མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་དྲུག་བཞིའི་དོན་རྐྱེན་ལ་གསུང་འཕྲིན་བསྩལ།

བོད་ཀྱི་དུས་བབ།
༢༠༠༩/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp

པེ་ཅིན་གནམ་བདེ་སྒོ་མོའི་ཐང་དུ་དྲུག་བཞིའི་མང་གཙོའི་ལས་འགུལ་བྱུང་ནས་ལོ་ཉི་ཤུ་འཁོར་བའི་སྐབས་འདིར། ངོས་ནས་རྒྱ་ནག་ལ་སེམས་ཁུར་བྱེད་མཁན་ཡོངས་དང་ལྷན་དུ། མང་ཚོགས་ཀྱི་བསམ་འདུན་མཚོན་པར་བྱས་ནས་རྒྱ་ནག་གཞུང་ལ་རང་གི་མི་མང་གི་ཆེད་དུ་འགན་ཁུར་ལེན་དགོས་པའི་རེ་འདུན་བཏོན་པའི་ལས་འགུལ་ནང་ལུས་སྲོག་ཤོར་བ་རྣམས་ལ་རྗེས་དྲན་བྱེད་བཞིན་ཡོད།

 

སྐབས་དེར་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་མང་གཙོའི་ལས་འགུལ་ནང་ཞུགས་མཁན་གྱི་སློབ་ཕྲུག་རྣམས་ནི། གུང་ཁྲན་ཏང་དང་སྤྱི་ཚོགས་རིང་ལུགས་ལ་ངོ་ལོག་བྱེད་མཁན་ཞིག་མ་ཡིན་པར། དེ་ལས་ལྡོག་སྟེ་སློབ་ཕྲུག་རྣམས་ཀྱིས་རྩ་ཁྲིམས་སྲུང་སྐྱོབ་དང༌། མང་གཙོ་དར་སྤེལ། རུལ་སུངས་ལ་ངོ་རྒོལ་བཅས་ཀྱི་འབོད་ཚིག་སྒྲོགས་ཡོད་པ་དེ་ནི་ཏང་དང་སྲིད་གཞུང་གི་གཞི་རྩའི་འདོད་ཕྱོགས་དང་མཐུན་པ་སྐབས་དེའི་རྒྱ་ནག་གི་གཙོ་འཛིན་སྐུ་ཞབས་ཀྲའོ་ཙི་དབྱང་གི་ཞལ་གསུང་ལོ་རྒྱུས་ནང་གདེང་འཇོག་ཆེན་པོས་མཇུག་སྡོམ་གནང་ཡོད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་མི་ལོ་དྲུག་ཅུ་འཁོར་བའི་སྐབས་འདིར། དྲུག་བཞིའི་དོན་རྐྱེན་ལ་བསྐྱར་ཞིབ་བྱ་རྒྱུ་ནི་གོ་སྐབས་བཟང་པོ་ཞིག་ཏུ་མཐོང༌།

 

ཕྱི་ལོ་ ༡༩༨༩ ལོ་ནས་བཟུང༌། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་འགྱུར་བ་ཆེན་པོ་བྱུང་ཡོད་པ་དང༌། དེང་སྐབས་རྒྱ་ནག་གི་དཔལ་འབྱོར་གྱི་སྟོབས་ཤུགས་ལ་བརྟེན་ནས་སྟོབས་ཆེན་རྒྱལ་ཁབ་བྱ་རྒྱུའི་གྲ་སྒྲིག་ཆ་ཚང་བྱས་ཡོད། དེ་ལྟར་ཐོབ་བཞིན་པའི་གྲུབ་འབྲས་ཁག་ཁས་ལེན་དང་ཆབས་ཅིག་རྒྱ་ནག་གི་དབུ་ཁྲིད་རྣམས་ལ་དངོས་ཡོད་འདྲ་མཉམ་གྱི་རྩ་དོན་ཁས་ལེན་དང༌། བསམ་ཚུལ་འདྲ་མིན་ལ་བསམ་ཤེས་བཟོད་བསྲན་བཅས་བྱ་རྒྱུའི་སྙིང་སྟོབས་ཀྱང་ལྡན་དགོས་པའི་རེ་བ་བྱེད་ཀྱིན་ཡོད།

 

གུ་ཡངས་དང་ཚུལ་ལྡན་གྱི་སྲིད་བྱུས་གསར་པ་ཞིག་བཟུང་ན། རྒྱ་ནག་གི་སྤྱི་ཚོགས་དེ་དངོས་ཡོད་འཆམ་མཐུན་གྱི་ལམ་དུ་འཁྲིད་ཐུབ་རྒྱུ་མ་ཟད། རྒྱལ་སྤྱིའི་ཁྱིམ་ཚང་ཆེན་པོའི་ནང་རྒྱ་ནག་གི་ཆེ་མཐོང་ཡང་མཐོ་རུ་འགྲོ་རྒྱུ་ཡིན་པར་ངས་ངོས་འཛིན་བྱེད་ཀྱིན་ཡོད། འགྲོ་ཀུན་བདེ་བའི་སྨོན་འདུན་བཅས།

 

ཏཱ་ལའི་བླ་མ་སྐྱེ་འཕྲེང་བཅུ་བཞི་པས་ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༦ ཚེས་ ༤ ལ།

 

 

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 4

  1. ཨ་མྱེ says:
    ལོ་ 17 སྔོན།

    ཡིད་ཆེས་ལས་བརྟག་དཔྱད་གལ་ཆེ་བ་ཨེ་ཤེས།

    Reply
  2. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    བཀུར་འོས་པའི་དྲ་གྲོགས་རྣམ་པ། རིན་བྲལ་གྱི་གསུང་འཕྲིན་འདི་ལ་སྐྱབས་སུ་མཆི་ཟེར་རྒྱུ་གལ་ཆེན་མ་རེད་་་་དགོས་འདུན་མྱུར་འགྲུབ་་་་་་བདེ་སྐྱིད་ཀྱི་ཁྱིམ་གཞི་་་་་འགན་ཁུར་མེད་ལ་སྒྱུད་ལུག་གི་སྐད་ཆ་དེ་ལྟ་བུའི་ཅི་བྱེད། ཨ་མའི་བུ་ལ་སེམས་ཤུགས་ཡོད་ན་གསུང་འཕྲིན་འདི་ཕབ་བསྒྱུར་གྱི་རྒྱ་རིགས་གཙོའི་འཛམ་གླིང་མི་རིགས་ཡོང་ལ་གསལ་སྟོན་དང་འགྲེམ་སྤེལ་བྱེད་དགོས། འདི་ན་བོད་མི་རིགས་ཀྱི་སྤྱི་དོན་ཡིན་ལ་མི་ངོས་རེའི་སྒེར་དོནའང་ཡིན།

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ༧སྐྱབས་གནས་བོད་མི་མང་གི་སྐྱབས་གནས། འགྲོ་བ་ཡོངས་ཀྱིས་སྤྱི་ནོར་གྱིས་བཀའ་གསུང་འདི། རྒྱ་དམར་སྲིད་གཞུང་གིས་དཔོན་པོ་དེ་དག་རྣ་བའི་བུ་གར་འབྱོར་ནས་འགྲོ་བ་མིའི་རིགས་ཀྱི་རང་དབང་དང་བདེ་སྐྱིད་ལ་ལོངས་སུ་སྤྱོད་འདོད་ཡོད་པའི་བོད་མི་གཙོ་བའི་རྒྱ་རིགས་ཡོངས་ལ་བདེ་སྐྱིད་ཀྱི་ཁྱིམ་གཞི་གསར་བ་ཞིག་རེག་པར་སྨོན་འདུན་ཞུ།

    Reply
  4. བསེ་རུ། says:
    ལོ་ 17 སྔོན།

    སྐྱབས་སུ་མཆི།
    རིན་བྲལ་གྱི་བཀའ་སློབ་འདི་བཞིན་རྒྱ་མི་རིགས་སྤྱི་དང་། ཡང་སྒོས་རྒྱ་རིགས་མང་གཙོ་དོན་གཉེར་བ་རྣམས་ཀྱི་རྣ་བའི་བུ་གར་སིམ་སྟེ་སྙིང་གའི་བདུད་རྩིར་འགྱུར་བར་སྨོན།
    དྲུག་བཞིའི་དོན་རྐྱེན་ཁྲོད་ཚེ་སྲོག་ཤོར་བའི་སློབ་མ་རྣམས་ལ་མྱ་ངན་རྗེས་དྲན་དང་།
    གུས་བཏུད་ཞུ་རྒྱུ་མ་ཟད། ཁྱེད་རྣམས་ཀྱི་ཚེ་སྲོག་སྟོང་ཕྲག་མང་པོ་མེ་མདའ་དང་ལྩགས་ཁྲབ་འཁོར་ལོའི་འོག་ཤོར་བའི་མཐའ་འབྲས་སུ་ཁྱེད་རྣམས་ཀྱི་དགོས་འདུན་མཐའ་མྱུར་འགྲུབ་པའི་གསོལ་བ་སྨོན་ལམ་འདེབས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese