི་ལས་འགུལ་སྤེལ་སར་ཕེབས། བོད་ཀྱི་དུས་བབ་ཀྱི་པར།  ༢༠༢༣། ༠༩། ༢༢
Mobile App

དེ་རིང་ཉིན་གང་བོར་གྲོས་ཚོགས་འཚོགས་ཐུབ་མ་སོང་།  

༢༠༢༣/༠༩/༢༢
Mobile App

ཨ་རིའི་རི་འཛེགས་པ་གཉིས་བོད་ནང་འགྲོ་བསྐྱོད་བཀག་འགོག་བྱས་འདུག

༢༠༢༣/༠༩/༢༢

མཆན། 2

  1. བློ་བཟང་རབ་དགའ། says:
    ལོ་ 14 སྔོན།

    དཔའ་ངར་ཞུམ་མེད་ཀྱི་ཕོ་རྒོད་དེ་ཚོ་ངོ་མ་ཡག་སོང་ང།་

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 14 སྔོན།

    ཞུམ་མེད་ཀྱི་སྙིང་སྟོབས་རྒྱལ་གྱུར་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist