མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒོམ་རིམ་བར་པའི་བཀའ་ཆོས།

བོད་ཀྱི་དུས་བབ།
༢༠༠༩/༠༧/༣༡
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་འཇར་མན་དུ་སྒོམ་རིམ་བར་བའི་གསུང་ཆོས་གནང་ཡོད་པ་རེད།

ཟླ་འདིའི་ཚེས་ ༢༩ ཉིན་གྱི་ཞོགས་པར་ཝར་སཱོ་ནས་ཆིབས་ཐོན་གྱིས། ཝེ་ཐུ་ནམ་ནང་པའི་མཐུན་ཚོགས་བཅས་ཚོགས་སྡེ་གསུམ་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཉིན་དེའི་དགོང་མོ་ཇར་མི་ནིའི་ས་གནས་ཧྥ་རན་ཧྥུ་ཊི་ Franfurt ཞེས་པར་ཞབས་གསོར་འཁོད་ཡོད་པ་རེད། ༧གོང་ས་མཆོག་ཧྥ་རན་ཧྥུ་ཊི་གནམ་ཐང་དུ་འབྱོར་མ་ཐག་ཡུལ་དེའི་མངའ་སྡེའི་བློན་ཆེན་ཧེ་སེན་ Hessen དང་། བོད་དང་ཝེ་ཐུ་ནམ་ནང་བའི་ཆོས་ཚོགས་ཀྱི་རོ་ལན་ཌ་ཀོ་ཆུ་ Roland koch བཅས་ཕེབས་བསུར་བཅར་ཡོད་པ་དང། སྐུ་ཞབས་ཀོ་ཆུ་མཆོག་དང་༸གོང་ས་མཆོག་རྣམ་གཉིས་མཇལ་འཕྲད་གནང་རྗེས་གསར་འགོད་པ་དང་། པར་པ་སོགས་ཁྱོན་མི་ ༡༣༠ ཙམ་ལ་གསུང་བཤད་གནང་ཡོད་འདུག

ཚེས་ ༣༠ ཉིན་ཧྤ་རན་ཧྤུ་ཊི་ཡི་བློན་ཆེན་པེ་ཊར་རོ་ཐ་ Petra Roth དང། ༧གོང་ས་མཆོག་མགྲོན་ཁང་ཞིག་ཏུ་མཇལ་འཕྲད་གནང་ནས། ༧གོང་ས་མཆོག་གི་ཉིན་གཉིས་རིང་གི་གསུང་ཆོས་གནང་ཡུལ་ཀོ་མར་ཛ་བྷེང་ Commerzbank དུ་ལྕམ་སྐུ་རང་ཉིད་ལྷན་བཅར་གྱིས་མི་ཚོགས་ ༨༠༠༠  ལྷག་འཛོམས་པའི་ཚོགས་རྭའི་ནང་གཏམ་བཤད་གནང་སྐབས། ཏཱ་ལའི་བླ་མ་མཆོག་ནི་ཞི་བདེའི་འཐབ་རྩོད་ཀྱི་མཚོན་དོན་ཞིག་དང། ད་བར་བོད་ཀྱི་བདེ་དོན་ལ་སྐུ་ངལ་འཛེམས་མེད་ཀྱིས་ཕྱག་ལས་གནང་མཁན་ཞིག་རེད་ཅེས་གསུངས་པ་དང་འབྲེལ། ༧གོང་ས་མཆོག་གིས་མང་ཚོགས་ལ་སློབ་དཔོན་ཀ་མ་ལ་ཤི་ལའི་ཕྱག་རྩོམ་གནང་བའི་སྒོམ་རིམ་བར་པའི་བཀའ་ཆོས་དབུ་འཛུགས་གནང་ཡོད་པ་རེད། གུང་ཚིགས་སུ་ཧྤ་རན་ཧྥུ་ཊིར་ཡོད་པའི་བོད་ཁང་ Tibet House ཡི་ཚོགས་མི་རྣམས་དང། དགོང་དྲོར་འཇར་མན་གྱི་དཔལ་འབྱོར་ཡར་རྒྱས་དང་མཉམ་ལས་ཀྱི་སྤྱི་མཐུན་རང་དབང་ཅན་གྱི་བློན་ཆེན་ལྕམ་སྐུ་ཧེ་ཌི་མ་རི་ ཝི་ཛོ་རེག ཛེལ་ Mrs. Heidemarie Wieczorek-Zeul མཆོག་ལ་་མཇལ་མོལ་གནང་འདུག འཇར་མན་གྱི་གཞས་པ་གྲགས་ཅན་འགས་༧གོང་ས་མཆོག་ལ་ཆེ་བསྟོད་ཀྱི་གཞས་གཉིས་ཞེས་པ་ཞིག་གཏོང་རྒྱུ་ཡིན་པ་དང། དེ་བཞིན་མར་བྷག་ Marburg ཆེས་མཐོའི་གཙུག་ལག་སློབ་ཁང་དུ་གཟིགས་སྐོར་གནང་རྒྱུ་དང་འབྲེལ། སློབ་གླིང་དེ་ནས་འབུལ་རྒྱུའི་མཁས་པའི་གོ་གནས་ཀྱི་མཚན་མཐོང་ཞིག་བཞེས་གནང་རྒྱུ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

The U.S. Agency for Global Media website is displayed on a phone with Voice of America branding in the background. Photo: Jonathan Raa/NurPhoto via Getty Images
Mobile App

ཨ་རིའི་རླུང་འཕྲིན་ཁང་ལ་རོགས་དངུལ་སྤྲོད་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༦ སྔོན་ལ།
On China Visit, Carney Must Call for Closure of Tibet’s Residential Schools. Tibet Action Institute's Photo
Mobile App

ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

༢༠༢༦/༠༡/༡༣
Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

༢༠༢༦/༠༡/༡༢
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

༢༠༢༦/༠༡/༡༢
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

༢༠༢༦/༠༡/༡༢
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠

མཆན། 6

  1. ལངས་གཉིད། says:
    ལོ་ 16 སྔོན།

    ༧གོང་ས་མཆོག་གི་གསུང་ཆོས་མཛད་རིམ<http://www.dalailama.com/page.60.htm>དེ་བོད་བརྒྱུར་ཞུ་ཐུབ་མཁནཞིག་ནས་བོད་བརྒྱུར་ཞུས་ཏེ་གཤམ་གསལ་ཁ་བྱང་ཐོག་གཏོང་ཐུབ་ན་བཀྲ་དྲིན་ཤིན་ཏུ་ཆེ།
    email: mnorbu@gmail.com

    Reply
  2. འཇམ་དཔལ། says:
    ལོ་ 16 སྔོན།

    ༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་ནི་ཉི་མའི་འོད་ཟེར་དང་མཉམ་པ་འཛམ་གླིང་ཀུན་ལ་ཁྱབ་པ་ཤོག་
    ༧གོང་ས་མཆོག་སྐུ་ཚེ་བརྟན་པ་དང་སེམས་ཅན་ཐམས་གཅད་ཞི་བདེ་ཕྱོགས་སུ་ནས་པ་ཤོག་
    བོད་ཀྱིས་བདེན་མཐའ་མྱུར་དུ་གསལ་བ་དང་བོད་མི་ཚང་མ་ཆམ་མཐུན་ཡོངས་བའི་བཀྲ་ཤིས་སྨོན་ལམ་བཅས་
    དིང་རི་མཚོ་སྒོ་བ་འཇམ་དཔལ་ནས་

    Reply
  3. བསེ་རུ། says:
    ལོ་ 16 སྔོན།

    སློབ་དཔོན་ཀ་མ་ལ་ཤི་ལའི་ཕྱག་རྩོམ་གནང་བའི་སྒོམ་རིམ་བར་པའི་
    སློབ་དཔོན་ཀ་མ་ལ་ཤི་ལས་ཕྱག་རྩོམ་གནང་བའི་སྒོམ་རིམ་བར་པའི་ཞེས་བཅོས་དགོས།
    ང་ཚོའི་བོད་སྐད་ཀྱི་ནང་བྱེད་སྒྲ་དང་འབྲེལ་སྒྲ་འཁྲུག་ཉེན་ཧ་ཅང་ཆེ། རྒྱུན་གཏན་ནས་དེའི་ཐོག་ཐུགས་སྣང་དགོས་པར་མཐོང་།

    དཔེར་ན། གོང་གི་ཀ་མ་ལ་ཤི་ལའི་ཕྱག་རྩོམ་གནང་བའི་ལྟ་བུར།
    དོན་ལ་སློབ་དཔོན་ཀ་མ་ལ་ཤི་ལས་ཕྱག་རྩོམ་གནང་བའི་ཞེས་པ་ལྟ་བུ་རེད།

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ༧བླ་མ་གང་དུ་ཕེབས་ན་དེ་རུ་མཛད་འཕྲིན་རྒྱས། མི་འགྱངས་པར་བོད་ཡུལ་ཏུ་ཕེབས་ཐུབ་པར་སྨོན།

    Reply
  5. སྦྲ་དཔལ་ལྡན། says:
    ལོ་ 16 སྔོན།

    ཁོང་གིས་མཛད་པ་མཐའ་མེད་རེད། དཀོན་མཆོག་གིས་སྲུང་མི་འཐུད་ནས་མུ་འཐུད་དུ།

    Reply
  6. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    སྤྱན་རས་གཟིགས་དབང་སྐུ་ཚེ་བརྟན་པ་དང་།
    ལུས་ཅན་ཀུན་ལ་བདེ་སྐྱིད་ལྡན་པ་ཤོག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese