མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངེས་པ་དོན་གྱིས་བླ་མའི་མཛད་པ་སྐྱོང་གི་འདུག

བོད་ཀྱི་དུས་བབ།
༢༠༠༩/༠༧/༣༠
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོའི་ཚོགས་པ་འདི་ད་ལྟའི་ཆར་གཞོན་སྐྱེས་ལྟ་བུ་ཆགས་བསྡད་ཡོད། ལོ་ལྔ་བ་གཞི་ནས་འགྲོ་བཞིན་པ་རེད། ལོ་བཞིའི་ནང་དུ་གྲུབ་འབྲས་ཐོན་རྒྱུར་དཀའ་ངལ་ཁག་པོ་རེད། ཡིན་ནའང་། ཕྲུ་གུ་གསུམ་བཞི་ཞིག་ད་ལོར་བོད་ཁྱིམ་སློབ་གྲྭའི་ཡིག་རྒྱུགས་མཉམ་དུ་འགྲོ་ཐུབ་རྒྱུར་འབད་བརྩོན་བྱེད་ཀྱིན་ཡོད།

ཕྱི་ཚེས་ ༢༩ ཉིན་གྱི་གནམ་གཤིས་དེ་ཙམ་བཟང་རྒྱུ་མེད་ནའང་། ཆར་བ་ཟམ་ཟིམ་ཞིག་ལས་འབབ་ཀྱིན་མེད་སྟབས་ཞོགས་པའི་ཆུ་ཚོད་ ༩ དང་སྐར་མ་ ༣༠ ཙམ་ལ་ང་སྦེལ་ཀོབ་ནས་ཕན་བདེ་དགའ་ཚལ་གླིང་དུ་གསར་འགོད་དུ་བསྐྱོད། མའེ་སོར་དུ་འགྲོ་བའི་གཞུང་ལམ་ཆེན་མོའི་ལམ་ཟུར་དུ་ཆགས་པའི་ཕན་བདེ་དགའ་ཚལ་གླིང་སྨུག་སྤྲིན་བན་བུན་ཞིག་གིས་བཏུམ་འདུག་ལ། ང་ས་དེར་འབྱོར་བ་དང་ཆར་བའང་སྔར་ལས་འབབ་ཤུགས་ཆེ་རུ་ཕྱིན་སོང་། ལྗང་མདོག་གིས་བརྒྱན་པའི་དགའ་ཚལ་གླིང་གི་ཁོ་ར་ཁོར་ཡུག་ནི་མཛེས་ཤིང་ཡུལ་དུ་འོངས་པ་ཞིག་ཡིན་པ་མ་ཟད། གཞི་ཁྱོན་ལ་ས་ཆ་ཨེ་ཀ་བཞི་ལྷག་ཙམ་ཡོད་པའི་ཁོར་ཡུག་ཀུན་ཏུ་ཤོག་སྙིགས་དང་མི་གཙང་བའི་རིགས་སྣ་གཅིག་ཀྱང་མཐོང་རྒྱུ་མེད་པར། ལས་བྱེད་རྣམས་ཀྱིས་ཕྱི་གཙང་ནང་མཛེས་ཤིག་ཏུ་བསྐྲུན་འདུག་ལ། སྣང་ཚུལ་དེ་ནི་དངོས་གནས་ཡིད་དབང་འཕྲོག་པ་ཞིག་རེད།
སྔོན་ནས་དུས་བཅད་བྱས་པ་ལྟར་ངས་ཁུ་བུད་རིན་པོ་ཆེ་མཆོག་ལ་དགའ་ཚལ་གླིང་གི་སྐོར་བཅར་འདྲི་བྱས་ཤིང་། ཁོང་གིས་ཚོགས་པ་འདི་ཐོག་མར་འཛུགས་དགོས་པའི་དམིགས་ཡུལ་དང་དེའི་རྗེས་དངོས་སུ་དབུ་འཛུགས་གནང་སྐབས་༧གོང་ས་མཆོག་གིས་ཕན་བདེ་དགའ་ཚལ་གླིང་ཞེས་མཚན་གནང་བ། དེ་བཞིན་ད་བར་སློབ་ཕྲུག་ག་ཚོད་ལ་བདག་སྐྱོང་གནང་བ་སོགས་ཀྱི་སྐོར་རེ་རེ་བཞིན་ཞིབ་འགྲེལ་མཛད་ཅིང་། མཐར་ཁོང་གིས་ང་ཁྲིད་ནས་ཉལ་ཁང་དང་འཛིན་ཁང་སོགས་སུ་ལྟ་སྐོར་དུ་བསྐྱོད།

ངས་ཉལ་ཁང་དང་འཛིན་ཁང་སོགས་ཁང་མིག་རེ་རེ་བཞིན་ཉུལ་ཏེ་ཞིབ་ལྟ་བྱས་ཤིང་། ཕྲུ་གུ་ཚོའི་ཆེད་དུ་བསྒྲིགས་པའི་ཉལ་ཁང་ཁག་གི་ནང་ཆས་རྣམས་ནི་དེང་རབས་ཀྱི་ཐོན་རྫས་གསར་བའི་རིགས་དང་བཀོལ་སྤྱོད་བདེ་བ། སྤུས་ཧ་ཅང་དག་པའི་རིགས་ཡིན་པ་མ་ཟད། ཕྲུ་གུ་དབང་བོར་ཚབས་ཆེའི་ནད་སྐྱོན་མེད་རིགས་ལ་དམིགས་བསལ་གྱིས་ཉལ་ཁང་དང་ནང་ཆས་ཆ་ཚང་གོ་སྒྲིག་ཞུས་ཡོད་འདུག དེ་བཞིན་འཛིན་ཁང་དུ་བསྐྱོད་དེ་སློབ་ཕྲུག་ཚོར་ལྟ་སྐབས་རིན་པོ་ཆེ་ཁོང་གིས་སློབ་ཕྲུག་རེ་རེའི་གནས་སྟངས་སྐོར་ནས་ལུས་ཚོར་ཉམས་པ་དང་སེམས་ཚོར་བརླགས་པ། ངག་ལྐུག་པ་སོགས་ཀྱི་གནས་ཚུལ་ཞིབ་འགྲེལ་མཛད་པ་མ་ཟད། ཁོང་ཚོ་རེ་རེ་བཞིན་སྨན་བཅོས་དང་སློབ་སྦྱོང་གང་འདྲ་གནང་གི་ཡོད་མེད་སོགས་ཀྱང་ཞིབ་འགྲེལ་མཛད། ངེད་གཉིས་འཛིན་ཁང་ཞིག་ཏུ་བསྐྱོད་སྐབས་དེ་རུ་སློབ་ཕྲུག་བདུན་བརྒྱད་ཅིག་ལ་དགེ་རྒན་དང་མ་ཚབ་གསུམ་བཞི་ཞིག་གིས་བདག་སྐྱོང་གནང་གི་འདུག་ཅིང་། དེ་དག་ནི་ལུས་སེམས་ཀྱི་དབང་བོ་གང་རུང་ལ་ཚབས་ཆེའི་ནད་སྐྱོན་ཡོད་པའི་གྲས་ཀྱང་ཡིན་འདུག གློ་བུར་དུ་རང་ལོ་ ༢༥ སླེབས་ནའང་གཟུགས་པོའི་རིང་ཚད་བྱིས་པ་ལོ་ལྔ་དྲུག་ཅིག་གི་ཚད་ལས་མེད་པ་དང་། ཕར་བལྟས་ཚོད་དུའང་བྱིས་པ་ལོ་ལྔ་དྲུག་ཅན་ཞིག་ལོས་ཡིན་བསམ་བསམ་ཞིག་གིས་སྐད་བརྒྱབས་སོང་ལ། རིན་པོ་ཆེ་དང་ངེད་གཉིས་ཀྱི་གམ་དུ་ཡོང་ནས་ཅི་ཞིག་འཆད་ཀྱིན་ཡང་ནས་ཡང་དུ་སྐད་བརྒྱབས་པས། ང་ལ་སྙིང་རྗེ་བའི་ཚོར་བ་ཞིག་བསྐྱེད་བྱུང་ལ་དེ་དང་ལྷན་དུ་འདི་ལྟ་བུའི་སློབ་ཕྲུག་མང་བོ་ཞིག་ལ་བདག་སྐྱོང་གནང་རྒྱུ་ནི་གཏན་ནས་ལས་སླ་བོ་ཞིག་མིན་པའང་རྟོགས། རིན་པོ་ཆེ་ཁོང་གཙོས་དེར་ཡོད་ཀྱི་ལས་བྱེད་རྣམས་ཀྱིས་རླབས་ཆེ་བའི་ཕྱག་ལས་གནང་སྟངས་དེ་ནི་དངོས་གནས་གཞི་བརྗིད་ལྡན་ལ་ཕན་རླབས་ཆེན་པོ་ཞིག་རེད།

ངས་རིན་པོ་ཆེ་ཁོང་ལ་ཚོགས་པ་འདི་ལྟ་བུ་ཞིག་འཛུགས་རྒྱུའི་དགོངས་ཚུལ་ཇི་ལྟར་བྱུང་མིན་སྐོར་བཅར་འདྲི་ཞུས་པར་ཁོང་གིས་གསུངས་དོན། ང་རང་ལོ་གཞོན་སྐབས་ནས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུའི་འདོད་པ་ཡོད་པ་དང་། བརྒྱད་ཅུ་གྱ་གྲངས་ནས་གཞིས་ཆགས་ནང་ལ་དབང་བོ་སྐྱོན་ཅན་གྱི་ཕྲུ་གུ་ཚོར་དམིགས་བསལ་གྱིས་ལྟ་སྐྱོང་བྱེད་མཁན་མེད་པའི་ཚོར་བ་ཤུགས་ཆེར་བསླེབས་སོང་། དེ་རྗེས་ ༡༩༩༢ དང་ ༩༣ ཙམ་ལ་བསམ་བློའི་འཆར་གཞི་བསྒྲིགས་པ་ཡིན་མོད། སྐབས་དེར་ང་རང་ཉིད་ཀྱིས་བསླབ་པ་སློབ་གཉེར་བྱས་བསྡད་ཡོད་སྟབས་དེ་ཙམ་ཞིག་ཤུགས་རྒྱག་ཐུབ་མ་སོང་། ༡༩༩༧ ལོར་ངས་དགེ་བཤེས་བཏང་བ་དང་། ༡༩༩༨ ལོ་ནས་ལས་ཀའི་འཆར་གཞི་བསྒྲིགས་པ་དང་དངོས་སུ་ལས་ཀ་མགོ་འཛུགས་ལྟ་བུ་བྱས་པ་ཡིན། ཡར་མར་སྐད་ཆ་དྲིས་པ་དང་འཆར་གཞི་བསྒྲིགས་པ་རྣམས་གང་འཚམ་ལེགས་འགྲུབ་བྱུང་རྗེས་༧གོང་ས་མཆོག་ལ་གཟིམ་ཆུང་མཇལ་ཁ་ཞུས་ཏེ་སྤྱན་འབུལ་ཞུས་པ་ཡིན་ལ། ཁོང་གིས་ཕན་བདེ་དགའ་ཚལ་གླིང་ཞེས་མཚན་གསོལ་གནང་སོང་། ངས་དང་བོ་དེབ་སྐྱེལ་བྱེད་དུས་ནས་ KARUNA HOME ཞེས་བཏགས་ཡོད་ལ་དེ་ནི་ལེགས་སྦྱར་གྱི་སྐད་དུ་སྙིང་རྗེ་ཟེར་གྱིན་ཡོད་པ་རེད། དེ་བཞིན་ང་རང་ཁུ་བུད་རིན་པོ་ཆེའི་སྐུ་ཕྲེང་དྲུག་པ་རེད་ལ། སྐུ་ཕྲེང་ལྔ་བ་ཁོང་སེ་ར་བྱེས་ལ་དགེ་བཤེས་བཏང་བ་དང་ཁོང་སྨན་ལ་མཁས་པ་ཡོད་འདུག བོད་ལ་དུས་འགྱུར་མ་བྱུང་གོང་ཁོང་རྫ་ཆུ་ཁར་མར་ཕེབས་ཏེ། དབང་བོ་སྐྱོན་ཅན་ ༤༠ ཙམ་ལ་གཟིགས་སྐྱོང་གནང་འདུག་མོད། ༡༩༥༩ ལོར་བོད་ལ་དུས་འགྱུར་བྱུང་སྐབས་ཁོང་གིས་སློབ་ཕྲུག་དེ་དག་ཚུར་རྒྱ་གར་དུ་ཁྲིད་ཡོང་བའི་ཐབས་ཤེས་གནང་འདུག་ཀྱང་། ལམ་བར་དུ་རྒྱ་ལག་ཏུ་ཤོར་ཏེ་ཁོང་བཙོན་དུ་བཅུགས་པ་དང་ཕྲུ་གུ་དེ་ཚོ་ཕལ་ཆེ་བ་བཙོན་ཁང་ནང་གྲོངས་ཡོད་འདུག སྐུ་ཐོག་གོང་མས་མཛད་འཕྲིན་སྐྱོང་སྟངས་དེས་ང་ལའང་ཆུང་དུས་ནས་དེའི་སྟེང་ལ་འགྲོ་རྒྱུར་དམིགས་འདུན་བསླེབས་སོང་ཞེས་གསུངས།

ཕན་བདེ་དགའ་ཚལ་གླིང་ནི་ ༢༠༠༤ ལོར་ཕྲུ་གུ་བདུན་དང་ལས་བྱེད་ལྔ་བཅས་སློབ་གྲྭ་དངོས་སུ་དབུ་བརྙེས་པ་ནས་ད་བར་ལོ་རེ་བཞིན་སློབ་ཕྲུག་བཞི་ལྔ་རེ་ལྔ་བླངས་ཏེ། ད་ལྟ་ཕྲུ་གུ་ ༢༦ ཙམ་ཡོད་པ་དང་། མ་འོངས་པར་ཕྲུ་གུ་ ༤༠ ནས་ ༥༠ བར་ཉར་རྒྱུའི་ཐུགས་འདུན་ཡོད་འདུག ཡིན་ནའང་། རིན་པོ་ཆེ་ཁོང་གིས་གལ་སྲིད་ཕྲུ་གུ་ ༥༠ ལས་བརྒལ་ན་བདག་སྐྱོང་བྱ་རྒྱུར་དཀའ་ངལ་འཕྲད་རྒྱུ་ཡིན་པ་དང་། ལྷག་པར་དུ་དམིགས་བསལ་ལྟ་སྐྱོང་དགོས་པའི་ཕྲུ་གུ་རིགས་ཡིན་སྟབས། ད་ལྟ་ནས་མ་ཚབ་བདུན་དང་དགེ་རྒན་ལྔ། ལུས་རྩལ་སློབ་མཁན་བཞི། ཡིག་ཚང་དུ་ལས་ཀ་བྱེད་མཁན་གཉིས། ཞལ་ལག་བཟོ་མཁན་དང་གཙང་སྦྲ་བྱེད་མཁན་སོགས་བསྡོམས་ནས་ལས་བྱེད་ ༢༧ ཙམ་ཡོད་པས། ཕྲུ་གུ་མང་དུ་ཕྱིན་ན་འཛིན་སྐྱོང་དང་ལས་བྱེད། མ་ཚབ་གང་ཅིའི་ཐད་ནས་དཀའ་ངལ་འཕྲད་སྲིད་པས་ཕྲུ་གུ་ ༥༠ ལས་མང་བ་ཉར་རྒྱུ་མིན་ཞེས་གསུངས་སོང་།

ད་ཡོད་ཀྱི་ཉལ་ཁང་ཆེན་མོ་གཉིས་ཡོད་པའི་ནང་འདི་ལོའི་ཟླ་ ༩ པའི་ནང་ཕྲུ་གུ་བཞི་ལྔ་ཙམ་སླེབས་རྗེས་ཉལ་ཁང་ཁེངས་འགྲོ་གི་ཡོད་འདུག་ལ། ༢༠༡༠ ལོར་མུ་མཐུད་ཕྲུ་གུ་འཕར་སྣོན་བྱ་རྒྱུར་ཉལ་ཁང་དགོས་སྟབས་ད་ལྟ་ནས་ཉལ་ཁང་གསར་རྒྱག་གི་ལས་གཞི་མགོ་འཛུགས་གནང་འདུག

དེ་བཞིན་རིན་པོ་ཆེ་ཁོང་གིས་འཛིན་སྐྱོང་སྐོར་གནས་གསུངས་དོན། ཚོགས་པའི་འཛིན་སྐྱོང་གི་ཐད་ནས་ད་ལྟའི་ཆར་ལོ་རེར་ཧིན་སྒོར་འབུམ་ ༣༠ ཙམ་གྱི་འགྲོ་སོང་འགྲོ་བཞིན་ཡོད་ལ། བརྒྱ་ཆའི་དགུ་བཅུ་ཕྱི་རྒྱལ་རོགས་ཚོགས་ཁག་ནས་ཡོང་གི་ཡོད་པ་ལས། གཞན་ང་ཚོའི་བོད་མི་ནང་ཁུལ་ནས་ཞལ་འདེབས་འབུལ་མཁན་ཉུང་ཉུང་རེད། དེར་བརྟེན་མ་འོངས་པར་ཚོགས་པ་རང་ཉིད་ཀྱི་རྐང་བའི་སྒང་ལངས་ཐུབ་ཆེད་ཤིང་སྡོང་འདེབས་འཛུགས་དང་ཚོང་ཁང་། བ་ཕྱུགས་ཁང་སོགས་འཛུགས་རྒྱུར་ལས་འཆར་མང་བོ་ཞིག་སྒྲིག་བཞིན་པ་ཡིན་ཞེས་དང་ཡང་ཁོང་གིས་ཕྲུ་གུ་ལེན་སྟངས་སྐོར་ནས་གསུངས་དོན། ཐོག་མར་སློབ་གྲྭ་མགོ་འཛུགས་བྱེད་སྐབས་འཕྲོད་བསྟེན་ལས་ཁུངས་ནས་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་ཕྲུ་གུ་དབང་བོ་སྐྱོན་ཅན་རྣམས་ཀྱི་མིང་ཐོ་ཞིག་བླངས་པ་གཞིར་བཟུང་། ང་དང་ཨེ་ཊ་ལི་ནས་ཕེབས་པའི་ཕྲུ་གུའི་དམིགས་བསལ་ཨེམ་རྗེ་ཞིག་དང་ངེད་གཉིས་དངོས་སུ་ཕར་མི་ཚང་རེ་རེའི་སྒོ་འགྲམ་དུ་བསྐྱོད་དེ། ཕྲུ་གུའི་ནད་གཞི་ག་རེ་ཡིན་པ་དང་། ཉར་ན་ཕན་ཐོགས་ཡོད་མེད་སོགས་ལ་བརྟག་རྗེས་ཕྲུ་གུ་བདུན་བླངས། དེའི་རྗེས་རིམ་པས་ཚོགས་པའི་གནས་སྟངས་ཇེ་རྒྱས་ཇེ་ལེགས་སུ་སོང་བ་དང་བསྟུན་ཕྲུ་གུ་ཉར་རོགས་ལབ་མཁན་མང་བོ་ཡོད་པ་མ་ཟད། དེང་སྐབས་སྒུག་ཐོའི་ནང་དུ་མང་བོ་ཞིག་འཚང་ཁ་བརྒྱབས་བསྡད་ཡོད། དེ་མིན་ལོ་ ༣༠ བརྒལ་རིགས་ལ་སློབ་སྦྱོང་སྤྲོད་རྒྱུ་དང་བཅོས་ཐུབ་ཀྱི་མེད་སྟབས་ཉར་གྱིན་མེད་ལ། ལོ་ཆུང་ཆུང་ཡིན་ན་སློབ་སྦྱོང་སྤྲོད་པ་དང་ལུས་རྩལ་སློབ་པ། གོམ་པ་རྒྱག་མི་ཐུབ་མཁན་ལ་གོམ་པ་རྒྱག་འཇུག་པ་སོགས་ཀྱི་སློབ་སྦྱོང་སྤྲོད་ཐུབ་ཀྱིན་ཡོད་ལ། ༧གོང་ས་མཆོག་གིས་ཕྲུ་གུ་དེ་ཚོར་སོ་སོའི་དབང་བོ་ལ་དཔག་པའི་སློབ་སྦྱོང་སྤྲོད་དགོས་པའི་བཀའ་གནང་ཡོད།

ཕྲུ་གུ་དེ་ཚོ་ལེན་སྐབས་ཆ་རྐྱེན་དང་བོར་མི་ཚང་སྐྱོ་བོར་ལྟ་གི་ཡོད་ལ། སློབ་ཕྲུག་རང་ཉིད་ཀྱང་ལོ་ཆུང་ཆུང་དང་ཚོགས་པའི་ནང་བླངས་པ་ཡིན་ན་སློབ་སྦྱོང་སྤྲོད་ཐུབ་པ་དང་ནང་མིར་ཡང་གུ་ཡངས་པོ་ཡོང་ཕྱིར་ལེན་གི་ཡོད། གཉིས་པ། ཕ་མ་ལོ་གཞོན་ལྟ་བུ་ཡིན་ན་ཕ་མ་རང་ཉིད་མི་ཚེའི་ནང་རང་གི་རྐང་བའི་ཐོག་ལངས་རྒྱུར་སློབ་ཕྲུག་དེ་ལྟ་བུ་ཞིག་ཡོད་ན་ལངས་མི་ཐུབ་པའི་དཀའ་ངལ་ཡོད་སྟབས། ཕ་མ་རང་ཉིད་སོ་སོའི་རྐང་བའི་སྒང་ལངས་ཐུབ་རྒྱུར་དམིགས་བསལ་གྱི་གནད་འགག་ཅིག་མཐོང་གི་འདུག གསུམ་པ། ད་ལྟའི་ཆར་རྒྱ་གར་ཡུལ་མིའི་ཕྲུ་གུ་གཉིས་དང་ལ་དྭགས་ཀྱི་ཕྲུ་གུ་གཅིག་བཅས་རྒྱ་གར་མི་སེར་རང་བྱས་ན་ཕྲུ་གུ་གསུམ་ཡོད། དེ་ནི་ས་གནས་ཀྱི་མཐུན་འབྲེལ་དང་རྒྱ་གར་དཔོན་རིགས་དེ་འདྲ་འདིར་ལྟ་སྐོར་ལ་ཕེབས་སྐབས་ཡུལ་མིའི་ཕྲུ་གུ་ཉར་ཡོད་མེད་སྐད་ཆ་འདྲི་གི་འདུག དེ་བཞིན་ཕྱི་རྒྱལ་གྱི་རོགས་ཚོགས་ཁག་གིས་ཀྱང་དབང་བོ་སྐྱོན་ཅན་ལ་མི་རིགས་ཀྱི་དབྱེ་བ་མེད་པའི་ཐོག་ནས་བདག་རྒྱག་དགོས་པ་རེད་ཟེར་གྱི་ཡོད་པས་རེད།

དེ་མིན་ཁོང་ལ་ད་ལྟའི་བར་སློབ་ཕྲུག་དེ་ཚོར་བདག་སྐྱོང་གནང་སྟེ། ཁོང་ཚོའི་ནང་དབང་བོ་གཅིག་ལ་སྐྱོན་ཡོད་ནའང་། དབང་བོ་གཞན་གྱི་ཐོག་སློབ་སྦྱོང་ཐོན་པའམ་ཡང་ལས་ཀ་བྱེད་ཐུབ་པ་དང་གྲུབ་འབྲས་ཐོན་པ་ཡོད་མེད་སྐོར་དྲིས་པར་ཁོང་གིས་གསུངས་དོན། ང་ཚོའི་ཚོགས་པ་འདི་ཉིད་ད་ལྟའི་ཆར་གཞོན་སྐྱེས་ལྟ་བུ་ཆགས་བསྡད་ཡོད། ལོ་ལྔ་བ་གཞི་ནས་འགྲོ་བཞིན་པ་རེད། ལོ་བཞིའི་ནང་དུ་གྲུབ་འབྲས་ཐོན་རྒྱུར་དཀའ་ངལ་ཁག་པོ་རེད། ཡིན་ནའང་། ཕྲུ་གུ་གསུམ་བཞི་ཞིག་ད་ལོར་བོད་ཁྱིམ་སློབ་གྲྭའི་ཡིག་རྒྱུགས་མཉམ་དུ་འགྲོ་ཐུབ་རྒྱུར་འབད་བརྩོན་བྱེད་ཀྱིན་ཡོད། སློབ་ཕྲུག་དེ་ཚོར་འདི་ནས་སློབ་སྦྱོང་སྤྲད་ན་མ་གཏོགས་ཀླད་པ་རྗེས་ལུས་ཐེབས་པའམ་འཐོམ་བསྡད་པའི་རིགས་དེ་འདྲ་ཡིན་སྟབས། ནམ་རྒྱུན་ལྟར་སློབ་ཕྲུག་སྤྱི་བྱིངས་མཉམ་དུ་སློབ་སྦྱོང་བསླབ་ན་ཁོང་ཚོས་གཅིག་ཀྱང་གོ་ཐུབ་གི་མེད་པས། ངེས་པར་སློབ་ཕྲུག་རེ་རེ་བཞིན་དགེ་རྒན་གཅིག་གིས་གདོང་དང་གདོང་བསྟན་ནས་བསླབ་དགོས་པ་རེད། སྔོན་མ་སློབ་གྲྭར་བསྐྱོད་སྐབས་འཛིན་གྲྭ་དང་བོའི་སྐབས་སུ་ཡིག་རྒྱུགས་ཐེབས་ཆག་ཅིག་འཕྲོད་པ་དང་གཉིས་པའི་སྐབས་སུ་ལོ་གསུམ་རིང་ཡིག་རྒྱུགས་མ་འཕྲོད་པ་མ་ཟད། ཡིག་རྒྱུགས་སྐབས་དྲི་ཤོག་སྟོང་བར་ལུས་ཏེ་གང་ཡང་འབྲི་མི་ཐུབ་མཁན་གྱི་བུ་མོ་ཞིག་གིས་དེང་སྐབས་སློབ་སྦྱོང་ཡག་པོ་ཆགས་ཡོད་ལ། ད་ལོར་བོད་ཁྱིམ་གྱི་ཡིག་རྒྱུགས་ནང་དུ་འགྲོ་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད།

དེ་བཞིན་སློབ་ཕྲུག་གོམ་པ་རྒྱག་མ་ཐུབ་མཁན་གཉིས་གསུམ་ཞིག་གིས་དེང་སྐབས་གོམ་པ་རྒྱག་ཐུབ་ཀྱི་ཡོད་ལ། རིགས་ཁག་ཅིག་ལུས་རྩལ་དང་སྨན་བཅོས་བྱས་ཏེ་དབང་བོ་སྡུག་ཏུ་མི་འགྲོ་བའི་ཐབས་ཤེས་བྱེད་ཐུབ་ཀྱིན་ཡོད་ནའང་། དྲགས་སྐྱེད་ཡོང་རྒྱུའི་རེ་བ་མེད་པ་དེ་འདྲ་རེད། ཅེས་སོགས་གསུངས་ཡོད།

མཐར་ཁོང་གིས་བཙན་བྱོལ་བོད་གཞུང་གིས་བཙན་བྱོལ་ནང་དབང་པོ་སྐྱོན་ཅན་བརྒྱ་ཆ་གཅིག་ཡོད་ཅེས་བཀའ་གནང་གི་འདུག གལ་སྲིད་དེ་ལྟར་ཡིན་ན་བོད་མི་སྐྱབས་བཅོལ་བ་འབུམ་གཅིག་དང་ཁྲི་གསུམ་བཞི་ཡོད་དབང་དུ་བཏང་ན། དབང་བོ་སྐྱོན་ཅན་ཆིག་སྟོང་བཞི་བརྒྱ་ཙམ་ཞིག་ཆགས་ཀྱིན་འདུག ཡིན་ནའང་། སྙིང་སྟོབས་གླིང་དང་མངོན་དགའ་སློབ་གྲྭ། ཕན་བདེ་དགའ་ཚལ་བཅས་གསུམ་ཆ་བསྡོམས་ནའང་བརྒྱ་དང་ཉི་ཤུ་སུམ་ཅུ་ཙམ་མ་གཏོགས་སླེབས་ཀྱིན་ཡོད་པ་མ་རེད། ལྷག་མ་ཆིག་སྟོང་ཉིས་བརྒྱ་སུམ་བརྒྱ་ནང་དུ་བསྡད་ཡོད་པ་རེད། ཅེས་ཕངས་སེམས་ཀྱིས་གསུངས་སོ། །

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

སྐར་མ ༣ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༧ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༨ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༨ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༩ སྔོན་ལ།

མཆན། 12

  1. ཨ་བུ་གངས་དཀར says:
    ལོ་ 16 སྔོན།

    ཆད་ཡུལ་

    Reply
  2. ཨ་བུ་གངས་དཀར says:
    ལོ་ 16 སྔོན།

    བླ་མ་མི་དགོས་བསློབ་མ་དགོས་ཁ་བཤད་མི་དགོས་ལག་ལེན་མཁོ།ཧོལ་རྒྱུག་མི་དགོས་དམིག་ཡཡལ་དགོས།

    Reply
  3. སངས་རྒྱས་ཆོས་འཕེལ། says:
    ལོ་ 16 སྔོན།

    ཁུ་བུད་རིན་པོ་ཆེས་ཕྱག་ལས་གནང་ཚུལ་དེ་ལ་ངེས་པར་ཡིད་རང་ཞུ། ཡིན་ན་འང་ངེས་པ་དོན་གྱིས་བླ་མའི་མཛད་པ་སྐྱོང་གི་འདུག་ཟེར་ཚུལ་ལ་བལྟས་ན། ཡེ་ཤུས་བླ་ཆེན་དང་རྒྱུ་ཆེན་རྣམས་སོ་སོའི་ཆོས་དང་ལྟ་བ་ཆབ་སྤེལ་བྱེད་པའི་ཐབས་ཇུས་ཁུ་བུད་རིན་པོ་ཆེ་ལས་ལྷག་པར་མཛད་བཞིན་ཡོད་པ་དེ་དག་ངེས་པ་དོན་གྱི་བླ་མའི་མཛད་པ་དང་མཛད་པ་པོ་དེ་དག་ངེས་པ་དོན་གྱི་བླ་མར་བརྩིས་ཀྱི་ཡོད་པ་འདྲ། དེ་དང་རང་རེ་བོད་ཀྱི་བླ་སྤྲུལ་དུ་མ་ཞིག་གིས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དེ་སོ་སོའི་ལས་འགན་དུ་བརྩིས་ནས་རྒྱལ་ཁབ་གཞན་གྱི་མི་རིགས་ཀྱི་རོགས་སྐྱོར་འོག་བཤད་གྲྭ་དང་སྒྲུབ་གྲྭ། རབ་བྱུང་ཕོ་མོའི་བརྟེན་གཞི་འཛུགས་གང་ཐུབ་བྱེད་ནས་དཀའ་ངལ་ཚད་མེད་བསྐྱོན་མཁན་རྣམས་ལ་ཕྱི་རྫིག་ནང་སྟོང་རེ་གཞེངས་ཟེར་ཁ་སྨད་བྱེད་པ་ནི། ཤིན་ཏུ་ནས་མ་འོས། ཞིབ་ཏུ་གནོ་བསམ་གཏོང་དང། རང་རེ་བོད་པ་རྣམས་ལ་རྒྱལ་ཁབ་ཡང་མེད། རྒྱུ་ནོར་གྱིས་དབུལ། དེང་དུས་གྱི་ཤེས་ཡོན་གྱིས་རྗེས་ལུས་ཐེབ་པ་ཞིག་ཡིན་ནའང། རྒྱལ་ཁབ་གཞན་དང་མི་རིགས་གཞན་ལ་ངོ་གནང་མ་དགོས་པའི་ཐོག་ནས་བོད་པ་ཡིན་ཟེར་དབུ་འཕང་མཐོན་པོའི་སྒོ་ནས་ངོ་སྤྲོད་བྱེད་རྒྱུ་ཡོད་པ་འདི་བླ་སྤྲུལ་མཁན་པོ་དགེ་བཤེས་རྣམས་ཀྱི་བཀའ་དྲིན་ཉག་གཅིག་ཡིན་པ་འདི་ཤེས་དགོས།

    Reply
  4. གངས་ཕྲུག says:
    ལོ་ 16 སྔོན།

    ཨ་རིག་འགྱུར་མེད་ལགས། འོ་་་་་་་གཅིག་བརྗེད་འདུག གནས་ཚུལ་འགོད་སྤེལ་གནང་བར་ཐུགས་རྗེ་ཆེ། བླ་མ་རྣམས་ཀྱིས་དགོན་པ་ཕྱི་རྫིག་ནག་སྟོང་རེ་བསླངས་བ་ལས་ཁ་ཡོད་ལག་ཡོད་ཀྱི་འགྲོ་དོན་འདི་འདྲ་རེ་གནང་ཐུབ་ན་ཅི་མ་རུང་།

    Reply
  5. གངས་ཕྲུག says:
    ལོ་ 16 སྔོན།

    ཨ་རིག་འགྱུར་མེད་ལགས། གསལ་བཤད་གནང་བར་ཐུགས་རྗེ་ཆེ། བྱས་ནགློ་བུར་དུ་རང་ལོ་ ༢༥ སླེབས་ནའང་་་་་་་་་་་་་་་་་་་་་་་་་་་ཞེས་པའི་ཚབ་ཏུ་་་་་་་རང་ལོ་ ༢༥ སླེབས་ནའངགཟུགས་པོའི་རིང་ཚད་བྱིས་པ་ལོ་ལྔ་དྲུག་ཅིག་གི་ཚད་ལས་མེད་པ་དང་། ཕར་བལྟས་ཚོད་དུའང་བྱིས་པ་ལོ་ལྔ་དྲུག་ཅན་ཞིག་ལོས་ཡིན་བསམ་བསམ་ཞིག་གིས་་་་གློ་བུར་དུ་་་་་སྐད་བརྒྱབས་སོང་ལ། ཟེར་ན་གང་འདྲ་འདུག །

    Reply
  6. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    བཀླགས་ཟིན།

    Reply
  7. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    གངས་ཕྲུག་ལགས། རིན་པོ་ཆེ་ཁོང་གིས་ང་ཁྲིད་ནས་ངེད་གཉིས་གོང་གསལ་གྱི་འཛིན་གྲྭ་དེའི་ནང་བསྐྱོད་པ་ཡིན། སྐབས་དེར་རང་ལོ་ ༢༥ སླེབས་ནའང་གཟུགས་པོའི་རིང་ཚད་བྱིས་པ་ལོ་ལྔ་དྲུག་ཅན་ཞིག་གི་གཟུགས་ཚད་ལས་མེད་པའི་ཕྲུ་གུ་དེ་ཕྱི་ནས་ནང་དུ་སླེབས་སོང་། ཁོག་སྨད་དུ་གྱོན་པ་གང་ཡང་གྱོན་མི་འདུག དེའི་རྗེས་དེ་རུ་རྐང་ཐུང་ཞིག་ཡོད་པ་མ་ཚབ་ཅིག་གི་རམ་འདེགས་འོག་གྱོན་སོང་ལ། མ་ཚབ་དེས་གྱོན་པ་བསྐོན་སྐབས་ནས་སྐད་རྒྱག་གི་འདུག
    ཡིན་ནའང་། སྐབས་དེར་དེ་ཙམ་སྐད་ཤུགས་ཆེན་པོ་བརྒྱབས་མ་སོང་། ཅང་མ་འགོར་གློ་བུར་དུ་རིན་པོ་ཆེ་དང་ངེད་གཉིས་སར་སླེབས་སོང་། སྐད་ཤུགས་ཆེན་པོས་ཅི་ཞིག་འཆད་ཀྱིན་འདུག ངས་ཅི་ཞིག་འཆད་ཀྱིན་པ་མ་གཏོགས་ནའང་། གང་ལྟར་ཚུལ་དེ་མཐོང་དུས་སྙིང་རྗེ་བ་ཞིག་འདུག
    སྤྱིར་རང་ལོ་ ༢༥ སླེབས་པའི་མི་ཞིག་ཡིན་ན་དར་མའི་དུས་རེད། གཟུགས་ཚད་ནས་འགྲོ་སྟངས་འགྲོ་ལུགས་ཡོངས་བྱིས་པ་ལོ་ལྔ་དྲུག་ཅིག་དང་གང་ནས་འདྲ། ཡིན་ནའང་། ངས་བརྗོད་པའི་ཕྲུ་གུ་དེ་ནི་ལོ་ ༢༥ ཡིན་འདུག་ཀྱང་། བལྟས་ཚོད་ལ་ལོ་ཆུང་བ་དང་བྱེད་སྟངས་ཀྱང་གོང་བརྗོད་ལྟར་རེད། དོན་དག་འདི་འདྲ་ཞིག་རེད། མཁྱེན་རྟོགས་བྱུང་སོང་ངམ།

    དེ་མིན་རིན་པོ་ཆེ་ཁོང་གིས་སློབ་ཕྲུག་དེ་ཚོར་དམིགས་བསལ་ལྟ་སྐྱོང་དགོས་མཁན་ཞེས་འབོད་པ་ལས་དབང་བོ་སྐྱོན་ཅན་ཞེས་མ་འབོད་རོགས། དབྱིན་སྐད་དུའང་ Special needs འབོད་ཀྱི་ཡོད་པ་རེད་ཅེས་གསུངས་སོང་། ཡིན་ནའང་། དེ་ལྟར་བོས་ན་ང་ཚོའི་སྤྱི་ཚོགས་ནང་གོ་ཁག་པོ་འདུག་པས་ངས་དབང་བོ་སྐྱོན་ཅན་ཞེས་འབོད་དགོས་བྱུང་སོང་། འདི་དག་གསལ་འདེབས་ཙམ་ཡིན།

    Reply
  8. ཨ་མའི་གཅེས་ཕྲུག says:
    ལོ་ 16 སྔོན།

    བླ་མའི་མཛད་བཟང་ལ་རྗེས་སུ་ཡི་རང་ཞུ། ཕྱག་ལས་ལམ་འགྲོ་ཡོང་བར་ཤོག

    Reply
  9. གངས་ཕྲུག says:
    ལོ་ 16 སྔོན།

    གློ་བུར་དུ་རང་ལོ་ ༢༥ སླེབས་ནའང་གཟུགས་པོའི་རིང་ཚད་བྱིས་པ་ལོ་ལྔ་དྲུག་ཅིག་གི་ཚད་ལས་མེད་པ་དང་། ཕར་བལྟས་ཚོད་དུའང་བྱིས་པ་ལོ་ལྔ་དྲུག་ཅན་ཞིག་ལོས་ཡིན་བསམ་བསམ་ཞིག་གིས་སྐད་བརྒྱབས་སོང་ལ། —–འདིའི་དོན་རྟོགས་མ་སོང་ངོ་། གསལ་བཤད་ཅིག་གནང་རོགས་གནང་།

    Reply
  10. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    རྗེས་སུ་ཡི་རང་ཞུ་བཞིན་ཡོད།

    Reply
  11. རྐང་རྗེན། says:
    ལོ་ 16 སྔོན།

    ངོ་མ་གནས་ཚུལ་ཡག་པོ་ཞིག་བཀོད་འདུག་ཡ།

    Reply
  12. སྦྲ་དཔལ་ལྡན། says:
    ལོ་ 16 སྔོན།

    ཡག་པོ་བྲིས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese