མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁ་ལོ་བ་ཚོའི་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༠༩/༠༦/༡༥
Share on FacebookShare on TwitterShare on EmailShare on Whatsapp

                                                   
གླ་གཏོང་རླངས་འཁོར་གཞུང་བཞེས་བཏང་ཚེ་མི་དམངས་སུམ་ཁྲི་ལྷག་གི་འཚོ་བར་དཀའ་ངལ་འཕྲད་ཀྱི་རེད་ཟེར།

འདི་གའི་གསར་འགོད་པའི་དྲ་ལམ་ནས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཕྱི་ཚེས་ ༡༢ ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་འགྲིམ་འགྲུལ་ལས་ཁུངས་གིས། གྲོང་ཁྱེར་གྱི་གླ་གཏོང་རླངས་འཁོར་གཏོང་ཕྱོགས་ཐད་སྒྲིག་ཁྲིམས་གསར་བ་ཞིག་གཏན་འབེབས་བྱས་ཏེ། སྲིད་གཞུང་རང་ངོས་ནས་མི་དམངས་ལ་གླ་གཏོང་བྱེད་བཞིན་པའི་རླངས་འཁོར་ ༥༡༡༦ ལས་གཞན་མི་སྒེར་ངོས་ནས་ཉོས་པའི་གླ་གཏོང་རླངས་འཁོར་བཀག་འགོག་དང་གླ་གཏོང་རླངས་འཁོར་གྱི་དུས་ཡུན་ཐུང་དུ་གཏོང་རྒྱུའི་སྒྲིག་ཁྲིམས་ལག་བསྟར་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་སྟབས། ཕྱི་ཚེས་ ༡༣ ཉིན་ཁ་ལོ་བ་ལྔ་སྟོང་ལྷག་གིས་ལས་མཚམས་བཞག་སྟེ་ངོ་རྒོལ་བྱས་ཡོད་འདུག ཐེངས་འདིར་ཁ་ལོ་བ་དེ་དག་གིས་ངོ་རྒོལ་བྱེད་དོན་གཙོ་བོ་ནི། གྲོང་ཁྱེར་སྲིད་གཞུང་གིས། གླ་གཏོང་རླངས་འཁོར་ལ་དམིགས་བསལ་གྱི་སྒྲིག་ཁྲིམས་ཤིག་བཟོས་ཡོད་པ་དང་། དེའི་ནང་། ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་མི་སྒེར་གྱི་གླ་གཏོང་རླངས་འཁོར་གྱི་དུས་ཡུན་ལོ་ ༨ ཡན་བརྒལ་མི་ཆོག་པ་དང་། གལ་ཏེ་ལོ་ ༨ བརྒལ་ཚེ་གླ་གཏོང་རླངས་འཁོར་གཞུང་བཞེས་བྱ་རྒྱུ་ཡིན་ཚུལ་བརྗོད་པ་མ་ཟད། གླ་གཏོང་རླངས་འཁོར་ཡོངས་གཞུང་གི་སྟངས་འཛིན་འོག་གཅིག་གྱུར་གྱིས་མཁོ་གཏོང་བྱེད་པ་ལས་མི་སྒེར་གང་རུང་གིས་ས་གནས་འདྲ་མིན་དུ་བོགས་གཏོང་བྱ་མི་ཆོག ཅེས་འཁོད་ཡོད་པ་དང་། ཁ་ལོ་བ་ཚོས་ཡིག་ངག་གཉིས་ཀྱི་ལམ་ནས་གྲོང་ཁྱེར་སྲིད་གཞུང་ལ། རེ་སྐུལ་ཞུས་ཡོད་ཀྱང་ཕྱིར་བརྡ་ལན་ཅི་ཡང་འབྱོར་མི་འདུག

ལོ་རབས་ ༨༠ པའི་དུས་སུ་ཟི་ལིང་གྲོང་ཁྱེར་དུ་འགྲིམ་འགྲུལ་སྟབས་བདེ་མིན་ནའང་། ཉེ་བའི་ལོ་འདི་འགའི་རིང་ལ་ཞིང་པ་ཚོས་རང་ཉིད་ཀྱི་དངུལ་ཁྲག་ལ་ཐོན་པའི་མ་དངུལ་གྱིས་གླ་གཏོང་རླངས་འཁོར་ཉོས་ཏེ། གྲོང་ཁྱེར་གྱི་འགྲིམ་འགྲུལ་སྟབས་བདེ་ཐད་བྱས་རྗེས་མི་དམན་པ་ཞིག་བཞག་པ་མ་ཟད། རང་ཉིད་ཀྱི་འཚོ་བའི་རྟེེན་གཞི་རུ་གྱུར་ཡོད་འདུག་ལ། གལ་སྲིད། སྒེར་བདག་གླ་གཏོང་རླངས་འཁོར་ལྔ་སྟོང་ལྷག་ལ་བར་ཆད་བྱུང་ཚེ་མི་དམངས་ཁྲི་ ༣ ལྷག་གི་འཚོ་རྟེན་ལ་དཀའ་ངལ་འབྱུང་རྒྱུ་ཡིན་ཚུལ་བརྗོད་ཡོད་པ་རེད། 

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

ཆུ་ཚོད་ ༦ སྔོན་ལ།
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

ཆུ་ཚོད་ ༡༡ སྔོན་ལ།
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

མཆན། 4

  1. ཟུར་མཁར་ says:
    ལོ་ 17 སྔོན།

    དུས་བབ་རྩོམ་སྒྲིག་པ་ལགས། གསར་འགྱུར་འདིའི་རིགས་དྲ་རྒྱའི་ནང་བཀོད་པ་ལས་རང་རེའི་ལས་དབང་དང་འབྲེལ་བ་ཡོད་པའི་གནས་ཚུལ་རིགས་བཀོད་ཐུབ་ན་ཡག་པོ་མི་འདུག་གམ། ལྷག་པར་དུ་གནས་ཚུལ་རིགས་གསོག་སྒར་དང་ས་ར། འབྲས་སྤུངས།་དགའ་ལྡན་ཙམ་ལས་བཙན་བྱོལ་བོད་མིའི་དོ་སྣང་བྱ་ཡུལ་གྱི་གསར་འགྱུར་རིགས་སླེབས་ཐུབ་ཀྱི་མེད་པ་ནི་ཞན་ཆ་ཆེ་ཤོས་དེ་མཐོང་སོང་ལ། དེས་ཚགས་པར་ཀྱི་ཁྱབ་ཁོངས་ཀྱང་རང་བཞིན་གྱི་ཆུང་རུ་འགྲོ་རྒྱུ་ཡིན་པ་ནི་སྨོས་མ་དགོས། འདི་ནི་ངས་སེམས་ཀྱི་བསམ་ཚུལ་ཡིན།

    Reply
  2. ཨ་སྟིས། says:
    ལོ་ 17 སྔོན།

    ཨ་ཁ་་་་་་་མངས་ཚོགས་ཀྱི་ཚོར་བ་ལ་དཀའ་སྔལ་འཕྲད་ན་ད་མ་འགྲིག་པ་རེད་ཡ།
    དེ་ཐད་གཙོ་བོར་མགོ་གཙོ་ཚོས་གཟབ་དགོས།

    Reply
  3. སོག་མེ་འོད། says:
    ལོ་ 17 སྔོན།

    དེ་ཀྲུང་གོ་གཞུང་གི་དོག་གནོན་བྱ་ཡུལ་ཞིག་དུ་འགྱུར་འདུག་

    Reply
  4. སོག་མེ་འོད། says:
    ལོ་ 17 སྔོན།

    ཨ་རིའི་རྒྱལ་ཚོགས་ནས་ཀྲུང་སྡོད་ཨ་རིའི་གཞུང་ཚབ་ཁང་དུ་བོད་དོན་ཁྲུའུ་ཞིག་འཛུགས་རྒྱུར་ཆོག་མཆན་བྱུང་བ།
    སྤེལ་དུས། 2009-06-15   ཡོང་ཁུངས།  རྒྱལ་ཁམས་བསྐོར་བའི་དུས་ཚགས།   རྩོམ་པ་པོ།  ལྷག་ཚེས་བསྒྱུར།ཟླ་གཞོན་ནས་ཞུས།

    ཨ་རིའི་གསུང་སྒྲ”ཞེས་པས་ཚེས་༡༡ཉིན་གནས་ཚུལ་སྤེལ་བར་གཞིགས་ན།ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་གིས་ཚེས༡༠ཉིན་ཀྲུང་གོར་བཅའ་སྡོད་བྱས་པའི་ཨ་རིའི་གཞུང་ཚབ་ཁང་དུ་བོད་དོན་ཁྲུའུ་ཞིག་འཛུགས་རྒྱུའི་གྲོས་གཞིར་ཆོག་མཆན་བྱུང་བ་རེད།
    གསར་འགྱུར་ཐོག་བསྟན་པར།གྲོས་གཞི་དེར་ཨ་རིའི་རྒྱལ་སྲིད་ཀྱི་འགོ་འཛིན་ནས་དབང་ཆ་གནང་བ་དང་།ཀྲུང་གོར་བཅའ་སྡོད་བྱས་པའི་ཨ་རིའི་གཞུང་ཚབ་ཁང་དུ་བོད་དོན་ཁྲུའུ་ཞིག་བཙུགས་ཏེ།བོད་རང་སྐྱོང་ལྗོངས་དང་བོད་ཀྱི་ས་ཁུལ་གཞན་དག་གི་ཆབ་སྲིད་དང་དཔལ་འབྱོར།སྤྱི་ཚོགས་འཕེལ་རྒྱས་སོགས་ལ་དོ་ཁུར་བྱ་རྒྱུ་ཡིན་པ་རེད།ཐེངས་འདིའི་གྲོས་གཞིའི་ནང་དུ་།ཨ་རིས་ལྷ་སར་གཞུང་ཚབ་དོན་གཅོད་ཁང་མ་བཙུགས་གོང་དུ།ཀྲུང་གོར་བཅའ་སྡོད་བྱས་པའི་ཨ་རིའི་གཞུང་ཚབ་ཁང་དུ་བོད་དོན་ཁྲུའུ་ཞིག་བཙུགས་ཏེ་པེ་ཅིང་ནས་བོད་དོན་སྐོར་ལ་དོ་ཁུར་བྱ་རྒྱུ་ཡིན་ཚུལ་བསྟན་ཡོད་པ་རེད།
    གཞན་ཡང་།གྲོས་གཞི་དེས་ཨ་རིའི་སྡེ་ཚན་ཁག་གིས་བོད་དོན་ཐད་ལ་གཞོགས་འདེགས་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་ཡོད་པ་མ་ཟད།བོད་ཀྱི་གནད་དོན་འདུམ་འགྲིག་མཁན་གྱི་མི་སྣ་ཞིག་བསྐོ་བཞག་བྱ་དགོས་པའི་བླང་བྱ་ཡང་བཏོན་ཡོད་པ་རེད།
    པེ་ཅིང་སློབ་ཆེན་རྒྱལ་སྤྱིའི་འཐབ་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀྲུའུ་ཧྥིང་གིས་ཚེས༡༡ཉིན་《རྒྱལ་ཁམས་བསྐོར་བའི་དུས་ཚགས》ཀྱི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་བསྟན་པར།ཨ་རིའི་ཐེངས་འདིའི་བྱ་སྤྱོད་ཀྱི་ཐོག་ནས་ཨ་རིའི་རྒྱལ་ཚོགས་ཀྱིས་བོད་ལྗོངས་ཀྱི་ཆབ་སྲིད་དང་ཕྱི་འབྲེལ་ཐད་དོ་ཁུར་བྱེད་པའི་འཕེལ་རིམ་མཐོ་རུ་ཕྱིན་ཡོད་པ་གསལ་བཤད་བྱས་ཡོད་པས། དེ་ནི་ཨ་རིས་ཀྲུང་གོའི་ནང་སྲིད་ལ་ཇུས་གཏོགས་བྱས་པའི་དཔེ་མཚོན་ཞིག་རེད་ཅེས་གསུངས་པ་རེད།
    ཀྲུང་གོའི་དེང་རབས་ཀྱི་རྒྱལ་སྤྱིའི་འབྲེལ་བའི་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་མ་ཅ་ལིས་བསྟན་པར།ཨ་རིས་བྱ་སྤྱོད་འདི་ལྟར་སྤེལ་བའི་དམིགས་ཡུལ་གསལ་པོ་ཡིན་པ་སྟེ།ཁོང་ཚོས་མི་ཤུགས་དང་ནོར་སྲིད་ཐད་ཀྱི་གཏོང་ཤུགས་ཆེ་རུ་བཏང་ནས་བོད་ཀྱི་གནད་དོན་ལ་ཁ་གཡར་ཏེ་མུ་མཐུད་དུ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད་ཅེས་གསུངས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese