མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་གི་ཁྱབ་ཤུགས།

བོད་ཀྱི་དུས་བབ།
༢༠༠༩/༠༦/༢༩
Share on FacebookShare on TwitterShare on EmailShare on Whatsapp

ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་བེད་སྤྱོད་ཀྱི་རིན་ཐང་ལྡན་པའི་བོད་སྐད་ཡིག་གིས་ཀྱང་རྒྱལ་ཁབ་གཞན་དང་། མི་རིགས་གཞན་གྱི་སྔོན་ཐོན་སྐད་ཡིག་དག་དང་དཔུང་བ་མཉམ་གཤིབ་ཀྱིས་དེང་གི་བརྡ་འཕྲིན་དུས་རབས་ལ་དཔུང་འཇུག་བྱེད་ཐུབ་ཀྱིན་ཡོད་ཟེར།

 བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་གོ་སྒྲིག་འོག ཕྱི་ཚེས་ ༢༧ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦ སྟེང་བཞུགས་སྒར་ངྷ་ས་ཡོངས་གླིང་སློབ་གྲྭའི་ནང་། གློག་ཀླད་མཁས་བློ་བཟང་སྨོན་ལམ་ལགས་དང་བོད་ཀྱི་དུས་བབ་གསར་འགོད་པ་དོན་འགྲུབ་བཀྲ་ཤིས། བོད་ཀྱི་བང་ཆེན་དྲ་བ་དོ་དམ་པ་ངག་དབང་ཐར་པ་གསུམ་གྱིས་༼ཆ་འཕྲིན་དང་དྲ་ཚིགས་ཀྱི་ལམ་ནས་བོད་ཡིག་བེད་སྤྱོད་གཏོང་ཐབས༽ ཞེས་པའི་བརྗོད་གཞིའི་ཐོག མི་དམངས་ལ་ཟབ་སྦྱོང་ཞིག་སྤྲད་ཡོད་པ་དང་། སྐབས་དེར་བརྙན་འཕྲིན་དང་ཀློག་ཀླད་བརྒྱུད་དེ། སྨོན་ལམ་བོད་ཡིག་གསུམ་པ་ངོ་སྤྲོད་དང་བེད་སྤྱོད་གཏོང་ཕྱོགས། དེ་བཞིན། རྒྱལ་སྤྱིའི་ཚད་ལྡན་ཨང་རྟགས་ཅན་གྱི་བོད་ཡིག་བརྡ་འཕྲིན་བརྒྱུད་ལམ་ E-mail, yahoo messenger, QQ, Skype, MSN, hi5, facebook, target, youtube, 51, photobucket, ( google ) སོགས་སུ་བེད་སྤྱོད་བཏོང་ཐབས་བཅས་ངོ་སྤྲོད་གནང་ཡོད།

སྐབས་དེར་གློག་ཀླད་ཆེད་མཁས་པ་བློ་བཟང་སྨོན་ལམ་ལགས་ཀྱིས་གསུངས་དོན། སྔོན་སློབ་གྲྭ་ཁག་དང་ལས་ཁུངས་ཁག་ལ་གང་འཚམ་གྱིས་སྨོན་ལམ་བོད་ཡིག་གསུམ་པ་ངོ་སྤྲོད་བྱས་པའི་ཁུལ་ཡིན་མོད། མང་ཚོགས་ལ་དེ་འདྲའི་གོ་སྐབས་བྱུང་ཡོད་པ་མ་རེད། བཙན་བྱོལ་ནང་གི་ཚོགས་པ་ཁག་དང་སློབ་གྲྭ་བཅས་ཀྱི་དགེ་རྒན་ཚོར་གློག་ཀླད་དང་འབྲེལ་ཏེ་བོད་ཡིག་སྐོར་ལ་བཀའ་མོལ་སྐབས། དེ་ཙམ་དོ་སྣང་དང་འབད་བརྩོན་མེད་པའི་ཚོར་སྣང་བྱུང་སོང་། སྤྱིར་སྨོན་ལམ་བོད་ཡིག་གསུམ་རིམ་པ་བཞིན་བཟོ་དོན་གང་ཡིན་ཟེར་ན། གློག་ཀླད་ཀྱི་ཤེས་བྱ་རིགས་ལོ་དང་ཟླ་བ། ཉི་མ་དང་དུས་ཚོད་རེ་རེར་ཡར་རྒྱས་སུ་འགྲོ་བཞིན་ཡོད་སྟབས། བོད་ཡིག་གིས་ཀྱང་དེ་དག་གི་རྗེས་མ་ཆོད་ན། གློག་ཀླད་ཐོན་གསར་བའི་རིགས་སླེབས་སྐབས་བོད་ཡིག་བེད་སྤྱོད་གཏོང་དཀའ་བ་ཆགས་ཀྱིན་ཡོད།

བོད་ཕྱི་ནང་གཉིས་སུ་བོད་ཡིག་གི་མཉེན་ཆས་མང་དག་ཅིག་ཡོད་ཀྱང་། བོད་ནང་ནས་བཟོས་པ་དག་རྒྱའི་སྐད་ཡིག་དང་། བོད་ཕྱི་ལོགས་ནས་བཟོས་པ་དག་དབྱིན་ཡིག་གི་སྡེ་ཚན་ནང་བཟོས་ཡོད། རྗེས་སུ་རྒྱལ་སྤྱིའི་གཅིག་གྱུར་ཨང་རྟགས་ unicode ཟེར་བ་དེ་བཟོས་པ་རེད། དེར་སྐད་ཡིག་ ༡༦༠ ལྷག་གི་ས་མིག་ཡོད་པ་ལས་ཨང་ ༧༢ དེ་བོད་ཡིག་གི་ས་མིག་རེད། ཧི་མ་ལ་ཡའི་བོད་ཡིག་སྒེའུ་ཁུངས་གསར་བ་ window vista དང་མཉམ་སྦྱར་བྱས་ཡོད། འོན་ཀྱང། སྨོན་ལམ་བོད་ཡིག་གསུམ་པར་གོང་གི་དེ་དག་ལས་ལྷག་པའི་ཁྱད་ཆོས་གང་ཞིག་ཡོད་ཟེར་ན། window དང་mac apple ཐོན་གསར་བའི་རིགས་ལ་བེད་སྤྱོད་གཏོང་ཐུབ་པ་མ་ཟད། དེབ་རིགས་ཇུས་འགོད་མཉེན་ཆས་ ( indesign ) དང་། རྩིས་ཞིབ་ཀྱི་མཉེན་ཆས་ ( Microsoftword Excel ) པར་རིགས་ཇུས་འགོད་མཉེན་ཆས་ ( photoshop CS4 ) བཅས་ལ་བདེ་ལེགས་ནང་སྤྱོད་ཐུབ་ཀྱིན་ཡོད། ཅེས་སྨོན་ལམ་བོད་ཡིག་གསུམ་པ་ནང་འཇུག་བྱེད་སྟངས་ངོ་སྤྲོད་གནང་བྱུང་།

 

དེ་རྗེས་བོད་ཀྱི་སུས་བབ་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་བརྗོད་དོན། ཉེ་རབས་བོད་སྐད་ཡིག་གི་འཕེལ་རིམ་དེ་ཅུང་ཡ་མཚན་པོ་དང་འགྲོས་མགྱོགས་པོ་ཞེ་དྲག་རེད། ལོ་བཅུ་ཚན་རེ་རེ་ཉེ་རབས་བོད་སྐད་ཡིག་གི་དཀྱོགས་མཚམས་རེ་རེར་ངོས་འཛིན་བྱ་ཆོག་པ་རེད་སྙམ། དཔེར་ན། དུས་རབས་ཉི་ཤུའི་ལོ་རབས་སུམ་ཅུ་ཡས་མས་ནས་བོད་ཀྱི་རིག་གནས་སྤྱི་འབངས་ལ་དབང་མགོ་ཚུགས་ཡོད། འོན་ཀྱང། རིག་གནས་གསར་བརྗེ་སོགས་བཀག་རྒྱ་རིམ་པར་འཕྲད་དེ། སྤྱི་དམངས་ཁྲོད་མའོ་ཙེ་ཏུང་གི་གསུང་བཏུས་དང་གླིང་གེ་སར་གྱི་སྒྲུང་ཀློག་ཤེས་མཁན་ཚོ་ ༡༩༧༠ ཡས་མས་བར་ཡོན་ཏན་པའི་གྲས་སུ་བགྲང་དགོས་བྱུང་བ་རེད། ༡༩༧༠ ནས་ ༡༨༨༠ ཡས་མས་བར་སྙན་ཞུ་དང་སྐུར་ཡིག་འབྲི་ཤེས་པ་ཙམ་གྱིས་ཡོན་ཏན་པའི་ཆོ་ལོ་ཐོབ་ཅིང་། ལོ་རབས་བརྒྱད་ཅུའི་སྟོད་དུ་དོན་འགྲུབ་རྒྱལ་གཙོས་པའི་བོད་རིགས་མཐོ་རིམ་སློབ་མ་ཁག་ཅིག་སྔ་རྗེས་སུ་ཐོན་ཏེ། དེང་རབས་ཀྱི་སྙན་ངག་དང་བརྩམས་སྒྲུང་དར་ཁྱབ་ཕྱིན། སྐབས་དེར་གེ་སར་སྒྲུང་ཀློག་མཁན་ཚོའི་མཁས་མིང་ཤོར་བ་མ་ཟད། སྐུར་ཡིག་འབྲི་ཤེས་མཁན་ཚོའང་ཡོན་ཏན་པའི་གྲས་ནས་ཕྱིར་འཕུད་བཏང་སྟེ། རྩོམ་བརྒྱག་ཤེས་མིན་གྱིས་ཡོན་ཏན་པ་ཐག་གཅོད་བྱས་པ་རེད།

སྤྱི་ལོ་༡༩༩༠ ཙམ་ནས་མི་སྒེར་གྱི་ཆེད་དེབ་འདོན་པའི་ཚ་རླབས་ཤིག་འཕྱུར་ཏེ། རྩོམ་ཀྱག་ཀྱོག་བྲིས་པ་ཙམ་གྱིས་ཡོན་ཏན་པའི་གོ་མིང་ཐོབ་ཁག་པོར་གྱུར། སྒེར་གྱིས་ཆེད་དེབ་ཅིག་བཏོན་པ་ཡིན་ན་ད་གཟོད་སྤྱི་ཚོགས་ནང་མཐོང་ཆེན་བྱེད། རིམ་གྱིས་དེབ་ཀྱི་ཁ་གྲངས་ཇེ་མང་དང་སྤུས་ཚད་ཇེ་ཞན་དུ་གྱུར་བ་དང་། ལྷག་པར་དུ་ ༢༠༠༠ ཙམ་ནས་བོད་དུ་དྲ་བའི་རིག་གནས་དར་མགོ་ཚུགས་ཤིང་། བོད་ཡིག་རྒྱལ་སྤྱིའི་ཚད་ལྡན་ཨང་རྟགས་སྟེང་སླེབས་པ་དང་བསྟུན་ཏེ། དྲ་ཚིགས་དང་ཆ་འཕྲིན་རིགས་རྒྱལ་མཚམས་ལས་བརྒལ་ཏེ། བསམ་ཚུལ་བརྗེ་རེས་དང་བགྲོ་གླེང་གོ་བསྡུར། རིག་གནས་ཁྱབ་སྤེལ། རྩ་དོན་འཐབ་རྩོད་བཅས་ཀྱི་ལག་ཆར་གྱུར། བརྡ་འཕྲིན་ལ་རྒྱུས་མངའ་མེད་མཁན་ཞིག་ཡིན་ན། དེ་ནི་གླེན་པ་དང་བསམ་བློ་རྗེས་ལུས། ཐ་ན་དུས་རབས་ཉེར་གཅིག་གི་མི་གྲལ་དུའང་ཚུད་དཀའ་བའི་ཚོད་དུ་སླེབས། ངས་འདི་དག་དེང་གི་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པ། སྐད་ཡིག་སྲུང་སྐྱོབ་དང་གོང་སྤེལ་ལ་ཕན་རླབས་ཆེ་བ། ལྷག་པར་དུ་འཐབ་རྩོད་བྱེད་མཁན་མི་རིགས་ཤིག་ལ་མེད་དུ་མི་རུང་བའི་ལག་ཆ་ཞིག་གི་ཐོག་ནས་བཤད་ཀྱིན་ཡོད། འོན་ཀྱང་། ཤེས་ཡོན་པ་རང་ངོས་ནས་བཤད་ན། དེང་གི་བརྡ་འཕྲིན་བརྒྱུད་ལམ་ལ་འཚང་ཁ་བརྒྱབས་ཏེ། གློག་ཀླད་ནང་གི་བབ་བསྟུན་གྱི་འཆད་རྩོད་རྩོམ་གསུམ་ལ་མགོ་འཁོར་བསྡད་པ་དེ་ཚོ་ཤེས་ཡོན་པ་རྣལ་མའི་གྲས་སུ་འཇོག་དཀའ་མོ་རེད། ཅེས་བརྗོད་བྱུང་།

 མཇུག་མཐར་བོད་ཀྱི་བང་ཆེན་དྲ་བའི་དོ་དམ་པ་ངག་དབང་ཐར་པ་ལགས་ཀྱིས་གོང་མཚུངས་བོད་ཀྱི་བང་ཆེན་དྲ་ཚིགས་ངོ་སྤྲོད་དང། ཟིན་བྲིས་བཟོ་ཕྱོགས། དེ་བཞིན་པར་དང་བརྙན་འཕྲིན་ནང་འཇུག་བྱེད་སྟངས་སོགས་དང་འབྲེལ་ཏེ། བོད་ཕྱི་ནང་གི་བོད་ཡིག་དྲ་ཚིགས་དག་དང་། བརྡ་འཕྲིན་བརྒྱུད་ལམ་ཁག་ནི་ཕྱི་ཡི་གནས་ཚུལ་ནང་ནས་ཐོས་པ་དང་། ནང་གི་གནས་ཚུལ་ཕྱི་རུ་བསྐྱལ་བའི་ཟམ་པ་ལྟ་བུ་ཆགས་ཡོད་སྟབས། གཞོན་སྐྱེས་ཚོས་དོ་སྣང་དང་ལག་ལེན་གནང་རྒྱུ་གལ་ཆེན་ཡིན་པ་དང། ལྷག་པར་དུ་བོད་ནང་ལྟ་བུར་མཚོན་ན། བརྡ་འཕྲིན་བརྒྱུད་ལམ་རིགས་ལ་རྒྱ་གཞུང་གིས་དོ་དམ་སྟངས་འཛིན་ནན་མོ་བྱེད་ཀྱིན་ཡོད་སྟབས། ཕྱི་ལོགས་ཀྱི་བོད་རིགས་ཚོས་རང་དབང་གི་སྒོ་མོ་ freegate ཟེར་བའི་མཉེན་ཆས་དེ་བོད་ནང་ལ་མཁོ་སྤྲོད་བྱེད་པ་དང་། བེད་སྤྱོད་གཏོང་ཕྱོགས་ངོ་སྤྲོད་བྱ་རྒྱུ་བཅས་ནི་སྐད་ཡིག་སྲུང་སྐྱོབ་ཙམ་དུ་མ་ཟད། རྩ་དོན་ལའང་ཕན་རླབས་ཆེན་པོ་ཡོད་སྐོར་བཅས་བརྗོད་སོང་།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 20

  1. ཨ་ལལ says:
    ལོ་ 16 སྔོན།

    དགུ་ཚིགས་སྐྱ་མོ་ལགས།ཁྱེད་ཀྱིས་བོད་ཡིག་ལ་སེམས་ཁུར་བླངས་ནས་གཞེན་སྐུལ་བྱས་པ་དང་།་དུས་མཚུངས་སུ་དུས་བབ་སོགས་ལ་སྐྱོན་བཙུགས་བྱས་ཡོད་ཀྱང་།་ཐོག་མར་རང་ཉིད་ཀྱིས་ཡིག་ཐུང་དེ་ཙམ་ཞིག་ཏུ་ཡིག་ནོར་ཅི་ཙམ་ཡོད་པ་གྲངས་ཀ་ཞིག་རྒྱོབ་དང་།་ཁྱེད་ལ་མི་གཞན་གྱིས་སྐྱོན་བཏང་ཟིན་འདུག་ཀྱང་ངས་ཀྱང་དེ་ལ་ཀ་བསྣོན་ཞིག་བྱེད་འདོད་བྱུང་།

    Reply
  2. གནས་ཚང་། says:
    ལོ་ 16 སྔོན།

    སྐུ་ངོ་འབྲོག་རུ་ཆོས་གྲགས་ལགས།

    ཁྱོད་ཀྱི་ཕྲག་དོག་ཅེས་པའི་ཚིག་དེ་ཧི་གཟུགས་བརྐུ་བཅོས་བྱས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་འགོག་ཐབས་ཡིན་ན་རང་ནོར་སོང་བ་རེད། དེ་ལས་ངའི་བསམ་ཚུལ་འདིར་ཉན་ཤེས་ཀྱིས་དེང་ཕྱིན་ག་འདྲ་གནང་དགོས་ཀྱི་འདུག་ལ་བསམ་བློ་གཏོང་རྒྱུ་ཧ་ཅང་གི་གལ་ཆེན་མ་རེད་དམ།

    Reply
  3. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    དྲ་གྲོགས་སྒྲོལ་མ་ལགས། ཁྱེད་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ།
    ཁྱེད་ཀྱིས་རེ་འདོད་ལྟར། ཚོགས་པ་དེ་ངོ་སྤྲོད་རགས་བསྡུས་ཤིག་བཤད་ན།
    ༢༠༠༥ ༧ ༥ ཉིན་ང་ཚོ་ཆོལ་གསུམ་བོད་མི་བཅོ་ལྔ་ལྷག་གིས་བལ་ཡུལ་སྣེ་ལེན་ཁང་ནས་ཚོགས་པ་འདི་གསར་འཛུགས་བྱས་པ་ཡིན། ད་སྐབས་བོད་ཕྱི་ནང་གཉིས་ན་ཚོགས་མི་ཡོད།
    དེའི་རྗེས་ནས་ང་ཚོ་ཚོགས་མི་ཚང་མ་སློབ་གྲྭ་ཁག་དང་དགོནསྡེ་ཁག་ལ་སོང་ནས་ལས་འགུལ་ཤུགས་ཆེན་པོ་ཞིག་སྤེལ་ཐུབ་མེད། ཡིན་ནའང་། ང་ཚོའི་རང་གི་འཚོ་བའི་ཁྲོད་ཀྱི་ཇ་འཐུང་བྱེད་དང་ཟས་བཟའ་བྱེད་སོགས་ཁབ་གསོག་འབིག་གསོག་བྱས་ནས་སྐད་ཡིག་ཚགས་པར་ཞེས་པ་ཞིག་ཟླ་གཉིས་རེ་མཚམས་སུ་འདོན་སྤེལ་བྱས་པ་ཡིན། ད་དུང་ཡང་འདོན་སྤེལ་བྱེད་ཀྱིན་ཡོད།
    ད་སྐབས་རིམ་གྱིས་ང་ཚོའི་དཔུང་སྡེ་དེ་སློབ་གྲྭ ཁག་ནས་སློབ་མཐར་ཕྱིན་གྱིན་ཡོད་པས་ང་ཚོས་སྤྱི་ཚོགས་ཐོག་འདི་ལྟ་བུའི་ལས་འགན་རེ་སྤེལ་གང་ཐུབ་བྱེད་ཀྱིན་ཡོད། ཁྱེད་རང་ཚོགས་པ་འདིར་ཞུགས་འདོད་ཡོད་ཚེ། གཤམ་གསལ་དག་ལ་འབྲེལ་བ་གནང་རོགས།
    T.language@yahoo.in
    choedak_2008@yahoo.com
    choedak007@gmail.com
    འབྲེལ་བ་གནང་སའི་ས་གནས་ཁག་དང་མི་སྣ།
    ལྷོ་ཕྱོགས་འབྲས་སྤུངས་དགོན། ཚོགས་གཙོ་ཚུལ་ཁྲིམས་སངས་རྒྱས། 09964809819་ཡིན།
    ལྷོ་ཕྱོགས་སེ་ར་དགོན། གནས་ལུགས་དང་དགེ་ལེགས་རྒྱ་མཚོ་གཉིས། 09880024417ཡིན།
    དྷ་ས་ནས་ང་སོགས་མི་སྣ་ཁག་ཅིག་ཡོད། 9805344789 དང་ཡང་ན། 9816166513 ། 9882300910 དང་ ། 9882000980 སོགས་ལ་འབྲེལ་བ་གནང་རོགས།

    Reply
  4. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    འདི་དྲ་གྲོགས་གནས་ཚང་ལ་བཤད་པ་ཡིན།

    Reply
  5. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    དྲ་གྲོགས་ལགས།
    དེ་ལ་ཕྲག་དོགས་ཟ་དགོས་དོན་ཞིག་ཨེ་ཡོད་གི།
    ཡིག་གཟུགས་གང་ཡིན་ན་ཆོག་གི
    ང་ཚོས་ལྷག་བསམ་རྣམ་དག་གིས་བོད་ཡིག་བརྡ་འཕྲིན་བརྒྱུད་ལམ་ཁག་ཏུ་བེད་སྤྱོད་བྱེད་སྟངས་སྐོར་ཞིག་ངོ་སྤྲོད་བྱས་པ་ཙམ་ཡིན།
    ཧི་གཟུགས་དགོས་ཀྱིན་མེད་རབས་ཤིག་རྩ་བ་ནས་བཤད་མེད།
    ཐུགས་རྗེ་གཟིགས། སྐད་ཆ་འགན་ཁུར་ནས་གསུང་རོགས་གནོང་།

    Reply
  6. སྒྲོལ་མ། says:
    ལོ་ 16 སྔོན།

    གཞི་རིམ་གྱི་བྱ་བའི་རྟོག་ཞིབ་ཅིག་གི་རྐྱེན་གྱིས་ཉིན་འགར་བོད་ཀྱི་དུས་བབ་དྲ་བ་ཀློག་མ་ཐུབ་ཅིང་། དེ་རིང་སྔ་དྲོ་བོད་ཀྱི་དུས་བབ་དྲ་བ་ཁ་ཕྱེས་ཏེ། ༼ བོད་ཡིག་གི་ཁྱབ་ཤུགས ༽ཟེར་བའི་ཁ་བྱང་དེ་མཐོང་མ་ཐག ཀློག་འདོད་ཀྱི་བྲེལ་སྣང་ཞིག་གིས་དེད་འོང་གིན་འདུག དེ་ནི་ང་རང་ཆབ་སྲིད་ལས་སྐད་ཡིག་ལ་དོ་སྣང་ཆེ་བའི་ལོས་ཡིན། གསར་འགྱུར་དེ་མགོ་ནས་མཇུག་བར་ཞིབ་ཀློག་ཐེངས་གཅིག་བྱས་པའི་གོ་རིམ་ཁྲོད། ( བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་ )ཟེར་བ་དེར་སྙིང་ཁུང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་སྙིང་འདོད་སོང་ལ། གློག་ཀླད་ཆེད་ལས་བ་བློ་བཟང་སྨོན་ལམ་ལགས་སུ། ( དུས་རབས་ཉེར་གཅིག་པའི་བོད་མི་ཕྱག་རྗེས་ཅན། ) ཟེར་བའི་མཚན་སྙན་འབུལ་འོས་པར་མཐོང་སོང་། ད་དུང་། སྐུ་ཞབས་ངག་དབང་ཐར་པས་འོས་སྦྱོར་གནང་བའི་ freegate ཟེར་བའི་མཉེན་ཆས་དེ་བོད་ཡུལ་མདོ་དབུས་ཁམས་གསུམ་ལ་ཁྱལ་གདལ་དུ་གཏོང་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་ཏུ་མཐོང་སོང་། དེ་དང་མཉམ་དུ་སྐུ་ཞབས་དོན་འགྲུབ་བཀྲ་ཤིས་ཀྱི་རྟོག་གཞིགས་ཀྱི་ཁྱད་ཆོས་ལྡན་པའི་༼ཉེ་རབས་བོད་སྐད་ཡིག་གི་འཕེལ་རིམ༽ཟེར་བའི་ཕྱིར་རྟོག་གི་དཔྱད་གཏམ་དེས་གུས་མོས་ཡིད་དབང་འཕྲོགས་སོང་ལ། ལྷག་པར་དུ་དཔྱད་གཏམ་དེའི་མཇུག་ཏུ་གནམ་ལྕགས་བཞིན་འཕངས་པའི་ ( ཤེས་ཡོན་པ་རང་ངོས་ནས་བཤད་ན། དེང་གི་བརྡ་འཕྲིན་བརྒྱུད་ལམ་ལ་འཚང་ཁ་བརྒྱབས་ཏེ། གློག་ཀླད་ནང་གི་བབ་བསྟུན་གྱི་འཆད་རྩོད་རྩོམ་གསུམ་ལ་མགོ་འཁོར་བསྡད་པ་དེ་ཚོ་ཤེས་ཡོན་པ་རྣལ་མའི་གྲས་སུ་འཇོག་དཀའ་མོ་རེད། ) ཞེས་པའི་ཚིག་དུམ་དེས་བདག་གིས་ཡུན་རིང་ལ་བསམ་གཞིགས་བཏང་ཡང་། གྲོལ་མ་ཐུབ་པའི་གནད་དོན་ཞིག་ལ་བསྡོམས་ཚིག་བརྒྱབས་སོང་།

    མཇུག་མཐར། ད་དུང་ཧི་མ་ལ་ཡའི་ཕར་ཚུར་གཉིས་ཀར་ཁྱབ་པའི་འདི་དང་འདི་ལྟ་བའི་བྱ་འགུལ་སྤེལ་རྒྱུའི་རེ་འདུན་དང་ཆབས་གཅིག ཆ་རྒྱུས་ཡོད་མཁན་ཚོས་ ( བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་ ) ཟེར་བ་དེ་ངོ་སྤྲོད་མདོ་བསྡུས་ཤིག་གནང་རྒྱུ་མཁྱེན།

    Reply
  7. གནས་ཚང་། says:
    ལོ་ 16 སྔོན།

    ད་རེས་ཡང་གནས་ཚང་ལ་པཱ་ལེ་བསྲེག་ནས་བསྡད་བཅུག་མ་སོང་། སྐད་ཆ་ཁ་ཤས་ཞུ་དགོས་བྱུང་སོང་། བོད་ཡིག་བརྡ་འཕྲིན་ཅན་ལ་འཕེལ་རིམ་ཁྲོད་བོད་ནང་གི་ཆེད་མཁས་པ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་སྣེ་ཁྲིད་པ་རེད་མ་གཏོགས་སྐབས་དེར་སྨོན་ལམ་ཟེར་བ་ཞིག་ཐོན་ཐུབ་ཡོད་པ་མ་རེད། རྩ་བ་ཧི་མ་ལ་ཡ་ཡིག་གཟུགས་འདི་རེད། དེང་སྐབས་དེ་ལ་བརྐུས་བཅོས་བྱེད་ཀྱིན་པ་འདི་ཁྲིམས་མཐུན་ཆགས་ཀྱི་ཡོད་མེད་ཀྱང་སུས་ཤེས། གལ་སྲིད་ཁྲིམས་ལ་ཐུག་པ་ཡིན་ན། འཛམ་གླིང་གི་སྔོན་ནས་བཙན་བྱོལ་བོད་མི་ས་ལ་འགྱེལ་ཡོད་པས། མཁས་དབང་རྣམ་པ་ལགས་ཐུགས་མཉམ་རེ་གནང་རོགས་ལགས་ཞུ་ཞུ་ཞུ་བཅས། རང་ཤག་པཱ་ལེ་མངར་མོའི་དགའ་ཚལ་དུ་སྦྱར་བ་མངྒ་ལམ།

    Reply
  8. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    ལགས་སོ། དེས་སང་ཞེས་འབྲི་སྐབས་འགྲེང་ངེ་ཞིག་ཤོར་ཡོད་པ་དངོས་གནས་རེད།
    བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱིས་ ༼འདི་རུ་རང་གི་བློ་ཤིན་ཏུ་འཐད་ཅིང་༽ཞེས་པའི་སྐབས་སུ་ རང་གི་བློ་ལ་ཤིན་དུ་ཞེས་རྣམ་དབྱེ་གཉིས་པ་ལ་དོན་བཞིན་དགོས་པ་ལ་གཞི་ནས་མི་འདུག་སྟེ་ཕར་ཆེར་དྲ་འབུ་རྣམས་ཀྱིས་ཟོས་སོང་བ་འདྲ།

    Reply
  9. རི་བོང། says:
    ལོ་ 16 སྔོན།

    དགུ་ཚིགས་སྐྱ་མོ་ལགས། དེང་སང་། ཕལ་ཆེ་བ། ཧ་ཅང་། ཚག་པར། ཚགས་པར། འདི་གཉིས་ཕལ་ཆེར་གདམ་ང་ཡིན་ས་རེད། འདི་ལྟར་བཟོ་དགོས།

    Reply
  10. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས། གོང་དུ་ཁྱོད་ཀྱིས་ ༼དེང་སེང་། ཕར་ཆེ་བ། ཧ་ཅིང་། ཚག་པར། འདི་དགུ་ཚིགས་སྐྱ་མོའི་མཆན་ནང་དུ་ཤོར་བའི་མིང་ཚིག་ཁ་ཤས་རེད།༽མཆན་ནང་དུ་ཤོར་བ་རེད་ཅེས་པའི་དོན་ཅི་འདྲ་ཡིན་ལགས། དེས་སང་ལ་འགྲེང་ངེ་ཞིག་ཤོར་འདུག་མ་གཏོགས་གཞན་ཅི་ཡང་མ་མཐོང་།

    Reply
  11. བསེ་རུ། says:
    ལོ་ 16 སྔོན།

    ང་ཚོས་འདི་ལྟར་བཙན་བྱོལ་གྱི་སྤྱི་ཚོགས་གང་སར་ལས་འགུལ་འདི་ལྟ་བུ་སྤེལ་ཐུབ་ན།
    བོད་ཡིག་གི་སྤྱོད་སྒོ་རྒྱ་ཆེར་འགྲོ་རྒྱུ་མ་ཟད། བོད་ཡིག་འདིས་ཆ་འཕྲིན་གྱི་དུས་རབས་ཀྱི་ནང་གོམ་སྟབས་གང་འདྲ་ཞིག་སྤོ་ཐུབ་ཀྱི་ཡོད་མེད་ཀྱང་ཤེས་རྟོགས་ཡོང་རྒྱུ་སྨྲོས་མེད་ཡིན།
    ད་དུང་རང་རིགས་ཀྱི་སྐད་ཡིག་ཡོད་བཞིན་དུ། རང་རིགས་ཀྱི་སྐད་ཡིག་ཤེས་བཞིན་དུ། ཤ་རུས་གཅིག་ནང་ཕན་ཚུན་ཡང་རང་དབང་མེད་པར་དབྱིན་ཡིག་ཐོག་ཡིག་འབྲེལ་བྱ་རྒྱུ་དེ་ཡང་མཇུག་བསྡུ་ངེས་པ་ཡིན།།

    Reply
  12. བདེ་བ་ཅན། says:
    ལོ་ 16 སྔོན།

    གོང་དུ་སྦྱོང་བརྡར་གནང་་བའི་བརྒྱུད་རིམ་ཐོག་་དངོས་སུ་བཅར་རྒྱུ་་མ་བྱུང་ཡང་དྲ་གནས་འདི་བརྒྱུད་་གནས་ཚུལ་ཁག་ཅིག་ཤེས་རྟོགས་བྱུང་། ངོ་སྤྲོད་གནང་ནི་རྣམས་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།་ བོད་ནང་ freegate ཟེར་བའི་སྒྲིག་ཆས་དེ་བེད་སྤྱོད་བྱ་རྒྱུར་བཀག་འགོག་བྱ་རྒྱུའི་ཆེད་རྒྱ་ནག་གཞུང་ཕྱོགས་ནས་བཀག་རྒྱ་གསར་པ་བཟོས་ཟིན་སྟབས་དེ་བོད་ནང་ཇི་བཞིན་ལག་བསྟར་ཡོང་རྒྱུར་དཀའ་ལས་ཁག་ཙམ་རེད། འོན་ཏེ་བོད་ནང་ནས་སྒྲིག་ཆས་ཇི་འདྲ་ཞིག་ལག་བསྟར་བྱ་དགོས་མིན་དེ་མཁྱེན་རྟོགས་ཡོད་མཁན་དང་སྒྲིག་་ཆས་ཐོན་གསར་ཡོད་མཁན་ཚོས་་མངོན་མེད་ཐོག་གནད་ཡོད་དྲ་གནས་བེད་སྤྱོད་བྱ་ཤེས་པའི་བོད་ནང་གི་ཤེས་ལྡན་པ་ཚོར་མཁོ་སྤྲོད་བྱ་རྒྱུ་དེ་གལ་ཆེ་བ་མཐོང་གི་ཡོད་པ་ལས། ང་ཚོས་རང་སོ་སོས་བཀག་འགོག་བྱེད་པའི་སྒྲིག་ཆས་བཟོ་རྒྱུའི་ནུས་པ་མེད་པས་གཞན་གྱིས་བཟོས་ཟིན་པའི་ཡོངས་གྲགས་བེད་སྤྱོད་བྱེད་པའི་སྒྲིག་ཆས་ལས་སླ་པོའི་ཐོག་བོད་ནང་བེད་སྤྱོད་བྱ་རྒྱུ་འདི་གྲུབ་ཁག་ཙམ་རེད་བསམ་གྱི་ཡོད། དཔེར་ན་ཉེ་དུས་ ༢༠༠༨ ལོར་་བོད་ཆོལ་ཁ་གསུམ་ནང་དྲ་གནས་དང་བརྒྱུད་ལམ་ ཁག་གི་ཐོག་བེད་སྤྱོད་ཀྱིས་གནས་ཚུལ་མཁོ་སྤྲོོད་བྱ་མཁན་དོ་སྣང་ཅན་མང་པོར་freegate ཟེར་བའི་སྒྲིག་ཆས་བེད་སྤྱོད་བྱས་ཀྱང་དཀའ་ངལ་སྤྲད་དེ་གནས་ཚུལ་རྒྱ་གཞུང་གསང་ལས་པས་རྒྱུས་ལོན་བྱ་རྒྱུར་ལག་ཆ་བསྐྲུན་ཡོད། འོ་ན་ད་ལྟ་ང་ཚོས་གང་ཞིག་བྱ་དགོས་པ་རེད་དམ་ཞེ་ན། བོད་ནང་བཞུགས་མཁན་ཤེས་ལྡན་པ་ཅན་པ་དང་དོ་སྣང་ཅན་ཚོས་ངེས་པར་དུ་རང་ཉིད་ཀྱི་རྒྱུན་གཏན་བེད་སྤྱོད་བྱ་རྒྱུའི་ཀློག་ཀླད་དང་ངེས་པར་དུ་ཕྱི་ཕྱོགས་དང་འབྲེལ་བ་་བྱེད་པའི་ཀློག་ཀླད་རྦད་དེ་ལོག་ཏུ་བེད་སྤྱོད་བྱ་དགོས་པ་མ་ཟད། ལྷ་རབ་བྱུང་ན་དུས་ཚོད་གཅིག་པའི་ནང་ཀློག་ཀླད་གཉིས་སམ་གསུམ་དུས་གཅིག་ཏུ་དྲ་གནས་ཐིག་སྐུད་གཅིག་གི་སྟེང་ནས་བེད་སྤྱོད་བྱས་ཏེ་རྒྱུན་དུ་བེད་སྤྱོད་མ་བྱེད་པའི་ཀློག་ཀླད་དེའི་སྟེང་ནས་ཕྱི་ཕྱོགས་སུ་གནས་ཚུལ་མཁོ་གཏོང་བྱ་རྒྱུ་དང། ཡིག་འགྲུལ་བྱ་རྒྱུ། སྒོ་མོ་ freegate བརྒྱུད་ཕྱི་ཕྱོགས་ཀྱི་གསར་འགྱུར་བལྟ་རྒྱུ། ཨི་མལ་ཁ་བྱང་འཕར་མ་ཁག་ཅིག་ཉར་ཏེ་གནས་ཚུལ་གཏོང་ལེན་བྱས་རྗེས་རྒྱུན་པར་ཆེད་བཙུགས་བྱས་པའི་ཀློག་ཀླད་དེའི་སྟེང་དུས་གཅིག་ཏུ་དྲ་གནས་ཐིག་སྐུད་དེ་གའི་སྟེང་ནས་དྲ་གནས་བེད་སྤྱོད་བྱས་ཚེ་སྒེར་སོ་སོའི་བདེ་འཇགས་ལ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། དེ་མིན་ཀློག་ཀླད་གཅིག་གི་སྟེང་ནས་གང་བྱུང་བེད་སྤྱོད་བྱས་ཏེ་ཀློག་ཀླད་སྤྱི་བདེ་བའི་ལག་ཏུ་ཤོར་རྗེས་གནས་ཚཱུལ་ཧ་ཅང་ཐབས་སྡུག་ཡོང་གི་ཡོད། ་དེ་ཚོ་ངེས་པར་ཤེས་དགོས་པའི་ཤེས་བྱ་ཞིག་རེད།།

    Reply
  13. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 16 སྔོན།

    དེང་སེང་། ཕར་ཆེ་བ། ཧ་ཅིང་། ཚག་པར། འདི་དགུ་ཚིགས་སྐྱ་མོའི་མཆན་ནང་དུ་ཤོར་བའི་མིང་ཚིག་ཁ་ཤས་རེད།

    Reply
  14. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    རེད་རེད།
    ཁོང་རྣམ་པས་ང་ཚོའི་རེ་སྐུལ་དང་བླངས་བྱས་ནས་ཟབ་སྦྱོང་སྤྲད་པར་ཕེབས་པ་བཀའ་དྲིན་ཆེ་ཞུ་བཞིན་ཡོད།
    གཞན་དབང་སྟབས་བསྟུན་བྱེད་དགོས་པར་སོང་ཙང་དུས་ཚོད་གཉིས་གསུམ་ཞིག་གི་རིང་མ་གཏོགས་བཀོད་སྒྲིག་བྱ་ཐུབ་མ་སོང་།
    ད་དུང་གོ་སྐབས་རེ་འགྲིག་སོང་ན་ལས་དོན་འདི་འདྲ་རེ་སྤེལ་རྒྱུའི་རེ་བ་ཡོད།

    Reply
  15. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 16 སྔོན།

    འོ་གསལ་བཤད་དགོས་པ་ཞིག་ལ། ཨ་ཁུ་སྨོན་ལམ་དང་ངག་དབང་ཐར་བ་གཉིས་ཀྱི་སྐད་ཆ་ལ་རིན་ཐང་མི་འདུག་དང་སྙིང་བོ་མི་འདུག་ཅེས་བཤད་ཀྱིན་མེད། ཡང་དྲ་འབུ་དང་བློ་ཆུང་ཚོས་གོ་བ་གཞན་དུ་ལེན་སྲིད།

    Reply
  16. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 16 སྔོན།

    འདི་རུ་རང་གི་བློ་ཤིན་ཏུ་འཐད་ཅིང་གནས་ལུགས་དང་བསམ་གཞིག་ཡུན་རིང་གི་བསྡུར་ཤུགས་ལས་ཐོན་པ་འདྲ་བའི་ཚིག་གཅིག་རེག་་པ་ནི་འོག་གི་སྐད་ཆ་འདི་ཡིན། (ཤེས་ཡོན་པ་རང་ངོས་ནས་བཤད་ན། དེང་གི་བརྡ་འཕྲིན་བརྒྱུད་ལམ་ལ་འཚང་ཁ་བརྒྱབས་ཏེ། གློག་ཀླད་ནང་གི་བབ་བསྟུན་གྱི་འཆད་རྩོད་རྩོམ་གསུམ་ལ་མགོ་འཁོར་བསྡད་པ་དེ་ཚོ་ཤེས་ཡོན་པ་རྣལ་མའི་གྲས་སུ་འཇོག་དཀའ་མོ་རེད། ) འདི་བཤད་མཁན་གྱི་ཕོ་གསར་དེ་ལ་ཐུགས་རྗེ་ཆེ་ཞུ།

    Reply
  17. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    སྐུ་ཉིད་ལ་བསྔགས་བརྗོད་དང་ཡག་ཐོག་ཡག་བརྩེགས་ཡོང་བའི་སྨོན་འདུན་ཡོད།

    Reply
  18. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    དགའ་བསུ་ཞུ། ངོ་ཚོར་ཆེད་མཁས་པ་དགོས་ལ་ཆེད་མཁས་པས་ངེས་པར་ཏུ་ཆེད་ལས་གཉེར་དགོས། གློག་ཀླད་ཆེད་མཁས་སྨོན་ལམ་ལྟ་བུ།
    སེམས་གཏིང་ནས་དགའ་བསུ་ཞཡ།

    Reply
  19. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    རྗེས་སུ་ཡི་རུང་ཡོད། བྱ་བཞག་འདི་ལྟར་སྒྲུབ་ན་དངོས་ནས་ཡག་པོ་འདུག

    Reply
  20. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    བོད་ཡིག་འདི་ནི་བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཁྱད་པར་བ་ཞིག་ཡིན་པར་མ་ཟད། དེང་སེང་འཛམ་གླིང་གི་མཁས་པ་མང་པོའི་ཀྱང་བསྔགས་བརྗོད་གྱི་མེ་ཏོག་འཐོར་བཞིན་ཡོད། ཕྱིར་གོང་དུ་གསུངས་པ་ནང་བཞིན་ང་ཚོ་བོད་ཡིག་འབྲི་ཀློག་རྩོམ་གསུམ་གྱི་ཐད་ནས་ཡར་རྒྱས་འགྲོ་བཞིན་ཡོད། ཡིན་ནའང་ད་དུང་བོད་མི་ཕར་ཆེ་བའི་ནང་ན་སུམ་རྟགས་དག་གསུམ་དང་མཐུན་པའི་སྒོ་ནས་བསྐུར་ཡིག་ཡག་པོ་ཞིག་ཀྱང་འབྲི་ཐུབ་མཁན་ཧ་ཅིང་དཀོན་པོ་རེད། མ་ཟད་བོད་ཀྱི་དུས་བབ་སོགས་ཚག་པར་རྣམས་ལ་གཟིགས་དང་སུམ་རྟགས་དག་གསུམ་དང་མི་མཐུན་ཧ་ཅིང་མང་། མི་རིགས་ཞིག་རང་སྐྱ་ཐུབ་པའི་སྒོ་ནས་གནས་ཐུབ་མིན་རང་གི་སྐད་ཡིག་འདི་ལ་ངེས་པར་དུ་ཐུག་ཡོད། དེས་ན་རྒྱ་ཆེའི་བོད་མི་རྣམས་ཀྱིས་ངེས་པར་དུ་བོད་ཡིག་འདི་ལ་དོར་སྣང་སྤྲད་རོགས་ཞུ་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese