མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོའི་གཞུང་འབྲེལ་སྐད་ཡིག་གང་རེད། བཀྲ་རྒྱམ།

བོད་ཀྱི་དུས་བབ།
༢༠༠༩/༠༥/༢༩
Share on FacebookShare on TwitterShare on EmailShare on Whatsapp

                                                                                ཨོ་གླིང་ལྷོ་མ་ནས། བཀྲ་ཤིས་རྒྱ་མཚོས །

རྒྱ་ནག་གིས་བོད་བཙན་བཟུང་བྱས་ནས་མི་ལོ་ལྔ་བཅུའི་རིང་འདིར་བོད་མི་རིགས་འདིའི་རིག་གཞུང་མ་ལག་དང་བཅས་བ་རྩ་མེད་དུ་འགྲོ་བཞིན་ཡོད་ལ་ང་ཚོའི་ངོས་ནས་ཀྱང་རང་གི་སྐད་ཡིག་འདི་བདག་པོ་རྒྱག་ཐུབ་ཀྱིན་མེད་པའི་སྣང་ཚུལ་ཡོངས་བཞིན་ཡོད།   ད་དུང་ང་ཚོའི་ཕྱོགས་ནས་ཁ་ཡར་གྲགས་ལ་རྒྱ་ནག་གིས་བོད་ཀྱི་རིག་གཞུང་རྩ་མེད་བཟོ་བཞིན་འདུག་ཅེས་རྒྱལ་སྤྱིའི་སྟེང་ལ་སྒྲོག་བཞིན་པ་མ་ཡིན་ནམ།  དེ་འདྲའི་རང་གི་མི་རིགས་དང་རིག་གཞུང་ལ་གཅེས་སྐྱོང་དང་བདག་འཛིན་བྱེད་འདོད་ཡོད་ན་གཞུང་ངོས་ནས་ཀྱང་ཤེས་ཡོན་སྲིད་ཇུས་འདི་དམིགས་བསལ་གྱིས་ཡར་རྒྱས་གོང་འཕེལ་དུ་གཏོང་དགོས་བར་སེམས །  རྒྱ་ནག་གིས་བོད་མི་རིགས་དང་རིག་གཞུང་ཐོག་ལ་འཛིན་པའི་སྲིད་ཇུས་ངན་པ་དེ་དངོས་ཡོད་གནས་ཚུལ་ཡིན་པའི་ཁར་དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་དུ་ཡང་བོད་ཀྱི་སྐད་ཡིག་འདི་བེད་མེད་ལྟ་བུར་འགྱུར་བཞིན་ཡོད།  དེ་ནི་རྒྱ་ནག་གི་སྲིད་ཇུས་ལ་རམ་འདེགས་ལྟ་བུ་ཞིག་ཆགས་ཡོད།

དཔེར་ན་ཉེ་སྔོན་ཐེངས་གཉིས་བའི་བཙན་བྱོལ་ནང་གི་མི་འབོར་ཞིབ་བཤེར་འདི་གལ་ཆེན་དོན་ཆེན་ཡིན་པའི་བརྒྱུད་རིམ་མང་བོ་ཞིག་གི་ཁྲོད་ནས་འགེངས་ཤོག་དེའི་ངོས་སུ་བཙན་བྱོལ་གཞུང་གི་ལས་རྟགས་ཙམ་ཕར་ཟད་བོད་ཡིག་རྐང་གཅིག་ཀྱང་མེད་པས་བཙན་བྱོལ་གཞུང་གི་སྐད་ཡིག་དེ་དབྱིན་ཡིག་མིན་ནམ་སྙམ་པའི་ཚོར་བ་ཞིག་ངང་གིས་སླེབས།  འགེངས་ཤོག་འདི་བཟོ་དུས་རྒྱ་ནག་གི་འདྲེ་ལག་བརྐྱངས་བ་མིན་ཚོད་རེད་ལ། ང་ཚོ་རང་དབང་གི་ལུང་བར་ཡོད་པས་རང་གི་སྐད་ཡིག་འདི་རང་དབང་གི་སྒོ་ནས་བེད་སྤྱོད་གཏོང་མ་ཆོག་པ་ཡང་ག་ལ་ཡིན།  འདི་ནི་རང་མགོར་རང་གིས་གཞུས་བའི་དཔེ་ལྟར་ལས་སུ་ཞིག་གིས་ང་ཚོ་ལ་དབྱིན་ཡིག་བེད་སྤྱོད་ཐོངས་ཞེས་བཙན་བཀའ་བཏང་མེད་པར་སེམས། ང་ཚོ་ཕྱི་སྡོད་བོད་རིགས་ཡིན་པ་ལས་ཕྱི་རྒྱལ་གྱི་མི་རིགས་ག་ལ་ཡིན།  དེར་བརྟེན་བཙན་བྱོལ་ནང་གི་བོད་རིགས་བརྒྱ་ཆའི་ ༨༠ ཙམ་གྱིས་བོད་ཡིག་མི་ཤེས་ན་གནས་ཚུལ་ཁ་ཁ་རེད་མ་གཏོགས་འདི་ལྟ་བུའི་བཙན་བྱོལ་བོད་མི་ཡོངས་རྫོགས་ལ་ཁྱབ་ཐུབ་པའི་འགེངས་ཤོག་ཅིག་དབྱིན་ཡིག་གི་ལམ་ནས་བྲིས་ན་ཧ་ཅང་ཐབས་སྐྱོ་བའི་གནས་སུ་གྱུར་འདུག གལ་ཏེ་འགེངས་ཤོག་འདི་བོད་ཡིག་གི་ལམ་ནས་བྲིས་ཡོད་ཚེ་གཞོན་སྐྱེས་ཚོ་ལ་མ་འོངས་བར་འདི་འདྲའི་འགེངས་ཤོག་གི་རིགས་བོད་ཡིག་གི་ལམ་ནས་རྒྱོང་བའི་ལམ་སྟོན་ཡག་པོ་ཞིག་གནང་བ་མ་རེད་དམ །  དེ་འདྲ་མ་ཡིན་པར་མི་དམངས་ཀྱི་མགོ་ཁྲིད་མཁན་ཞིག་གི་ངོས་ནས་འདི་ལྟར་མུ་མཐུད་དུ་ཕྱིན་ན་ང་ཚོའི་སྐད་ཡིག་འདི་དགོས་མཁོ་མི་འདུག་སྙམ།  

ང་ཚོས་དུས་རྒྱུན་དུ་བོད་མི་རིགས་འདིའི་ངོ་བོ་གནས་རྒྱུར་སྐད་ཡིག་དང་རིག་གཞུང་ལ་རག་ལས་ཡོད་ཅེས་མ་ཎི་བཞིན་བགྲང་གི་ཡོད་མོད། འོན་ཀྱང་བློ་ཕམ་པ་ཞིག་ལ་དེ་ལས་ལྡོག་ཏེ་དེང་སྐབས་བོད་ཀྱི་སྐད་ཡིག་འདིའི་ཚེ་སྲོག་གི་ཉག་ཕྲ་བའི་ཐོག་ལ་རང་ཉིད་ཀྱིས་འདི་ལྟར་སྣང་མེད་དུ་བཏང་ན་ནམ་ཞིག་བོད་མི་རིགས་དང་རིག་གཞུང་སྔ་ལམ་དུ་བཞུད་རྒྱུ་ལས་ལམ་གཞན་མེད་པར་འདོད།  དེར་བརྟེན་མ་འོངས་བར་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་གང་ཡིན་རུང་སོ་སོའི་སྤྱི་ཚོགས་འདིའི་ནང་དུ་ལས་འགུལ་ཆེ་ཕྲ་གང་སྤེལ་རུང་རང་གི་སྐད་ཡིག་གི་ལམ་ནས་འབད་བརྩོན་བྱེད་རྒྱུ་ཧ་ཅང་གལ་འགངས་ཆེ་བར་མཐོང་།།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༣ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦

མཆན། 16

  1. གནས་ཚང་། says:
    ལོ་ 17 སྔོན།

    ཡ་གྲོགས་པོ་ལྷན་རྒྱས་ལགས། ང་རང་བོད་ནང་གི་ཧི་གཟུགས་ཟིན་བྲིས་ཀྱི་ཀློག་མཁན་ཞིག་ཡིན་ལ། དེའི་ནང་དུ་རྩོམ་པ་པོ་སྐད་གྲགས་ཅན༼འབྲོང་ཕྲུག༽ཅེས་པ་ཞིག་འདུག བཤད་སྟངས་ལ་ལྟོས་ན་གོང་གི་འབྲོང་ཕྲུག་འདི་འབྲོང་ཕྲུག་དེ་མ་རེད། དེ་བས། གཞན་མིང་མ་བཀོལ་རོགས་ཞེས་ཞུ་རྒྱུ་ཡིན་ལ། གལ་སྲིད་དེ་ལྟར་སོང་བ་ཡིན་ན། ཉེན་ཁ་གཉིས་འདུག
    ༡ ནང་འཁྲུག་གི་སྔ་ལྟོས།
    ༢ བོད་ནང་གི་མིར་གནོད་པ་ཐེབས་གཞི།

    Reply
  2. འབྲོང་ཕྲུག་ says:
    ལོ་ 17 སྔོན།

    ལྷ་ཆབ་སྦྱིན་པ་དང་བློ་བཟང་རབ་དགའ་གཉིས་ཀྱི་བཤད་པ་གནས་ལུགས་འདུག འོན་ཀྱང་འབྲེལ་ཡོད་སྡེ་ཁག་གིས་དེ་ལ་གསལ་བཤད་ཞིག་བྱེད་དགོས་པར་སྙམ། གང་ཡིན་ཟེར་ན་མི་མང་ནང་དུ་བསམ་ཚུལ་མང་པོ་ཐོན་གྱིན་འདུག གཞུང་འདི་དམངས་ཀྱི་གཞུང་ཡིན་པས་དམངས་ལ་གསལ་བཤད་ཞིག་བྱེད་ན་ལེགས་པར་སྙམ།

    Reply
  3. འབྲོག་རུ་ཆོས་གྲགས། says:
    ལོ་ 17 སྔོན།

    ནོར་བཅོས།
    བེད་སྤྱོད་བྱེད་འདོད་

    Reply
  4. འབྲོག་རུ་ཆོས་གྲགས། says:
    ལོ་ 17 སྔོན།

    མ་རེད་མ་རེད།
    ང་ཚོ་ཚང་མས་བོད་སྤྱོད་འདོད་ཀྱིན་ཡོད་པ་རེད། ཡིན་ནའང་། སྤྱོད་སྒོ་ཉུང་སོང་བའི་རྐེྱན་གྱིས་གནད་དོན་འདི་ལྷག་པ་རེད།
    གཅིག་འདི་རེད།
    གཉིས་པ། བོད་སྐད་ཡིག་འདི་དུས་རབས་ཉི་ཤུ་ཙམ་ནས་བཟུང་ང་ཚོས་སྲིད་བཤད་སྤྱད་དང་ཟས་བཟའ་སྦྱད་ཉན་པ་རེད་མ་གཏོགས། འུ་ཚང་གི་མེས་པོ་ཚེ་རིང་ལ་ཆོས་འདོན་སྤྱད་ཅིག་ལས་ཅི་ཡང་ཉན་ནི་མ་རེད།
    དེ་བས་འདི་ལྟར་ལྷག་པ་རེད།
    རྗེས་ཕྱོགས་བོད་མི་ཡོད་ཚད་ཀྱིས་བོད་ཡིག་གི་སྤྱོད་སྒོ་མང་དུ་གཏོང་རྒྱུ་ངའི་རེ་བ་ཡིན།

    Reply
  5. བཀྲ་ཤིས་རྒྱ་མཚོ says:
    ལོ་ 17 སྔོན།

    དྲ་གྲོགས་ཚོ་ལགས
    ངས་འདི་ནས་བོད་གཞུང་ལ་སྐྱོན་རྒྱག་གི་མེད་ལ་དུས་ནམ་ཡང་རང་གཞུང་ལ་སྐྱོན་འཛུགས་བྱེད་ཀྱང་མི་རུང་།
    འོན་ཀྱང་ངས་བོད་གཞུང་གི་ངོས་ནས་འདི་ལྟར་བོད་ཀྱི་སྐད་ཡི་སྣང་མེད་དུ་བཞག་ན་གཞན་ལ་ཅི་ལྟར་བཤད།
    བོད་སྤྱི་ལ་སྐད་ཡིག་འདི་དགོས་མཁོ་མེད་ན་ང་ཚོ་མི་ཁ་ཤས་ལ་དམིགས་་བསལ་གྱི་མཁོ་རྒྱུ་མེད།
    འོ་ད་མུ་མཐུད་ནས་དབྱིན་ཡིག་བེད་སྤྱོད་གཏོང་རོགས་་གཏང་།
    ང་ཚོ་ལ་བོད་ཡིག་དགོས་དོན་མི་འདུག།
    འདི་ལྟར་བཤད་ན་ཁྱོད་ཚོའི་འདོད་ཐོག་ལ་རྟ་རྒྱུག་གི་ཡོད་ཀྱི་རེད །
    འེ་རེད།

    Reply
  6. དགྲ་འདུལ། says:
    ལོ་ 17 སྔོན།

    ཤ་ཚ་བའི་ཚིག་ལ་སྙན་པོ་མེད། ཅེས་པ་འདི་དེང་སྐབས་བེད་སྤྱོད་མང་ཙམ་བཏང་ན་ཡག་ས་རེད། གཏམ་དཔེ་འདི་ལ་རང་གི་གོ་སྐབས་རག་འདུག བོད་གཞུང་ལ་སྐྱོན་རྒྱག་མཁན་བཀྲ་རྒྱམ་ལ་སྦྱར་ནའང་འགྲིག་གི་འདུག དེ་བཞིན་དུ་བློ་རབ་དང་། ལྷ་ཆབ་གཉིས་ཀར་སྦྱར་ནའང་འགྲིག་གི་འདུག

    Reply
  7. ལྷ་ཆབ་སྦྱིན་པ། says:
    ལོ་ 17 སྔོན།

    གོང་གི་བློ་བཟང་རབ་དགའི་བསམ་ཚུལ་དེར་རྒྱབ་སྐྱོར་ཡོད། དངོས་གནས་མི་ལྷག་བསམ་རྣམ་དག་ཅིག་རེད། ང་ཚོ་ལ་འདི་འདྲའི་རྒྱལ་ཞེན་པ་དགོས་ཡོད། ད་སྐབས་བོད་ནང་ལོག་ན་ཡི་གེ་རྐང་གཅིག་མི་ཤེས་མཁན་ཚོས་རང་སྲོག་བློས་བཏང་ནས་སུ་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་རེད། གཞུང་འདི་བཟང་རུང་ངན་རུང་རང་གི་རྒྱལ་ཁབ་རབ་རེད། མི་ཁ་ཤས་ཀྱིས་ཟོས་ཟོས་པ་དང་འཐུང་འཐུང་བའི་རྗེས་ལ་ཁ་ཕྱིར་འཁོར་ནས་རང་གི་གཞུང་ལ་ཁ་གཏོང་གི་འདུག འདི་ནི་ཆེས་ཐབས་སྐྱོ་བ་ཞིག་རེད། རང་རེའི་གཞུང་ཞབས་པའི་ནང་ན་བོད་ཡིག་ཡག་པོ་མི་ཤེས་མཁན་ཡོད་པ་བདེན་པ་རེད། ཡིན་ནའང༌། གཞུང་འདི་ཐོག་མར་འཛུགས་དུས་བོད་ཀྱི་དམག་མི་དང་ཚོང་བ། མི་ཚེ་གང་བོར་རྒྱལ་ཁམས་འགྲིམ་མཁན་སོགས་འདུས་ཏེ་གྲུབ་པ་ཞིག་ཡིན་དུས། དབྱིན་ཡིག་ལ་བརྟེན་ཏེ་རྒྱ་གར་བ་དང་མཉམ་འབྲེལ་མ་བྱས་པར་ཡོང་ཐབས་མེད་པར་ཆགས་པ་རེད། རྗེས་སུ་རང་རེའི་མི་རབས་གོང་མ་དག་འཚར་ལོངས་བྱུང་སྐབས། རྒྱ་གར་མཐོ་སྐབས་བརྒྱུད་དགོས་དུས་བོད་ཡིག་སྦྱོང་ཁོམ་ཡོད་དམ། དེ་དག་ཕྱིར་སླེབས་དུས་དབྱིན་ཡིག་གཙོ་བོར་འཛིན་དགོས་པ་ཆགས་པ་རེད། གང་ལྟར་ངའི་འགྲེལ་བཤད་འདི་བདེན་མིན་བསམ་བློ་གཏོང་དགོས་པ་ལས། མཐའ་གཅིག་ཡིན་པའི་མ་ཁྱབ། གང་ལྟར་རང་གི་གཞུང་ལ་ཁ་གཏོང་བ་ནི་ཆེས་ཐ་ཤལ་གྱི་བྱེད་ལས་རེད།

    Reply
  8. ཁྲག says:
    ལོ་ 17 སྔོན།

    བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་སྲིད་ཇུས་ཅི་འདྲ་ཞིག་ཡིན་པ་མི་ཤེས། ཡིན་ནའང་བཙན་བྱོལ་གཞུང་དུ་བོད་ཡིག་གི་འགེངས་ཤོག་ཙམ་ཡང་མཐོང་དཀའ་བ་གཙོ་བོ་མ་ཡུམ་བོད་ཁྱིམ་སློབ་གྲྭའི་བྱེད་ལས་རེད། བོད་གཞུང་ལས་ཁུངས་ཁག་གི་ལས་བྱེད་ཕལ་ཆེར་བུ་ཁྱིམ་ནས་ཀ་ངོ་ཡིག་ངོ་ཙམ་ཆོད་རྗེས་བརྩོན་པ་ཡོད་ཚད་དབྱིན་ཡིག་སྒང་ལ་གཏོང་དགོས་པའི་རྒྱ་གར་མཐོ་སློབ་བརྒྱུད་ནས་ཡོང་བ་ཡིན་སྟབས། ཁོང་ཚོས་བོད་ཡིག་བཀོལ་འདོད་ཀྱང་བཀོལ་མི་ཤེས་པ་རེད། སློབ་གྲྭའི་འཛིན་ཁང་དང་དགེ་ལས་ཁང་སོགས་ལ་བོད་ཡིག་གི་སྒོ་བྱང་ཙམ་ཡང་མེད་པའི་གཞུང་ཞིག་གིས་གཞུང་འབྲེལ་སྐད་ཡིག་བོད་ཡིག་བྱེད་འདོད་པ་རྨི་ལམ་མ་རེད་དམ། ཡོད་ཚད་ལ་བསམ་གདོང་རིན་པོ་ཆེ་དངོས་སུ་ཕེབས་ནས་འདི་ཁོགས་ཞོགས། ཕ་གི་བསྒྱུར་ཞོགས་ཟེར་དགོས་པ་ཡིན་ན་ཡོང་ཡས་ཡོད་པ་མ་རེད། དེ་བས་ང་ཚོ་སོ་སོ་ལ་དབང་བའི་ལས་ཀ་ལ་བོད་ཡིག་བེད་སྤྱོད་བྱེད་ཅི་ཐུབ་ལྟ།

    Reply
  9. བློ་བཟང་རབ་དགའ། says:
    ལོ་ 17 སྔོན།

    དྲ་གྲོགས་ཚོས་གཞུང་འབྲེལ་སྐད་ཡིག་བསྐོར་བསམ་ཚུལ་གླེང་བཞིན་པ་དང་།་ཡང་ན་སུ་ཞིག་ལ་ངན་སྨོད་དང་སྨད་ར།་དེ་མིན་རང་གཞུང་གི་གཞུང་འབྲེལ་ཡི་གེ་བོད་ཡིག་ཁོ་ནར་དགོས་རྒྱུའི་བསམ་ཚུལ་ཡིན་ས་རེད།་་་་་་་ལྷན་རྒྱས་ནས་ཁ་སྟོང་པའི་ལྕེས་ཡུག་ཡུག་ཟེར་བ་ལྟར་མ་གནང་ན་ལེགས།་ངས་བལྟས་ན་ད་ཆ་འདིར་བསམ་ཚུལ་སྤེལ་མཁན་ཁྲོད་ནས་བོད་གཞུང་བསྟན་སྲིད་ཞབས་ཞུ་ཉི་མ་གཅིག་ཀྱང་ཞུ་མ་ཉུང་མཁན་མང་པོ་འདུག་་་་་་་་་ད་དུང་གཞུང་གིས་གཅིག་གཅིག་་་་་་་་་་་་་གཉིས་གཉིས་ཟེར་བ་སོགས་ཁ་ནས་མཐོན་ཚད་ཀྱི་ངན་སྨོད་དང་གདང་འཛིན་བྱེད་པ་ནི་རང་ཕོར་ན་རང་སྐྱག་བཏང་ཟེར་བ་ལྟར་གཉིས་སུ་མ་མཆིས།་བཙམ་བྱོལ་གཞུང་དེ་ལོ་མང་སྔོན་ནས་རིམ་པས་ཡར་རྒྱས་ཕྱིན་བཞག་པ་ལས་ཧོབ་ཏེ་ཚགས་ཚུད་དགོས་ཟེར་བ་སྨྱོ་རྟགས་རེད།་འཇོན་པོ་རྒོད་པོ་ཡོད་ན་བསམ་ཚུལ་སྤེལ་མཁན་ལག་ལེན་ལག་ལྟར་བྱེད་དང་།་རྟ་ཕོ་ལ་རྒྱུག་ས་ཡོད་ན་བྱང་ཐང་སྟོང་པ་རེད།་དེ་མིན་འགན་ཁུར་གང་ཡང་མེད་པའི་ཁ་ངན་ཚིག་ངན་དྲ་གྲོགས་ཚོའི་མདུན་དུ་མ་བཤམས་ན་བཟང་།

    Reply
  10. འབྲོང་ཕྲུག་ says:
    ལོ་ 17 སྔོན།

    བཀྲ་ཤིས་རྒྱ་མཚོ་ལགས་སུ་རྒྱབ་སྐྱོར་ཡོད་པ་མ་ཟད་ཁ་སྣོན་ཞིག་ཡོད་པ་ནི་ང་ལ་ཡང་འགེངས་ཤོག་དེ་རེག་བྱུང་། ངས་འགེངས་ཤོག་དེར་བོད་དབྱིན་གཉིས་བེད་སྤྱོད་བཏང་བ་ཡིན། ང་བོད་ནས་གསར་དུ་ཨ་རིར་ཡོང་བའི་ཨ་རིའི་གཏན་སྡོད་མི་ཞིག་ཡིན་ཕྱིར་རྒྱལ་གཅེས་མ་ལག་དེབ་བཟོ་དགོས་ཀྱིན་འདུག དེར་བརྟེན་ཉིན་མགའི་རྗེས་སུ་རྒྱལ་གཅེས་མ་ལག་དེབ་བཟོ་ཆེད་འགེངས་ཤོག་ཞིག་འབྱོར་བྱུང་། དེ་ཡང་དབྱིན་ཡིག་རེད་འོན་ཀྱང་དེའི་འགྲེལ་བཤད་ཆ་ཚང་བོད་ཡིག་རེད། དེ་ནི་རྒྱ་དནར་གུང་ཁྲན་ཏང་གིས་བོད་དུ་འཛིན་པའི་སྲིན་ཇུས་དེ་དམིགས་ཡུལ་ཐ་དད་པའི་སྒོ་ནས་བྱུང་བ་ཞིག་རེད་བསམ། འདི་ལྟ་བའི་བྱ་སྤྱོད་ཡོངས་ལ་ང་ཚོ་བོད་མི་དམངས་ཡོངས་ཀྱིས་ཐུགས་ཁུར་གནང་རོགས། གང་ལྟར་ང་ལ་དུང་ཡང་བོད་ཡིག་གི་འགེངས་ཤོག་ཞིག་རེག་མ་བྱུང་། ངས་ལྟོས་ན་འགེངས་ཤོག་འདིའི་བཟོ་བཀོད་འགན་འཛིན་སུ་ཡིན་ན་དེས་ལས་ཀའི་ནོར་འཕྲུལ་ལ་དགོངས་དག་ཞུ་རྒྱུ་དང་དེ་ལ་གསལ་བཤད་གནང་ན་འོས་པར་ལེགས།

    Reply
  11. ནམ་མཁའ་བསྟན་འཛིན། says:
    ལོ་ 17 སྔོན།

    བཀྲ་ཤིས་རྒྱ་མཚོ་ལགས་ཀྱི་བསམ་ཚུལ་འདི་ལ་དགའ་བསུ་ཡོད། ང་ཚོའི་ས་གནས་ལ་བདུན་ཕྲག་སྔོན་མའི་ནང་བཀྲམས་སོང་། ང་རང་ཡང་བློ་ཕམ་དང་བཅས་ཀླད་པའི་ནང་དྲི་རྟགས་མང་བོ་ཞིག་འཁོར་བཅུག་སོང་། རང་གི་སྐད་ཡིག་འདི་ལ་རང་གི་མི་གྲངས་ཞིབ་བཤེར་བྱེད་པའི་ནུས་བ་ཞིག་ཀྱང་མེད་སོང་བ་རེད་དམ། གཞུང་གིས་སྔ་གཞུག་བར་གསུམ་དུ་སྐད་ཡིག་སྲུང་སྐྱོབས་ཅེས་ཀི་འདེབས་བཞིན་པ་འདི་ཕྱི་རྒྱལ་གྱི་རོགས་ཚོགས་འགའ་བ་སློངས་མོ་རྒྱགས་བྱེད་མ་གཏོགས་དོན་དུ་ལག་ལེན་ལ་བསྟར་འདོད་མེད་སོང་བ་རེད་དམ། ཡང་ན་གཞུང་གི་འཛིན་སྐྱོང་འོག་ན་དབང་ཆེན་འགས་བོད་ཡིག་འདི་ནམ་ཡང་རྒྱང་ཕུད་དུ་གཏོང་རྩིས་བྱེད་བཞིན་པ་རེད།

    Reply
  12. མེ་སྒྱོགས་རྒྱ་མཚོ། says:
    ལོ་ 17 སྔོན།

    གཞུང་འབྲེལ་སྐད་ཡིག་དབྱིན་ཡིག་རེད།

    Reply
  13. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    སྐད་ཆ་དངོས་ནས་དྲང་མོ་ཞིག་བལྟས་དེ་བཤད་པ་ཡིན་ན། བོད་གཞུང་ནས་བོད་མི་མང་ལ་བཀྲམ་རྒྱུའི་ཡིག་ཆ་ཞིག་ཡིན་པས་ཐད་ནས་བོད་ཀྱི་སྐད་ཡིག་སྟེང་དུ་མེད་པ་དེ་ནི་དངོས་ནས་ཐབས་སྐྱོ་བོ་ཞིག་རེད་འདུག་ལ་བོད་གཞུང་གིས་རང་གི་སྐད་ཡིག་ལ་འགན་མ་བླངས་པ་ཞིག་རེད་ཅེས་བཤད་ན་མ་འགྲིག་པ་མེད། འོན་ཀྱང་། རྒྱ་གར་དབུས་གཞུང་ལ་སྤྲོད་དགོས་པ་ཞིག་ཡིན་དུས། དེ་ཡང་བོད་ཡིག་གིས་འགྲིག་ཐབས་མེད་པ་ལྟར་དེ་ལ་དབྱིན་ཡིག་དགོས་ཀྱི་ཡོད་དུས་དབྱིན་བོད་གཉིས་ཀྱི་སྟེང་དུ་མ་བཟོས་པ་དེ་ཡང་གཞུང་གིས་ནོར་འཁྲུལ་དུ་དྲངས་ན་དངོས་ནས་མ་ཆོག་པ་མི་འདུག གང་ལྟར། བོད་གཞུང་གིས་དུས་རྟག་དུ་བོད་ཡིག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གསུང་བཞིན་དེ་ཡང་ལག་ལེན་མ་གནང་བས་རྟགས་ཤིག་རེད་འདུག་ཟེར་ནས་བཤད་ཀྱང་མ་འགྲིག་པ་མི་འདུག དངོས་ནས་བཤད་ན་འདི་འདྲ་ལ་དམིགས་གསལ་གྱིས་བོད་གཞུང་གིས་འགན་བཞེས་དེ་ཡིག་སྒྱུར་སྡེ་ཚན་དམིགས་གསལ་བ་ཞིག་བཙུགས་ན་ཡག་པོ་རེད།

    Reply
  14. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    བོད་ཡིག་ནང་འབྲི་དགོས་ན་འགེངས་ཤོག་ཙམ་གྱིས་ག་ལ་འགྲིག ཁོང་ཚོས་འགེངས་ཤོག་འདི་དག་རྗེས་མ་དེབ་གཟུགས་སུ་འགོད་དགོས་པ་རེད། དེ་དུས་ཀྱང་དབྱིན་ཡིག་གི་ནང་མ་གཏོགས་བོད་ཡིག་ནང་འབྲི་ཐུབ་གི་མ་རེད། འདི་རྒྱུ་རྐྱེན་གཙོ་བོ་དེ་ཡིན་རྒྱུ་རེད་སྙམ། གསར་འགོད་གསལ་བསྒྲགས་ཤིག་ཀྱང་དུས་ཚོད་ཐུང་ཐུང་ཞིག་གི་ནང་བོད་ཡིག་གི་ནང་དུ་འཕབ་པར་དཀའ་ངལ་ཡོད་ས་ཞིག་ནས་དེབ་འདི་འདྲ་ཞིག་བོད་ཡིག་ནང་འབྲི་རྒྱུ་ནི་དཀའ་ངལ་གང་འདྲ་ཞིག་ཡིན་མིན་ཚོད་དཔག་ཐུབ་དགོས་པ་ཞིག་རེད། གང་ལྟར། བསམ་ཚུལ་འདི་དག་གལ་ཆེན་པོ་རེད།

    Reply
  15. འབྲོག་རུ་ཆོས་གྲགས། says:
    ལོ་ 17 སྔོན།

    རེད་རེད། དངོས་གནས་རེད། སྐབས་དེར་ངས་ཐོ་འགོད་བྱེད་དུས་བསམ་འཆར་འདི་བཞིན་བཏོན་པ་ཡིན།
    ཡིན་ནའང་། ཐོ་ལེན་མཁན་ཚོར་བཤད་མ་བཤད་མི་འདུག་ཁོང་ཚོས་ཅང་ཤེས་ཀྱིན་མི་འདུག
    དེའི་རྗེས་ནས་ངས་ཞིབ་འཇུག་བྱས་དུས་ཐོ་འདི་རྒྱ་གར་གཞུང་ལ་སྤྲོད་དགོས་པའི་སྐད་ཆ་ཞིག་འདུག དེ་འདྲ་ཡིན་སྟབས། དབྱིན་ཡིག་གིས་འབྲི་དགོས་རབས་ཤིག་བཤད་ཀྱིན་འདུག ངས་སྐབས་དེར་འོ་ན་བོད་དབྱིན་གཉིས་ཤན་སྦྱར་བྱས་ནས་བྲིས་ན་མི་ཆོག་གམ་ཞེས་ངའི་རོགས་པ་ཚོར་རྩད་རྒྱབ་པ་ཡིན། སྐབས་དེར་ཁོང་ཚོས་ཀྱང་ལྐུག་པར་གྱུར་ནས་ཟམ་གདོང་ཚང་ལ་སྐད་ཆ་འདྲི་གི་རྒྱུགས་ཟེར།

    Reply
  16. བདེ་འབྱུང་ says:
    ལོ་ 17 སྔོན།

    དངོས་ཡོད་གནས་ཚུལ་རེད། གཞུང་འབྲེལ་གྱི་ལས་གཞི་འདི་འདྲ་ཆེན་པོ་ཞིག་ལ་བོད་ཡིག་ཚིག་གཅིག་ཀྱང་མེད་པ་བློ་ཕམ་གྱི་རང་བཞིན་རེད། བལ་ཡུལ་ནས་མི་ཚང་ཞིག་གིས་འགེངས་ཤོག་སྟེང་བོད་ཡིག་མེད་པ་ལ་བརྟེན་ནས་ཐོ་འགོད་བྱེད་རྒྱུ་མིན་ཞེས་ཕྱིར་འཐེན་བྱས་པའི་གནས་ཚུལ་ཡང་བྱུང་འདུག ད་འདི་ཕལ་ཆེར་འབུམ་རམས་པ་དཀོན་བརྩོན་གྱིས་བོད་ཡིག་མཁྱེན་གྱི་མེད་ཙང་ཡིན་རྒྱུ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese