མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞིས་ཀྲི་ཡུང་གློད་གྲོལ།

བོད་ཀྱི་དུས་བབ།
༢༠༠༩/༠༨/༢༥
Share on FacebookShare on TwitterShare on EmailShare on Whatsapp

པེ་ཅིན་སྦྲགས་སྲིད་སློབ་གྲྭ་ཆེན་མོའི་འགན་ལེན་ཁག་ཁུར་གནང་ཐོག་རྒྱ་ནག་ནང་ཁྲིམས་ལུགས་ཐོག་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གྱི་སྣེ་ཁྲིད་གནང་མཁན་ཁྲིམས་རྩོད་པ་ཞིས་ཀྲི་ཡུང་ཕྱི་ཟླ་ ༨ པའི་ཚེས་ ༢༣ ཉིན་རྒྱ་ནག་གཞུང་གིས་དོ་དམ་བཀག་ཉར་འོག་ནས་གློད་གྲོལ་བཏང་ཡོད་འདུག  ཡིན་ནའང་། ད་དུང་དུས་བཅད་མེད་པར་འདྲི་བརྩད་དང་།  ཉེན་རྟོག་པའི་བཀའ་འཁྲོལ་མེད་པར་རང་དབང་སྒོས་པེ་ཅིན་གྲོང་ཁྱེར་གྱི་ཕྱི་ལོག་སུ་འགྲོ་བསྐྱོད་མི་ཆོག་པའི་ལྟ་རྟོག་བཀག་རྒྱའི་འོག་ཡོད་པ་མ་ཟད། ” ཀོང་མེན” ཁྲིམས་རྩོད་ཚོགས་པའི་རྩ་འཛུགས་དེར་རྒྱ་ནག་གཞུང་གིས་དཔྱ་ཁྲལ་དུས་ཐོག་ཏུ་འཇལ་མེད་པའི་ནག་ཉེས་བཙུགས་ཏེ་བསྐྱར་དུ་ཁྲིམས་བཤེར་བྱ་སྲིད་པའི་ངོས་འཛིན་བྱེད་ཀྱིན་འདུག

རང་ལོ་ ༣༦ ལ་སོན་པའི་ཁྲིམས་རྩོད་པ་ཞུས་ཀྲི་ཡུང་ནི་རྒྱ་ནག་སྦྲགས་སྲིད་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་རིག་པའི་འཆད་ཁྲིད་དགེ་རྒན་ཡིན་ལ། ཕྱི་ལོ་ ༢༠༠༣ ལོར་ཁོང་དང་། རྒྱ་ནག་ཁྲིམས་སྲིད་སློབ་ཆེན་ཁྲིམས་ལུགས་སློབ་གླིང་གི་དགེ་རྒན་ཐིན་པེའོ་དང་། ཧྭ་ཏུང་ཁྲིམས་སྲིད་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བ་ཡུས་ཅང་གསུམ་གྱིས་སྣེ་ཁྲིད་འོག་ཁྲིམས་རྩོད་པ་དང་ཆེད་མཁས་པ་མང་པོ་མཉམ་འབྲེལ་གྱིས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་བཤེར་ཚོགས་པ་  “ཀོང་མེན” གསར་འཛུགས་གནང་སྟེ་མི་དམངས་ཀྱི་ཁང་ཁྱིམ་དང་ས་ཞིང་བཙན་འཕྲོག་དང་། ལས་བཟོ་བའི་ཀུན་གསབ་ཡམ་འཕྲོག  གང་བྱུང་དུ་ཆབ་སྲིད་ཀྱི་ནག་ཉེས་བཙུགས་པ་བཅས་ཀྱི་གྱོད་དོན་རྣམས་ཁྲིམས་ལུགས་ཀྱི་ཐོག་ནས་དག་སེལ་དང་ཐོབ་ཐང་རྩོད་ལེན་བྱེད་བྱས་པ་དང་། དེ་བཞིན་ན་ནིང་ཕྲུ་གུའི་འོ་ཙམ་ནང་དུག་རྫས་བསྲེས་ཏེ་ཕྲུ་གུ་རྐྱེན་ལམ་དུ་ཕྱིན་པའི་གྱོད་དོན་ཁྲིམས་གཏུགས་དང་། གཞན་ཡང་། ད་ལོར་ཁྲིམས་རྩོད་པ་ཚོགས་པ་དེའི་ངོས་ནས་བོད་ནང་རྒྱ་ནག་གཞུང་གིས་འཛིན་པའི་སྲིད་ཇུས་ཐད་སྐྱོན་བརྗོད་ཀྱི་གསལ་བསྒྲགས་འགྲེམས་སྤེལ་གནང་བཅས་ལ་བརྟེན་ནས། ཕྱི་ཟླ་ ༧ པའི་ཚེས་ ༡༧ ཉིན་པེ་ཅིང་ཉེན་རྟོག་པ་ཀུང་མེང་ཁྲིམས་རྩོད་ཚོགས་པའི་ཡན་ལག་ལས་ཁུངས་ཀུང་མེང་ཁྲིམས་མཐུན་ཞིབ་འཇུག་ལྟེ་གནས་ཁང་དུ་སོང་སྟེ་ཡིག་ཆ་སྔོག་བཤེར་རྒྱབ་པ་དང་ཀམ་པུ་ཊར་སོགས་ཅ་དངོས་རྣམས་གཞུང་བཞེས་བཏང་བ་མ་ཟད་ལྟེ་གནས་ཁང་དེ་སྒོ་བརྒྱབ་པ་དང་། ཕྱི་ཟླ་ ༧ པའི་ཚེས་ ༢༩ ཉིན་ཉེན་རྟོག་པས་ཀུང་མེང་ཁྲིམས་མཐུན་ཚོགས་པ་དེས་དཔྱ་ཁྲལ་སྦས་སྐུང་བྱས་པའི་ནག་ཉེས་བཙུགས་ཏེ། ཞུས་ཀྲི་ཡུང་རང་ཁྱིམ་ནས་བཙན་ཁྲིད་ཀྱིས་མི་སུ་གཅིག་དང་འབྲེལ་གཏུགས་བྱེད་དུ་མ་བཅུགས་པར་ད་བར་གཟའ་འཁོར་གསུམ་རིང་བཀག་ཉར་བྱས་རྗེས། ཟླ་འདིའི་ཚེས་ ༢༣ ཉིན་གློད་བཀྲོལ་བཏང་ཡོད་པ་དང་། ཉིན་དེར་ཁོང་གིས་ཨེ་ཤ་རླུང་འཕྲིན་ཁང་གི་གསར་འགོད་པའི་བཅར་འདྲི་བརྒྱུད་ཁོང་ལ་རྒྱབ་སྐྱོར་དང་སྐུལ་འདེད་གནང་མཁན་གྱི་མི་མང་ཡོངས་ལ་ཐུགས་རྗེ་ཆེ་བཀའ་དྲིན་ཡང་ཞུས་ཡོད་རེད།

ཁྲིམས་རྩོད་པ་ལིས་ཞུང་པེན་གྱིས་BBCགསར་ཁང་དུ་བརྗོད་དོན། ང་རང་ཀོང་མེན་གྱི་ཁྲལ་དངུལ་གྱོན་དོན་གྱི་འགན་ལེན་ཁྲིམས་རྩོད་པ་ཡིན་པའི་རྐྱེན་གྱིས། འབྲེལ་ཡོད་ལས་ཁུངས་རེ་ཟུང་ནས་ཀོང་མེན་གྱི་གྱོད་དོན་དང་འབྲེལ་བ་གཅོད་དགོས་པའི་ཉེན་བརྡ་དང་འཇིགས་སྐུལ་གཏོང་གིན་འདུག འདི་ལྟའི་ཁྲིམས་ལུགས་རྡོག་རལ་གྱི་བྱ་སྤྱོད་ལ་ཧ་ཅང་བློ་ཕམ་བྱུང་ཞེས་དང་། ཁྲལ་བསྡུ་ལས་ཁུངས་དང་མི་སེར་གྱི་ཁྲལ་དངུལ་རྩོད་རྙོག དེ་བཞིན་དངུལ་གྲངས་འབོར་ཆེན་གྱི་ཆད་གཅོད་བཅས་ལ་ཁུངས་རྩ་གསལ་བོ་མེད་པར་མ་ཟད། ཀོང་མེན་ལ་ཁྲལ་བསྡུ་ལས་ཁུངས་ཀྱིས་ཁྲལ་འབབ་ཀྱི་ལྡབ་ལྔའི་ཆད་གཅོད་བཅད་རྗེས། གྱོད་དོན་དེ་མ་ཐག་ཁྲིམས་འཛིན་ལས་ཁུངས་སུ་སྤྲད་པ་དང་། ཞིས་ཀྲི་ཡོན་འཇུ་བཟུང་བཀག་ཉར་བྱས་པ་བཅས་ནི་མ་གཞི་ནས་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་རེད་ཅེས་བརྗོད་ཡོད།

དབྱེ་ཞིབ་པ་དག་གིས་རྒྱ་ནག་གཞུང་གིས་ཞིས་ཀྲི་ཡུང་གློད་བཀྲོད་གཏོང་དོན་ནི་སྤྱི་ཚོགས་ཁྲོད་ཀྱི་ཚོགས་པ་འདྲ་མིན་དང་། ཤེས་ལྡན་པ། དེ་བཞིན་དྲ་ལམ་ཁག་གི་གླེང་སློང་གི་གནོན་ཤུགས་མ་ཐེག་པ་ཞིག་ཡིན་ཚུལ་བརྗོད་ཡོད་ལ།  ཞིས་ཀྲི་ཡོན་གློད་བཀྲོལ་ཡོང་ཆེད་པེ་ཅིན་གྱི་ཤེས་ལྡན་པའི་ཁྲོད་ཤུགས་རྐྱེན་དང་སྙན་གྲགས་ཆེ་བའི་ཁྲིམས་ལུགས་རིག་པ་བ་ཅང་ཕེན་དང་། དཔལ་འབྱོར་རིག་པ་བ་མའོ་ཡིས་ཧྲི། རྩོམ་པ་པོ་ཀྲང་ཡིས་ཧི། འགྲོ་བ་མིའི་ཐོབ་ཐང་རྩོམས་ཁྲིད་པ་ཀྲང་ཟི་ཀྲུ། སྤྱི་ཚོགས་རིག་པའི་ཆེད་མཁས་པ་ཆན་ལིས་ཆོན། དེ་བཞིན་སྙན་གྲགས་ཅན་གྱི་རྩོམ་སྒྲིག་པ་ཞིས་ཡུས་ནོང་ཙི་བཅས་ཀྱིས་མཉམ་འབྲེལ་ཐོག་ཕྱི་ཟླ་ ༨ པའི་ཚེས་༡༩ ཉིན་དྲ་ཐོག་དུ་ << སྲིད་གཞུང་གིས་ཀོང་མེན་གྱོད་དོན་ཐག་གཅོད་ལེགས་པོ་བྱེད་པར་རེ་སྐུལ >> ཞེས་པའི་སྤྱི་བསྒྲགས་ཤིག་སྤེལ་ཏེ་ཞིས་ཀྲུ་ཡོན་གློད་བཀྲོལ་ཡོང་བར་འབོད་སྐུལ་བྱས་པ་དང་། ཕྱི་ཚེས་ ༢༢ ཉིན་ཞང་ཀང་དུ་ཞིས་ཀྲི་ཡུང་གློད་བཀྲོད་ཆེད་དྲ་ཐོག་ཐད་གཏོང་གླེང་མོལ་ཚོགས་འདུ་ཞིག་བསྡུས་ཏེ་ཞང་ཀང་མི་དམངས་གཙོས་པའི་རྒྱ་ནག་སྐམ་སའི་མི་དམངས་རྣམས་ལ་བརྒྱུད་སྒྲོགས་བྱས་ཤིང་། དྲ་གྲོགས་རྣམས་ཀྱིས་དྲ་བའི་བརྒྱུད་ལམ་འདྲ་མིན་སྣ་ཚོགས་སྤྱད་དེ་ཞིས་ཀྲི་ཡུང་གློད་བཀྲོད་ཡོང་ཆེད་འབོད་སྐུལ་གྱི་ལས་འགུལ་སྤེལ་གཞི་རྒྱ་ཆེ་བ་ཞིག་ཀྱང་སྤེལ་ཡོད་པ་རེད། 

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 1

  1. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ཁ་ཉིན་ཕྱི་ཚེས་ ༢༡ ཉིན་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོ་སྐུ་ཞབས་ རྗོན་ ཧུན་ཙི་མན་ ལགས་པེ་ཅིན་དུ་འབྱོར་ཞིང་། གཟའ་ཉི་མའི་ཉིན་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་མི་གསུམ་གློད་ཡོད་ལ། འདི་ནི་ཨོ་བྷ་མ་ཡི་སྐུ་ཚབ་དོན་གཅོད་ལ་དགའ་བསུ་ཞུ་སྟངས་ཤིག་མཚོན་ཡོད་པར་བཤད། ཡིན་ཡང་འདི་ནི་རྣམ་འགྱུར་ཙམ་མ་གཏོགས་པེ་ཅིན་གྱི་སེམས་བསམ་པའི་ནང་གི་འགྱུར་ཕྱོགས་ཀྱི་བརྡ་ལན་ཅི་ཡང་མིན།
    སྐུ་ཞབས་རྗོན་ ཧུན་ཙི་མན་ ལགས་པེ་ཅིན་ལ་འབྱོར་བའི་ཕྱི་ཉིན་དེར། ཁོང་གི་ལས་འགན་གཙོ་བོ་ནི་མངའ་ཁུལ་འདི་དང་འཛམ་གླིང་དཔལ་འབྱོར་ཡར་རྒྱས་གཏོང་ཕྱོགས་སུ་གཞི་རིམ་གྱི་ཇུས་འགོད་འདིང་བར་རོགས་རམ་བྱ་རྒྱུ་དེ་ཡིན་པར་གསུངས། ཡིན་ཡང་ཁོང་གིས་སྐབས་དེར་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ཅི་ཡང་གསུང་མེད།
    ཁོང་པེ་ཅིན་དུ་འབྱོར་རྗེས་ཀྱི་བདུན་ཕྲག་དང་པོ་སྟེ། ཕྱི་ཚེས་ ༢༤ ཉིན་ནས་ཡུ་གུར་གྱི་བཙོན་པ་ ༢༠༠ ལྷག་ལ་ཁྲིམས་བཤེར་བྱེད་མགོ་བཙུགས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese