མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངའི་བཀའ་བློན་ཁྲི་པའི་འོས་གཞི་མཁྱེན་འདོད་དམ། འཇམ་དབྱངས་བསྟན་འཛིན་ཤཱསྟྲིའ།

བོད་ཀྱི་དུས་བབ།
༢༠༠༩/༠༨/༡༤
Share on FacebookShare on TwitterShare on EmailShare on Whatsapp
 ཁྱེད་ཀྱིས་ངའི་བཀའ་བློན་ཁྲི་པའི་འོས་གཞི་མཁྱེན་འདོད་དམ།

                                   

                         འཇམ་དབྱངས་བསྟན་འཛིན་ཤཱསྟྲིའ།

ངའི་བཀའ་བློན་ཁྲི་པའི་འོས་གཞི་ནི་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་ཡིན། གང་ལགས་ཤེ་ན། ཁོང་སྐུ་ན་གཞོན་དུས་རྒྱའི་བཙན་འོག་ནས་བྲོས་ཐར་གྱིས་བོད་ཀྱི་འདས་པའི་གནས་ཚུལ་ཇི་མ་ཇི་བཞིན་མཁྱེན་མཁན་ཞིག་ཡིན་ལ། བཙན་བྱོལ་དུ་འབྱོར་རྗེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མ་དབུ་འཛུགས་གནང་མཁན་གྱི་གྲས་སུ་ཡོད། དེ་ནས་རྒྱ་གར་ནང་བཞུགས་ཏེ་བོད་གཞུང་གི་ལས་ཞབས་རྒྱུན་རིང་གནང་སྟེ་ཁོང་གིས་བཙན་བྱོལ་བོད་མིའི་འཚོ་བའི་གནས་སྟངས་སོགས་ལའང་མཁྱེན་པ་ཡངས། ད་ཆ་ཨ་རིར་གནས་བཞུགས་ཀྱིས་འཛམ་གླིང་གི་ཆབ་སྲིད་འགྱུར་འགྲོས་སོགས་ལ་དུས་རྟག་ཏུ་རྟོག་ཞིབ་གནང་མཁན་ཞིག་ཡིན། ལྷག་པར་འདས་པའི་ཨ་རིའི་སྲིད་འཛིན་རྣམས་དང་ཐུགས་འདྲིས་ཆེ་ཞིང༌། ཨ་རིའི་ངོས་ནས་བོད་དང་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་སོགས་རང་ཉིད་དངོས་སུ་མྱོང་འདྲིས་ཆེ་ཤོས་ནི་བོད་མིའི་ནང་ནས་ཁོང་ལས་ལྷག་པ་ཞིག་ཨེ་ཡོད་ཞེས་བཤད་ན་ཁ་ཧམ་པ་ཆེ་བར་འགྲོ་ཉེན་རུང་དོན་ལ་དེ་ལྟར་ལགས། ཕྱི་ལོ་༢༠༠༢ ནས་བཟུང་ད་བར་རྒྱ་བོད་ཞི་མོལ་སྐབས་ཁོང་གིས་བོད་མིའི་སྐུ་ཚབ་ཀྱི་དབུ་འཁྲིད་གནང་སྟེ་རྒྱ་ནག་གི་དབུ་འཁྲིད་རྣམས་དང་གྲོས་མོལ་ཐེངས་དགུ་ཙམ་གནང་བར་ཕེབས་ཡོད། རྒྱ་བོད་དབར་གྱི་བསམ་ཚུལ་མཐུན་ས་དང༌། མི་མཐུན་ས་ཚང་མ་མཁྱེན་མཁན་ནི་ཁོང་ཡིན་ལ། གལ་སྲིད་འབྲེལ་མོལ་ནམ་ཞིག་བསྐྱར་མཐུད་དང༌། ཡང་ན་ནམ་ཞིག་མཚམས་འཇོག་བྱེད་དགོས་མིན་ཡང་ཁོང་གིས་ཚོད་དཔག་གནང་ཐུབ།
སྤྱིར་བཏང་ང་ཚོས་ཁབ་ཀྱི་བུ་ག་ནས་ནམ་མཁར་བལྟས་ན་ཁབ་ཀྱི་བུ་གར་ཤོངས་ཐུབ་པའི་ནམ་མཁའ་ཙམ་ལས་མི་མཐོང་ཤིང༌། ཁང་ཐོག་ནས་ནམ་མཁར་བལྟས་ན་ནམ་མཁའ་ཡངས་པོ་མཐོང་ཐུབ་པ་བཞིན། ཁོང་འཁྲུངས་ས་ནི་ཁམས་ནས་ཡིན་ཀྱང་ཁམས་པ་རྐྱང་པའི་མིག་གི་བུ་ག་ནས་མི་བལྟ་ཞིང༌། བོད་མིའི་མིག་གི་བུ་ག་ནས་གཟིགས་ཤེས་མཁན་ཞིག་ཡིན་པས་བོད་མི་རྩམ་ཟན་ཡོངས་ཀྱིས་བདེ་སྡུག་ལ་གཟིགས་ཐུབ། མ་ཟད། ད་བར་རྒྱལ་སྤྱི་དང་ལྷག་པར་བོད་ཀྱི་ཆབ་སྲིད་ཐོག་ལ་དོ་སྣང་དང་ཕྱག་ལས་རྒྱུན་རིང་གནང་ཞིང་ཉམས་མྱོང་ཆེ་བས། ཁོང་གིས་ཟམ་གདོང་རིན་པོ་ཆེ་ལྟར་ཆོལ་ཁ་དང་ཆོས་ལུགས་ཀྱི་ཐག་པས་མ་བཅིངས་པར་སྤྱི་མི་ཞིག་ངེས་པར་གནང་ཐུབ། ངས་སྐུ་ཞབས་རྒྱ་རི་༢༠༠༢ ཀྱི་ལོར་མཁྱུགས་ཙམ་ཞིག་རྒྱང་ནས་མཇལ་མྱོང་རུང་སྒེར་གྱི་ངོ་མི་ཤེས། འོན་ཀྱང༌། རང་ཉིད་བོད་མི་ཞིག་ཡིན་ཕྱིན་མ་འོངས་པའི་བཀའ་ཁྲི་སུ་འོས་བསམ་གཞིགས་དང་དོ་སྣང་རྩད་གཅོད་བྱེད་སྐབས་ད་ལྟའི་བཀའ་ཁྲིའི་རྗེས་སུ་གང་ཅིའི་ཐད་ཉམས་མྱོང་གི་ཐོག་ཁོང་འོས་ཤོས་སུ་མཐོང༌། བལྟ་ཚུལ་འདི་ངའི་མཐོང་ཚུལ་ཡིན། གལ་སྲིད་༢༠༡༡ ལོར་ཁོང་བཀའ་བློན་ཁྲི་པར་ཕེབས་ཐུབ་ན། དང་ཐོག་རྒྱ་བོད་ཞི་འགྲིགས་ཀྱི་ཐོག་ལ་འདས་པའི་ཉམས་མྱོང་ལ་གཞིགས་ཏེ་ཕྱག་ལས་གཙོ་བོ་གནང་ངེས། གཉིས་པ། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་ལ་མཁྱེན་རྒྱ་ཆེ་བས་བོད་དོན་རྒྱབ་སྐྱོར་གང་ནས་འཚོལ་དགོས་མིན་ཡང་དུས་དུས་སུ་ཐག་གཅོད་གནང་ཐུབ། གསུམ་པ། བཙན་བྱོལ་བོད་མིའི་གཞིས་ཆགས་ཚགས་ཚུད་གནང་རྒྱུའི་ཐོག རང་གི་རིག་གཞུང་ཉམས་པ་སོར་ཆུད་དང༌། མི་ཉམ་གོང་འཕེལ་ཐོག་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་གཏོང་བར་འབད་རྩོལ་གནང་ངེས། གོང་བཀོད་རྒྱུ་མཚན་དེ་དག་ལ་བརྟེན་ནས་ཁོང་ནི་ངའི་༢༠༡༡ ལོའི་བཀའ་ཁྲིའི་འོས་གཞི་གཙོ་བོ་དེ་ཡིན།  མཐའ་དོན་ངས་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཚིག་གཅིག་ཞུས་ན། ཁོང་ལ་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་དགོས་པ་སྨྲོས་མེད་ཁར། ཟམ་གདོང་རིན་པོ་ཆེ་ཁོང་གི་སློབ་སྟོན་པར་ངེས་པར་དུ་བསྐོ་བཞག་གནང་དགོས། ངའི་བསམ་ཚུལ་ལ་ཁྱེད་ཀྱིས་དགོངས་འཆར་ལྷུག་པོ་གནང་བའི་རེ་བསྐུལ་ཞུ།

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༨ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༡༩ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 17

  1. Loten says:
    ལོ་ 16 སྔོན།

    G¾-ÆÛh-Eôh-ˆÛÅ-ºhÛ-¿e¼-zÁh-±ï

    Reply
  2. རལ་གྲི་ཅན། says:
    ལོ་ 16 སྔོན།

    ཡ་ཡ་ཚང་མ་ལ་བཀྲ ་བདེ་ལེགས་ཡོད། ངས་བལྟས་ན་རྒྱ་རི་ནི་ཤེས་འཇོན་གཉིས་ལྡན་ཞིག་རེད་འཇམ་དབྱངས་བསྟན་འཛིན་གི་དེ་ནོར་མི་འདུག དེ་མིན་གཞན་ཡང་མང་པོ་ཡོད་ཀྱི་རེད།
    ཟབ་གདོང་རིན་པོ་ཆེ་བཟང་མོད་ཀྱི་མི་གཅིག་གི་ཆེད་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་རྒྱག་གི་རེད་ན་ངོ་མ་ཀླད་པ་ལྗང་གུའི་ལྗང་ནག་ཞིག་གི་སྐད་ཆ་རེད་ཡ།

    Reply
  3. གདོང་དམར་གྱི་བུ།    says:
    ལོ་ 16 སྔོན།

    རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་ཅང་བ་ནི་མ་རེད།

    Reply
  4. རྒྱ་གྲོ་བ། says:
    ལོ་ 16 སྔོན།

    སྤྱིར་བཏང་བྱས་ན་རྒྱ་རི་རིན་པོ་ཆེ་ཡང་འོས་པ་ཞིག་དང་མ་འགྲིགས་པ་གང་ཡང་མི་འདུག ཡིན་ཡང་ད་ལྟ་བར་དུ་བཀའ་ཁྲིའི་སྐབས་གཉིས་ཙམ་རིན་པོ་ཆེའི་གནང་བ་དང་ཡང་སྐྱར་རིན་པོ་ཆེ་ཞིག་ཨུ་ཚུགས་ཀྱི་བཀོས་ལེགས་པོ་མི་འདུག་སྙམ། ག་དུས་ཡིན་ཡང་རིན་པོ་ཆེ་དང་བླ་མ་དེ་འདྲ་བཀོས་ཡས་ཀྱི་བསམ་བློ་ཡོད་ན་ནི་དེ་ཅུང་བསྒྱུར་བ་བཏང་ཐུབ་ཚེ་ལེགས། རིན་པོ་ཆེ་དང་བླ་མ་དེ་ཚོ་སོ་སོའི་གདན་ཐོག་དུ་བཞུགས་ནས་སེམས་ཅན་ལ་ཕན་ཐོག་མཛད་ཐུབ་ན་གང་ལེགས་ལས་དེ་ལས་ལྡོག་པ་མི་ནག་མཉམ་དུ་སྡད་སྲིད་འཇུས་ལ་ཐེ་ཏོག་བྱས་པ་དེ་ཡག་པོ་ཁྱོ་ནས་མི་འདུག་ན་དེ་ལྟར་མི་མང་ཡོངས་ནས་དེ་ལ་བརྣོ་བསམ་ཞིག་བཏང་ནས་༢༠༡༡ལོའི་བཀའ་ཁྲི་དེ་མི་སྐྱ་བཟང་བཟང་ཞིག་བཀོད་ཐུབ་པར་གནང་པ་ཞུ།།

    Reply
  5. རི་བོང། says:
    ལོ་ 16 སྔོན།

    འོ་ཁོ་ད་བོད་རྒྱའི་འབྲེལ་ལམ་གྱི་ཆེད་དུ་བཏང་བ་དེའི་ཆོག་གི ད་བཞག་ན་དགའ་གི་རེད། ཅི་འཇོན་འུ་ཡོང།

    Reply
  6. Loten says:
    ལོ་ 16 སྔོན།

    Ç+Ý-ŸzÅ-Eôh-ˆÛÅ-zŤ-±ß¾-»G-qô-ºhÝG
    »Ûm-»P-Eôh-ˆÛÅ-¸¤-GhôP-¾Å-¿ËG-qºÛ-ÇÀôz-Çeôm-q-ŸÛG-»ôh-q-im-HÛ-¤hÝG-G¤
    uÛ¼-¸¤-GhôP-»G-¤ôh-ºôm-ˆP-DôÅ-Vz-ÆÛh-¸ï¼-z-hï-¤Û-ÁïÅ-z-;Ým-ˆÛÅ-ÁïÅ-Gž-¼ïhü DôP-mÛ-mP-VôÅ-¾-¤DÅ-qºÛ-„À-Lm-ŸÛG-¼ïhü GÝÅ-qºÛ-¼ï-z-mÛ-Ç+Ý-Pô-M-¾ô-hôm-ºIâz-¾Å-¿ËG-q-ŸÛG-¤fôP-¤-ÅôP.ü GP-»Ûm-Ÿï-m-DôP-mÛ-º²¤-JÀÛP-GÛ-Vz-ÆÛh-¾-¤DÅ-z-¤-ÆÛh-¿ËG-q¼-hÝ-M-mG-GÛ-Vz-ÆÛh-¾-¤DÅü G¾-ÆÛh-P-±ôÅ-M-mG-¾-z;º-GmP-hGôÅ-m-DôP-mÛ-¤ïh-hÝ-¤Û-¼ÞP-zºÛ-ÇÀôz-Çeôm-q-»Ûm-¤ôh-ºôm-ˆP-P-±ô-uÛ-±ôGÅ-VßP-VßP-mÛ-h-hÝP-©Û-¾¤-mP-mÅ-¤Gô-ºDô¼-mÅ-zÇkh-»ôhü

    Reply
  7. གངས་མཚོ། says:
    ལོ་ 16 སྔོན།

    ང་རང་གི་སྤྱི་མཐུན་གསར་ཤོག་ག་དུས་ཡིན་ན་ཀློག་གི་ཡོད་སྤྱི་
    འཐུན་མིང་ཁུར་ཁག་གཅིག་གིས་ཆོལ་ཁའི་ཐན་འཁྱེར་ལུང་མཚན་གི་དབྱེད་འབྱེད་ཆོས་ལུགས་ཐེན་འཁྱེར་ཕྲག་འདོག་དང་འགྲན་སེམས་མཚོན་པའི་ནད་ཡམས་དེ་སྤྱི་འཐུན་ལྷན་ཚོགས་སུ་ཁྱབས་པའི་རྒྱུ་རྐྱེན་མེད་པ་བཟོ་ཁྱེད་ཀྱི་ལག་ཆ་བོད་མི་དམངས་ལག་ལ་ཡོད་པས་ཚང་མས་ཡིད་བཟབ་གནང་རོག།

    Reply
  8. གངས་མཚོ། says:
    ལོ་ 16 སྔོན།

    ཁྱེད་ཀྱིས་ངའི་བཀའ་བློན་ཁྲི་པའི་འོས་གཞི་མཁྱེན་འདོད་དམ།
    མདོ་སྨད་སྤྱི་འཐུན་བསྟན་འཛིན་མགོན་པོ།
    མདོ་སྟོད་སྤྱི་འཐུན་བསོད་གནམ་སྟོབས་རྒྱལ།
    ཨོ་རྒྱན་སྟོབས་རྒྱལ།
    ཨ་ཚོགས་ཀླུ་མཁར་བྱམས་།
    དབུས་གཙང་སྤྱི་འཐུན་ཀརྨ་ཆོས་འཕེལ།
    ད་རུང་མང་པོ་ཡོད་པས་འཇུག་དུ་མིང་སྨོས་གི་ཡིན།
    དྲ་གྲོགས་ཚོ་དེ་རྣམས་ནི་དངོས་སུ་བཀའ་ཁྲི་ཉེན་མེད་སྐྱོན་འཛུག་དང་ཤུག་ལ་༧་གོང་ས་མཆོག་གིས་ལོངས་ཕྱོགས་ལ་ཁ་གཏད་བྱེད་མཁན་ཡིན་པས་མ་འོང་པའི་བཀའ་བློན་ཁོང་ཚོ་གདམ་ན་ག་འདྲ་འདུག།

    Reply
  9. ནད་པ says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ་ཁམས་བཟང་། ང་ཚོའི་བཀའ་ཁྲི་ནི་ཁང་པའི་ཀ་བ་ལྟ་བུ་ཞིག་ཡིན་ལ་ང་ཚོའི་མི་དམངས་ནི་རྩིག་གྱང་དང་འདྲ་པོ་རེད། ཀ་བ་ལྟ་བུའི་བཀའ་ཁྲི་དེས་རང་ཉིད་དང་རང་གི་འཁོར་རྣམས་ཡར་ལངས་ཟིན་ཐུབ་ཀྱང་། ཉམ་ཆུང་མི་དམངས་ཚོ་ནི་དཔེར་ན་རྨང་གི་མི་ཐུབ་པའི་ཁང་པའི་རྩིག་པ་དང་ཆེས་ཆེར་འདྲ་བས་ད་བར་ང་ཚོ་ཡར་ལངས་ཐུབ་མེད།

    བོད་མི་དམངས་རྣམས་ཡར་ལངས་ཐུབ་རྒྱུའི་ཆེད་དུ་ང་ཚོས་ཀྱང་བོད་ཀྱི་བཀའ་ཁྲི་ནི་བོད་མི་རིགས་ཚང་ཡར་བསློང་ཐུབ་མཁན་གྱི་མི་ཞིག་གདམ་དགོས། དཔེར་ན་མའོ་ཙེ་ཏུང་ལྟ་བུ་རྒྱ་མི་རིགས་ཡར་བསླངས་ཐུབ་མཁན་ཞིག་ལས་རང་ཉིད་འཁོར་དང་བཅས་པ་ཡར་ལངས་མཁན་ཞིག་ལ་རེ་བ་བཅོལ་མི་རུང་།

    དེ་ནི་ང་ཚོས་དངོས་ཡོད་གནས་ཚུལ་ལ་དཔྱད་ཞིབ་བྱས་ན་ཤེས་ཐུབ། མིང་དང་དོན་གཉིས་ཀྱི་གནས་ལུགས་དེ་ང་ཚོས་མངོན་གྱུར་གྱི་བྱ་བཞག་ལ་གཞིགའཛིན་བྱས་ཏེ་མ་འོངས་ཀྱི་རེ་འབྲས་ཆུད་ཟོས་སུ་མི་འགྲོ་བ་ཞིག་ལ་བསམ་བློ་གཏོང་ཐུབ་པ་བྱེད་གལ་ཆེའོ།

    Reply
  10. ཟུར་མཁར་ says:
    ལོ་ 16 སྔོན།

    འཇམ་དབྱངས་བསྟན་འཛིན་ལ་བཀྲིས་བདེ་ལེགས་ཡོད། རྒྱ་རི་དངོས་གནས་འཇོན་པོ་རེད། ཡིན་ནའང་ཁོང་བཀའ་བློན་ཁྲི་བར་ཕེབས་ཀྱི་མ་རེད་བསམ། བཀའ་ཁྲི་ལས་ཁོང་གི་ད་ལྟའི་ལས་གནས་ལ་དགའ་བ་བྱེད་ཀྱི་རེད། ཁོང་གིས་ཨ་རིའི་རྐུབ་སྟེབས་དེ་བློས་གཏོང་གི་མ་རེད། དེ་སྔོན་རིན་ཆེན་དར་ལོས་གནང་སྟངས་ལས་ཤེས་ཐུབ་པ་ཡིན།

    Reply
  11. རལ་གྲི་ཅན། says:
    ལོ་ 16 སྔོན།

    ±P-¤-¾-z=-ÁÛÅ-zhï-¾ïGÅ-»ôhü

    Reply
  12. བདེ་བ་ཅན། says:
    ལོ་ 16 སྔོན།

    ཁྱེད་ཀྱི་དགོངས་ཚུལ་གནང་བ་འདི་ཧ་ཅང་ཡག་པོ་འདུག་ལ། དགོངས་ཚུལ་གནང་ཕྱོགས་ཀྱི་རྒྱབ་ལྗོངས་ཁག་ཀྱང་ཧ་ཅང་གསལ་པོ་འདུག་པས་འོས་གཞིའི་ཁོངས་བཞུགས་རྒྱུར་མོས་མཐུན་ཡོད། འོན་ཏེ་ཁོང་ལ་རྒྱལ་ཁ་ཐོབ་རྒྱུར་རྒྱབ་སྐྱོར་མེད། ༸གོང་ས་མཆོག་གི་ལངས་ཕྱོགས་ལ་ཤར་བསྐྱོད་བྱ་ཐུབ་མཁན་ལོ་ན་ཅུང་གཞོན་ཙམ་ཁྲོད་དུའང་ཡོད་མུས་ཡིན་པས་ལོ་ན་ཁོང་ལས་གཞོན་ཙམ་ཞིག་བཀའ་བློན་ཁྲི་པར་ཕེབས་རྒྱུར་མོས་མཐུན་ཡོད། ད་བར་ཁོང་ནས་གནང་བའི་ཕྱག་ལས་ཁག་མཚན་གནས་ཆེ་ཤོས་ཁག་གི་ཞབས་སྟེགས་རྡོ་རྗེ་བྲག་ལ་བརྐོས་པ་ལྟར་འཇུས་ཏེ་ཨ་རིའི་དམིགས་བསལ་སྐུ་ཚབ་ཀྱི་ཞབས་སྟེགས་འདི་རྦད་དེ་བདག་བཟུང་གནང་འདུག་པས་སྔོན་ལ་ས་མིག་དེ་བློས་གཏོང་གནང་སྟེ་བློས་གཏོང་ཕོད་པའི་ལས་ལ་ཞུགས་དགོས་པ་དང༌། དེ་རྗེས་ཞབས་སྟེགས་མཐོ་བའི་རིགས་ལ་འཛེགས་ན་གཤམ་འོག་ནས་བལྟས་སྡོད་མཁན་ཚོ་ཡང་སེམས་སྐྱིད་པ་ཡོང་གི་མ་རེད་དམ། ཁོང་ནས་ཀྱང་བཀའ་བློན་ཁྲི་པའི་ཞབས་སྟེགས་འདི་ཐེངས་གཉིས་བསྟུད་མར་འཇུས་ཏེ་གྲུབ་འབྲས་དེ་ཙམ་མ་ཐོན་ཚེ་ལོ་རྒྱུས་ཀྱི་རི་མོ་མང་དུ་འགྲོ་རྒྱུ་ལས་གཞན་གང་ཡང་མི་འདུག་པས། སྔོན་ལ་དམིགས་བསལ་སྐུ་ཚབ་ཀྱི་ཞབས་སྟེགས་དེར་ལོ་ན་ཆུང་བ་ཞིག་རྙེད་ཀྱི་མི་འདུག་གམ་འཚོལ་དགོས་པ་དང་། དེ་རྗེས་བཀའ་བློན་ཁྲི་པའི་ཞབས་སྟེགས་ལ་གཟིགས་ཚེ་དངོས་གནས་ཆ་ཚང་པོ་ཞིག་མཐོང་གི་འདུག

    Reply
  13. སེང་ཆེན says:
    ལོ་ 16 སྔོན།

    འཇམདབྱངས་ལགས་བཀྲིས་བདེ་ལེགས

    Reply
  14. སོག་ཤོད་ལྷག་བསམ། says:
    ལོ་ 16 སྔོན།

    འཇམ་དབྱངས་བསྟན་འཛིན་ཤཱསྟྲིའལགས་ བཀྲ་ཤིས་བདེ་ལེགས། ༧གོང་ས་མཆོག་གིས་བཀའ་དགོངས་ལ་ཤར་སྤྱོད་བྱེད་མཁན་ད་ལྟའི་བོད་གཞུང་གི་ལོངས་ཕྱོགས་འཛིན་ཐུབ་མཁན་ཨ་རི་ཙོས་པའི་རྒྱལ་སྤྱིས་ཆེད་མཐོས་མི་སྣ་དག་ལ་རྒྱུས་མངའ་ཆེ་ཤོས་རྒྱ་རི་རིན་པོ་ཆེ་ཁོང་མཚམ་ཤོས་སུ་མཐོང་དེར་བརྟེན་རྒྱ་ཆ་རྒྱ་ཐམ་པ་རྒྱབ་སྐྱོར་ཡོད།།

    Reply
  15. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    རྒྱ་རི་རིན་པོ་ཆེ་མཆོག་ནི་ང་ཚོ་བཙན་བྱོལ་བོད་མིའི་ནང་ནས་ཤེས་ཡོན་དང་ཉམས་མྱོང། འཇོན་ཐང། མི་བབས་བཅས་ཕྱོགས་ཚང་མ་ནས་ཨ་ཡོད་ནང་གི་ད་ཡོད། སྒོང་ངའི་ནང་གི་སེར་རིལ་གྱི་གྲལ་ཞིག་རེད། དེ་ལ་ངས་མོས་མཐུན་ཡོད། ཁོང་བཀའ་ཁྲིར་ཕེབས་ནའང་འོས་འཚམས་རེད།
    ཕྱོགས་གཞན་ནས་བསམས་ན། ང་ཚོས་ཁོང་བཀའ་ཁྲིར་བསྐོས་ན་བོད་རྒྱའི་འབྲེལ་ལམ་ལ་གནོད་སྐྱོན་ཆགས་མ་ཡོང་ངམ་སྙམ། དེའི་རྒྱུ་མཚན་ནི། དང་པོ། ཁོང་བཀའ་ཁྲིར་བསྐོས་ཚེ། ཨ་རིར་བཅའ་སྡོད་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཁོང་འདྲ་བ་གཞན་ཞིག་གསོ་སྐྱོང་གིས་ལམ་སེང་བསྐོ་ཐུབ་དཀའ་བ་རེད། ཨ་རིའི་ནང་བོད་དོན་ཞུ་གཏུགས་དང་འབྲེལ་མཐུད། འཆར་འགོད་སོགས་ད་ལྟ་རིན་པོ་ཆེས་གནང་བཞིན་པ་ལྟ་བུ་ཞིག་མ་བྱུང་ཚེ། བོད་ཀྱི་གནད་དོན་དང་དཔལ་འབྱོར་སོགས་ཚང་མར་དོ་ཕོག་ཡོང་སྲིད་པ་རེད། གཉིས་པ། རྒྱ་རི་རིན་པོ་ཆེ་བཀའ་ཁྲིར་བསྐོས་ཚེ། བོད་རྒྱ་འབྲེལ་མོལ་བྱེད་མཁན་དུ་མི་གཞན་ཞིག་བསྐོ་དགོས་པ་ཆགས་ངེས་རེད། གང་ཡིན་ཟེར་ན། རྒྱ་ནག་གཞུང་གིས་བཙན་བྱོལ་བོད་གཞུང་ཁས་ལེན་བྱེད་ཀི་མེད་ཙང་། བཙན་བྱོལ་གཞུང་གི་བཀའ་བློན་ཁྲི་པ་དང་ཐད་ཀར་འབྲེལ་མོལ་བྱེད་ཀི་མ་རེད། མི་གཞན་ཞིག་བསྐོས་ན། རིན་པོ་ཆེ་ནང་བཞིན་གྱི་འཇོན་ཐང་ལྡན་པ་ཞིག་ཡོང་ཐུབ་བམ། འདི་ཚོ་ཡང་ང་ཚོའི་བསམ་བློའི་ཟུར་དུ་ཡོད་དགོས།

    ང་རང་གི་ལྟ་སྟངས་ལྟར་ན། བཀའ་བློན་ཁྲི་པ་དེ་གལ་ཆེན་ཡིན་པ་ཇི་བཞིན་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དེ་ཡང་ཧ་ཅང་གིས་གལ་ཆེན་རེད། ༸གོང་ས་མཆོག་གིས་ཡུན་རིང་ཐུགས་རེ་ཆེན་པོས་བརྒྱ་འདེམས་སྟོང་སྒྲུག་གིས་རྒྱ་རི་རིན་པོ་ཆེ་དམིགས་བསལ་སྐུ་ཚབ་ཏུ་གསོ་སྐྱོང་དང་བསྐོ་བཞག་གནང་བ་འདིར་གནད་འགག་ཆེན་པོ་ཡོད་རེས་སྙམ།

    Reply
  16. བསྟན་པ། says:
    ལོ་ 16 སྔོན།

    ཁོང་དངོས་གནས་བྱས་རྗེས་ཆེན་པོ་རེད་ཡིན་ནའང་བཀའ་ཁྲི་ཕེབས་རྒྱུ་མོས་མཐུན་མེད་ཞུ་རྒྱུ་ཡིན།
    གོང་གི་བདེ་བ་ཅན་ཟེར་བས་ཨ་རིའི་དམིགས་བསལ་སྐུ་ཚབ་ཀྱི་ཞབས་སྟེགས་འདི་རྦད་དེ་བདག་བཟུང་གནང་འདུག་པས་ཟེར་བ་སོགས་ནི་དངོས་ཡོད་མ་མཁྱེན་པའི་གནས་སྟངས་ཤིག་ཆགས་ཀྱི་མེད་འགྲོ། ང་ཚོ་བོད་ཀྱིས་བཤད་སྲོལ་ལ་ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད། ཟེར་འཇོན་མཁན་དང་ཤེས་མཁན་དེ་ལས་དྲགས་ཙམ་ཡོད་ན་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བསྐོ་རྐྱང་གནང་གི་རེད་ལ་གནང་ཡང་དགོས་ཀྱི་རེད།

    Reply
  17. ལི་ཐང་བཤད་སྒྲུབ says:
    ལོ་ 16 སྔོན།

    འཇམ་དབྱངས་ལགས་དངོས་གནས་མོས་ཐུས་ཡོད་་་ཁོང་ནི་ཤེས་འཇོན་ལྡན་ལ་ཕུག་བསམ་ཡོད་པ་ཡོད་པ་ཞིག་ཏེ་བོད་སྤྱིའི་གནས་བབ་ཐོག་ནས་བཤད་ན་ད་བར་ཕྱག་ལས་གནང་ནས་གྲུབ་འབྲས་ལྡན་པ་དེའི་མཁྱིན་ཐུབ་་།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese