མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསྐྱར་དུ་བཀའ་ཁྲིར་ཕེབས་རོགས། སྨན་པ་ངག་དབང་སྦྱིན་པ་བསུ་སྣང༌།

བོད་ཀྱི་དུས་བབ།
༢༠༠༩/༠༧/༢༤
Share on FacebookShare on TwitterShare on EmailShare on Whatsapp

 

ལམ་དབུ་མར་འཚམ་པའི་འབྱུང་འགྱུར་གྱི་བཀའ་བློན་ཁྲི་བར་ཟམ་གདོང་རིན་པོ་ཆེ་ཁོང་ཉིད་དུ་མཐོང༌།

 

སྨན་པ་ངག་དབང་སྦྱིན་པ་བསུ་སྣང༌།

དུས་དང་མཐུན་པའི་བསྒྱུར་བཅོས་ཕྱོགས་སུ་མི་བསྐྱོད་རྒྱུ་དང༌། མི་མང་གི་བསམ་བློའི་གནས་ཚད་གོང་མཐོར་མི་གཏོང་རྒྱུའི་སྲིད་བྱུས་དེ་ ༡༩༥༩ ཕན་ཆད་ཀྱི་གཞུང་རྙིང་བའི་འགོ་གཙོ་ཕལ་མོ་ཆེའི་ཉིང་དགོས་སུ་གྱུར་བ་དེ་ནི་སྒེར་གྱི་ཁེ་ཕན་དང༌། གོ་ས་དང༌། དབང་ཆ་བཅས་རྒྱུན་སྲིང་གནས་ཐབས་ཁོ་ནའི་ཆེད་དུ་རེད།

༡༩༣༤ ལོར་ྋརྒྱལ་བ་སྐུ་ཕྲེང་ ༡༣ པ་མཆོག་དགོངས་པ་རྗོགས་པ་ནས་ ༡༩༥༡ ལོར་སྐུ་ཕྲེང་ ༡༤ པ་མཆོག་གིས་ཆོས་སྲིད་ཟུང་གི་འགན་དབང་བདག་གིར་མ་བཞེས་པའི་དབར་མཚམས་དེའི་རིང་སྤྱིར་སྐབས་དེའི་འགོ་གཙོ་ཕལ་མོ་ཆེ་སྒེར་དོན་དང༌། གོ་ས་དང༌། དབང་ཆ་བཅས་ཁོ་ནར་འཐབ་རྩོད་ཀྱི་དུས་འདའ་ཞིང་མི་མང་ངོས་ནས་ཀྱང་ཆབ་སྲིད་ལ་དོ་སྣང་མ་བྱས་པའི་ཉེར་ལེན་ལ་བརྟེན་ནས་ནོར་འཁྲུལ་བསམ་བརྗོད་ལས་འདས་པ་འདི་འདྲ་ཞིག་བོད་སྤྱི་ཡོངས་སུ་སྨིན་པ་རེད། ལོ་རྒྱུས་ངན་པ་དེ་སུས་ཀྱང་གསུབ་མི་ཐུབ་ལ་ང་ཚོས་ཀྱང་དུས་ནམ་ཡང་བརྗེད་དུ་མི་རུང༌།

བཙན་བྱོལ་བོད་གཞུང་དབུ་བརྙེས་པ་ནས་ ༢༠༠༡ བར་དུ་ྋགོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་བཞིན་བཙན་བྱོལ་གཞུང་གིས་ལྟ་གྲུབ་གཙང་ཞིང་བརྟན་པོ་ཞིག་ཏུ་ཕེབས་ཐུབ་མེད་པ་མ་ཟད་ཧིན་སྒོར་འབུམ་ ༣༠༠༠ ལྷག་གི་བུ་ལོན་འོག་ཏུ་འཐིམ་སྟེ་གནས་པ་རེད། འདས་པའི་ལོ་ངོ་ ༣༥ ཡས་མས་ནང་ཤེས་ཡོན་ཐད་འཐུས་ཤོར་སོང་བ་ཉེ་ཆར་ྋགོང་ས་མཆོག་གིས་བཀའ་ཕེབས་ཡོད། གལ་ཏེ་འདས་ལོ་དེ་དག་རིང་བཞེངས་ཕྱོགས་གཙང་མ་ཞིག་ཏུ་ཕེབས་ཡོད་ཚེ་ལམ་གང་ཞིག་ལ་དོན་འབྲས་འདི་བྱུང་སོང་ཞེས་ངེས་པ་བརྙེད་པའི་ཐག་གཅོད་གཅིག་བྱུང་ཟིན་ཡོད་རྒྱུ་རེད།

ཀྭ་ཡེ་གསོན་དང་བོད་རིགས་ཚོ། འདས་པའི་ལོ་རྒྱུས་ལ་བསམ་གཞིགས་ལེགས་པར་བྱས་ཏེ་མི་མང་གི་དབང་ཤུགས་ལ་བརྟེན་པའི་གཞུང་ངམ་དབུ་འཁྲིད་ཅིག་བསྐོ་འཛུགས་འཐུབ་རྒྱུར་འབུངས་པ་དེ་མང་གཙོའི་ཁེ་དབང་ཡང་དག་པ་ལོངས་སུ་སྤྱད་པ་ཡིན་ལ་གལ་ཏེ་དེ་ལས་ལྡོག་ན་ཧ་ཅང་གི་བློ་ཕམ་པོ་རེད་ཨང༌།

༡༩༩༡ ལོར་ཟམ་གདོང་རིན་པོ་ཆེ་ཐད་བསྐོས་སྤྱི་འཐུས་སུ་བསྐོ་གཞག་གནང་བ་ནས་སྐབས་ ༡༡ དང་ ༡༢ སོ་སོར་ཚོགས་གཙོའི་འགན་འཁུར་འོག་ཁྲིམས་སྒྲིག་གཏན་འབེབས་དང༌། དེ་བཞིན་དུ་ཁྲིམས་བཟོ་དང༌། འཛིན་སྐྱོང་དང༌། ཁྲིམས་འཛིན་བཅས་ཀྱི་འགན་དབང་ཆ་བགོས་དང༌། གྲོས་ཚོགས་ཀྱི་ལས་དོན་བྱ་ཕྱོགས་དང༌། གྲོས་ཚོགས་ལ་འཛིན་སྐྱོང་གིས་འགན་འཁུར་སྟངས་སོགས་སྔོན་དང་མི་འདྲ་བའི་ཚད་མཐོའི་སྒྲིག་གཞི་གཏན་འབེབས་གནང་བ་རེད།

༢༠༠༡།༧།༢༩ ཉིན་ཁོང་མི་མང་གིས་བཀའ་ཁྲིར་བདམས་པའི་རྗེས་སུ་སྐབས་དེའི་གང་ཟག་གི་དབང་ཤུགས་ལ་བརྟེན་པའི་བཙན་བྱོལ་གཞུང་གི་སྒྲིག་འཛུགས་དེ་ཁྲིམས་ཀྱི་དབང་ཤུགས་སུ་བཅོས་བསྒྱུར་གནང་བ་མ་ཟད་གོང་འཁོད་བུ་ལོན་ཡོངས་སུ་རྫོགས་པ་སེལ་ཏེ་བཙན་བྱོལ་གཞུང་འདི་ཉིད་ད་ལྟ་ཐབ་ཆུང་ངུ་ནང་མེ་ཚ་བོའི་དཔེ་ལྟར་དུ་བཞུགས་ཡོད།

ད་ལྟའི་སྤྱི་འཐུས་སྐབས་ ༡༤ པ་འདིའི་སྔོན་འགྲོའི་འོས་གཞི་ལས་རིམ་ནས་འགོ་བརྩམས་ཏེ་སྔ་ཕྱི་བར་གསུམ་གྱི་ལས་རྒྱུན་ལ་སྔོན་དང་མི་འདྲ་བ་ཆབ་སྲིད་ཐོག་རྣོ་ངར་ལྡན་ཞིང་ལམ་དབུ་མ་དང་རང་བཙན་ལྟ་གྲུབ་གཉིས་ཀྱི་དབར་འགྲན་རྩོད་ཤུགས་ཆེན་བྱུང༌། མཐར་ཕྱོགས་ཁག་གཉིས་སུ་གྱེས་ཏེ་རང་བཙན་ལྟ་གྲུབ་མཁན་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་དང༌། དབུ་མའི་ལམ་ལྟ་གྲུབ་མཁན་སྤྱི་འཐུས་སྤེན་པ་ཚེ་རིང་ལགས་རྣམ་གཉིས་ཚོགས་གཙོ་ལས་འགན་རེས་མོས་གནང་བའི་ལོ་རྒྱུས་གསར་བ་བཏོད་པ་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཡིན། ཆོལ་ཆོས་ལུང་ཚན་སོགས་འཐེན་འཁྱེར་གྱིས་མ་བསླད་པའི་འགྲན་རྩོད་དེ་ལྟ་བུ་བྱུང་བ་ནི་ཁོང་གིས་དབུ་མའི་ལམ་གྱི་ལྟ་གྲུབ་ཐོག་སྔོན་དང་མི་འདྲ་བའི་ཕྱག་ལས་གཙང་མ་གནང་བ་ལས་བྱུང་བ་རེད།

རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་མི་རིགས་འདྲ་མཉམ་གྱི་ཐོབ་ཐང་དང་ས་གནས་ཡུལ་བབ་ཀྱི་ཐོབ་ཐང་སྤྲོད་དགོས་པ་དང༌། གྲང་ཉུང་མི་རིགས་ཀྱི་རིག་གཞུང་དང་གོམས་གཤིས་སོགས་ལ་གནོད་སྐྱོན་ཐེབས་མི་ཆོག་ཅེས་བཀོད་པ་རྣམས་གཞི་རྩར་བཟུང་སྟེ་ྋགོང་ས་མཆོག་དང༌། བཙན་བྱོལ་གཞུང་མང་ཡོངས་ཀྱི་ལྟ་གྲུབ་གཅིག་ཏུ་བསྒྲིལ་བ་ལམ་དབུ་མས་དངོས་ཤུགས་བརྒྱུད་གསུམ་གྱི་མཛད་ཕྱོགས་གཙང་ཞིང་ཐབས་ཤེས་གང་ཡོད་གནང་བས་བོད་རྒྱ་གྲོས་མོལ་ཐེངས་དགུ་བྱས་པ་དེ་ཉུང་ངུ་ཞིག་གཏན་ནས་མིན། ད་དུང་ཡང་མུ་མཐུད་དེ་ ༢༠༡༦ བར་ཨུ་ཚུགས་མཐར་སྐྱེལ་གནང་ན་དགེ་མཚན་ཆེ་བས་ཁོང་ཉིད་འབྱུང་འགྱུར་གྱི་བཀའ་ཁྲིར་ཛ་དྲག་གི་དགོས་མཁོར་གྱུར།

ད་ལྟའི་གཞུང་མང་ཡོངས་ཀྱི་གནས་སྟངས་ལ་མཚོན་ན་ཕྱོགས་གང་ས་ནས་རྨང་གཞི་ཧ་ཅང་ཚགས་འཚུད་པོར་ད་དུང་འང་གྲུབ་ཐུབ་མེད་པས་བཀའ་ཁྲིས་ཕྱོགས་ཡོངས་ལ་འགན་འཁུར་ལེན་དགོས་ཀྱི་ཡོད། ཐ་ན་ཚོར་བ་རྣོ་བའི་ཆོས་སྲིད་ཀྱི་གནས་དོན་ལ་ཐུག་ཀྱང་འཇིགས་ཞུམ་མེད་པར་མིག་བཙུམས་ཏེ་མཆོང་མཁན་ཁོང་མ་གཏོགས་སྔོན་ཆད་སུ་བྱུང་སོང་ངམ། ཡོན་ཏན་ཕྱོགས་རེ་བར་ཁྱད་དུ་འཕགས་པའི་གང་ཟག་དགའ་ཡོད་དུ་ཆུག་ཀྱང་འཇོན་ཐང་དང༌། དབང་ཐང་དང༌། གནས་དོན་གང་ལའང་ཡིན་མིན་གྱི་ཐག་གཅོད་བཟང་ཞིང་སེམས་དཀྱེལ་ཆེ་བ་དང༌། རྒྱལ་སྤྱི་དང་རྒྱ་ནག་གཞུང་ལ་བོད་རྒྱ་སོ་སོའི་ཐ་དད་པའི་ཆོས་སྲིད་གཉིས་རྐྱའི་ལོ་རྒྱུས་ཐོག་ནས་འགྲེལ་བརྗོད་ཐུབ་པའི་འདེངས་སྤོབས་ལྡན་པ་དང༌། བོད་མི་རིགས་ཀྱི་སྲོག་རྩ་རང་གི་སྐད་ཡིག་དང༌། ཆོས་དང༌། རིག་གནས་བཅས་ལ་དོ་འཁུར་ལྷག་པར་དུ་ཆེ་བ་དང༌། ཉམས་མྱོང་གིས་ཡོངས་སུ་ཕྱུག་ཅིང་བོད་པའི་དྲི་མས་མ་དོར་བ་སྟེ་ཕྱོགས་བསྡོམས་ཀྱི་ཡོན་ཏན་མངའ་བ་ཁོང་ལས་ལྷག་པ་ཞིག་བརྙེད་དུ་མེད་ཅེས་ཐ་ཚིག་འཕང་ན་འགྲིག

ྋགོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་བོད་དེ་རང་བཙན་མ་རེད་ཅེས་ནམ་ཡང་གསུངས་མེད་ལ་ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་བོད་རིགས་ཡོངས་རྗོགས་གཅིག་བསྒྱུར་དགོས་པའི་ཐ་ཚིག་དེའང་ནམ་ཡང་འདོར་རྒྱུ་མིན་ཞེས་རྒྱ་ནག་ལ་གསལ་པོར་གསུངས་ཡོད། རྒྱ་ནག་དང་མཉམ་དུ་ལམ་དབུ་མ་གཞིར་བཅོལ་བའི་དོན་འབྲས་སོན་ཐབས་ཀྱི་དུས་ཡུན་ལ་དུས་བཅད་ཅིག་ངེས་པར་དུ་བཟུང་ཡོད་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད།

བོད་ཀྱི་དུས་བབ་འདོན་ཐེངས་ ༤༥༤ ནང་བཀོད་པ་ལྟར་ཧོན་སུར་མི་མང་ཡོངས་ཀྱིས་སྤྱི་འཐུས་ལྷན་ཚོགས་སུ་ཕུལ་བའི་སྙན་ཞུ་ནང་ཡུན་ཚད་གསུམ་ལྷག་བསྐྱར་འདེམས་མི་ཆོག་ཅེས་བཅའ་ཁྲིམས་སུ་བཅོས་བསྒྱུར་གནང་སྟེ་དབུ་ཁྲིད་ཁོང་ལྟ་བུ་སླར་ཡང་སྐབས་གསུམ་པའི་བཀའ་ཁྲིར་བཞེངས་ཆོག་པའི་གོ་སྐབས་འཐོབ་རྒྱུར་མཁྱེན་དཔྱོད་ཟབ་པའི་རྒྱུ་མཚན་རིམ་པ་བཞིན་བཀོད་ཏེ་རྟིང་སྐུལ་ཞུས་འདུག་པར་ཕྲན་གྱིས་ཀྱང་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ནོ།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༥ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༧ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༨ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༨ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༩ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༩ སྔོན་ལ།

མཆན། 21

  1. Yak Goed says:
    ལོ་ 16 སྔོན།

    གཉིས་པ་དེ་རྒྱ་བལ་འབྲུག་གསུམ་དུ་གནས་པའི་སློབ་གྲ་དེ་དག་ཚགས་ཚུད་དུ་གཏོང་ཐུབ་མཁན།་གསུམ་པ་དེ་བཙན་བྱོལ་དུ་ཡོད་པའི་རིག་གཞུང་སྡེ་ཁག་དེ་དག་ཚགས་ཚུད་ཐོག་རྒྱལ་སྤྱིའི་ནང་དེ་དག་དེང་དུས་ཚད་དང་མཉམ་པའི་ངོ་སྤྲོད་ཐུབ་ཕྱིར་སློབ་གསོ་དང་ལས་འགུལ་སྤེལ་ཐུབ་མཁན།
    བཞི་པ་དེ་བོད་རིགས་གཞི་རིམ་མང་ཚོགས་མང་གཚོའི་ལམ་ལ་འཁྲིད་ཐུབ་མཁན།
    ལྔ་པ་དེ་ཆེ་འདོད་དང་ལྟ་བ་རེ་ཟུང་ཐོག་མཁྲེགས་བཟུང་མ་ཡིན་པར་སྲིད་ཞུ་བ་ཀུན་གྱི་བསམ་ཚུལ་དང་ལེན་བྱེད་ཐཡབ་མཁན།
    དྲུག་པ་དེ་རང་ཉིད་དང་མི་མཐུན་པའི་ལྟ་བ་འཁྱེར་མཁན་གྱི་བོད་རིགས་གང་ཡོད་ཀྱང་དེ་དག་ལའང་བརྩི་བཀུར་ཞུ་ཐུབ་པའི་ཐོག་བོད་སྤྱི་བའི་ཐོག་ལ་ནུས་པ་སྒྲིལ་ཐུབ་མཁན།
    བདུན་པ་དེ་གཞིས་ལུས་བོད་མི་རིགས་ཀྱི་སྙིང་སྟོབས་དང་ལྷག་བསམ་སྤར་ཐུབ་མཁན།
    བརྒྱད་པ་དེ་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ལྟར་བོར་རིགས་ཡོངས་ཀྱི་བདེ་དོན་ལ་གཟིགས་རྟོགས་གནང་ཐུ་མཁན་བཅས་དགོས་གལ་ཆེ་བས་དེ་ལྟར་གནང་ཐུབ་མཁན་བོད་རིགས་གཞོན་སྐྱེས་ཞིག་སླེབ་ཐུབ་ན་ང་ཚོ་འགྱེལ་ས་ནས་ལངས་ཐུབ་པ་དང་མ་འོངས་པར་བོད་རྒྱའི་དཀའ་རྙོགས་མགྱོགས་པོ་སེལ་མ་ཐུབ་ཀྱང་ཡུན་རིང་འཐོབ་རྩོད་བྱ་ཐུབ་པར་དགེ་མཚན་ཆེ་བས་ན་དེ་འདྲ་ཞིག་ལ་བོད་མི་དམངས་ཀྱི་༢༠༡༡་ལོའི་བཀའ་ཁྲིར་འདམ་དགོས་པ་ཡིན།
    གལ་ཏེ་བོད་མི་རིགས་ལ་སྙིང་སྟོབས་དང་མང་གཙོའི་བློ་སེམས་གོ་རྟོགས་ཡོད་ན་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་སྤུ་ཙམ་མེད་པའི་ཐོག་ནས་བོ་པའི་་་་ཨོ་བཱ་མ་ཞིག་འབོད་པའི་བཀའ་ཁྲིར་འདེམ་དགོས་ངེས་ཡིན།་་
    བོད་པའི་ཨོ་བཱ་མ་ནི་དེ་སྔོན་བྒརོ་གླེང་མང་པོ་བྱུང་བ་ལྟེར་ད་ཆ་a་རིར་བཞུགས་ཡོད་པའི་དེ་སྔ་བཙན་བྱོལ་སྤྱི་ཚོགས་ནང་ཡུན་རིང་ལྷག་བསམ་རྣམ་དག་ཞབས་ཞུ་གནང་མཁན་ཚེ་རིང་བཀྲ་ཤིས་ཡིན་ཅིངྲ།་་ཁོང་གི་བོད་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་དངབོད་གཞུང་སྨན་རྩིས་ཁང་གི་དབུ་འཛིན་གཞན་ཡང་སྐུ་སྒེར་ཡིག་ཚང་བཅས་སུ་ཕྱག་ལས་རྒྱུན་རིང་གནང་སྐབས་ཀུན་གྱི་བསྟོད་འོས་བའི་མཛད་རྗེས་བླ་ན་མེད་པ་བཞག་ཡོད་སྟབས་ཁོང་བཀའ་ཁྲིར་སློབས་ཐུབ་ན་བཙན་བྱོལ་གཞུང་གི་དཔལ་འབྱོར་ཡར་རྒྱས་གཐོང་ཐུབ་པ་མ་ཟད་བོད་མི་རིགས་ཀྱི་སྙིང་སྟོབས་དངགཞིས་ཆགས་སྲ་བརྟན་རྒྱུན་མཁྱོངས་ཐུབ་པ་བཅས་ཀྱི་དགེ་མཚན་མཐོང་བས་ན་བོར་རིགས་རྣམ་པར་ཁོང་བཀའ་ཁྲིར་འདེམ་རོགས་གནང་ཞེས་ངས་རེ་སྐུལ་ནན་པོ་ཞུ་རྒྱུ་ཡིན།་བོད་རྒྱལ་ལོ།

    Reply
  2. Yak Goed says:
    ལོ་ 16 སྔོན།

    ང་འཚོར་འབྱུང་འགྱུར་༢༠༡༡་ལོའི་བཀའ་བློན་ཁྲི་པ་དེ་གང་འདྲ་ཞིག་དགོས་ཞེས་ན་གཙོ་བོ་རྒྱ་བལ་འབྲུག་གསུམ་དུ་གནས་པའི་བོད་རིགས་དེ་དག་གི་འཚོ་བ་ཡར་རྒྱས་སུ་གཏོང་ཐུབ་པའི་ཐོག་ནས་གནས་ཐུབ་པ་དངྲ།

    Reply
  3. Drungtso says:
    ལོ་ 16 སྔོན།

    སྨན་པ་ངག་སྦྱིན་ལགས་སྤྱིར་ཁྱེད་རང་གི་དགོངས་ཚུལ་ཡག་པོ་ཡིན་སྲིད།་འོན་ཀྱང་ཁྱེད་ཀྱིས་གཙོས་མི་འགས་ཨུ་ཚུགས་ཀྱིས་༢༠༡༡་ལོའི་བཀའ་ཁྲིར་སླར་ཟམ་གདོང་རིན་པོ་ཆེར་སྐུལ་བ་ནི་བོད་མི་རིགས་སྤྱིའི་བློ་སྟོབས་དང་འཇོན་ཐང་དེ་བཞིན་དམངས་གཙོའི་རིང་ལུགས་ལ་བརྙས་བཅོས་བཅས་ཀྱི་རྒྱུར་གྱུར་ཉེན་འདུག་ན་མནོ་བསམ་རྒྱ་ཆེ་ཙམ་བཞེན་ནས་བཀའ་མོལ་གནང་ཐུབ་ན་མི་ལེགས་བསམ།་་་བོད་མི་རིགས་ཀྱི་སྙིང་སྟོབས་དང་བློ་གྲོས་རྒྱལ་གྱུར་ཅིག།་་་་་་་་་་་་་་་་་་་་་་ཁ་ཡོད་ལག་ཡོད་བོད་མི་རིགས་ཀྱི་ཆེད་དུ་ཕྱག་ལས་གནང་མཁན་ཞིག་བཀའ་བློན་ཁྲི་པར་སླེབས་པ་ཤོག

    Reply
  4. དགེ་བཤེས་བསྟན་བཀྲ། says:
    ལོ་ 16 སྔོན།

    གྲཔགས་པ་ལགས་ད་དུང་ཅིག་བརྗེད་འདུག། རྩ་བའི་ཁྱེད་རང་གི་དགོངས་ཚུལ་ག་པོ་འདུག བཀའ་ཁྲི་བསྐྱར་ཕེབས་ཀྱི་དགོངས་ཚུལ་དེ་གོང་ཞུས་ལྟར

    Reply
  5. དགེ་བཤེས་བསྟན་བཀྲ། says:
    ལོ་ 16 སྔོན།

    གྲོགས་ངག་སྦྱིན་ལགས། བཀྲ་ཤིས་བདེ་ལེགས། དགོངས་ཚུལ་ཡག་པོ་འདུག འོན་ཀྱང་རྒྱབ་སྐྱོར་ཞུ་ཐབས་བྲལ། བཅའ་ཁྲིམས་དང་སྤྱི་ཚོགས་ལ་གཟིགས་ན་ཧ་ཅང་ཡོང་ཐབས་མེད། དེ་བས་ཆུ་ཚོད་འཕྲོ་བརླག་མ་གཏོང། དགོངས་པ་གཞན་ལ་བཞེས་རོགས

    Reply
  6. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    ་དུང་ཀླད་རྙིང་ག
    དེ་ལོས་ཡིན
    ཨོ་རེད
    དྲ་ཐོག་ན་འང་ཀླད་རྙིང་བ་འདུག་ག
    དེའི་ད་ག་ལ་ཚད་མཁྲེགས་འཛིན་པ་ཡང་འདུག
    དེ་ཡིན་རྒྱུ་རེད
    སྤྱི་ཚོགས་ནི་ནམ་ཡང་ཆ་མི་སྙོམ
    སྨན་པ་ངག་སྦྱིན་ལྟ་བུད

    Reply
  7. སངས་རྒྱས་ཆོས་འཕེལ། says:
    ལོ་ 16 སྔོན།

    དེ་སྔོན་བོད་ཀྱི་ལོ་རྒྱུས་ནང་ལ་ཟམ་གདོང་རིན་པོ་ཆེ་ནང་བཞིན་གྱི་བཀའ་བློན་ཞིག་བྱུང་མེད་པ་ནི་ཆོས་ལུགས་དང་འཆོལ་ཁས་འཐེན་ཁྱེར་མེད་པར་བལྟས་ན་གསལ། དེ་བས་སྨན་པ་ལགས་ཀྱི་གསུངས་པ་ལ་ཡིད་རང་ཞུ་དགོས་པ་རེད། ཡིན་ནའང་ཁོང་གིས་འཇོན་ཐང་དང་ནུས་པ་གང་ཡོད་ཕྱུང་ཟིན་པ་རེད། ད་ནི་བླ་རྒན་ལགས་སེམས་ཀྱི་ནུས་པ་ཞུམ་པར་མི་མངའ་ནའང་འབྱུང་བ་རྒུད་བརྟེན་འབྱུང་འགྱུར་གྱི་བཀའ་བློན་བྱེད་ཐུབ་ཀྱི་མེད་པའི་སྔོན་བརྡ་བྱས་ཟིན་པས་དེ་ལ་ཡང་བཞུགས་དགོས་ཀྱི་སོ་ཟད་རྐན་ལ་ཐུག་མེད་ན་ཞུ་བ་དགོས་དོན་མི་འདུག བཀའ་བློན་ཁྲི་བ་དེ་སེར་མོ་བ་ཡིནའང་འདྲ། བུད་མེད་ཡིན་ནངའང་འདྲ་ཤེས་འཇོན་གཉིས་ལྡན་ཞིག་གདམས་དགོས་པ་ནི་རང་རེ་གཙན་བྱོལ་བོད་པ་ཡོངས་ཀྱི་ལས་འགན་ཞིག་རེད། ཡིནའང་ཆབ་སྲིད་པའི་ལས་བྱེད་ཞིག་ཡིན་ནས་བཟུང་གྲྭ་ཆས་མི་གྱོན་པ་ཞིག་ཐོན་དགོས་ཀྱི་འདུག གཞན་དུ་ན་ཆོས་དང་མི་འཐུན་སྲིད་ཡང་གང་མཚམས་བྱེད་མ་ལོ་བ་ཞིག་ཆགས་ཀྱི་འདུག དཔེར་ན་བུད་མེད་སྐྱབས་འགྲོའི་བསླབས་བྱ་གང་ཡིན་ཤེས་དང་མི་ཤེས་མཁན་དེ་རྣམས་མདོ་སྔགས་རབས་འབྱམས་པ་ཡིན་པར་ཁས་འཆེས་པའི་སྟེང་དུ་རང་སྣང་གང་ཤར་བྱེད་འཛེགས་པ་འདི་ཆོས་དང་མི་འཐུན། སྲིད་ལ་ཕན་མི་ཐོག ཆོས་ལ་དག་སྣང་རླགས། དགོས་རྒྱུ་དེ་མི་འགྲུབ་པའི་ཐོག་ཡོད་པ་དེ་རླགས་པར་དོགས་ནས་ཞུས་པ་ཡིན།།

    Reply
  8. ཀེ་ལ་ཤ། says:
    ལོ་ 16 སྔོན།

    ནོར་བཅོས།
    ལས་འཆར་གསར་པ་གང་ཡང་འཆར་སྒྲིག་བྱས་མེད་གསུངས་ཡོད་པས་

    Reply
  9. ཀེ་ལ་ཤ། says:
    ལོ་ 16 སྔོན།

    འཇིགས་བྲལ་ལགས་ཀྱིས་ད་ལན་ཡག་པོ་ཞིག་བཤད་འདུག རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཡོད།
    སྨན་པ་དེས་ཟམ་གདོང་རིན་པོ་ཆེས་འདས་པའི་ཟླ་བཞིའི་རིང་ལས་འཆར་གང་ཡང་མ་བསྒྲིགས་པར་འཐུས་ཤོར་བཏང་བ་དེ་ཡང་མཁྱེན་གྱི་མེད་པ་འདྲ། ཟམ་གདོང་རིན་པོ་ཆེས་བཀའ་ཁྲིའི་འོས་བསྡུ་སྔ་བསྣུར་བྱ་རྒྱུའི་སྙན་གསེང་ཞུས་རྗེས་ལས་འཆར་གསར་པ་གང་ཡང་འཆར་སྒྲིས་བྱས་མེད་གསུངས་ཡོད་པས་ཁོང་ནས་ཆུ་ཕྱིན་ཡང་ཟམ་པ་སྡོད་དགོས་པའི་དཔེ་ལྟར་ཐུགས་བསམ་རྩ་བ་ནས་མ་བཞེས་པ་དེར་བློ་ཕམ་ཡོད། ཟམ་གདོང་རིན་པོ་ཆེས་ཉིན་ཤས་སྔོན་གཞི་ནས་གཅིག་སྡུད་འཆར་གཞི་བཞི་བའི་སྐོར་ཁྱབ་བསྒྲགས་གནང་ཡོད་ཀྱང༌། ཕྱི་ཟླ་གསུམ་པ་ནས་ད་བར་ལས་འཆར་གང་ཡང་མ་བསྒྲིགས་པ་དེ་ཡང་བསམ་བཞིན་དུ་འཐུས་ཤོར་བཏང་བ་ཞིག་མ་རེད་དམ། དེ་དང་དེ་འདྲ་བའི་བཙན་བྱོལ་ཁྲོད་ཀྱི་སྒྲིག་འཛུགས་ལ་འཐུས་ཤོར་དང༌། ད་དུང་ཆེས་ཉེན་ཚབས་ཆེ་བ་ཞིག་ལ་བོད་གཞུང་གི་གཅིག་སྡུད་འཆར་གཞི་བཞི་བའི་ནང་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་དང༌། ཆབ་སྲིད་ལམ་སྟོན་ལ་འགྱུར་བ་གཏང་རྒྱུའི་འཆར་གཞི་ཞིག་ཀྱང་སྒྲིག་ཡོད་འདུག་པས་མ་འོངས་པའི་བོད་ནི་མང་གཙོ་མཉམ་འབྲེལ་ཞེས་པ་དེ་ཕྱིར་འབུད་གཏང་ཆེད་མིན་ན་གང་ཡིན། རྒྱུ་མཚན་ནི་ཟམ་གདོང་རིན་པོ་ཆེས་དེ་ནི་འཆར་སྣང་ཞིག་ཡིན་སྐོར་དང༌། མ་འོངས་པར་རྒྱ་ནག་གི་རྩ་ཁྲིམས་འོག་དམངས་གཙོ་ལས་མང་གཙོ་རེག་གི་མེད་ཚུལ་སོགས་ཡང་ཡང་གསུངས་ཡོད་པ་མ་ཡིན་ནམ། མདོར་དོན་ཆབ་སྲིད་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་གང་ཐད་ནས་འཇུ་ས་བརྟེན་ས་གང་ཡང་མེད་པ་བཟོ་བཞིན་པའི་མི་འདི་ཡང་བསྐྱར་བཀའ་ཁྲིར་བསྐོས་དགོས་གང་ཡང་མ་མཐོང༌།

    Reply
  10. གནས་ཚང་། says:
    ལོ་ 16 སྔོན།

    བདེ་བ་ཅན་ལགས། འཇིགས་བྲལ་བསྟན་འཛིན་ལགས་ནས་གསུང་བ་འདི་ངའི་ཁྱོད་རང་ལ་བཤད་འདོད་པའི་ཚིག་ཡིན་པས། ག་ལེར་མཆོད་རོགས།

    Reply
  11. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    བསྐྱར་དུ་བཀའ་ཁྲིར་ཕེབས་རོགས།

    ཁ་བྱང་འདི་ལ་བལྟས་ན་བོད་ལ་མི་མེད་པ་འདྲ་ལ། ལྟ་ཚུལ་འདི་འདྲ་ཟམ་གདོང་རིན་པོ་ཆེར་ཆེ་བཀུར་ཞིག་ཡིན་ཡང་ཆོག བོད་མི་རིགས་ལ་དམའ་འབེབས་ཤིག་ཡིན་པས་ཟམ་གདོང་རིན་པོ་ཆེ་མི་དགའ་ཐག་ཆོད་རེད། ཡང་གཅིག་བཤད་ན་བཙན་བཙན་བྱོལ་བོད་གཞུང་གི་ད་ལྟའི་བཀའ་བློན་ཁྲི་པ་འདི་སྐབས་གཉིས་པའི་ལུས་དུས་མ་རྫོགས་གོང་དུ་དགོངས་ཞུ་བྱེད་གྲབས་ཀྱི་གནས་ཚུལ་ཐོན་པ་འདིའི་ཐོག་ནས་བསམས་ན་ཡང་། ཁོང་གི་སྐུ་གཟུགས་དང་ལོ་ན། ཆབ་སྲིད་སྐྱོང་སྟངས་བཅས་གང་ཐད་ནས་ཏག་ཏག་ཅིག་སྡོད་ཀྱི་མེད་པ་ཞིག་བསྟན་ཡོད་ལ། ང་ཚོ་བཙན་བྱོལ་བ་ཡིན་ཡང་ཆོག རང་བཙན་མེད་ཀྱང་ཆོག བོད་དང་བོད་ཀྱི་མི་མང་གི་བླ་ན་མེད་པའི་ཁེ་དབང་སྲུང་སྐྱོབ་བྱེད་པའི་ཁྲིམས་མཐུན་བོད་ཀྱི་སྲིད་གཞུང་གི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་འདི་བཞིན་མི་རེའི་ངོ་ལ་བལྟས་ནས་བཅོས་བསྒྱུར་བྱེད་དགོས་བྱུང་ན་ཕྱི་ཕྱོགས་ཀྱི་མི་ཚོ་གད་མོ་ཤོར་གྱི་མ་རེད་དམ།

    Reply
  12. ཟུར་མཁར་ says:
    ལོ་ 16 སྔོན།

    སུན་སྣང་སྨན་པ་ངག་དབང་སྦྱིན་པ་ལགས། ངག་དབང་སྦྱིན་པའི་རྩོམ་ཡིག་འདི་བོད་མི་རིགས་ལ་ཕན་པའི་སྨན་དུ་འགྱུར་རྒྱུ་ལྟ་ཞོག ངོ་མ་སུན་སྣང་སྐྱེས་དགོས་པ་རང་རེད། ད་ལྟ་ཕྱོགས་ཡོང་རྒན་གཞོན་ཚང་མས་གཞོན་སྐྱེས་ཤེས་འཇོན་ལྷག་བསམ་ལྡན་པ་ཞིག་འཚོལ་བཞིན་པའི་སྐབས་འདིར་ཟམ་གདོང་རིན་པོ་ཆེར་འཇོན་ཐང་དང་གྲུབ་འབྲས་ཡོད་མེད་གླེང་དགོས་དོན་མེད་པ་རེད། འཇོན་ཐང་ཡོད་པར་ངོས་འཛིན་གྱིས་ཐེངས་གཉིས་ལ་འདེམས་པ་རེད། མང་གཙོའི་འཕེལ་རིམ་ལ་ཅུང་ཟད་ཡང་རྒྱུས་མངའ་མེད་པ་གང་བྷ། ཧོན་སོར་གཞིས་ཁོངས་ཀྱི་མི་རང་རེད།

    Reply
  13. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    སྤུན་ཟླ་ཚོ། ངེད་ཅག་གིས་ཕྱིར་མིག་ཞིག་ལྟ་དགོས་པ་རེད་ལ། སྔོན་ལ་ཡང་ལྟ་དགོས་ཀྱི་ཡོད་པ་རེད། དེ་ལས་ཕྱིར་མིག་ལྟ་བ་ནི་རྗེས་མ་ནོར་འཁྲུལ་མི་འབྱུང་རྒྱུའི་ཆེད་དུ་ཡིན་པ་ནི་ཀུན་གྱིས་ཤེས་གསལ་རེད། ད་ནི་བཀའ་བློན་ཁྲི་བ་ནི་ཟམ་གདོང་རིན་པོ་ཆེ་ཡི་འཇོན་མིན་དེ་ནི་ངེད་ཅག་གིས་ལོ་ངོ་བཅུ་ལ་ཁོང་གིས་ཕྱག་ལས་གནང་བའི་གྲུབ་འབྲས་དེ་དག་གིས་ངེད་ཅག་ལ་གསལ་བཤད་བྱས་ཚར་བ་རེད། ད་ནི་ཁོང་ཉིད་མུ་མཐུད་དུ་བཞུགས་དགོས་མིན་གྱི་བསྐོར་ལ་བསམ་བློ་གཏོང་མཁན་དག་ནི་དངོས་ནས་གླེན་པ་མིན་ན། མང་གཙོ་ལ་བརྩི་བཀུར་དང་ཤ་ཞེན་མེད་མཁན་དག་གིས་རང་གི་གཞུང་ལ་བཀའ་བློན་ཁྲི་བ་འཇོན་མཁན་མི་གཅིག་ལས་མེད་པར་བསྒྲགས་བཞིན་ཡོད་པ་ལྟ་བུ་རེད། ད་ནི་༧གོང་ས་མཆོག་དང་ཟམ་གདོང་བླ་མ་ཁོང་གིས་རེ་བ་ཡང་བོད་མི་གཞན་ཞིག་བཀའ་ཁྲིའི་རྐུབ་སྟེགས་སྟེང་བསྡོད་རྒྱུར་རེ་བལྟས་བྱེད་བཞིན་ཡོད་པ་ཀུན་གྱིས་ཐུགས་འཇག་འཚལ་ལོ།

    Reply
  14. ནད་པ says:
    ལོ་ 16 སྔོན།

    ང་ཚོས་བསམ་བློ་ཞིབ་ཚགས་ཅིག་བཏང་ན་སྔ་ནས་ད་བར་ང་ཚོའི་བོད་ཀྱི་སྤྱི་ཚོགས་ནང་རྒྱལ་པོ་དང་། བླ་ཆེན། མཁན་པོ། དགེ་བཤེས། གྲ་བཙུན་བཅས་ཀྱི་སྡེས་ཆོས་དང་། ཆབ་སྲིད། རིག་གནས། དཔལ་འབྱོར། སྒྱུ་རྩལ། ཡ་རབས། གཤིས་སྤྱོད་སོགས་ཕྱོགས་གང་སར་དངོས་གནས་མཛད་རྗེས་ཆེན་པོ་འཇོག་ཐུབ་ཡོད།

    ད་ལྟ་ཡང་བོད་མི་རིགས་ཟེར་བ་དེ་འཛམ་གླིང་འདིར་ངོ་གནོང་མི་དགོས་པ་ཞིག་དང་། བོད་ཀྱི་མཐུན་མོང་མ་ཡིན་པའི་རིག་གཞུང་ཟབ་མོ་འདིའི་གཟི་བརྗིད་དགེ་མཚན་ཡང་ཁོང་རྣམ་པའི་ཐུགས་རྗེའི་བཀའ་དྲིན་ལས་གཞན་མ་འདས།

    ཡིན་ནའང་ང་ཚོའི་མི་དམངས་ཀྱི་ངོས་སྔར་ནས་ད་བར་དུ་བོད་ཀྱི་ཆོས་དང་། སྲིད། རིག་གཞུང་། དཔལ་འབྱོར། ད་དུང་དེང་རབས་ཀྱི་ཚན་རིག་སོགས་གང་ལ་ཡང་བྱས་རྗེས་ཁྱོན་ནས་འཇོག་ཀྱི་མེད་སྟབས་ད་གཟོད་ངའི་བསམ་ཚུལ་ལ་བྱས་ན་ད་ང་ཚོའི་མི་མང་འདི་ཧ་ཅང་གི་ཐབས་སྐྱོ་པོ་ཞིག་ཡིན་པས་ད་ཆ་མི་མང་གི་ཡར་ལངས་རྒྱུའི་རེ་བ་རྒྱག་དགོས་ཀྱི་འདུག

    དར་བརྟེན་ད་ལྟའི་བཀའ་ཁྲི་ནི་དངོས་གནས་མི་དམངས་ཀྱི་ནང་ནས་འགན་འཁུར་བླངས་ཐུབ་མཁན་གཅིག་ངེས་པར་དུ་དགོས་ཀྱི་འདུག།

    Reply
  15. བདེ་བ་ཅན། says:
    ལོ་ 16 སྔོན།

    དྲ་གྲོགས་གནས་ཚང་ལགས། ཁྱོེད་རང་སྐད་ཆ་ཤོད་སྟངས་ཏོག་ཙམ་སྦྱངས་དགོས་ཀྱི་འདུག ཟམ་གདོང་རིན་པོ་ཆེ་འདོད་ཀྱང་མི་འདོད་ཀྱང་གང་ལྟར་ང་ཚོ་བཙན་བྱོལ་བོད་མིས་མང་མོས་འོས་བསྡུ་བྱས་ཏེ་བསྐོས་པའི་བཀའ་བློན་ཁྲི་པ་ཞིག་རེད། ཁྲིམས་་ལུགས་ཀྱི་ཐོག་་ནས་་རྒྱབ་རྟེན་ཡོད་ལ། འོས་བསྡུའི་ལམ་ནས་འདེམས་ཐོན་བྱུང་བ་་ཞིག་རེད། གང་་ལྟར་ང་ཚོ་བོད་ནས་རྒྱ་འགོ་མ་ཐོན་པར་བོད་གཞུང་ལ་སྐྱབས་བཅོལ་ཏེ་ཡོང་བ་རེད། དེར་ཡིད་ཆེས་དང་གུས་བཀུར་ཞུ་རྒྱུ་འདི་སྤྱི་ཚོགས་མི་གཤིས་ཀྱི་བཟང་ཆ་དང་མཐུན་ཡོད། དེར་བརྟེན་ཁྱོད་རང་ནས་ཟམ་གདོང་ཟེར་བ་དང་། ཏཱ་ལའི་བླ་མ་ཟེར་བ་དེ་འདྲའི་ཤོད་སྟངས་རིགས་ལ་འགྱུར་བ་བཏང་དགོས་ཀྱི་འདུག དམངས་གཙོ་ཁ་ལ་འཁྱེར་ནས་ལོག་་པའི་ལམ་དུ་བེད་སྤྱོད་བཏང་སྟེ་སྤྱི་ཚོགས་ཀྱི་བཟང་ཆ་བསྐྱུར་ན་དགེ་མཚན་གང་ཡང་མེད། མི་སྡེའི་སྤྱི་ཚོགས་ནང་རང་ཉིད་ལ་མཐོང་དང་ཆ་འཇོག་དགོས་ན་མི་གཞན་གྱི་ཐོབ་ཐང་ལའང་བརྩི་བཀུར་ཞུ་རྒྱུ་འདི་ཧ་ཅང་གལ་ཆེན་པོ་རེད།།

    Reply
  16. གནས་ཚང་། says:
    ལོ་ 16 སྔོན།

    ད་རེས་ཡིན་ན་ངས་གནད་དོན་གཞན་ཞིག་ཤེས་སོང་། དེ་ནི་མི་འདི་དག་གིས་ཟམ་གདོང་ལ་ཁ་གཡར་ནས་ཏཱ་ལའི་བླ་མར་གནོན་ཤུགས་སྤྲོད་ཀྱིན་པ་དེ་རེད་ལ། དམིགས་ཡུལ་ནི་མང་གཙོ་ཕྱིར་བསྡུ་དང་སྔར་སྲོལ་བསྐྱར་འཛུགས་ལ་དམིགས་པའི་འཕག་འཚག་ཅིག་ཡིན་ཤས་ཆེ། དེ་བས། ཚང་མ་ལོས་མང་གཙོ་གདམ་ག་བྱེད་རྒྱུ་ཡིན་ནམ། མང་གཙོ་ཕྱིར་བསྡུ་ལ་འབུངས་རྒྱུ་ལས་ལྷག་མི་འདུག

    Reply
  17. བསྟན་པ། says:
    ལོ་ 16 སྔོན།

    བདེ་བ་ཅན་ལགས། ང་ཚོས་དུས་ནམ་ཡང་ཟམ་གདོང་རིན་པོ་ཆེ་ལ་བསྐྱར་དུ་བཀའ་བློན་ཁྲི་པ་མ་ཕེབས་རོགས་ཞུ་དགོས་ཀྱི་མ་རེད་བསམ་གྱི་འདུག གོང་གི་སྨན་པ་ངག་དབང་སྦྱིན་པ་ཞུ་བ་ཁོང་གིས་ཁོ་རང་གི་སེམས་ཤུགས་དང་རེ་བ་གཉིས་ཐོག་ནས་ཞུས་ཀྱི་ཡོད་པ་རེད་མ་གཏོགས། བསྐྱར་དུ་ཟམ་གདོང་རིན་པོ་ཕེབས་ཐུབ་ཡ་མེད་པ་རེད་མ་ཚད་ཁོང་གིས་ཀྱང་ལན་གྲངས་མང་པོར་དེ་ཡི་སྐོར་གསུངས་ཚར་བ་རེད། ང་ཚོས་དངོས་གནས་ཁ་ཡོད་ལག་ཡོད་དང། ཕུགས་རྒྱང་རིང་པོའི་ཐོག་ནས་བོད་མི་རིགས་ལ་ཤ་ཚ་དང་ཞེན་གོག་ཡོད་ན་ད་སྐབས་སྐད་ཆ་འདི་བཤད་ཡ་མ་རེད་བསམ་གྱི་འདུག རེད་ཁྱེད་ཀྱིས་གསུང་བ་བཞིན་ཆོས་ཆབ་སྲིད་གང་ཐད་ནས་ཟམ་གདོང་རིན་པོ་ཆེ་མཁས་པ་རེད། ད་བར་བོད་གཞུང་གི་འཛིན་སྐྱོང་དཔལ་འབྱོར་གང་ཐད་ནས་གྲུབ་འབྲས་ཕུལ་དུ་ཕྱིན་པ་ཐོབ་ཡོད་རེད། ཡིན་ནའང་འཇོན་མཁན་གཅིག་གི་སྒང་ལ་མི་མཐུད་ནས་ཨུ་ཚུགས་བསྐྱོན་པ་འདི་ཐབས་ཤེས་མ་རེད། སྐྱབས་མགོན་རིན་པོ་ཆེས་ཁོང་བོད་ཀྱི་དབུ་ཁྲིད་ནས་དགོངས་པ་ཞུ་གི་ཡིན་གསུངས་པ་དེ་ཁོང་གིས་དགོས་པ་དང། གནས་ལུགས། རྒྱུ་མཚན་མང་པོ་ཞིག་གཟིགས་ཀྱི་ཡོད་ཙང་གསུངས་ཀྱི་ཡོད་རེད་མ་གཏོགས་བོད་མི་རིགས་ལ་ཤ་ཚ་དང་སྙིང་རྗེ་མེད་པས་ཡིན་རྒྱུ་མ་རེད་དྲན་གྱི་འདུག
    ཁྱེད་ཀྱིས་ད་སྐབས་ཕྱོགས་ཡོངས་ནས་བོད་གཞུང་གི་རྨང་གཞི་ཧ་ཅང་ཚགས་ཚུད་བྱུང་ཡོད་མ་རེད་གསུང་ལུགས་ལ་བལྟས་ན་རིན་པོ་ཆེ་ལོ་ལྔ་བཞུགས་ན་རྨང་གཞི་ཧ་ཅང་ཚགས་ཚུད་ཆགས་ཀྱི་ཡོད་པའི་གདེངས་ཚོད་ག་འདྲ་ཟེ་སླེབས་པ་ཡིན་ན།
    གང་ལྟར་ང་རང་གི་བསམ་པ་ལ། འཇོན་མཁན་དང། ནུས་མཁན་ཞིག་གཅིག་པུའི་ཐོག་ལ་བསྙེལ་ནས་བསྡད་རྒྱུ་འདི་ཐབས་ཤེས་མ་རེད་དྲན་འདུག་པས་དྲ་གྲོགས་རྣམས་ནས་ཐུགས་དགོངས་འདྲ་ཡོད་ན།

    Reply
  18. རྭ་ལོ། says:
    ལོ་ 16 སྔོན།

    འདི་དཔེ་ཙམ་ཡིན། བསམ་བློ་གཞན་ཞིག་ཐོངས་མིན་གྱི་ཐབས་ཤེས་ཙམ་ཡིན། དགོངས་དག

    སྨན་པ་ངག་དབང་སྦྱིན་པ་ལགས། གལ་སྲིད་ ༢༠༡༡ ལོ་བར་དུ་ཁོང་གིས་སྐུ་ཚེ་མ་ཟིན་ན་ཁྱེད་ཀྱིས་ག་རེ་བྱེད་རྩིས་ཡོད། ད་ནས་བཟུང་སྐུ་ཉིད་ནས་རིན་པོ་ཆེ་སྐབས་དེར་བཞུགས་མི་བཞུགས་མི་ཤེས་པའི་ཚུལ་དུ་འོས་གཞི་གཞན་པ་ཞིག་བརྙེད་མི་བརྙེད་ལ་ཚོད་ལྟ་ཞིག་གནང་རོགས།

    Reply
  19. ནད་པ says:
    ལོ་ 16 སྔོན།

    སྨན་པ་ངག་དབང་སྦྱིན་པ་ལགས་ཀྱིས་མང་གཙོའི་ལྟ་གྲུབ་དང་འཕེལ་རིམ་ལ་དེ་ཙམ་གྱིས་ཐུགས་སྣང་གནང་གི་མེད་པ་འདྲ། ཟམ་དོང་རིན་པོ་ཆཆེ་ཡག་པོ་ཡོད་པ་ཚང་མས་ངོས་འཛིན་བྱས་ཏེ་ཐེངས་གཉིས་སུ་བདམས་ཡོད།

    ཁོང་ཡག་པོ་འདུག་ཅེས་ད་དུང་ཨུ་ཚུགས་བརྒྱབ་སྟེ་མུ་འཐུད་གདམ་རྒྱུའི་བསམ་བློ་གཏོང་བ་དེ་རྗེས་ལུས་ཀྱི་རྣམ་པ་རེད། མིའི་རྣམ་དཔྱོད་མི་འདྲ་བས་དུས་སྐབས་མི་འདྲ་བ་རེ་ལ་འགྱུར་བ་གསར་པ་མི་འདྲ་བ་རེ་བཏང་ཏེ་ཡར་རྒྱས་ཀྱི་ལམ་དུ་བསྐྱོད་རྒྱུ་དེ་མང་གཙོའི་གནད་འགག་ཅིག་རེད།

    ང་ཚོའི་མི་རབས་གསར་པ་རྣམསྨུ་འཐུད་དེ་གནས་དགོས་སྟབས་ད་ཆ་ང་ཚོས་ངེས་པར་དུ་བཀའ་ཁྲི་གསར་པ་ཞིག་དང་དེ་ཡང་མི་སྐྱ་གཅིག་གདམ་ཐུབ་པ་བྱེད་དགོས།

    Reply
  20. བདེ་བ་ཅན། says:
    ལོ་ 16 སྔོན།

    ཁྱེད་རང་ལ་ཞུ་རྒྱུར་ང་རང་ནི་བཀའ་བློན་ཁྲི་པའི་མཛད་འཕྲིན་ཁག་ཅིག་ལ་་་་་ཞེས་བཅོས་གནང་ཡོང་བ་ཞུ

    Reply
  21. བདེ་བ་ཅན། says:
    ལོ་ 16 སྔོན།

    ཁྱེད་ལྟར་ང་རང་བཀའ་བློན་ཁྲི་པ་ཟམ་་གདོང་རིན་པོ་་ཆེའི་མཛད་འཕྲིན་ཁག་ཅིག་ལ་མི་འདོད་པའི་རྣམ་འགྱུར་འཛིན་མཁན་་ཞིག་ཡིན། འོན་ཏེ་ཁོང་ནས་ལོ་ངོ་བཅུའི་རིང་བཀའ་བློན་ཁྲི་པའི་ཞབས་སྟེགས་དེ་བཟུང་ནས་འཇོན་ནུས་ཡོད་ཚད་སྤུངས་ཏེ་ད་ལྟ་ང་ཚོའི་མཐོང་ཐུབ་པའི་སྐྱོན་དང་གྲུབ་་འབྲས་དེ་དག་རེད། སྐྱོན་གྱི་ཐད་ནས་ཕྲན་ཚེགས་བྱུུང་ཡོད་ལ། གྲུབ་འབྲས་ཀྱང་གང་ལེགས་བྱུང་ཡོད།
    ཡིན་ནའང་ང་་ཚོས་བསམ་དགོས་པ་ནི་ད་ལྟ་བཀའ་བློན་ཁྲི་པ་མཆོག་དགུང་ལོ་གང་མཚམས་ཕེབས་ཟིན་པས་དགུང་་ལོ་དང་སྐུ་གཟུགས་ཀྱི་བབས་ནས་ངེས་པར་ལོ་བཅུའི་རྗེས་མི་གསར་པ་ཞིག་སླེབས་རྒྱུ་འདི་གལ་ ཆེན་པོ་རེད།
    བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་མཛད་པ་བཅུ་གཉིས་བཞེས་པའི་མཐའ་མའི་མཛད་པ་དེར་དགོངས་པ་གཞན་དོན་དུ་གཤེགས་པ་རེད། དེས་ན་སྐྱེ་བོ་ཕལ་པ་ཙམ་མ་ཡིན་པར་བླ་སྤྲུལ་དགེ་བཤེས་སུ་ཞིག་ཡིན་ནའང་མཛད་པ་མཐའ་མ་དེ་བཞེས་རྒྱུར་གཏན་འཁེལ་བས་ང་ཚོས་གང་ཟག་གཅིག་རང་ལ་འཐམས་ཏེ་མུ་མཐུད་ཡང་བསྐྱར་ལོ་ལྔ་གནང་རོགས་ཞུ་རྒྱུ་འདི་ནི་རྒྱུ་མཚན་གྱི་ཆ་ནས་རྦད་དེ་སྟོང་བསམ་རེད།
    དེ་ལས་རིན་པོ་ཆེ་མཆོག་ལོ་བཅུའི་ཆ་ཚང་གྲུབ་རྗེས་ཝ་ར་ན་སིའི་ངེས་སྟོན་པའི་ཐོག་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པའི་ངེས་སྟོན་པའི་གྲས་སུ་ཕེབས་ན་གང་འདྲ་འདུག
    གང་ལྟར་ཁོང་བཀའ་ཁྲི་འཁྱུར་ནའང་བསྟན་སྲིད་སྤྱི་དོན་སླད་བཞུགས་སྒར་ཉེ་ཁུལ་དུ་བཞུགས་གཏན་འཁེལ་ཡོད་པས། ང་ཚོས་སྐབས་འགར་ཁོང་གི་དགོངས་ཚུལ་དང་སློབ་སྟོན་ལ་གོ་སྐབས་ཞུ་བའི་དུས་ཚོད་ཡོད་པས་དགོངས་་པ་རྒྱ་ཆེ་ཙམ་བཞེས་ཏེ་ད་ལྟའི་ལོ་བཅུ་ཆ་ཚང་བ་བཞུགས་ཏེ་བསྐྱར་དུ་ལོ་ལྔ་མ་ཕེབས་རོགས་གནང་ཞེས་ཞུས་ན་གང་འདྲ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese