མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀྲུང་གོའི་དྷ་རམ་ས་ལ། རྩོམ་སྒྲིག་པས།

བོད་ཀྱི་དུས་བབ།
༢༠༠༩/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༡༥༨ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

ལྷ་ས་དང་ངྷ་ས་གཉིས་ནི་བོད་མི་རིགས་ཀྱི་རྒྱལ་ས་གསར་རྙིང་གཉིས་ཡིན། རྒྱལ་ས་འདི་གཉིས་ཀྱི་གང་ཡིན་ཡང་དགོས་འདུན་གྱི་མཐོ་དམའ་ཙམ་མ་གཏོགས་ཀྲུང་གོའི་སྲིད་བྱུས་ཀྱི་ཐིག་རྩའི་ནང་ལ་འབབ་སྟངས་ནི་གཅིག་མཚུངས་ཡིན།

    ཉེ་ལམ་བྷི་བྷི་སི་ཡི་རྒྱ་ཡིག་སྡེ་ཚན་གྱིས་༧གོང་ས་མཆོག་ལ་བཅར་འདྲི་གནང་སྐབས་༧སྐུ་མདུན་གྱིས་བོད་དོན་ནི་རྒྱ་ནག་གི་ནང་སྲིད་ཡིན་ཞེས་གསུངས་ཚུལ་ཞིག་གསར་ལམ་ཁག་ཏུ་ཁྱབ། དེ་ལ་བརྟེན་ནས་འདྲོགས་ལངས་མཁན་ཡང་གང་འཚམ་བྱུང་། ༧གོང་ས་མཆོག་གིས་དེ་དེ་ལྟར་དུ་གསུངས་ཡོད་མེད་གང་ལྟར་ཡང་། བོད་དོན་ནི་རྒྱ་ནག་གི་ནང་སྲིད་ཡིན་ཞེས་པ་དང་། བོད་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་འདུག་གི་ཡིན་ཞེས་པ་གཉིས་ལ་ཁྱད་པར་ཆེན་པོ་ཨེ་ཡོད། མ་གཞི་ནང་སྲིད་ཅེས་པ་འདི་ལའང་ཕྱི་ཕྱོགས་ཀྱི་ཐེ་བྱུས་ཡོང་ཆོག་དང་མི་ཆོག་ནི་ད་ལྟ་རྩོད་གཞིའི་ངོ་བོར་གནས་ཡོད།

    ངའི་སེམས་ཁྲལ་ནི་ཀྲུང་གོའི་ངྷ་རམ་ས་ལ་ལྟ་བུའི་ས་གནས་ས་ཐོག་གི་གནས་སྟངས་ཁག་ཅིག་ཡིན། བར་ལམ་ཞིག་ནས། བཙན་བྱོལ་ནང་གི་ཤེས་ཡོན་པ་མང་པོ་ཞིག་གིས་བོད་དོན་སྐོར་གྱི་ཆབ་སྲིད་བཤད་གི་མིན། ཁོ་ཚོས་ཀྲུང་གོའི་སྲིད་བྱུས་ཀྱི་འོག་ནས་ཤེས་ཡོན་གྱི་ལས་འཆར་དག་སྒྲིག་གི་ཡོད་སྟབས། ཀྲུང་གོར་ངོ་རྒོལ་གྱི་གཏམ་བཤད་མི་གནང་ལ། ལས་འགུལ་ཡང་མི་སྤེལ་ཟེར། རྒྱ་ནག་གི་ཤེས་ཡོན་པ་དག་གིས་ཀྱང་། ཀྲུང་གོའི་ངྷ་རམ་ས་ལའི་གནས་སྟངས་ལ་རྒྱུས་ལོན་བྱེད་པར་རྒྱུན་ཏུ་ཡོང་གི་ཡོད་ལ། མ་འོངས་པའི་ཀྲུང་གོའི་མདུན་ལམ་ཆེད་ལས་གཞི་གལ་ཆེན་དག་འདིར་ཁྱེར་ཡོང་མཁན་ཡང་ཡོད།

    བཙན་བྱོལ་བོད་གཞུང་གིས་བོད་འདི་ཀྲུང་གོའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ལ་ཡོང་གི་ཡིན་ཞེས་ཨུ་ཚུགས་མཐར་སྐྱེལ་བྱས་ཏེ། གནམ་འོག་ན་ལམ་ཁ་འདི་ལས་ལམ་ཁ་གཞན་ནི་ཡོང་ཐབས་མེད་ཅེས་ཀྱང་སྨྲ། དེ་བས་སྟབས་ལེགས་ན་བོད་དོན་འདི་རྒྱ་ནག་གི་ནང་སྲིད་ལ་བསྒྱུར་རྒྱུ་དེའང་གལ་ཆེན་ཡིན་སྲིད།

    ང་ཚོའི་ན་གཞོན་ཚོའི་ཁ་དང་ཁུག་མའི་ནང་གི་ལོངས་སྤྱོད་ཕལ་ཆེ་བའང་རྒྱ་ནག་གི་སྐད་དང་གླུ་གཞས། ཅ་དངོས་སོགས་ཀྱིས་ཁེངས་ནས་ཡོང་གི་ཡོད། མེག་གྷན་གྱི་ཁྲོམ་ལམ་གཡས་གཡོན་དག་ཀྱང་རྒྱ་མིའི་ཅ་དངོས་ཀྱིས་ཁེངས་ཤིང་། འདི་དག་སྤྱོད་མཁན་ཡང་ངྷ་སར་གཉུག་མར་གནས་པའི་ཀྲུང་གོའི་བོད་པ་རྣམས་ཡིན།

    ཉེ་ཆར་རོགས་པ་ཞིག་གིས་བཤད་དོན། ཁོས་བཙན་བྱོལ་དུ་སྐྱེས་པའི་ཁྱིམ་མཚེས་གསར་བུ་གསར་མོ་འགའ་ལ་རྒྱ་ནག་གི་བྲོ་སྨན་ཧོ་ཀོ་སྤྱོད་སྟངས་བསླབས་པ་ཡིན་ལ། དེང་སྐབས་ཁོང་ཚོས་བྲོ་སྨན་དེར་དགའ་བོ་བྱེད་ཀྱིན་འདུག་ཟེར། འདི་ནི་ཁ་བསླུ་སྟངས་ཀྱི་གོ་དོན་གཞན་ཞིག་ཡིན་ཡང་སྲིད། ད་དུང་ངྷ་རམ་ས་ལའི་ཁྱིམ་ཚང་ཕལ་ཆེ་བས་ལྷ་ས་བརྙན་འཕྲིན་ཁང་ནང་གི་རྒྱ་ནག་གི་གློག་བརྙན་དག་ལ་ལྟ་གིན་ཡོད། ཞོར་ཏུ་བརྙན་འཕྲིན་དེའི་ནང་གི་བོད་ལྗོངས་གསར་པ་ཞེས་པའི་ལེ་ཚན་གཞན་པ་མང་པོ་ཞིག་གིས་ངྷ་སའི་མང་ཚོགས་ཀྱི་མིག་འཕྲོག་གིན་པའི་ཚོར་སྣང་ཡང་ཇེ་གསལ་ཡིན། དེར་བརྟེན། དུས་ཚོད་ཀྱི་སྔ་ཕྱི་ཙམ་མ་གཏོགས་ངྷ་ས་ནི་ནམ་ཡང་ཀྲུང་གོར་དབང་ཆོག་ཆོག་གི་གནས་སྟངས་ཤིག་གསལ་བོར་མངོན་འདུག་སྙམ།།

འབྲེལ་ཡོད་གསར་འགྱུར།

Front Slider

༧རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཐུགས་དགོངས་དང་དེའི་གལ་གནད་སྐོར་ལ་གླེང་མོལ།

༢༠༢༥/༠༧/༢༦
Mobile App

དྷ་ས་ཁུལ་གྱི་ཁང་རྙིང་དག་ལ་ཀ་བ་ཡོད་མེད་སོགས་ཞིབ་འཇུག་གནང་གལ་ཆེ་སྐོར་བརྗོད་སོང་།

༢༠༢༥/༠༧/༢༥
༧གོང་ས་མཆོག་ནས་ཟངས་དཀར་དུ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་སྩལ།༢༠༢༥།༠༧།༢༥ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

བོད་ནང་དུས་ལོག་བྱུང་སྐབས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱས་པར་ཧ་ཅང་ཕན་ཐོགས་བྱུང་ཞེས་གསུངས།

༢༠༢༥/༠༧/༢༥
དྲ་འབུས་སིམ་འཛུལ་བྱས་པའི་བོད་ཀྱི་ཐེབས་རྩའི་དྲ་རྒྱ།
Mobile App

གོ་སྟོན་སྐབས་མཉེན་ཆས་རྫུན་མ་བཟོས་ཏེ་བཙན་བྱོལ་བོད་མིར་འཇབ་རྒོལ་བྱས་ཡོད།

༢༠༢༥/༠༧/༢༥
Newcastle Lord Mayor Ross Kerridge and Chinese Consul General Wang Yu.
Mobile App

རྒྱ་ནག་གཞུང་ཚབ་པས་གནས་མཁར་གསར་གྱི་བོད་མི་དང་ཐའེ་ཝན་གྱི་མི་མང་ལ་རོགས་རམ་གནང་རྒྱུ་མེད་པའི་ངན་སྐུལ་བྱས།

༢༠༢༥/༠༧/༢༥
Mobile App

བོད་མི་མང་སྤྱི་འཐུས་ཁག་ཅིག་ཞུ་གཏུག་བྱས་པའི་གནད་དོན་ཐོག་གསར་འགོད་གསལ་བསྒྲགས་བྱས་སོང་།

༢༠༢༥/༠༧/༢༥

མཆན། 107

  1. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    ཁང་རྡོ་ལགས་ཀྱིས་ཆོས་སྲིད་གཉིས་གར་གསལ་བོར་འགྲེལ་བྱུང་དྲ་གྲོགས་ཚོར་ཕན་ཡོད་ཚོད་ཡིན། གནས་ཚང་གིས་བཤད་སྟངས་རྒྱུན་པར་འདི་རང་རེད་ཕལ་ཆེར་དམིགས་ཡུལ་གཞན་ཞིག་ཡོ་ཡིན་རྒྱུ་རེད། ཀླུ་མཁར་སྙིང་རྗེ་ཁོས་ཆབ་སྲིད་མ་ཤེས་པ་ལས་གཞན་མ་རེད།

    Reply
  2. གཡུ་དྲུག་དཀར། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ་ཆབ་སྲིད་ཀྱི་སྐད་ཆ་བཤད་དུས་རྟོག་བཏགས་དང་འཆར་ཡན་ནང་དུ་མ་བསྲེས་ན་བཟང་སྙམ། གོང་དུ་དུས་བབ་རྩོམ་སྒྲིག་པས་འཆར་ཡན་གྱིས་ཀུན་ནས་ཕྱུག་པའི་ལྷུག་རྩོམ་ཞིག་བཀོད་པར་ང་ཚོས་དོན་དངོས་ལ་བསམ་ནས་སྐད་ཆ་བཤད་ན་དེ་ནི་འོས་འཚམས་ཤིག་ཏུ་གཏན་ནས་མཐོང་གི་མི་འདུག <ཀྲུང་གོའི་རྡ་རམ་ས་ལ་>ཞེས་པ་དེ་ནི་རྩོམ་སྒྲིག་པའི་རྟོག་འཆར་ཞིག་ཡིན་པ་ལས་༧གོང་ས་མཆོག་དང་འབྲེལ་བ་ཅི་ཡང་མེད། འོན་ཀྱང་དེ་ལས་འཕྲོས་ཏེ་མི་ཁ་ཤས་ཤིག་གིས་༧གོང་ས་མཆོག་གིས་ནོར་འཁྲུལ་ཚབས་ཆེན་ཞིག་ཤོར་མདོག་ཤོད་ཀྱིན་པ་འདི་ནི་ཤིན་ཏུ་མ་འོས་པ་ཞིག་ཏུ་མཐོང་གི་འདུག གལ་སྲིད་BBCགསར་ཁང་གིས་༧གོང་ས་མཆོག་ལ་དྲི་བ་དྲིས་ལན་གནང་བར་བསམ་ཚུལ་བརྗོད་འདོད་ཡོད་ན་ཐོག་མར་༧གོང་ས་མཆོག་གིས་དྲི་བ་ཅི་ཞིག་ལ་དྲིས་ལན་ཅི་ཞིག་གསུངས་འདུག་གསལ་བོ་ཞིག་གཟིགས་རོགས། དེ་ཡང་དྲིས་ལན་དེ་མགོ་ནས་མཇུག་བར་གསལ་བོ་ཞིག་གཟིགས་རོགས། དེ་མིན་གཞན་གྱིས་བཤད་པའི་ཚིག་ཟུར་ལ་བརྟེན་ནས་ཅིག་ཡོད་ས་རེད་བསམ་ནས་འོད་ཚོད་དང་གཡམ་རྒྱུག་བྱས་ནས་སྤྱི་ཚོགས་ཟང་ཟིང་བཟོས་པས་ཁྱེད་ཚོར་ཕན་ཐོགས་ཅི་ཞིག་ཡོད་ཀི།

    Reply
  3. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    ཁང་གསར་རྡོ་རྗེ་ལགས། ཆབ་སྲིད་དང་བརྗོད་གཞིར་འབྲེལ་བ་ཡོད་པའི་བཀའ་མོལ་ག་རེ་གསུང་ཡ་ཡོད་ན་གསུངས་རོགས་གནང་། དེ་མིན་ཀླུ་མཁར་བྱམས་ཀྱི་ཅིག་ཅིག་མིག་མིག་འགྲིག་འདུག་དང་མི་འདུག་གསུངས་ན་ཁྱེད་རང་ཉིད་ཀྱི་རང་མཚན་སྟོན་པ་ཙམ་ལས་ཅི་ཡང་མེད་པ་རེད། གཞན། དྲ་གྲོགས་ཚོས་བགྲོ་གླེང་ཡག་པོ་གནང་གི་འདུག་པས་ཐུགས་རྗེ་ཆེ་ཞུ་སྙིང་འདོད་བྱུང་། དམིགས་བསལ་ངའི་གྲོགས་པོ་གནས་ཚང་ཡང་ཕེབས་འདུག་པས་དགའ་བོ་བྱུང་། ལྷ་རབ་བྱུང་ན་སྐུ་ངོ་ཐུབ་བསམ་གྱིས་དབྱིན་སྐད་ནང་གི་ཚིག་ཁ་ཤས་དེ་བོད་བསྒྱུར་གནང་ཐུབ་ན་དྲ་གྲོགས་མང་པོ་ཞིག་དང་། དམིགས་བསལ་ངའི་གྲོགས་གནས་ཚང་གི་དོགས་གཞི་སངས་ཀྱི་རེད་བསམ་གི ད་འགྲོ་རན་སོང་། མགྱོགས་པོ་ཡོང་གི་ཡིན།

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ཧ་ཧ་ད་ནི་དངོས་ནས་ཆབ་སྲིད་མཁས་དབང་དུ་རློམ་མཁན་ཞིག་གིས་རང་གི་༧དབུ་ཁྲིད་ཀྱིས་གསར་འགོད་པའི་དྲི་བ་དྲི་ལན་སྐབས་སུ་ག་རེ་གསུང་ཡོད་མེད་ལ་དེ་ལ་ཡང་གསལ་བོ་ཞིག་ཉན་མེད་པ་འདྲ། དེ་ཉན་ཡོད་ན་༧གོང་ས་མཆོག་གིས་བོད་འདི་རྒྱ་ནག་གི་ནང་སྲིད་རེད་ཅེས་གསུང་ཡོད་མེད་ཤེས་ངེས་ཡིན་ལ་གོ་སྐབས་གང་ཡོད་ལ་༧གོང་ས་མཆོག་གི་སྔ་གཞུག་བར་གསུམ་གྱི་བོད་ལ་གནང་བའི་འདས་མ་ད་གསུམ་གྱི་སྐུ་དྲིན་མ་ཤེས་ཀྱང་། སྐབས་འདི་འདྲ་ཞིག་ལ་བོད་ཀྱི་ཆབ་སྲིད་པར་རློམ་མཁན་ཁྱེད་ཅག་གི་སྐད་ཆ་ནི་དངོས་ནས་བོད་མིའི་སྐྱིད་སྡུག་ལ་འགན་ལེན་ཡོད་པའི་སྐད་ཆ་ཡིན་ཚོད་མི་འདུག་ལགས།

    Reply
  5. བསེ་རུ། says:
    ལོ་ 16 སྔོན།

    སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་རྩོམ་སྒྲིག་པའི་མཐོང་སྣང་ཞིག་རྟོག་བཟོའི་ཚུལ་གྱིས་སྨྲས་ཆོག་པ་ཞིག་ཡིན་ཀྱང་། འདིར་ཀྲུང་གོའི་དྷ་རམ་ས་ལ་ཞེས་སྨྲས་ཚེ། འདི་ནི་ཆབ་སྲིད་ཀྱི་ཐོག་ནས་བཤད་ན། རྒྱ་གར་གཞུང་གིས་དེ་ལྟའི་གནས་ཚུལ་བྲིས་པ་དེ་ཇི་བཞིན་རྟོགས་ཚེ། བོད་ཀྱི་དུས་བབ་ཙམ་མ་ཟད་བོད་མིའི་གསར་འགྱུར་བརྒྱུད་ལམ་གཞན་ཁག་ལ་ཡང་འགོག་རྐྱེན་འཕྲད་སྲིད་པ་མ་ཟད། ད་ལྟའི་ཆར་འདི་ལྟར་སྨྲས་ན་བཙན་བྱོལ་གྱི་གནས་བབ་འདིའི་ཐོག་ལ་མནོ་བསམ་བཏང་སྟེ། གནས་ཡུལ་གནས་ཚང་ལ་དོགས་མི་བདེའི་འདྲོགས་འགོ་བསླངས་ན། ང་ཚོར་ཐོབ་པ་ནི་གྱོང་གུན་གྱི་འགྲམ་ལྕག་མ་གཏོགས་ལྷག་གི་མ་རེད་སྙམ།
    དོན་དམ་དུ་ཀྲུང་གོའི་དྷ་རམ་ས་ལ་ཞིག་ཏུ་ངོས་འཛིན་དགོས་ན། དེ་ནི་རྒྱ་དཀར་ནག་གཉིས་ཀྱིས་ཐུན་མོང་ཐོག་ཐག་གཅོད་དགོས་པ་ཞིག་ལས། ང་ཚོ་བོད་པས་དེ་ལྟའི་རྙོག་གླེང་དེ་པང་དུ་ལེན་དགོས་དོན་མ་མཆིས།

    དེ་ནི་ཉེན་ཁའི་རང་བཞིན་ཞིག་ཏུ་མཐོང་བས་འདིར་གླེང་བ་ཡིན་ནོ།།

    དྲ་གྲོགས་ཚོས་བསམ་ན་དེ་ལྟར་ཨེ་རེད།

    Reply
  6. གནས་ཚང་། says:
    ལོ་ 16 སྔོན།

    ཡ་ཡ། སྐུ་ངོ་ཞལ་ལག་མཆོད་དུ་ཕེབས་རོགས། ང་ཡང་པཱ་ལེ་བཟོ་རུ་འགྲོ་དགོས། སྐད་ཆ་ཡོད་ན་ཕྲིས་ཞོག སང་ཉིན་མཚན་མོ་ལན་རྒྱག་ངེས།

    Reply
  7. གནས་ཚང་། says:
    ལོ་ 16 སྔོན།

    སྐུ་ངོ་ཁང་གསར་ལགས།

    ༼བཙན་འཛུལ༽ཞེས་པའི་ཐ་སྙད་འདི་རྒྱལ་སྤྱིའི་ཁྲིམས་ཡིག་སྒང་གི་ཐ་སྙད་གལ་ཆེན་ཞིག་ཡིན། དེ་ནི་བདག་དབང་ཡོད་པའི་རྒྱལ་ཁབ་ཅིག་གིས་བདག་དབང་ཡོད་མཁན་རྒྱལ་ཁབ་གཞན་ཞིག་ལ་ཕར་རྒོལ་བྱས་པ་སྟོན་གྱི་ཡོད། འོན་ཀྱང་། དེང་བོད་འདི་བཞིན་དེ་འདྲ་ཞིག་ནས༼ནང་སྲིད༽ལ་འགྱུར་ཚར་དུས། བཙན་འཛུལ་ག་དུས་ཀྱང་སྦྱོར་ཐུབ་ཀྱི་མ་རེད། དེ་འདྲ་ཞིག་མ་རེད་དམ།

    Reply
  8. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    ངས་གནས་ཚང་ལ་ལན་གཅིག་བརྗོད་རྒྱུ་ལུས་འདུག ༡༽ མཉམ་སྦྲེལ་རྒྱལ་ཚོགས་ནང་གྲོས་ཆོད་འདི་འཇོག་པའི་ཆེད་དུ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་གནང་མཁན་དེ་༸གོང་ས་མཆོག་རེད། སྐབས་དེར་ནེ་རུས་བཀག་ནའང་མ་གསན་པར་ཞུ་སྐུལ་གནང་བ་རེད། འདི་བོད་དོན་མི་རབས་རྗེས་མར་རྩིས་སྤྲོད་པའི་གཞི་རྩ་བརྟན་པོ་ཞིག་བཏིང་བ་རེད། ༢༽ ༸གོང་ས་མཆོག་གིས་བོད་འདི་ལོ་རྒྱུས་ཐོག་ནས་རྒྱ་ཁོངས་ཡིན་པ་ཞལ་བཞེས་ནམ་ཡང་གནང་མེད། འདི་ཡང་བོད་དོན་མི་རབས་རྗེས་མར་རྩིས་སྤྲོད་ཀྱི་གཞི་རྩ་འགངས་ཆེན་ཞིག་ཡིན།

    བླ་མའི་མཛད་པ་དང་སྲིད་བྱུས་ལ་བལྟ་གི་ཡིན་ན་སྔོན་རྗེས་བར་གསུམ་ཀའི་གོ་རིམ་ཆ་ཚང་གུང་བསྒྲིགས་ནས་བསམས་ཐུབ་ན་ཕན་ཐོགས་ཡོད།

    ཞར་བྱུང་། བཙན་འཛུལ་བྱས་ཚེ། བཙན་འཛུལ་བྱ་ཡུལ་དེ་ངེས་པར་རང་བཙན་རྒྱལ་ཁབ་ཅིག་ཡིན་དགོས་པའི་ཁྱབ་པ་ཡོད་པ་ཁྲིམས་དང་གཞུང་ལུགས་གང་ན་བཀོད་འདུག

    ཡ། ད་རྒས་པོ་ང་དགོང་ཟས་ཟ་བར་དངོས་གནས་འགྲོ་གི་ཡིན་ཏ།

    Reply
  9. གནས་ཚང་། says:
    ལོ་ 16 སྔོན།

    གོང་གསལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་ཐོག་བཞག་པའི་གྲོས་ཆོད༼བཙན་འཛུལ༽ལ་དོ་སྣང་ཤུགས་ཆེན་ནས་༼འགྲོ་བ་མིའི་ཐོབ་ཐང་གནད་དོན༽ཡིན་པ་ངོས་ལེན། ༼རང་ཐག་རང་གཅོད༽ཀྱི་ཐོབ་ཐང་མངོན་འགྱུར་བྱེད་འོས་ཁོངས་སུ་ཚུད་པ་བཅས་རེད། དེ་བས། རྐང་རྗེས་ལག་བསུབ་མི་བྱེད་རྒྱུ་ཚང་མས་འགན་མིན་ནམ།

    Reply
  10. ཀླུ་མཁར་བྱམས། says:
    ལོ་ 16 སྔོན།

    ཁང་གསར་ལགས། སྐབས་དེ་དུས་བོད་རང་བཙན་བཤད་ཀྱིན་པ་མ་གཏོགས་དབུ་མའི་ལམ་བཤད་ཀྱིན་མེད་པ་ཁྱོས་ལོས་ཤེས། བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྲོད་དགོས་ཞེས་པ་དེའང་སྐབས་དེའི་བོད་མི་ཚོའི་རང་བཙན་གྱི་ཞུ་སྐུལ་དེ་ལ་བརྟེན་ནས་བྱུང་བ་རེད་པཱ།
    གཞན་ངའི་ལྟོ་རྒྱབ་སྐོར་ནས་བཤད་ན། ང་ནང་བཞིན་གྱི་བཙོན་ཟུར་ཚོར་བོད་གཞུང་འཕྲོད་བསྟེན་ལས་ཁུངས་བརྒྱུད་ནས་འཚོ་སྣོན་ཞིག་རག་གིན་ཡོད་པ་བདེན། ངས་ད་དུང་མུ་མཐུད་ལེན་གི་ཡོད་ལ། དེས་ང་ལ་ཕན་ཐོགས་ཀྱང་མ་ཐོགས་ཀྱང་དེ་ནི་ངས་ཐོབ་ཐང་རང་ལ་ངོས་འཛིན་ལེན་གི་ཡོད། གལ་སྲིད་འདི་ཁྱོའི་མིག་ལ་ཟུག་གིན་འདུག་ན་ངས་མཚམས་བཞག་ཆོག སྡེ་ཁྱོད་ལྟོ་གོས་སྒང་ལ་གྲུང་པོ་ཡོད་ས་རེད། དེས་ན་ང་ཚོ་ཉམ་ཐག་ཚོ་མ་བརྗེད་རོགས། གཞན་ད་ནས་བཟུང་སྟེ་ཁྱོའི་ཁ་དང་ངའི་སྣ་རྩོད་རྒྱུ་འདི་དྲ་ལམ་ལ་ལན་པོ་མེད་ཙང་བཞག་ན་ཡག་གི་འདོད། ཡིན་ཡང་། མུ་མཐུད་གླེང་འདོད་ཆེ་ན་ཁྱོད་ཀྱིས་གླེང་རོགས། ད་དུང་ངའི་འཚོ་བའི་གོ་རིམ་ལ་ཞིབ་འཇུག་མང་ཙམ་བྱེད་རོགས། ང་ལ་དེར་དགའ་བསུ་མ་གཏོགས་མེད།

    Reply
  11. གནས་ཚང་། says:
    ལོ་ 16 སྔོན།

    ངས་ཡིག་ཆ་ཁ་ཤས་ཉར་ཡོད། ཚང་མས་གཟིགས་རོགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ནང༼བཙན་འཛུལ༽ཞེས་པའི་མིང་ཚིག་བཀོལ་འདུག དེ་ནི་རང་བཙན་ཡིན་པ་སྟོན་བཞིན་པའི་ཁར། སླར་གསོ་བྱེད་ཆོག་པའང་མཚོན་གྱི་ཡོད། ཡིག་ཆ་ཁག་འདི་ལྟར།
    ༡ 1959年12月20日关于西藏问题的第1353号决议,关注到在西藏继续发生的严重 侵略事件…大会最终以43票赞成,26票反对,22票弃权第一次通过了联合国关于“西藏问题的决议
    ༢ 1960年9月4日,达赖喇嘛向第16届联合国提出谴责《17条协议》的提案,并明确提出此提案要建立在“批判共产党中国侵犯人权”问题上,而不是建立在“侵略”问题上面,如此“联合国关于人权渠道予以承认”。(FRUS,1958-1960,XIX,Tibet,U.S.Response to the Rebellion in Tibet,Telegram from the Embassy in India to the Department of State;Memorandu m of Conversation (Appeal of the Dalai Lama to the United Nations),pp.777-778,p.780.)

    ༣ 1965年12月10日,在第20届联合国第三次通过有关西藏的决议,决议中都把西藏列入自决权范围。投票结果,43个国家支持,25个国家反对,26个国家弃权,24个国家缺席。印度投票支持西藏。当时西藏政府依然派出嘉络顿珠和萨德仁钦为代表前往。总之,以上联合国大会上前后三次通过的“西藏问题决议”是在英美为首的西方国家继承英国对藏政策,中国对西藏只拥有“宗主权”理论的基础上形成的。这个政策现今没有任何改变。

    Reply
  12. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    ཡ། ད་སྐད་ཆ་གསར་པ་བཤད་རྒྱུ་མེད་ན། རྒད་པོ་ང་དགོང་ཟས་ཟ་བར་འགྲོ་གི་ཡིན། དོ་དགོང་ཡང་བསྐྱར་དྲྭ་ཁང་ལ་སླེབས་དཀའ། གནམ་གཤིས་ལེགས་ཚེ་སང་ཉིན་ང་བསྐྱར་དུ་ཡོང་གི་ཡིན། དེ་བར་ཚང་མ་བདེ་མོ།

    Reply
  13. ཀླུ་མཁར་བྱམས། says:
    ལོ་ 16 སྔོན།

    གཡུ་དྲུག་དཀར་ཁྱོད། བརྗོད་གཞིའི་ཐོག་ལ་འབབ་ཀྱིན་འདུག ༼རྡ་སའི་སྣོད་བཅུད་གཉིས་ཀ་རྒྱ་གར་ཅན་རེད་དམ༽ ཟེར་བ་འདིར་ང་ཚོས་ཅིས་ཀྱང་བསམ་བློ་གཏོང་དགོས་འདུག དྲང་མོར་བཤད་ན། འདི་ནས་བོད་པ་རྒྱ་གར་ཅན་ལ་ཕར་འགྱུར་རྒྱུར་དེ་ཙམ་ཧུར་བརྩོན་བྱེད་ཀྱིན་མེད་ལ། རྒྱ་གར་ང་ཚོར་ཚུར་འགྱུར་རྒྱུ་ཡང་ཧ་ཅང་ཁག་པོ་རེད། དཔེར་ན། རྡ་སར་རྒྱ་གར་ཡུལ་མི་དང་ང་ཚོ་མཉམ་གནས་བྱས་ནས་ལོ་ ༥༠ ཕྱིན་པའི་རིང་འདིར་རྒྱ་གར་བ་དང་བོད་པའི་བར་གཉེན་སྒྲིག་བྱེད་མཁན་གྱི་མི་ཚང་གཅིག་གཉིས་ཙམ་ལས་བྱུང་མེད། འདི་ཙམ་གྱིས་ཀྱང་གནད་དོན་ཁག་ཅིག་གསལ་བཤད་བྱེད་ཐུབ་ལ། མ་གཞི་ལོ་འདི་འགའི་རིང་བོད་པའི་དཔལ་འབྱོར་གནས་སྟངས་ཅུང་ཡར་རྒྱས་སུ་ཕྱིན་པ་དང་ཆབས་ཅིག་རྒྱ་གར་ཡུལ་མི་བོད་པའི་སར་ལས་ཀ་བྱེད་མཁན་མང་ཙམ་ཡོང་གི་ཡོད་མོད། མི་རིགས་འདི་གཉིས་བར་སེམས་ཐག་ཉེ་བའི་འབྲེལ་ལམ་ཞིག་ད་དུང་བྱུང་ཐུབ་ཀྱིན་མེད་པ་གསལ་བོ་རེད། ཡིན་ཡང་། བོད་རིགས་ཚོ་རྒྱ་གར་ནས་འཚར་ལོངས་བྱུང་བ་རྣམས་ལ་མཚོན་ན་རྒྱ་གར་གྱི་གློག་བརྙན་ལྟ་རྒྱུར་དགའ་བ་དང་། གཞས་ཞབས་བྲོ་ལ་སྤྲོ་བ་ཡོད་མཁན་མང་མོད། འདི་ནི་ང་ཚོ་ཕར་འགྱུར་བཞིན་པའི་རྣམ་པ་ཞིག་ལས་རྒྱ་གར་བ་བོད་ཀྱི་ངོ་བོར་ཚུར་འགྱུར་ཡོང་གི་ཡོད་པའི་རྣམ་པ་གང་ཡང་མིན། དེ་བཞིན་ང་ལ་མཚོན་ནའང་ས་ཆ་འདིར་འདུག་ཡུན་རིང་དྲགས་པའི་སྟབས་ཀྱིས་འབྲས་ལྡ་ལི་ལ་གོམས་བསྡད་ཡོད་མོད། ད་དུང་རྒྱ་གར་སྐད་ཀྱང་རང་མགོ་ཐོན་པ་ཞིག་རྒྱག་ཤེས་གི་མེད། འདི་ལྟར་བསམ་ན་བོད་པ་རྒྱ་གར་ཅན་ལ་འགྱུར་གི་འདུག་ཅེས་པ་འདིར་ཁྱེད་ལ་ལན་ཟུར་ཙམ་རག་རྒྱུའི་རེ་བ་ཡོད།

    Reply
  14. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    བོད་རང་བཙན་ལ་རྒྱབ་སྐྱོར་བྱས་པ་ཡིན་ཞེས་ག་པར་བྲིས་འདུག

    Reply
  15. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    བོད་ལ་ཐོབ་པའི་རྒྱབ་སྐྱོར་འདི་ཚོ་མིས་མ་འཇོན་པར་ལམ་ལུགས་རང་གིས་བྱུང་བ་རེད་ཟེར་ན། ཡུ་གུར་མི་རིགས་ཚོས་བོད་མིས་མྱངས་པ་དེ་ག་ང་ཚོས་མྱངས་ཀྱང་རྒྱབ་སྐྱོར་བོད་ནང་བཞིན་རག་གི་མི་འདུག་ཟེར་དོན་ཅི་རེད། དེ་ལ་སོམ་དང་ཤེས།

    ཁྱོད་ཀྱི་ལྟོ་གོས་འདི་མ་རག་གོང་ནས་ཁ་སྤོབས་བཤད་པ་ཡིན་ཨེ། བལ་ཡུལ་སྣེ་ལེན་ཁང་ལ་སླེབས་པ་ནས་བཟུང་ཁྱོད་ལ་ལྟོ་གོས་དེ་རག་མ་བྱུང་ངམ། བདེ་སྲུང་བོད་གནས་ཉམས་ཞིབ་ཁང་དུ་ཁྱོད་བོད་གཞུང་གི་ལྟ་སྐྱོང་འོག་ལ་བསྡད་མེད་དམ། དེ་ནས་ཐོན་ཁ་དེར་གཞི་ནས་ཁ་སྤོབས་བཤད་སོང་མ་གཏོགས་དེའི་སྔོན་དུ་གང་ན་བཤད་ཡོད། སྟོན་དང་།

    དེ་ནས་ཁྱོད་ཀྱིས་༼ང་ཚོས་རང་བཙན་རྩོད་བཞིན་པའི་ཁ་ཐུག་དེར་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཨར་ལིན་ཌི་དང་མ་ལ་ཡ་རྒྱབ་ཁབ་གཉིས་ནས་བོད་དོན་རྒྱལ་ཚོགས་སུ་ཞུ་སྐུལ་བྱས་ཤིང་། དེར་ངོ་རྒོལ་བྱེད་མཁན་རྒྱལ་ཁབ་ ༩ དང་བར་གནས་ ༢༦། རྒྱབ་སྐྱོར་བྱེད་མཁན་ ༤༦ ཡོད་པ་རེད། འདི་དག་གི་གནས་སྟངས་འགྲེལ་བཤད་ཇི་ལྟར་རྒྱག་རྩིས་ཡོད།༽ཅེས་བཤད་འདུག ཁོ་རེ་གྲོས་ཆོད་དེར་ཡག་པོ་ལྟོས། གྲོས་ཆོད་དེའི་ནང་བོད་རང་བཙན་ལ་རྒྱབ་སྐྱོར་བྱས་པ་ཡིན་ཞེས་པ་པར་བྲིས་འདུག

    Reply
  16. གནས་ཚང་། says:
    ལོ་ 16 སྔོན།

    སྐུ་ངོ་ཁང་གསར་ལགས། ཁྱོད་རང་ནོར་སོང་། ལན་ཡོད་མེད་ཀྱི་གནད་དོན་ཞིག་མ་རེད། གཙོ་བོ་རྩོད་གཞི་ལ་དགོས་བ་ཡོད་མེད་རེད། དེ་རིང་གི་བརྗོད་གཞི་འདིར་ང་རང་གིས་དགོས་བ་ཅན་ཞིག་ལ་མཐོང་གི་ཡོད། དྲང་མོར་ལབ་ན། བོད་དོན་འགྲུབ་ཀྱི་ཡོད་ན་ཐབས་ལམ་འདྲ་མིན་འགྲིག་གི་ཡོད་པ་རེད། འོན་ཀྱང་། བོད་དོན་འགྲུབ་མི་ཐུབ་པ་དང་ཆ་ཚང་ཁ་ནས་ཤོར་ཚར་བ་ནི་མི་རབས་རྗེས་མར་རྩིས་སྤྲོད་བྱེད་སྟངས་ཤིག་རྩ་བ་ནས་མ་རེད། ངས་བཤད་ཀྱིན་པ་འདི་ཡིན། བརྗོད་གཞི་དངོས་ཀྱི་སྒང་ལ་བསམ་ཚུལ་བཤད་རོགས།

    Reply
  17. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    བོད་གཞུང་འཚོ་གཟིགས་ཀྱི་གཞུང་ཡིན་ན། འཚོ་གཟིགས་ལ་འཚོ་གཟིགས་ཀྱིས་སྡིགས་དམོད་བྱེད་མཁན་དེ་ཀླུ་མཁར་བྱམས་རེད་མ་གཏོགས་བོད་གཞུང་མ་རེད་ལ་ང་ཡང་མ་རེད། གང་ཡིན་ཟེར་ན། ང་དཔལ་འབྱོར་ཐོག་རང་མགོ་ཐོན་པའི་མི་ཞིག་ཡིན་ལ། བོད་གཞུང་གིས་ཀླུ་མཁར་བྱམས་ལ་སྡིགས་མེད། རྒྱ་གཞུང་ལ་ཐད་ཀར་མགོ་འདོགས་བྱས་ཡོད་མེད་སྔོན་མ་ངེད་གཉིས་རྩོད་པ་བརྒྱབ་མཐར་ཁྱེད་རང་གིས་ལན་མེད་པར་བསྡད་སོང་། ད་ཡང་བསྐྱར་གླེང་ནས་ཅི་བྱེད།

    Reply
  18. ཀླུ་མཁར་བྱམས། says:
    ལོ་ 16 སྔོན།

    རྒད་པོ་ཁང་གསར་ལགས། དེ་རིང་གི་འཛམ་གླིང་འདིར་མི་བསད་པ་དང་། རང་བྱུང་གི་གོད་ཆག་བྱུང་བ། ནད་ཡམས་ཚབས་ཆེན་བྱུང་བ་སོགས་ལ་ཚང་མས་གཅིག་ཕན་གཅིག་གྲོགས་ཀྱི་རོགས་སྐྱོར་བྱེད་བཞིན་པ་སྤྱི་སྲོལ་རེད་མ་གཏོགས། བོད་ལ་དམིགས་བསལ་ཅང་མ་རེད། རང་བཙན་བརྩད་ན་འདྲ། མ་བརྩད་ན་འདྲ། རྒྱ་དམར་གཞུང་གིས་བོད་ནང་ཡ་ང་སྙིང་རྗེ་མེད་པར་དྲག་གནོན་བྱས་པ་ཡིན་ན་སྐབས་དེར་སྲིད་གཞུང་སུ་ཡིན་ཡང་ཁ་བཙུམས་ནས་སྡོད་ཤེས་རྒྱུ་མ་རེད། རྒྱུ་མཚན་ནི་རྒྱལ་ཁབ་མང་ཆེ་བའི་རྩ་ཁྲིམས་ནང་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་བྱ་དགོས་པའི་ཆ་རྐྱེན་ཡོད་བསྡད་པ་རྐྱང་རེད། སོང་ཙང་འདི་ཚང་མ་མི་སྣ་ག་གེ་མོ་དང་ལམ་ལུགས་ག་གེ་མོ་ཞིག་གིས་འཇོན་བཞག་པ་རེད་ལབ་ན་དེ་ནི་དྲང་བདེན་གྱི་སྐད་ཆ་མ་རེད། གཞན་བོད་གཞུང་བཙུགས་པ་དང་གནས་པ་འདི་དྲུག་ཅུ་རེ་གྲངས་ནས་བྱུང་ཞིང་། དེ་དུས་བོད་གཞུང་དང་༧གོང་ས་མཆོག་གི་བཞེངས་ཕྱོགས་རང་བཙན་ཡིན་པ་རྒྱ་གར་གཞུང་གིས་ཀྱང་ཤེས་གསལ་རེད། མང་པོ་བཤད་ནས་ཆོ་མི་འདུག ད་ཆ་བོད་དོན་ཐོག་ཡོད་བསྡད་པའི་རོགས་སྐྱོར་འདི་ཚོའང་སྔོན་བོད་གཞུང་གི་ལངས་ཕྱོགས་ལམ་དབུ་མར་མ་འགྱུར་སྔོན་ནས་ཡོད་བསྡད་པ་དང་། མགོ་བཙུགས་བཞག་པ་རྐྱང་ཡིན་པ་སྐབས་དེའི་ཡིག་ཆ་ཁག་བསྔོག་དང་ཤེས་ནི་རེད། གཞན་བོད་གཞིས་བྱེས་ཀྱི་འགྲོ་འོང་དང་སྐད་ཡིག་ཡར་རྒྱས་སོང་མིན་ཡང་བོད་གཞུང་གི་ལངས་ཕྱོགས་རང་བཙན་དོར་བ་ནས་བྱུང་འདུག་ཟེར་ན། ང་དེར་མི་འཐད། དཔེར་ན། བོད་གཞིས་བྱེས་བར་གྱི་འགྲོ་འོང་དང་རྒྱ་ནག་ཐའེ་ཝན་དང་སྐམ་སའི་བར་གྱི་འགྲོ་འོང་ཡང་བརྒྱད་ཅུ་གྱ་གྲངས་ནས་མགོ་བཙུགས་ཡོད་ལ། རྒྱ་ནག་དང་ཕྱི་སྡོད་རྒྱ་རིགས་བར་གྱི་འགྲོ་འོང་ཡང་དེ་དག་དང་གཅིག་མཚུངས་རེད། ཁྱོད་ཚོས་འདི་དག་ཚང་མ་མཚུངས་བསྡུར་རེ་བྱ་རྒྱུར་ངས་རེ་བ་རྒྱག་གི་ཡོད།

    ད་དུང་བཤད་རྒྱུར། ང་ཚོས་རང་བཙན་རྩོད་བཞིན་པའི་ཁ་ཐུག་དེར་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཨར་ལིན་ཌི་དང་མ་ལ་ཡ་རྒྱབ་ཁབ་གཉིས་ནས་བོད་དོན་རྒྱལ་ཚོགས་སུ་ཞུ་སྐུལ་བྱས་ཤིང་། དེར་ངོ་རྒོལ་བྱེད་མཁན་རྒྱལ་ཁབ་ ༩ དང་བར་གནས་ ༢༦། རྒྱབ་སྐྱོར་བྱེད་མཁན་ ༤༦ ཡོད་པ་རེད། འདི་དག་གི་གནས་སྟངས་འགྲེལ་བཤད་ཇི་ལྟར་རྒྱག་རྩིས་ཡོད།

    གཞན་ངའི་ལྟོ་དོད་ཀྱི་སྐོར་ནས་ཁྱོས་ཅིག་བཤད་འདུག་མོད། ལྟོ་གོས་དེ་དག་མ་རག་པའི་གོང་ནས་ངས་ནི་ད་ལྟའི་ཁ་སྤོབས་འདི་རི་ཡུལ་གཉིས་ཀ་ནས་བཤད་བསྡད་ཡོད། དེ་ལ་མ་དགའ་བ་བྱེད་ཀྱིན་ཡོད་ན་ང་ལ་ཐབས་ཤེས་འདྲ་མེད།

    Reply
  19. གནས་ཚང་། says:
    ལོ་ 16 སྔོན།

    ད་ལྟ་བོད་ལ་བསྐྱལ་ཞེས་པའི་ཐ་སྙད་ཅིག་འབབ་ཀྱི་ཡོད་ན། བསྐྱལ་ཚར་བ་རེད། དེ་ལ་རྩོད་པ་བྱེད་དགོས་མིའ་འདུག གཞན་དེ་འཚོ་གཟིགས་ཤིག་གིས་འཚོ་གཟིགས་ལ་སྡིགས་དམོད་མ་བྱེད། བོད་གཞུང་ཡང་འཛམ་གླིང་གི་འཚོ་གཟིགས་རེད་ལ། དེའང༼བོད༽ཅེས་པའི་རླབས་ཆེན་གྱི་ཐ་སྙད་འདིས་སྐུ་དྲིན་ཡིན། ཡིན་ནའང་། ༼མང་གཙོ༽ཙམ་གྱི་དགོས་འདུན་ཡང་གཡུགས་ནས་རྒྱ་གཞུང་ལ་ཐད་ཀར་མགོ་འདོགས་ཞུ་བཞིན་པ་ནི་མི་སྒེར་བ་ལས་ཀྱང་ཞབས་འདྲེན་མ་ཡིན་ནམ།

    Reply
  20. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    བསྔོ་བ་དང་སྨོན་ལམ་གཉིས་ཐ་དད་རེད། སྨོན་ལམ་ནི་འབྱུང་འགྱུར་གྱི་དོན་ཞིག་ལ་སྙིང་ཁོངས་རུས་གཏིང་ནས་འདོན་པ་ལས། འདས་ཚར་བའི་དོན་ཞིག་ལ་སྨོན་ལམ་འདེབས་པ་ཡེ་ནས་མེད། ཁྱེད་རང་བསྔོ་བ་དང་སྨོན་ལམ་གྱི་ཁྱད་པར་ལ་རྨོངས་འདུག ༸གོང་ས་མཆོག་ཐམས་ཅད་མཁྱེན་པ་ཡིན་རྟགས་སུ་འདི་ལ་བདེན་ཚིག་སྨོན་ལམ་ཞེས་གསུངས་འདུག བདེན་པའི་ཚིག་ནི་དུས་གསུམ་ཀར་འགྱུར་བ་མེད་པར་གོ་བ་རེད། དགོངས་དག ད་ངས་དགེ་རྒན་ལྟ་བུ་ཞིག་བྱས་ཏེ་དཔེ་ཁྲིད་བྱེད་པར་ཐལ་སོང་།

    Reply
  21. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    ཨ་རོགས། ང་འཚོ་གཟིགས་ལེན་མཁན་ཡིན་མིན་དེ་གཙོ་བོ་མ་རེད། ཀླུ་མཁར་བྱམས་ལྟ་བུར་མཚོན་ན། རང་མགོ་མ་ཐོན་པར་བོད་གཞུང་གི་འཚོ་གཟིགས་ཀྱི་དངུལ་ལེན་བཞིན་དུ་བོད་གཞུང་དང་༸གོང་ས་མཆོག་ལ་ཁ་རྡུང་འདྲ་གཏོང་གི་ཡོད་པ་འདི་ཁ་ཕོར་ནང་དུ་སྐྱག་པ་བཏང་ཟེར་བ་དེ་རེད། འདི་ཚོའི་བྱེད་སྟངས་རྒྱལ་ཞེན་རེད་དམ། འདི་ཚོ་རང་བཙན་ལེན་མཁན་རེད་རང་བཙན་བསྐྱལ་མཁན་རེད། བསམས་ན་ཤེས།

    Reply
  22. གནས་ཚང་། says:
    ལོ་ 16 སྔོན།

    ༼ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།།
    ལྷུན་གྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ།།
    སྤྱོད་པའི་སྐལ་བཟང་མྱུར་བ་ཉིད་དུ་སྩོལ།།༽ འདི་དག་ཤི་ཟིན་པའི་བསྔོ་སྨིན་ཙམ་རེད་ལ། བསྔོ་སྨོན་ནི་ག་དུས་ཀྱང་ཤི་ཟིན་པར་རྗེས་དྲན་ཙམ་མ་ཡིན་ནམ།

    Reply
  23. གནས་ཚང་། says:
    ལོ་ 16 སྔོན།

    རེད་ཡ། གཞུང་འཚོ་གཟིགས་ཤིག་ལ་མི་འཚོ་གཟིགས་ཡོད་ཆོག་གི་རེད་ལ། སྐུ་ངོ་ཁང་གསར་ཡང་འབྲེལ་ཆགས་འཚོ་གཟིགས་ཤིག་མིན་ནམ།

    Reply
  24. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    གནས་ཚང་ལགས། ངེད་གཉིས་སྔོན་ཆད་བགྲོ་གླེང་བྱེད་མྱོང་བས་རྒྱུས་ཅུང་ཡོད། ཁྱོད་ཀྱིས་༼གལ་སྲིད་བོད་དོན་རྒྱ་ནག་གི་ནང་སྲིད་ཡིན་ན། ལོ་ངོ་མང་པོར་ཕྱི་ཡུལ་དུ་ཕྱིན་པ་དེ་ནི་ནག་ཉེས་ཡིན་པར་མ་ཟད། དབུས་སྲིད་གཞུང་ལ་ཁ་གཏད་བཅད་པ་ཡིན་པས། སྲིད་དབང་སྒེར་གཅོད་ཀྱི་རྒྱལ་ཁབ་ནང་དེ་དག་ཁྲིམས་འགལ་ཡིན་པ་རེད།༽ཅེས་བཤད་པ་འདི་དངོས་གནས་གད་མོ་ཤོར་བྱེད་རང་རེད། སྲིད་དབང་སྒེར་སྤྱོད་པ་ཚོའི་མདུན་དུ་ཁྲིམས་ཟེར་བའི་བརྩི་ས་ཞིག་ཡོད་མ་རེད། དེ་ལས་འགལ་མ་འགལ་ཡང་ཡོད་མ་རེད། མའོ་དང་ཏེང་གིས་རྒྱལ་གཅེས་བྱེད་པར་སྔ་ཕྱི་མེད། རྒྱལ་གཅེས་བྱས་ཕྱིན་སྔོན་བྱས་ལ་རྩད་གཅོད་མེད་ཅེས་ཐེངས་མ་ག་ཚོད་བཤད་སོང་། དེར་བརྟེན་རང་མགོ་ཆུ་འདྲེན་མ་བྱས་ན་བཟང།
    སྙིང་པོ་བསྡུས་ན་༸གོང་ས་མཆོག་གིས་སྔ་ཕྱི་ཀུན་ཏུ་གང་མཛད་པ་ནི་འདི་རེད།

    ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།།
    ལྷུན་གྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ།།
    སྤྱོད་པའི་སྐལ་བཟང་མྱུར་བ་ཉིད་དུ་སྩོལ།།

    ཧ་གོ་སོང་ངམ།

    Reply
  25. གནས་ཚང་། says:
    ལོ་ 16 སྔོན།

    ངྷ་རམ་ཤཱ་ལ་སྔར་བྷ་བྷུ་ཡིན་ཡང་དེང་གྲ་སྒྲིག་བློ་མཐུན་གྱི་ཕྱོགས་སུ་སྤོ་འདུན་འཆིང་འདུག དེ་ནི་བོད་ཤི་ཚར་བ་ཕར་ཞོག་རྒྱ་གར་ལའང་ཁྲེལ་མེད་བྱས་ཡོད་པའི་ཁར། ཨེ་ཤ་ཡའི་ལྷོ་མའི་བདེ་འཇགས་ལའང་ཐད་ཀར་ཉེན་ཁ་བཟོས་ཡོད་པས། ཚང་མས་གཟབ་གཟབ་བྱེད་རན་མེད་དམ།

    Reply
  26. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    མི་རིགས་ཤིག་བསྐྱར་དར་ལ་འདི་ལས་ཕན་པ་ག་རེ་བྱུང་སོང། ༡༩༧༩ ནས་གཞིས་བྱེས་གཉིས་ཐུག་རྒྱུ་ནི་བྱུང་སོང། བོད་ནང་སོ་སོའི་སྐད་ཡིག་རིག་གཞུང་ལའང་ཕན་ཐོགས་བྱུང་སོང་། བོད་གཞིས་བྱེས་གཉིས་ལ་དཔལ་འབྱོར་དང་སེམས་ཤུགས་ཀྱི་རྒྱབ་སྐྱོར་ནི་བྱུང་སོང་། ༡༩༧༩ ལོར་འཆི་ལ་ཁད་ཀྱི་མི་རིགས་ཤིག་ལ་འཆི་གསོས་ཀྱི་རིལ་བུ་སྤྲད་པ་འདྲ་བོ་བྱུང་སོང་། ཁྱེད་རང་ལྟ་བུའི་འཚོ་གཟིགས་ཀྱི་རོགས་རམ་དགོས་མཁན་དེ་ཚོར་ཡང་འཚོ་བའི་རོགས་རམ་བོད་གཞུང་བརྒྱུད་ནས་གནང་སོང་། གནང་བར་བརྟེན་ནས་ད་ལྟའི་ཁ་སྤོབས་ཆེན་པོ་བཤད་རྒྱུ་འདི་ཚོ་བྱུང་བ་ནི་ཞོར་འཕྲོས་རེད།
    འཛམ་གླིང་རྒྱལ་ཁབ་གང་གིས་ཁ་ཡོད་ལག་ཡོད་ཀྱི་རྒྱབ་སྐྱོར་བྱས་སོང་ཟེར། རྒྱ་གར་གཞུང་གིས་ཁ་ཡོད་ལག་ཡོད་ཀྱི་སྒོ་ནས་བོད་མིའི་གཞིས་ཆགས་དང་སློབ་གྲྭ་འདི་ཚོ་འཛུགས་རྒྱུར་རོགས་རམ་གནང་སོང་ལ། བོད་གཞུང་ལས་ཁུངས་མ་ལག་དང་བཅས་པ་མིག་གིས་མཐོང་ཡང་མ་མཐོང་མདོག་མདོག་བྱས་ནས་བཞུགས་སོང་།
    ཨ་རིའི་གཞུང་གིས་ལོ་ལྟར་ཨ་སྒོར་ས་ཡ་ཁ་ཤས་ཀྱིས་རོགས་རམ་གནང་བར་མ་ཟད། ཕྱི་འབྲེལ་གྱི་སྲིད་བྱུས་ནང་བོད་དོན་བཅུག་སྟེ་ག་དུས་ཡིན་ནའང་གླེང་གིན་འདུག ཐ་ན་ན་ནིང་ང་ཚོ་དཀའ་ངལ་ཆེ་ཤོས་ཀྱི་སྐབས་སུ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་འདི་ག་དྷ་སར་ངོ་ཕེབས་གནང་བ་ཁྱེད་རང་གིས་མཇལ་ཡོད་ཤག་རེད།

    དེ་མིན་ཅེག་སྤྱི་མཐུན་རྒྱལ་ཁབ་དང་པོ་ལན་ཌི། ཉི་ཧོང་། ཨའོ་སེ་ཁྲུ་ལི་ཡ་སོགས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་དང་གནང་མུས་རེད། འཇར་མ་ནི་དང་ཕ་རན་སིས་ནི་བོད་དོན་ཆེད་རྒྱ་ནག་ལ་ཁོང་ཁྲོ་ག་ཚོད་བསླངས་སོང། རྒྱལ་ཁབ་མང་པོའི་གྲོས་ཚོགས་མངའ་སྡེའི་སྲིད་གཞུང་གིས་ད་ལྟའང་བོད་ཀྱི་རྒྱལ་དར་དཔྱངས་འདུག འདི་ཚོ་ང་ཚོ་མི་འབོར་ས་ཡ་དྲུག་ཅེས་སྦར་མོ་གང་ལས་མེད་པ་འདི་ལ་ཐོབ་པའི་རྒྱབ་སྐྱོར་ཡིན་པས། བསམས་ཤེས་ན་སྤྱན་རས་གཟིགས་ཀྱི་རྫུ་འཕྲུལ་ཟེར་ན་འདི་འདྲ་རེད་སྙམ་པའི་དད་པ་སྐྱེས་འོང་། བསམ་མ་ཤེས་པ་ཚོས་ནི་ད་དུང་ལོག་མཐོང་བྱེད་པ་འདི་རེད།

    Reply
  27. གནས་ཚང་། says:
    ལོ་ 16 སྔོན།

    གལ་སྲིད་བོད་དོན་རྒྱ་ནག་གི་ནང་སྲིད་ཡིན་ན། ལོ་ངོ་མང་པོར་ཕྱི་ཡུལ་དུ་ཕྱིན་པ་དེ་ནི་ནག་ཉེས་ཡིན་པར་མ་ཟད། དབུས་སྲིད་གཞུང་ལ་ཁ་གཏད་བཅད་པ་ཡིན་པས། སྲིད་དབང་སྒེར་གཅོད་ཀྱི་རྒྱལ་ཁབ་ནང་དེ་དག་ཁྲིམས་འགལ་ཡིན་པ་རེད། ཡིན་ནའང་། ལམ་ཁ་གཅིག་ལྷག་ཡོད་པ་ནི་རྒྱ་ནག་སྲིད་འཛིན་གྱིས་དེ་ལུགས་གུ་ཡངས་སུ་གཏོང་སྲིད་པས། ཏཱ་ལའི་བླ་མ་སྐུ་སྒེར་གྱི་གནད་དོན་སེལ་ཟིན་ལ། བོད་དོན་ཞེས་པ་ཞིག་གླེང་ཆོག་གི་མེད་པའི་ཁར། ཕྱི་རྒྱལ་བས་ཐེ་ཇུས་བྱེད་པའི་ལམ་ཁ་ཐ་དག་འགག་ཟིན་ཡོད། ཡང་ཅིག་བཤད་ན། ད་ནས་བཟུང་རྒྱ་གཞུང་གིས་བོད་ནང་དྲག་གནོན་བྱེད་ཤུགས་ཛ་དྲག་གི་ཕྱོགས་སུ་འཕེལ་སྲིད་པར་མ་ཟད། དེ་ལྟར་བྱེད་དོན་ཡང་བོད་དེ་བཞིན་ནང་སྲིད་ཡིན་པ་ཐ་ན་ཏཱ་ལའི་བླ་མ་ཡང་ངོས་ལེན་ཡོད་ཚུལ་བསྙད་ནས་ཕྱིའི་གནོན་ཤུགས་འགོག་ཐུབ་པར་མ་ཟད། བོད་མི་ཚོའི་སེམས་ཤུགས་གཅོག་སྲིད་པར་གོར་མ་ཆག

    Reply
  28. གཡུ་དྲུག་དཀར། says:
    ལོ་ 16 སྔོན།

    ཀླུ་མཁར་བྱམས་སྐད་ཆ་ཤོད་དུས་གོ་བརྡ་ཡག་པོ་ཞིག་སྤྲད་པར་ཤུགས་རྒྱོབས། རྡ་སའི་སྣོད་བཅུད་གཉིས་ཀྲུང་གོ་ཅན་དུ་འགྱུར་བཞིན་པ་ཟེར་བ་དེར་གོ་རྒྱུ་ཅི་ཡང་མི་འདུག འོ་ན་ད་ལྟ་རྡ་སའི་སྣོད་བཅུད་གཉིས་ཀ་རྒྱ་གར་ཅན་རེད་དམ་ཡང་ན་བོད་ཅན་རེད།

    Reply
  29. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    རེད། ཀླུ་མཁར་བྱམས། བཤད་ཤོག ག་རེ་བཤད་རྒྱུ་ཡོད་ནའི་བཤད་ཤོག ང་ཚོ་འདི་ལྟར་བགྲོ་གླེང་བྱས་ན་རང་གཞན་ཚང་མར་ཕན་ཐོགས་ཡོད་རེད།

    Reply
  30. ཀླུ་མཁར་བྱམས། says:
    ལོ་ 16 སྔོན།

    རྒད་པོ་ཁང་གསར་ལགས། ངས་ནི་ཁྱོད་ཚོའི་བཤད་སྟངས་དང་བསམ་སྟངས་འདིའི་རིགས་ཁྱོན་ནས་མགོ་ཚོས་ཀྱིན་མི་འདུག ཡང་གཅིག་བཤད་ན། འདི་ནི་མགོ་འདོགས་སྟངས་ཀྱི་སྒྲུབ་བྱེད་ཡག་ཤོས་ཡིན་སྲིད་མོད། མི་རིགས་ཤིག་བསྐྱར་དར་ལ་ཕན་པའི་སྐུལ་ལྕགས་མིན་པ་ངས་བལྟས་ན་ས་རིས་ཐང་གསལ་རེད། ད་ཡིན་ན་རང་བཙན་མ་བརྩད་པའི་སྟབས་ཀྱིས་རྒྱལ་སྤྱིའི་ཐོག་ནས་ང་ཚོར་གཞུང་གང་ཞིག་གིས་ཁ་ཡོད་ལག་ཡོད་ཀྱི་རོགས་པ་བྱས་འདུག་པ་ཤོད་རོགས།
    རྒྱལ་བ་རིན་པོ་ཆེ་ལས་ལྷག་ཅིག་བོད་ལ་ཤ་ཚ་མཁན་མེད་པ་དང་རྒྱལ་བ་རིན་པོ་ཆེ་ལས་རྒྱ་ནག་ཤེས་མཁན་མེད་ཟེར་མཁན་ཁྱོད་རང་རེད། ད་དུང་མང་པོ་ཡོད་པ་རེད། ཡིན་ཡང་། ཁྱོད་ཚོས་གོང་ནས་ཚོར་བའི་དབང་གིས་རྩོམ་བྲིས་ཏེ་བསམ་བློ་རྣལ་ལ་ཕབ་མི་འདུག་ཅེས་པ་དེའང་། ལྷན་རྒྱས་དད་པའི་དབང་དུ་ཤོར་ཏེ་སེམས་རྣལ་ལ་ཕབ་མ་ཐུབ་པའི་རྟགས་དེ་དག་གཅིག་མཚུངས་ཆགས་འདུག་སྙམ།

    Reply
  31. ཀླུ་མཁར་བྱམས། says:
    ལོ་ 16 སྔོན།

    ཨ་བློ་གྲོས། ཝ་མི་སྐྱེད་འདྲེ་མོས་རྣ་རྩར་གཏགས། ཁྱི་མི་ཟུག་རྐུན་མས་སྐེ་སོ་བྱས་པ་རེད། དེའི་སྟབས་ཀྱིས་ཚིག་རྩུབ་མོ་རེ་ཤོར་ཡོད་ན་བཟོད་པར་གྱིས། མ་གཞི་ང་ནི་ཚ་ལམ་ལམ་གྱི་བརྗོད་གཞི་འདིའི་ནང་ནས་ཕྱིར་ཐོན་ཏེ་ཁ་འཇམ་པོ་རེ་བཤད་ནས་བསྡད་ཆོག་ཀྱང་། འུ་ཚང་ལ་དེ་རིགས་མང་སྐྱོན་མེད་ན་ད་བར་ཉུང་སྐྱོན་མེད།

    Reply
  32. གཡུ་དྲུག་དཀར། says:
    ལོ་ 16 སྔོན།

    གུས་པར་འོས་པའི་སྐུ་ཞབས་ཁང་གསར་མཆོག་གིས་གསུངས་པ་ལ་མངོན་པར་བསྟོད་དོ།

    Reply
  33. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    བོད་དོན་གྱི་གནས་ཚར། བོད་དོན་གྱི་གནས་ཚད་ལ་བཅོས། བཅོས་ལ་ཡང་བཅོས་བྱེད་དགོས་པ་འདི་དངོས་གནས་ཞབས་འདྲེན་རེད་པཱ། ཡིན་ནའི་ཐབས་ཤེས་མི་འདུག་ཏ།

    Reply
  34. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    གོང་དུ་ཡིག་ནོར་འགའ་ཞིག་ཤོར་འདུག་པས་དགོངས་འགལ་མེད་པར་ཞུ། འཛམ་གླིང་གི་རྒྱལ་ཁབ་སུས་གང་གིས་ཀྱང་། ཞེས་པ་དེ་འཛམ་གླིང་རྒྱལ་ཁབ་གང་གིས་ཀྱང་ཞེས་བཅོས་རོགས།
    ད་དོན་གྱི་གནས་ཚར་ཞེས་པ་གནས་ཚད་ལ་བཅོས་རོགས། ད་དུང་གཞན་ཡང་ཡོད་སྲིད། རྒད་པོའི་མིག་ཆབ་མི་གསལ་བས་མཐོང་གི་མི་འདུག །

    Reply
  35. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    ཀླུ་མཁར་བྱམས་ལགས། ད་ཁྱེད་ཀྱིས་ཕྲན་བུ་མགོ་ཚོས་འདུག་ཀྱང་ཆ་ཚང་ཚོས་མི་འདུག བོད་རང་བཙན་དགོས་ཞེས་ལབ་ན། དེ་ལ་རྒྱབ་སྐྱོར་བྱེད་མཁན་ཚང་མ་རྒྱ་ནག་ཁ་བྲལ་གཏོང་མཁན་ཆགས་པ་རེད། དེར་བརྟེན་འཛམ་གླིང་གི་རྒྱལ་ཁབ་སུས་གང་གིས་ཀྱང་གཞུང་འབྲེལ་ཐོག་ནས་དེ་ལ་རྒྱབ་སྐྱོར་བྱེད་ཐུབ་ཀི་མ་རེད། དེར་བརྟེན་བོད་དོན་མར་ལྷུང་རྒྱུ་གཏན་འཁེལ་རེད། ༡༩༧༩ གོང་དུ་རང་བཙན་བཤད་པ་རེད། བོད་དོན་གྱི་གནས་ཚར་དེ་ཙམ་ཡར་འཕེལ་ཐུབ་མེད།

    རྒྱ་ནག་གི་ནང་སྲིད་རེད། རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་རང་སྐྱོང་མིང་དོན་མཚུངས་པ་བྱས་ནས་སྡོད་ཀི་ཡིན་ཟེར་དུས། གཅིག་ནས་རྒྱ་ནག་གི་ཁྲིམས་ལུགས་ཁག་དང་མཐུན་པས་རྒྱ་ནག་ནང་གི་རྒྱ་མི་དང་བོད་མི་ཚོས་མངོན་གསལ་དུ་དེ་ལ་རྒྱབ་སྐྱོར་ཐུབ་ཀྱི་ཡོད། གཉིས་ནས་རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་ཀྱང་མངོན་གསལ་དུ་རྒྱབ་སྐྱོར་བྱེད་ཐུབ་ཀི་ཡོད། གསུམ་ནས་དྲང་བདེན་ལ་དགའ་བའི་མི་ཚོར་ཡང་བོད་མིས་བབས་ས་མེད་ན་མ་གཏོགས་བབས་སོང་བསམས་པའི་ངེས་ཤེས་རྙེད་ཐུབ། དེར་བརྟེན་བོད་དོན་ཡར་འཕར་གྱི་ཡོད། རྒྱ་ནག་ལ་གནོན་ཤུགས་དེ་ནས་ཡོང་གི་ཡོད།

    ད་ལྟའི་རྒྱ་དམར་གཞུང་འདི་འཐོར་ཞིག་ཏུ་མ་སོང་ན་བོད་མིར་གང་ཡང་སྤྲོད་རྒྱུ་མིན་པ་༸གོང་ས་མཆོག་གིས་ལོས་མཁྱེན། མཁྱེན་པ་ཙམ་དུ་མ་ཟད། དངོས་སུ་རྒྱ་ནག་གཞུང་ལ་ཡིད་ཆེས་སྲབ་ཏུ་སྲབ་ཏུ་སོང་ཞེས་ཡོངས་གྲགས་ཐོག་ནས་གསུངས་དང་གསུང་བཞིན་པ་རེད། འོན་ཀྱང་ང་ཚོའི་འཐབ་རྩོད་མུ་མཐུད་བྱེད་དགོས། གོ་སྐབས་ལ་སྒུག་དགོས། གོ་སྐབས་བསྐྲུན་དགོས། གནོན་ཤུགས་སྤྲོད་དགོས། དེར་བརྟེན་༸གོང་ས་མཆོག་གིས་ཐབས་མཁས་ཐུགས་རྗེའི་མཛད་པ་འདི་བསྐྱངས་པ་རེད།

    མདོར་ན། ས་སྟེང་འདི་ན་༸གོང་ས་མཆོག་ལས་ལྷག་པའི་བོད་མི་རིགས་ལ་ཐུགས་བརྩེ་ཆེ་བ་སུ་གཅིག་ཀྱང་མེད། དེ་བཞིན་དུ་བོད་མིའི་ནང་ན་རྒྱ་ནག་གི་དཔོན་རིགས་སྔ་ཕྱི་ཁག་ལ་རྒྱུས་མངའ་༸གོང་ས་མཆོག་ལས་ཆེ་བ་སུ་གཅིག་ཀྱང་མེད། དེ་ཡིན་དུས་ཁོང་གིས་བོད་མི་རིགས་བསླུ་བ་དང་ལོག་ལམ་དུ་འཁྲིད་པ་ཡེ་ནས་མི་སྲིད་སྙམ་པའི་བློས་ལིང་གིས་འགེལ་བའི་གདེངས་ཤིག་རྒད་པོ་ཁང་གསར་བར་མཆིས་སོ།། །།

    Reply
  36. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    ཀླུ་མཁར་བྱམས། སྐད་ཆ་ཡོད་ན་འཇམ་པོ་བྱས་ནས་ཤོད། གྲ་བ་ཚོས་མཚན་ཉིད་རྩོད་པ་འདྲ་བོ་བྱས་ནས་ཡོང་རྒྱུ་གང་ཡོད།

    Reply
  37. ཀླུ་མཁར་བྱམས། says:
    ལོ་ 16 སྔོན།

    ཁང་གསར་ལགས། ཁྱེད་ལྟར་ན། ༼བོད་རང་བཙན་གཙང་མ་དགོས་ཞེས་ལབ་ན་བོད་དོན་རྒྱལ་སྤྱིའི་ཐོག་ནས་མར་ཕབ་པ་རེད། ནང་སྲིད་རེད། རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་སྡོད་ཀྱི་ཡིན་ཟེར་ལབ་དུས་ཡར་སྤར་བ་རེད། ཡར་འཕར་གྱིན་ཡོད་ཙང་་་་་་་༽ཞེས་ད་དུང་སྒྲུབ་བྱེད་འགའ་བཀོད་འདུག་ཀྱང་། རྒྱ་གཞུང་གི་བྱེད་ཐབས་འདི་ནི་མདའ་གཅིག་གིས་ཤ་བ་གཉིས་གསོད་པའི་དཔེ་རང་ཡིན་ལ། རྒྱུ་མཚན་ནི་བོད་རང་བཙན་ནས་རང་སྐྱོང་ལ་བབ་པ་འདིས་རྒྱ་ནག་གི་ཕུགས་ཀྱི་ཞེ་འདོད་སྒྲུབ་ཡོད་ཀྱང་། ད་དུང་རང་བཙན་ནས་མར་བབ་པའི་རྒྱུ་མཚན་གྱིས་རྒྱ་ནག་གཞུང་གིས་༧གོང་ས་མཆོག་ལ་བཟང་འགྲེལ་རྒྱག་དགོས་ཚེ་དུས་སུ་མ་བབ་ཙང་། ཁོ་ཚོས་ཁ་གཡོར་ས་སྣ་ཚོགས་བཙལ་ནས། ཁྱོས་བཤད་པ་ལྟར། ཕྱེད་རང་བཙན་དང་རྣམ་པ་འགྱུར་བའི་རང་བཙན་རྩོད་ཀྱིན་འདུག་ཅེས་མིག་སྔར་གྱི་གནད་དོན་ལ་གཡོལ་ཐབས་བྱེད་པ་ཞིག་རེད། སོང་ཙང་། བོད་རང་བཙན་ལབ་ན་རྒྱལ་སྤྱིའི་ཐོག་བོད་དོན་མར་ལ་ཟེགས་པའི་གོ་དོན་མིན་མོད། རང་བཙན་མ་ལབ་ཀྱང་ང་ཚོར་ཅི་གང་རག་གི་མེད་པ་ནི་ད་གཟོད་བདེན་པ་ཡིན།

    Reply
  38. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    བསམ་པ་རྣལ་དུ་ཕབ་ནས་བཀའ་མོལ་གནང་དགོས་པ་ལས། ཚོར་ཤུགས་དང་བཅས་ཀུ་ཅོ་སྒྲོག་ན་ཕན་ཐོགས་མི་འདུག་སྙམ། རྒྱལ་བ་རིན་པོ་ཆེས་དང་བོད་གཞུང་གིས་ད་ལྟའི་བོད་ཀྱི་དཀའ་རྙོག་དེ་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་གི་ངོ་བོའི་ཐོག་ནས་ལོ་ངོ་བཅུ་མ་ཟིན་ཙམ་གྱི་རིང་ལ་རྒྱ་ནག་གཞུང་དང་མེར་འཚིག་མེར་གཏུགས་ཀྱིས་འབྲེལ་མོལ་ལམ་བཀའ་མོལ་གནང་བ་མ་རེད་དམ། དེ་ལ་ཡ་མཚན་རྒྱུ་དང་བོད་དོན་གྱི་རིན་འབབ་ཡར་སྤར་མར་བཅག་གི་བཀའ་མོལ་ཞིག་གནང་དགོས་ཡ་མི་འདུག་སྙམ། དྲ་གྲོགས་དང་རྩོམ་སྒྲིག་པ་རྣམ་པས་༸གོང་ས་མཆོག་ནས་བོད་དེ་རྒྱ་ནག་གི་མངའ་ཁོངས་སམ་ཆ་ཤས་ཤིག་རེད་ཅེས་གསུངས་པར་དོགས་པ་ད་ཅང་ཨེ་ཡིན།

    Reply
  39. མི་འཁྱམ says:
    ལོ་ 16 སྔོན།

    བོད་དོན་ནི་རྒྱ་ནག་གི་ནང་སྲིད་ཡིན་ཞེས་པ་དེར་ལོ་རྒྱུས་སྒང་ནས་བོད་འདི་རྒྱ་ནག་གི་མངའ་ཁོངས་དང་ད་ལྟའང་ཡིན་པའི་གོ་བ་ལེན་ཐུབ། ད་ལྟའི་བཙན་བྱོལ་གཞུང་རྒྱ་ནག་གི་ནང་སྲིད་མིན་ལ། བོད་དོན་ཞི་འགྲིག་པར་དུ་ནམ་ཡང་རྒྱ་ནག་གི་ནང་སྲིད་མ་རེད་བཤད་ཐུབ།
    བོད་ནི་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་འདུག་གི་ཡིན་ཟེར་བ་དེར། ལོ་རྒྱུས་ནང་བོད་ནི་རྒྱ་ནག་གི་མངའ་ཁོངས་ཡིན་པ་བཤད་མེད་ལ། ད་ལྟའི་བོད་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་འདུག་གི་ཡིན་ཟེར་བ་དེ་རེད་བསམ་སོང༌།

    Reply
  40. གཡུ་དྲུག་དཀར། says:
    ལོ་ 16 སྔོན།

    ཉེ་ཆར་bbcགསར་ཁང་གིས་༧གོང་ས་མཆོག་ལ་དྲི་བ་དྲིས་ལན་གནང་སྐབས་༧གོང་ས་མཆོག་ནས་བོད་དོན་རྒྱ་ནག་གི་ནང་སྲིད་ཡིན་ཚུལ་གསུངས་ཡོད་མེད་ཐད་མི་མང་པོ་ཞིག་དོགས་འདྲོག་ལངས་ཏེ་བསམ་ཚུལ་སྣ་ཚོགས་རྗོད་བཞིན་ཡོད་མོད། དོན་དངོས་ཐོག་བོད་དོན་ངོས་ཟིན་མཁན་ཞིག་མེད་ཚོད་དུ་སྣང་། ང་ཚོས་བོད་དོན་ཞེས་གླེང་དུས་བོད་མི་ས་ཡ་དྲུག་མ་འོངས་པར་ཅི་ལྟར་གནས་མིན་ཤོད་ཀྱི་ཡོད་པ་ལས་སྔར་རང་བཙན་ཡིན་མིན་དང་སྐྱབས་བཅོལ་བ་ཚོར་འབྲེལ་བ་དེ་ཙམ་མེད། དེས་ན་ད་ལྟའི་ཆར་བོད་ས་ཡོངས་རྫོགས་རྒྱ་ནག་གིས་དབང་བསྒྱུར་ཟིན་པ་ནི་དངོས་ཡོད་གནས་ཚུལ་ཡིན། དེས་ན་བོད་དོན་རྒྱ་ནག་གི་ནང་སྲིད་མིན་ན་བོད་དོན་རྒྱ་ནག་དང་མཉམ་དུ་གྲོས་མོལ་བྱ་དོན་གཏན་ནས་མེད་ལ། བོད་དོན་རྒྱབ་སྐྱོར་བ་ཚོས་ཀྱང་བོད་དོན་ཆེད་རྒྱ་ནག་ལ་འབོད་སྐུལ་ཞུ་དགོས་དོན་དེ་བས་ཀྱང་མེད།
    ཡང་རྩོམ་སྒྲིག་པ་མཆོག་གིས་རྡ་སར་རྒྱ་དངོས་ཀྱིས་ཁེངས་པ་ལས་འཕྲོས་ཏེ་རྡ་ས་སྔ་ཕྱི་མ་གཏོགས་རྒྱ་ནག་ལ་དབང་ཆོག་ཆོག་ཡིན་པར་བརྗོད་པ་ནི་བབ་ཅོལ་འབའ་ཞིག་སྟེ། དེ་ལྟ་ན་བོད་ས་ཡོངས་རྫོགས་རྒྱ་དངོས་ཀྱིས་ཁེངས་ཡོད་པས་བོད་འདི་རྒྱ་ནག་ལ་དབང་ཆོག་ཆོག་ཏུ་འགྱུར་ཞིང་ང་ཚོར་རྒྱ་གར་ན་ལས་ཀ་ཅི་ཡང་མེད། ཡང་གཅིག་བཤད་ན་རྡ་སར་རྒྱ་གར་གྱི་ཅ་ལག་གིས་ཁེངས་ཡོད་པས་སྔ་ཕྱི་ཙམ་མ་གཏོགས་རྡ་ས་རྒྱ་གར་ལ་དབང་ཆོག་ཆོག་ཏུ་འགྱུར་བས་རྡ་ས་འདི་རྒྱ་གར་ནག་གི་རྩོད་རྙོག་ཆེན་པོ་ཞིག་ཏུ་འགྱུར་ལ། སྐབས་དེར་ང་ཚོས་གཞན་གྱི་སྟོབས་ཤུགས་ལ་བརྟེན་ནས་རང་དོན་བདེ་བླག་ཏུ་བསྒྲུབ་ཐུབ་པ་མ་ཡིན་ནམ། ཧ་ཧ་ཧ་ཧ

    Reply
  41. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    ཀླུ་མཁར་བྱམས་ལགས། བོད་དོན་ཡར་སྤར་བ་དང་མར་ཕབ་པ་ཟེར་བ་དེ། བོད་རང་བཙན་གཙང་མ་དགོས་ཞེས་ལབ་ན་ཡར་འཕར་འགྲོ་བ་དང་། ནང་སྲིད་ཀྱི་གནད་དོན་རེད་ཅེས་བརྗོད་ན་མར་ལྟུང་འགྲོ་བ་དེ་འདྲ་མ་རེད། དེ་མིན་སྟབས་རྒྱ་ནག་གཞུང་གིས་ད་དུང་སྐད་ངན་དང་བཅས་ཏེ་དགག་པ་རྒྱག་བཞིན་པ་རེད།

    བསམ་བློ་གཏོང་ཤེས་ན། བོད་རང་བཙན་གཙང་མ་དགོས་ཞེས་ལབ་ན་བོད་དོན་རྒྱལ་སྤྱིའི་ཐོག་ནས་མར་ཕབ་པ་རེད། ནང་སྲིད་རེད། རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་སྡོད་ཀྱི་ཡིན་ཟེར་ལབ་དུས་ཡར་སྤར་བ་རེད། ཡར་འཕར་གྱིན་ཡོད་ཙང་རྒྱ་ནག་གཞུང་གིས། དེ་མ་རེད། རྣམ་པ་འགྱུར་བའི་རང་བཙན་རེད། ཕྱེད་རང་བཙན་རེད། བོད་ཆེན་པོ་རྩོད་ཀི་འདུག་ཅེས་སྐད་ངན་སྒྲོག་གི་ཡོད་རེད།

    Reply
  42. ཀླུ་མཁར་བྱམས། says:
    ལོ་ 16 སྔོན།

    ཨ་རོགས་ཁང་གསར་ལགས། ཁྱོད་ཁ་བྲོ། སྤྱིར་བོད་རྒྱ་ཁོངས་ཡིན་ལབ་ན་བོད་དོན་གྱི་གནས་ཚུལ་ཡར་སྤར་འདུག་གམ། དེར་ངས་འགྲེལ་བཤད་རྒྱག་དགོས་དོན་མེད་ལ། སྒོས་སུ་དེང་སྐབས་ཕྱི་སྲིད་འཐབ་བྱུས་ཀྱི་མིག་རྒྱང་ཅུང་ཡོད་མཁན་ཞིག་གིས་བོད་དོན་འདི་བཞིན་རྒྱ་ནག་གི་རྩ་ཁྲིམས་འོག་གི་ནང་ཁུལ་གནད་དོན་ (internal affair) ནས་རིམ་བཞིན་རྒྱ་བོད་གཉིས་ཀྱི་ནང་ཚེགས་ཀྱི་བྱ་བ་ (domestic issue) ལ་ཟེགས་པ་དང་། དེའི་ཕུགས་ཀྱི་གོ་དོན་ནི་བོད་དོན་ལབ་ན་རྒྱ་བོད་གཉིས་ཀྱི་ནང་ཚེགས་ཡིན་སྟབས་སུ་གང་གིས་བྱུས་གཏོགས་བྱ་མི་དགོས་ཟེར་བ་ཤུགས་བསྟན་ཡིན་ཙང་། ཁྱེད་ཚོས་དེ་ནི་བོད་ཀྱི་གནས་རིམ་ཡར་སྤེལ་བ་རེད་ཟེར་ན། གསུངས་པ་ལ་མངོན་པར་བསྟོད་པ་ལས་ཐབས་ཅི།

    Reply
  43. ཀླུ་མཁར་བྱམས། says:
    ལོ་ 16 སྔོན།

    སྤུན་ཟླ་ཚོ། ཁྱེད་ཅག་གི་སྟེང་ནས་རྡ་སར་སེམས་ཐག་ཉེ་དྲག་པ་དང་། ཁ་ཐག་རིང་དྲག་པའི་སྐྱོན་ཞིག་མཐོང་གི་འདུག རྡ་ས་འདིར་རྒྱུས་ཡོད་ཅིག་གི་ངོས་ནས་བལྟས་ན་ད་ལྟ་རྡ་སའི་སྣོད་བཅུད་གཉིས་ཀ་ཀྲུང་གོ་ཅན་དུ་འགྱུར་བཞིན་པ་ནི་དངོས་ཡོད་གནས་ཚུལ་ཡིན།

    Reply
  44. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    འདི་ནི་ངས་བཀླགས་པའི་དུས་བབ་ཀྱི་རྩོམ་སྒྲིག་པའི་གཏམ་གྱི་ནང་ནས་གནས་ཚད་དམའ་ཤོས་དང་། འབྲི་སྟངས་སྡུག་ཤོས་ཤིག་ཏུ་མཐོང་།
    ༡༽ འདི་བཀླགས་རྗེས་རྩོམ་སྒྲིག་པས་ཚོར་སྣང་དྲག་པོ་འབྲི་བ་ལས་སེམས་པ་རྣལ་དུ་ཕབ་ནས་འབྲི་གི་མེད་པར་མཐོང་། ཚོར་སྣང་དྲག་པོ་དེའི་འབྱུང་རྩ་ནི་ཉེ་ཆར་བྷི་བྷི་སིས་༸གོང་ས་མཆོག་ལ་བཅར་འདྲི་ཞུ་སྐབས་ཀྱི་ལན་དེ་ཙམ་ལ་བརྟེན་པར་སྣང་།

    ༢༽ ༸གོང་ས་མཆོག་གི་གསུང་དེ་ལ་བརྟེན་ནས་བོད་དོན་གྱི་གནས་ཚད་སྤར་ཡོད་པ་ལས་ཇེ་དམའ་རུ་བཏང་མེད། ཇེ་དམའ་རུ་གཏོང་མཁན་ནི་རྩོམ་སྒྲིག་པ་དང་གསར་འགོད་པ་ཟེར་བའི་མི་འདི་ཚོ་རེད།

    ༣༽ གཞན་དག་གང་ལའང་བསམས་མི་དགོས། ནང་སྲིད་ཀྱི་གནད་དོན་ཞིག་མ་ཆགས་པར་རྒྱལ་སྤྱིའི་གནད་དོན་ཞིག་ཏུ་ཇི་ལྟར་འགྱུར་ཐུབ། རྒྱ་ནག་གི་ནང་སྲིད་ཡིན་པའི་རྒྱུ་མཚན་གྱིས་རྒྱ་ནག་གིས་བསམ་བློ་གཏོང་དགོས། རྒྱལ་སྤྱིའི་གནད་དོན་ཡིན་པའི་རྒྱུ་མཚན་གྱིས་རྒྱལ་སྤྱིས་དོ་སྣང་དང་གནོན་ཤུགས་སྤྲོད་དགོས་ལ་སྤྲོད་བཞིན་པ་རེད།

    Reply
  45. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    རྡ་ས་ནི་ནམ་ཡང་རྒྱའི་སྲིད་གཞུང་གི་རྡ་སར་འགྱུར་མི་སྲིད་པ་ཡིན། རྡ་ས་རུ་རྒྱའི་ཅ་ལག་གི་འཁང་འདུག་པའི་དེ་ལྟར་འདོད་ཀྱི་ཡོད་ན་ནི། ཨ་རི་གཙོ་བའི་རྒྱལ་ཁབ་མི་ཉུང་བ་ཞིག་ད་ནི་རྒྱ་ནག་ལ་འགྱུར་ཟིན་པ་ཡིན། གང་ཡིན་ཟེར་ན། རྒྱའི་ཅ་ལག་མ་ཐོན་སའི་རྒྱལ་ཁབ་ཕལ་ཆེར་མེད་ཟེར་ན་འགྲིག་པ་ཡིན་ལ། རྒྱལ་ཁབ་ཁ་ཤས་སུ་ཚོང་ཁང་གྲགས་ཆེན་དང་ཅ་ལག་ཡག་ཤོས་གྲངས་ཤིག་ཉོ་འདོད་མཁན་གྱི་མི་དག་གིས་གང་ནས་བཟོས་མིན་ལ་བལྟ་དགོས་དུས། རྒྱ་ནག་ནས་བཟོས་པ་ཟེར་བ་ལས་མི་རེག་པའི་རྒྱལ་ཁབ་ཀྱང་བྱུང་གི་ཡོད་པ་རེད། གང་ལྟར། བོད་ཀྱི་རྒྱལ་ས་ལྷ་ས་ནི་ད་ལྟའི་འཆར་རྒྱའི་བཙན་དབང་འོག་གི་ཀྲུང་གོའི་བོད་ལྗོངས་ཟེར་ནས་འབོད་ཆོག་ན་ཡང་། ལོ་རྒྱུས་ཀྱི་རང་བཞིན་དེ་ནི་གསུབ་དུ་མེད་པ་ཞིག་ཡིན་ལ། ལོ་རྒྱུས་ཀྱི་སྟེང་ནས་བོད་འདི་གང་ཡིན་ངས་གསལ་བཤད་མ་ཤེས་ཀྱང་། སྤུན་ཟླ་མི་ཉུང་བ་ཞིག་གི་སེམས་སུ་ཕྲ་ལྷམ་མེར་ཡོད་ངེས་རེད་ལགས། མཐའ་དོན་ཞུ་སྐུལ་ཞིག་ལ། ཆབ་སྲིད་ཀྱི་ཚིག་ཁ་ཤས་ཤིག་བེད་སྤྱོད་གཏོང་དུས་སུ་དངོས་ནས་གཟབ་རྒྱུ་ནི་རང་གི་ཚེ་སྲོག་ལས་ཀྱང་རྩ་ཆེ་ལ་རང་གི་འཚོ་བ་ལས་ཀྱང་དགོས་མཁོ་ཆེན་པོ་ཆགས་ཡོད་པ་ཐུགས་སུ་འཇག་པར་འཚལ་ཞེས་ལག་ཟུང་ཐལ་མོ་སྤྱར་ནས་ཞུ་འབོད་ཞུས་པ་ཡིན་ལགས།

    Reply
  46. གནས་ཚང་། says:
    ལོ་ 16 སྔོན།

    ༼བོད་དོན་ནི་རྒྱ་ནག་གི་ནང་སྲིད་ཡིན་ཞེས་པ་དང་། བོད་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་འདུག་གི་ཡིན་ཞེས་པ་གཉིས་ལ་ཁྱད་པར་ཆེན་པོ་ཨེ་ཡོད། ༽

    ༡ སྔ་མ་ནི་བོད་རྒྱ་ཁོངས་ཡིན་པའི་ངོས་ལེན་དང་ཕྱི་མ་ནི་མ་འོངས་པའི་འཆར་སྣང་ཡིན།
    ༢ སྔ་མ་ནི་སྔར་བྱས་ཐ་དག་ནག་ཉེས་ཡིན་པའི་ངོས་ལེན་དང་ཕྱི་མ་ནི་བོད་དོན་མ་འོངས་ཐག་གཅོད་ཀྱི་གཞི་རྟེན་འཚོལ་སྟངས་ཡིན།
    ༣ སྔ་མ་ནི་མི་རིགས་ཤིག་རྒྱན་ལ་བཙུགས་པ་ཡིན་ལ། ཕྱི་མ་ནི་གཞན་འགན་གྱི་ལམ་ཁ་འཚོལ་ཐབས་ཤིག་ཡིན།

    Reply
  47. གླེན་པ་ལུག says:
    ལོ་ 16 སྔོན།

    ཀྲུང་གོའི་རྡ་རམ་ས་ལ་ཞེས་པའི་ཚིག་འདི་རྒྱ་གར་གསང་ལས་པ་ཚོར་ཧ་ཅང་གཟབ་དགོས་པ་ཞིག་རེད།

    Reply
  48. རྭ་ལོ། says:
    ལོ་ 16 སྔོན།

    གོང་དུ་ ༼བོད་དོན་ནི་རྒྱ་ནག་གི་ནང་སྲིད་ཡིན་ཞེས་པ་དང་། བོད་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་འདུག་གི་ཡིན་ཞེས་པ་གཉིས་ལ་ཁྱད་པར་ཆེན་པོ་ཨེ་ཡོད། ༽ཅེས་པ་འདི་གཉིས་ལ་དངོས་གནས་ཁྱད་པར་གང་འདྲ་ཞིག་ཡོད་པ་རེད།
    ཐུགས་ཉམས་བཞག་མི་འདུག་མ་གཏོགས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཡིན་རྒྱུ་རེད།

    Reply
  49. གླེན་པ་ལུག says:
    ལོ་ 16 སྔོན།

    ཀྲུང་གོའི་བོད་ལྗོངས་ནི་ད་ལྟ་འཛམ་གླིང་ཧྲིལ་བོས་ཁས་ལེན་པའི་དོན་དངོས་ཤིག་རེད་ལ། ཀྲུང་གོའི་རྡ་ས་འབྱུང་མིན་དེ་རྒྱ་དཀར་ནག་གི་མ་འོངས་པའི་དམག་འཁྲུགས་ལ་རག་ལུས་པ་ཞིག་རེད། དེ་མིན་བསྟན་པ་ཡར་འཕེལ་ཞེས་པས་བརྗོད་པ་ནི་དངོས་གནས་སྐྱག་རྫུན་གྱི་དཔེ་མཚོན་ཁོ་ན་རེད། ཚིག་ཐུང་ངུ་འདི་ཙམ་ལ་ཡང་རྫུན་ཞིག་བཤད་དགོས་དོན་ཅི་ཡིན་ནམ། རྩོམ་སྒྲིག་པ་མཆོག་གིས་ཀྱང་འཆར་ཡན་ཤུགས་ཆེ་བའི་ལྷུག་རྩོམ་ཞིག་བཀོད་པར་དགའ་བསུ་ཞུ་རྒྱུ་ཙམ་ལས་མེད།

    Reply
  50. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    དེ་ག་རང་རེད་དེང་སང་རྡ་སའི་ནགས་འདབས་སུ་གནས་པའི་རྒན་སྐྲ་དཀར་ནས་གཞོན་སོ་དཀར་བར་གྱི་བསམ་བློའི་ནང་རྒྱ་ནག་རང་ལས་མེད་པ་བདེན།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese