མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་ངོ་རྒྱ་མཚོ་ཚེ་རིང་།

བོད་ཀྱི་དུས་བབ།
༢༠༠༩/༠༦/༢༨
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་ཟུར་བ་སྐུ་ངོ་རྒྱ་མཚོ་ཚེ་རིང་ལགས་ཕྱི་ཚེས་ ༢༥ ཉིན་ཨ་རི་ནས་དགོངས་པ་རྫོགས་འདུག ཁོང་དགོང་ལོ་ ༧༣ རེད།

སྐུ་ངོ་རྒྱ་མཚོ་ཚེ་རིང་ལགས་ནི་ ༡༩༣༦ ལོར་ཡབ་བླ་མ་བློ་བཟང་དང་ཡུམ་ཉི་མ་སྒྲོལ་མ་གཉིས་ཀྱི་བུ་རུ་འཁྲུངས། འཁྲུངས་ཡུལ་འབྲས་ལྗོངས་ཡིན། ཁོང་ཉིད་རྒྱ་གར་བྱང་ཤར་གྱི་ཀ་ལི་ཀ་ཏའི་གཙུག་ལག་སློབ་གྲྭ་ནས་སློབ་མཐར་ཕྱིན། སློབ་མཐར་ཕྱིན་རྗེས་ཁོང་གིས་རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་དང་ནང་སྲིད་ལས་ཁུངས་སུ་ཕྱག་ལས་གནང་། དེས་མི་ཚད་ལྷ་སར་རྒྱ་གར་གྱི་གཞུང་ཚབ་ཀྱི་ཕྱག་ལས་གནང་ལ། འབྲས་ལྗོངས་གཞུང་དུའང་ཕྱག་ལས་གནང་།

ཕྱི་ལོ་ ༡༩༦༣ ལོ་ནས་བཟུང་ཁོང་གིས་བཙན་བྱོལ་བོད་གཞུང་གི་སྡེ་ཚན་ཁག་ཏུ་ཕྱག་ལས་གནང་མགོ་བཙུགས་ཤིང་། ༡༩༩༠ ལོར་རྒན་ཡོལ་མ་ཞུས་བར་དུ་ཕྱག་ལས་གནང་ཡོད། ༡༩༦༥ ལོར་ཁོང་གིས་ཡིག་སྒྱུར་དང་དཔེ་སྐྲུན་སྡེ་ཚན་དུ་ཕྱག་ལས་གནང་། ༡༩༦༦ ལོར་ཕྱི་དྲིལ་ལས་ཁུངས་སུ་གནས་སྤོ་བྱས། ༡༩༦༧ ལོར་ཆོས་ཤེས་ལྷན་ཁང་དུ་གནས་སྤོ་བྱས། ༧གོང་ས་མཆོག་ཐེངས་དང་པོར་ཉི་ཧོང་དང་ཐའེ་ལན་ཌིར་ཆིབས་བསྒྱུར་གནང་དུས་སྐུ་ངོ་རྒྱ་མཚོ་ཚེ་རིང་ལགས་ཞབས་གཡོག་གི་གྲས་སུ་ཡོད། རིམ་བཞིན་ཁོང་ཉིད་ཀྱི་གནས་རིམ་དེ་དྲུང་ཆེའི་རིམ་པར་སྤར་བ་དང་བཀའ་བློན་གྱི་ཕྱག་རོགས་སུའང་བསྐོས་འདུག ༡༩༧༢ ལོར་ཁོོང་ཉིད་སྐབས་དེར་གསར་དུ་སྒོ་ཕྱེ་བའི་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་ལས་ཚབ་དུ་བསྐོས་ཤིང་། ལོ་དེའི་ཕྱི་ཟླ་ ༦ པའི་ནང་སྟག་འཚེར་རིན་པོ་ཆེ་ཐུབ་བསྟན་འཇིགས་མེད་ནོར་བུ་མཆོག་དཔེ་མཛོད་ཁང་གི་འགན་འཛིན་ལ་མ་བསྐོས་བར་དུ་སྐུ་ངོ་རྒྱ་མཚོ་ཚེ་རིང་ལགས་ཀྱིས་དཔེ་མཛོད་ཁང་གི་འགན་འཛིན་ལས་ཚབ་གནང་། ༡༩༧༤ ལོར་༧གོང་ས་མཆོག་གིས་སྐུ་ངོ་རྒྱ་མཚོ་ཚེ་རིང་ལགས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་གསར་བར་བསྐོ་འཇོག་གནང་། ལོ་དེའི་ཕྱི་ཟླ་གསུམ་པའི་ཚེས་ ༡ ནས་བཟུང་ཁོང་ཉིད་རྒན་ཡོལ་ལ་མ་ཕེབས་བར་དུ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་གནང་བ་རེད། ཁོང་རྒན་ཡོལ་ལ་ཕེབས་རྗེས་ཁོང་གི་སྐུ་ཟླ་རྣམ་རྒྱལ་ལྷ་མོ་དང་མཉམ་དུ་ཨ་རིའི་མིན་ནི་སོ་ཌའི་མིན་ནི་ཕོ་ལེ་སི་ཞེས་པར་གཞིས་ཆགས།

ཁོང་ནི་སྙན་གྲགས་ལ་གཡོལ་བའི་ཚུལ་ལྡན་གྱི་སྐྱེ་བུ་ཞིག་ཡིན་ལ། རང་གི་ཕྱག་ལས་ལ་དབྱིངས་ཞུགས་མཁན་ཞིག་ཀྱང་རེད། བཙན་བྱོལ་བོད་གཞུང་ལ་དབྱིན་སྐད་ཤེས་མཁན་དཀོན་ཞིང་ཕྱག་ལས་ཀྱི་ཉམས་མྱོང་ཆེ་བའི་མི་སྣ་ཧ་ཅང་དཀོན་དུས་ཤིག་ལ་ཁོང་བཙན་བྱོལ་བོད་གཞུང་ལ་ཞབས་ཕྱི་ཞུ་བར་ཕེབས་པ་རེད། ཁོང་གི་ཕྱག་ལས་ཁྲོད་ནས་གཟེངས་སུ་ཐོན་པའི་གྲུབ་འབྲས་ནི་བོད་ཀྱི་དཔེ་མཛོད་ཁང་འདི་རྒྱ་སྐྱེད་ཀྱིས་དེང་སྐབས་རྒྱལ་སྤྱིའི་སྟེང་བོད་ཉམས་ཞིབ་ཀྱི་བསྟི་གནས་ཆེ་ཤོས་དེ་ཆགས་ཡོད་པ་འདི་ཡིན་ངེས། ཁོང་གིས་དཔེ་མཛོད་ཁང་དུ་བོད་མི་འགའ་ཤས་བོད་དོན་ཉམས་ཞིབ་བྱེད་མཁན་དུ་སྐྱེད་བསྲིངས་ཀྱང་གནང་ཡོད། དེས་མི་ཚད་དེང་སྐབས་འཛམ་གླིང་གས་སར་རིག་གཞུང་གི་སྡེ་ཚན་ཁག་དང་གཙུག་ལག་སློབ་གཉེར་ཁང་དག་ཏུ་བོད་རིག་པའི་ཉམས་ཞིབ་པ་མང་པོ་ཞིག་ཡོད་པ་འདི་དག་གིས་ཀྱང་ཁོང་གི་སྐབས་ཐོག་དེར་བོད་ཀྱི་དཔེ་མཛོད་ཁང་ནས་སློབ་གཉེར་གནང་ཡོད།

འབྲས་ལྗོངས་ཀྱི་ཡུལ་མི་དང་རྒྱ་གར་གྱི་མི་སེར་ཞིག་ཡིན་པའི་ཆ་ནས་སྐུ་ངོ་རྒྱ་མཚོ་ཚེ་རིང་ལགས་ལ་ཕྱག་ལས་ཀྱི་གོ་སྐབས་མང་པོ་རག་ཡོད་པ་རེད། ཕྱག་ལས་དེ་དག་ཀྱང་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་གྱི་གོ་བབ་ལས་རྒྱ་ཆེ་བ་དག་ཡིན། འོན་ཀྱང་། ཁོང་ཉིད་༧གོང་ས་མཆོག་ལ་མི་ཕྱེད་པའི་དད་པ་དམ་ཚིག་ལྡན་ཞིང་། ཁོང་ཉིད་བོད་མི་རིགས་ལ་བརྩེ་སེམས་ཆེ་བའི་དབང་གིས་ཁོང་གི་ཕྱག་ལས་མཐའ་དག་རྒྱབ་ཏུ་དོར་དེ་མུ་མཐུད་ནས་བོད་པའི་སྤྱི་ཚོགས་ནང་དུ་ཞབས་ཕྱི་གནང་ཡོད་པ་རེད།

ཁོང་ཉིད་མེ་ཏོག་ལྡུམ་རྭ་བདག་སྐྱོང་གནང་རྒྱུར་དགའ་ཞིང་། བོད་ཀྱི་དཔེ་མཛོད་ཁང་གི་ཁོང་གི་བཞུགས་ཤག་གི་ཁྱམས་རྭའི་ནང་དུ་མེ་ཏོག་ལྡུམ་རྭ་ཆུང་ཆུང་ཞིག་ཀྱང་ཡོད།
 
ཁོང་ལ་ད་ཆར་ཤུལ་བཞུགས་ནང་མི་ནི་ཁོང་གི་སྐུ་ཟླ་རྣམ་རྒྱལ་སྒྲོལ་མ་དང་བུ་མོ་ཡིད་དགའ་ལྷ་མོ་གཉིས་ཡོད།

མཆན། གནས་ཚུལ་གྱི་ཁོང་ནི་བུ་ཆུང་ཚེ་རིང་ཡིན།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༣ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༥ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 2

  1. ཕྲེང་ཟུར་དོན་གྲུབ་ཆོས་འཕེལ། says:
    ལོ་ 17 སྔོན།

    ཧ་ལས་པའི་བཀའ་དྲིན་ཆེན་པོ་ཡིན། ནང་མི་རྣམས་ལའང་བཀྲིན་ཆེ་ཞུ།

    Reply
  2. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    བཀའ་དྲིན་ཆེ་ཞུ་རྒན་པོ་སེམས་གཏིང་ནས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese