མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲིའི་འོས་གཞིའི་སྐོར་གྱི་བསམ་ཚུལ། གནམ་ལྕགས།

བོད་ཀྱི་དུས་བབ།
༢༠༠༩/༠༨/༢༧
Share on FacebookShare on TwitterShare on EmailShare on Whatsapp

གནམ་ལྕགས་ཀྱིས་སྤེལ།

     དེང་སང་བཙན་བྱོལ་སྤྱི་ཚོགས་ཁྲོད་ཉིས་སྟོང་བཅུ་གཅིག་གི་བཀའ་བློན་ཁྲི་བའི་སྐོར་གྱི་ཟང་ཟིང་དུ་གྱུར་བའི་སྐབས་འདིར། མི་མང་བོ་ཞིག་གིས་བཀའ་ཁྲིའི་སྐོར་གྱི་བསམ་ཚུལ་དང་རྩོམ་ཡིག་སྤེལ་གྱིན་འདུག་ལ། དེའི་ཁྲོད་དུ་བཀའ་ཁྲིའི་འོས་གཞི་ཡང་མང་བོ་ཞིག་ཐོན་བཞིན་ཡོད། ངས་དེ་དག་ལས་འོས་གཞི་བདམས་པའི་བསམ་ཚུལ་རིགས་གསུམ་དུ་བགར་ཏེ་བརྗོད་པར་འདོད་ལ། དེའི་ཁྲོད་ནས་རང་གིས་མཐོང་བའི་འོས་གཞི་དེ་ཡང་དམིགས་བཀར་གྱིས་བརྗོད་འདོད་བྱུང༌།
 
                     གཅིག དད་པའི་རྗེས་སུ་འབྲངས་པའི་མང་ཚོགས་དང་བཀའ་ཁྲིའི་འོས་གཞི།

མི་མང་བོ་ཞིག་གིས་དེང་གི་ལས་ཐོགས་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་བསྐྱར་དུ་འདེབས་དགོས་པ་དང༌། ཁོང་མ་ཕེབས་པ་ཡིན་ན་འདས་པའི་ལོ་ངོ་བཅུའི་རིང་གི་གྲུབ་འབྲས་དག་ཆུ་ལ་སྐྱུར་བ་འདྲ་བའི་སྐད་ཆ་བཤད་ཀྱིན་འདུག ད་དུང་རང་རེའི་གཞུང་གི་བཀའ་ཁྲི་འོས་འདེམས་ཀྱི་ལམ་ལུགས་ལའང་རང་གི་དད་པ་དང་དག་སྣང་གིས་བརྩི་བཀུར་མ་བྱས་ཀྱང་མི་སྐྱོན་པའི་བསམ་ཚུལ་འཛིན་གྱིན་ཡོད། དེའི་རིགས་ནི་སྐྱ་སེར་གཉིས་ཀྱི་ཁྲོད་དུ་ཡོད་ལ། འདི་ནི་མཁས་དབང་ཟམ་གདོང་བསྐྱར་དུ་བཀའ་ཁྲིར་ཕེབས་དགོས་པའི་བསམ་ཚུལ་འཛིན་མཁན་དག་ཡིན། མདོར་བསྡུས་ན་བསམ་ཚུལ་འདི་ནི་དད་པ་དང་དག་སྣང་གི་དབང་དུ་གྱུར་བའི་སྐྱེ་བོའི་རིགས་ཡིན།
 
                     གཉིས། ཛ་དྲག་དང་ཉེན་ཁ་མཐོང་བའི་མང་ཚོགས་དང་དེའི་བཀའ་ཁྲིའི་འོས་གཞི།
 
བོད་ཀྱི་ལོ་རྒྱུས་དང་རིག་གཞུང་གི་ཛ་དྲག་དང་ཉེན་ཁ་མཐོང་བའི་མང་ཚོགས་ཀྱི་རིགས་ཤིག་གིས། དེང་སང་གི་རང་རེའི་བཀའ་ཁྲི་ནི་དངོས་གནས་གནད་འགག་ཅིག་ཏུ་མཐོང་སྟེ་གཡོ་ཟོལ་མེད་པར་དྲང་བདེན་གྱིས་སྐད་ཆ་བཤད་ཀྱིན་ཡོད། དེའི་རིགས་ནི་རང་རང་གིས་འཁུར་འོང་བའི་འོས་གཞིའི་འདས་པའི་ལོ་རྒྱུས་དང་བྱས་རྗེས་ལ་བལྟས་ནས་ཉམས་མྱོང་སོགས་ཕུན་སུམ་ཚོགས་པའི་མི་སྣ་བདམས་ཀྱི་འདུག ངས་བལྟས་ན་ང་ཚོའི་སྤྱི་ཚོགས་ཁྲོད་མི་ཤེས་འཇོན་ལྡན་པ་མེད་པ་མིན་ལ། དེ་དག་ངོས་ཟིན་དགོས་ན་རང་རང་གི་རྒྱུད་ཀྱི་དད་པ་དང་དག་སྣང་གིས་མཐོང་བའི་བྱ་དངོས་དེ་དོར་ཐུབ་དགོས་པ་ཡིན། དེ་དང་འབྲེལ་བའི་རང་གི་ལུང་ཚན་དང་ཆོས་རྒྱུད་ཀྱི་རྩ་བ་དེ་ཡང་དོར་ཐུབ་དགོས་པ་ཡིན། དེ་ལྟ་བུའི་མི་ཞིག་གིས་ད་གཟོད་བོད་རང་གི་རྒྱལ་ཁབ་ཀྱི་འཇིག་ཉེན་ཁོ་ན་དེ་མཐོང་ཐུབ་པ་ཡིན། ད་ལྟའི་དུས་སྐབས་འདིར་དེ་མཐོང་ཡོད་པའི་མང་ཚོགས་དང་དེ་དག་གིས་བདམས་པའི་བཀའ་ཁྲིའི་འོས་གཞི་ནི་བཀྲས་མཐོང་བསྟན་འཛིན་རྒྱལ་དང་རྒྱལ་རི་བློ་གྲོས་རྒྱལ་མཚན་གཉིས་རེད། འདི་ནི་ཆོལ་ཁ་དང་ལུང་ཚན། ཆོས་ལུགས་དང་གྲུབ་མཐའི་རྒྱ་ལས་ཐར་བའི་གང་ཟག་དག་གི་རང་བཞིན་ཡིན།
 
                                       གསུམ། ཞེན་ཁོག་གིས་བཙལ་བའི་བཀའ་ཁྲིའི་འོས་གཞི།

ཉེ་སྔོན་བོད་ཀྱི་བང་ཆེན་གྱི་དྲ་རྒྱའི་སྟེང་མི་ཁ་ཤས་ཀྱིས་བསྟན་འཛིན་བརྩོན་འགྲུས་འོས་གཞིར་བདམས་པ་དང༌། ཡང་མི་ཁ་ཤས་ཀྱིས་བློ་བཟང་སེང་གེ་བདམས་པ། ཡང་ཁ་ཤས་ཀྱིས་རྔ་བ་ཚེ་རྒྱམ་བདམས་པ་སོགས་ནི་ཆགས་སྡང་ཁོ་ནའི་གཏམ་ལས་བོད་རང་གི་ཆག་འཇིགས་ལ་བསམ་བློ་བཏང་བ་ཞིག་རྩ་བ་ནས་མིན། འདི་འདྲའི་སྐབས་སུ་རང་གི་རྒྱལ་ཁབ་དང་མི་རིགས་བསམ་མཁན་ཞིག་ཡིན་ན་ངེས་པར་དུ་གཟབ་ཙམ་གནང་དགོས་པ་དང༌། ལྷག་པར་དུ་རང་རེའི་ྋགོང་ས་ཡིན་བཞིན་ནོར་བུའི་ཐུགས་སྨོན་དང་མཐུན་པ་ཞིག་མ་ཡོང་བར་ཆོལ་ཁ་དང་ཆོས་ལུགས་ཀྱི་དབང་དུ་སོང་བའི་བཀའ་ཁྲི་ཞིག་སླེབས་པ་ཡིན་ན། དེ་དུས་རང་གི་ཁ་ཕོར་ནང་ལ་རང་གིས་སྐྱག་པ་བླུག་པ་ལས་གང་ཡང་མེད་པ་ཆགས་འགྲོ་བས། མི་རང་རང་གི་ངོས་ནས་ལྷག་བསམ་རྣམ་པར་དག་པས་བོད་སྤྱི་ལ་ཕན་པའི་ལས་ཀ་བྱེད་པ་དང་སྐད་ཆ་བཤད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཆགས་ཡོད།
     

འདི་ལྟར་ངས་མཐོང་བའི་བཀའ་ཁྲིའི་འོས་གཞིའི་སྐོར་གྱི་བསམ་ཚུལ་རགས་བསྡུས་འདི་ནི་དུས་ཡུན་གང་འཚམས་ཤིག་གི་རིང་བཙན་བྱོལ་གྱི་ཤེས་ཡོན་པ་ཚོས་བཀའ་ཁྲིའི་སྐོར་གྱི་རྩོམ་ཡིག་དག་བཀླགས་པའི་མྱོང་ཚོར་ཙམ་ཡིན་ལ། རང་གིས་མཐོང་བའི་འོས་གཞི་ལེགས་ཤོས་དང་བསམ་ཚུལ་འདོན་མཁན་གྱི་ལྷག་བསམ་རྣམ་པར་དག་ཤོས་ནི་སྐུ་ངོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཡིན་ལ། ད་དུང་མི་ཤས་ཀྱིས་མི་ཚང་ཆེན་པོའམ་སྐུ་དྲག་གི་རྒྱུད་པའི་སྐོར་ཞིག་བཤད་ཀྱིན་ཡོད་པ་ནི་སྦལ་བས་གནམ་མཐོང་གི་དཔེ་ལས་མེད་པས་གླེང་གཞིར་མི་འོས་པས་རེ་ཞིག་བཞག་པ་ཡིན། འདས་པའི་ལོ་རྒྱུས་དང་བྱས་རྗེས་སོགས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལས་ལྷག་ཅིག་རང་རེའི་བཙན་བྱོལ་ནང་ཡོད་ན་ངེས་པར་ཕྱི་ལ་འབུད་དགོས་པའི་དུས་ལ་སླེབས་ཡོད་པ་ལས་ད་ཡོད་ཀྱི་བཀའ་ཁྲིའི་འོས་གཞི་དག་ལས་འདི་ལས་ལྷག་ཅིག་མ་མཐོང༌།
        

རང་གི་དཔོན་པོ་རང་གིས་བདམས་པའི་སྐལ་བ་བཟང་བོ་འདི་འདྲའི་འོག་ནས་མི་ཚང་མས་རང་རེའི་སྤྱི་ཚོགས་ཁྲོད་ཤེས་འཇོན་གཉིས་ལྡན་གྱི་མི་ཞིག་སུ་ཡིན་པ་དེ་རང་གི་དཔོན་པོར་བདམས་རྒྱུ་ལས་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་ལ་བཅོལ་ན་རང་གཞན་གཉིས་ཕོངས་ཀྱི་རྒྱུ་ལས་མེད་པས། གང་ཟག་རང་རང་གི་ལྷག་བསམ་རྣམ་པར་དག་པ་དང་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་ཁོ་ནར་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཡིན། གོང་གི་སྐད་ཆ་དག་ནི་ང་གནམ་ལྕགས་ཟེར་བའི་མི་ཆུང་ཆུང་ཞིག་གི་ལྷག་བསམ་རྣམ་དག་གི་གཏམ་ཡིན་ལ། འདིའི་ནང་དུ་དགའ་སྡུག་ཆགས་སྡང་གི་དྲི་ཙམ་ཙམ་མེད་པ་སྲུང་མ་དམར་ནག་གཉིས་དཔང་བཙུགས་ཀྱིས་མནའ་བསྐྱལ་ཆོག

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༦ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༧ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༧ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༨ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༩ སྔོན་ལ།

མཆན། 19

  1. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ཚང་མས་མཁྱེན་པ་དང་བཤད་པ་དེ་ལས་བརྒལ་ནས་དོན་དག་གི་གནས་བབ་ལ་ཞུགས་རོགས་གནོང་། བཀའ་བློན་ཁྲི་བའི་འོས་གཞི་རེ་རེ་ངོ་སྤྲོད་ཅིག་གནོངས་དང་། འདྲ་དཔར་དང་བཞུགས་གནས། ད་ལྟའི་ལས་འཁུར་ཡོད་མེད་སོགས་གསལ་བོ་ཞིག་ངོ་སྤྲོད་ཐུབ་ན་ཡག་པོ་འདུག་ལགས།

    Reply
  2. གཡུ་དྲུག་དཀར། says:
    ལོ་ 16 སྔོན།

    དྲ་གྲོགས་གནས་ཚང་ལགས། ངས་ཁྱེད་ཀྱི་སྐད་ཆ་དག་ལ་ཡུན་རིང་ཞིབ་འཇུག་བྱས་པ་ཡིན། ཐོག་མར་ངས་ཁྱེད་རང་ཅི་ཡང་ཤོད་པའི་དཔའ་རྩལ་ལྡན་པའི་བུ་རྒོད་ཅིག་རེད་བསམ་བྱུང་། བར་དུ་ངས་ཁྱེད་རང་སྙུ་གུ་དྲང་མོར་འཛིན་པའི་དཔྱོད་ལྡན་ཞིག་ཏུ་མཐོང་སོང་། མཐའ་དོན་ངས་ཁྱེད་རང་སྤར་མཐིལ་དུ་ལོན་བྱུང་། དེང་སྐབས་ངས་ཁྱེད་ཀྱི་སྐད་ཆ་མཐོང་དུས་སྔོན་བྱོན་དམ་པའི་ཞལ་གདམས་ཤིག་དྲན་བྱུང་། དེ་ནི་འདི་ལྟར། ཡོན་ཏན་མེད་པའི་སྐྱེ་བོ་དེ།། ཡོན་ཏན་ཅན་ལ་ལྷག་པར་སྡང་།། ཅེས་པ་དེ་རེད། གོང་གི་ཚིག་དེ་ཅུང་ཟད་ཁ་བསྒྱུར་ནས་ཁྱེད་ལ་བསྐོར་ན། འཇོན་ཐང་མེད་པའི་སྐྱེ་བོ་དེ།། འཇོན་ཐང་ཅན་ལ་ལྷག་པར་སྡང་།། ཅེས་སྨྲའོ།

    Reply
  3. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    སྟོན་ཤོག

    Reply
  4. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    གནས་ཚང་ཟེར་བའི་དྲ་འབུ་འདིས་ཡང་ཡབ་གཞིས་ཚང་ལ་འགྲན་འཛུགས་གྱིན་འདུག
    ད་དུང་དམིགས་ཡུལ་འགྲུབ་མེད་པ་འདྲ་ཕལ་ཆེར་མི་ཚེ་འདི་ལ་འགྲུབ་ཁག་པོ་ཡིན་རྒྱུ་རེད།
    ཏ་ལའི་བླ་མ་མཆོག་གཙོའི་ཡབ་གཞིས་ཚང་ལ་མི་འཇོན་པོ་མང་པོ་འདུག་ད།
    ཧ་ཧ་ཧ་ཤི་མི་ཐུབ་པའི་གནས་ཚང་དང་པོ་ཁྱེད་ཀྱི་རང་བཙན་ལག་དེབ་དྲ་གྲོགས་ཚོར་གཅིག་སྟོན་དང་རིམ་པའི་ང་ཚོའི་བཀའ་ཁྲིའི་གླེང་ཡོང་།།

    Reply
  5. freeman says:
    ལོ་ 16 སྔོན།

    ན་པ་ཚང་མ་ལ་ངེའི་བོད་ཡིག་ཡག་པོ་མ་ཤེས་དགོང་འགལ་ཞུ། སྐུ་ཞབ་སྐྱུས་བུ་ལགས་རྔ་བ་ཚེ་རྒྱམ་ལ་རྒྱ་ཡིག་རྒྱ་སྐད་དང་རྒྱ་མེའི་ཆབ་སྲིད་རྒྱ་བོད་གཉིས་ཆས་ཐད་ནས་ཁོང་ལ་སློབ་སྦྱོང་ཡག་པོ་དང་ཉམས་མྱོང་ཡོད་པ་ དེས་མ་ཟད་ཁོང་གིས་ཆབ་སྲིད་ལས་དོན་ལོ་༣ཙམ་རྒྱེའི་བཙོན་ལ་བདད་མྱོང་ཡོད་བ།
    ང་ལོང་པ་རྒྱ་མིས་ལག་ཡོད་ཙང་ང་ཚོས་རྒྱ་མི་ལ་འབྲེལ་བ་བྱེད་དགོས་ཡོད་ཙང་ དཔྱུན་སྐད་བྱེད་དགོས་ཡོད་པ་མི་འདུག་ག་སྲིད་དགོས་ཚེ་བཙན་འབྱོར་ནང་དཔྱུན་ཤིས་ནི་མ་མིང་ན་མི་ཉོང་།ཚེ་རྒྱམ་ནང་བཞིན་in exileནང་ལ་ཡོད་མི་སྲིད།

    Reply
  6. གཡུ་དྲུག་དཀར། says:
    ལོ་ 16 སྔོན།

    རང་ཉིད་སུ་ཡིན་དང་གར་ཡོད་མི་མཐོང་བའི་དྲ་འབུ་ཚོ། ད་ལྟའི་ཆར་ང་ཚོར་དགོས་པ་ནི་བཙན་བྱོལ་གཞུང་གི་དཔལ་འབྱོར་ཡར་རྒྱས་གཏོང་ཐབས་དང་སློབ་གྲྭ་ཁག་གི་སློབ་སྦྱོང་གི་ཁ་ཕྱོགས་འགྱུར་བ་གཏོང་ཐུབ་པ་ཞིག་དགོས། དེ་གནད་ལ་འཛིན་རོགས། དེ་མིན་ང་ཚོ་སྐྱབས་བཅོལ་བའི་གནས་སྟངས་འདི་ལྟར་བསྡད་ཚེ་ད་ལྟའི་ཨ་རིའི་སྲིད་འཛིན་ལས་ཐོག་བྷ་ར་ཁི་ཨོ་བྷ་མ་ང་ཚོའི་བཀའ་ཁྲིར་བསྐོས་ཀྱང་ཕན་ཐོགས་སྤུ་ཙམ་མེད། ཤེས་སོང་ངམ།

    Reply
  7. པ་་་་་ད་་་་་ན་་་་ནས། says:
    ལོ་ 16 སྔོན།

    བཀའ་བློན་ཁྲི་པ་ནི་མིརབས་གསལ་པ་ཡོངས་བའི་རེ་བ་ཡོད།།

    Reply
  8. ཟ་ལེ་རྒྱལ། says:
    ལོ་ 16 སྔོན།

    བཀྲས་མཐོང་གི་བུ་ལོན་འབུམ་དེ་ཚོ་ཐག་གཅོད་ཅི་ལྟར་བྱས་བ་རེད། གནད་དོན་འདི་ཞི་མིས་སྐྱག་པ་བཏང་བ་བཞིན་ས་འོག་ལ་བཅུག་རྗེས་ཡང་བསྐྱར་ཁྲི་ཐོག་ལ་བཞག་ན་ལོ་རྒྱུས་ཀྱི་ངོས་ནས་ངོ་ཚ་དགོས་བ་ཞིག་མ་རེད་དམ། དེ་ནི་ཁོ་ལ་གླེང་བཏབ་པ་ཙམ་ཡིན་ན་དེ་ལ་གསལ་བཤད་གང་ན་སུས་བྱས་འདུག

    Reply
  9. གནས་ཚང་། says:
    ལོ་ 16 སྔོན།

    ཐོག་མར་ངས་ལྷན་རྒྱས་སྤྱན་ཕུལ་ཞུས་ཟིན་པའི་ཡབ་གཞིས་ཀྱི་འོས་མིའི་སྒང་ལ་སྐད་ཆ་ཤོད། དེ་ནས་གསེར་དང་རག་གི་ཁྱད་པར་འབྱེད་ཡ་སླ་བོ་རེད། དེ་ནས་ཁག་ཅིག་གིས་རྟག་པར༼གོང་ས༽༼གོང་ས༽ཞེས་ཞེ་བོ་ཞིག་དད་པ་ཡོད་མདོག་བསྟན་ཡོང་བཞིན་པའི་རྒྱབ་ལོགས་ཀྱང་བསྔོག་ཐུབ་ནི་རེད། གཞན་དག་ད་དུང་གླེང་རན་མ་རེད། མཁྱེན་སོང་ངམ།

    Reply
  10. སྐྱེས་བུ། says:
    ལོ་ 16 སྔོན།

    སྐུ་ཞབས་བསྟན་འཛིན་ལགས་ཀྱིས་གསུངས་གསལ་ལ། སྐྱེས་སར་ཀླུ་སྒྲུབ་རྨོངས་དད་མི་བྱེད་མཁན་ཞིག་དང། ཕྱོགས་རེས་མི་བྱེད་མཁན་ཞིག་ཡིན་རབས་བཤད་འདུག དེ་འདྲ་ཞིག་ཡིན་དབང་དུ་བཏང་ཡང། ཁོའི་ཤེས་ཚད་དང། འཇོན་ཐང་སོགས་གང་ཅིའི་ཐད་ནས་བཀའ་ཁྲིའི་འགན་ཁུར་ཐུབ་མཁན་ཞིག་མ་རེད་སྙམ། ཁོ་རང་བོད་ཀྱི་རིག་གཞུང་ཐད་སློབ་སྦྱོང་ཡག་པོ་ཡོད་མཁན་ཞིག་དང། ལྷག་དོན་མི་ཉམས་ཆུང་ཞིག་ཡིན་ཚོད་ལས། བཀའ་ཁྲིར་འདུག་འོས་པ་ཞིག་མ་རེད། ལྷག་པར་རྒྱུ་མཚན་གཞན་མང་པོ་ཤོད་མི་དགོས་པར། སྐྱེས་སར་ཀླུ་སྒྲུབ་ཟེར་པ་དེ་ཤེས་ཡོན་པ་ཞིག་དང། མི་དྲང་བོ་ཞིག་ཡིན་ན། བཀའ་ཁྲི་བྱེད་ཐབས་ཡོད་པ་མ་རེད། བཀའ་ཁྲིར་འདུག་མཁན་དེ་ངེས་པར་དུ་མི་ཆབ་སྲིད་པ་ཞིག་དགོས་པ་ལས། མི་བླ་མ་དཀོན་མཆོག་ཅིག་གིས་ཡོང་ཐབས་ཡོད་པ་མ་རེད། ང་སྐྱེས་སར་ཀླུ་སྒྲུབ་ལ་དམིགས་བསལ་གྱིས་མི་དགའ་རྒྱུ་མེད་མོད། བཀའ་ཁྲིའི་ཐད་ནས་བཤད་ན། སྐྱེས་སར་ཀླུ་སྒྲུབ་ཀྱིས་དབྱིན་ཇིའི་ཆུ་ཚད་གཅིག་བུས་ཀྱང་བཀའ་ཁྲིར་འདུག་འོས་པའི་ཡོན་ཚད་ཅིག་མེད་ངེས་ཡིན། དེ་མཚུངས་རྔ་པ་ཚེ་རྒྱམ་ཡང། ཆབ་སྲིད་པ་དང། ཤེས་ཡོན་ཅན། རྒྱའི་གནས་སྟངས་ཐད་རྒྱུས་ཡོད་ཅིག་ཡིན་རུང། ཁོང་གིས་དབྱིན་ཇི་ཤེས་ཀྱི་མེད་སྟབས་བཀའ་ཁྲིར་སྡོད་འོས་པའི་ཆ་རྐྱེན་མེད།

    Reply
  11. གནས་ཚང་། says:
    ལོ་ 16 སྔོན།

    ཕྱི་ལོ ༢༠༡༡ ལོའི་བཀའ་ཁྲིའི་འོས་གཞི་ལ་ཡབ་གཞིས་སམ་ཏཱ་ལའི་བླ་མའི་ཁྱིམ་རྒྱུད་ནང་གི་དྲག་ཤོས་གཉིས་སམ། བསྟན་འཛིན་མཁས་གྲུབ་དང་སྟག་ལྷ་སྐལ་བཟང་གཡང་སྐྱིད་གཉིས་ཀྱི་གཅིག་ལ་འོས་ལྡུག་འོས་སུ་མཐོང་། ཚང་མ་ལོས་དད་པ་ཞེས་པ་དེ་མ་ཎི་བཞིན་བགྲང་ཡ་ཅིག་ལ་མི་བལྟ་བར་མི་ཚང་དེར་མཐའ་མའི་གོ་སྐབས་སྤྲད་ནས་སེམས་ཤུགས་སྤར་ཡ་ཅིག་ལ་ངོས་འཛིན་བྱེད་དགོས་པར་གོར་མ་ཆག

    Reply
  12. Dhonling Bhu says:
    ལོ་ 16 སྔོན།

    བཀའ་ཁྲི་སུ་ཞིག་འདམས་ནའང་ཤེས་འཇོན་གཉིས་ལྡན། ལྷག་བསམ་རྣམ་དག གཞུང་དང་མི་མངས་ཀྱི་དོན་དུ་རང་སྲོག་བློས་ཐུབ་མཁན་སོགས་ཡོད་ན། ཆོལ་ཁ་དང་ཆོས་ལུགས་གང་ཞིག་ནས་ཡོང་ནའང་འགྱོད་པ་མེད། ཡིན་ནའང་གལ་ཏེ་བཀའ་ཁྲིའི་རྐུབ་སྟེགས་དེའི་སྟེང་དུ་སླེབས་ནས་རང་འགན་མ་བསྒྲུབ་པར་། ༸རྒྱལ་བའི་དགོངས་པ་དང་མི་མཐུན་པ། ཆོལ་ཁ་དང་ཆོས་ལུགས་སོགས་ཀྱི་འཐེན་ཁྱེར་གྱི་བྱ་བ་དེ་འགོ་བརྩམས་ན་མི་འགྲིག་ཐག་གཅོད་ཡིན། ང་རང་མཚོན་ན། ཆོལ་ཁ་མེད་ལ་ཆོས་ལུགས་ཀྱི་ཞེན་ཁོག་ཀྱང་མེད། ང་རང་བོད་པ་རྣལ་མ་ཞིག་དང་ནང་པ་གཙང་མ་ཞིག་ཡིན། སྐྱེས་ཡུལ་ནི་རྒྱ་གར་ཡིན་ལ་ཕ་ཡུལ་ནི་བོད་ཁོ་ན་ཡིན། ང་མདོ་དབུས་སྒང་གསུམ་བོད་མི་ཞིག་ཡིན་ལ། ངའི་ཕ་ཡུལ་ནི་མཐོ་སྒང་གི་གངས་ལྗོངས་ཡོངས་རྫོགས་ཡིན།

    Reply
  13. tanzin says:
    ལོ་ 16 སྔོན།

    དྲ་གྲོགས་རྣམས་ལ་ཞུ་རྒྱུར། དྲ་ལམ་གྱི་མཁས་དབང་རྣས་པས་གཞུང་ལུགས་དང་ལྟ་གྲུབ། ཕྱོགས་ཞེན་སོགས་ཀྱི་བཀའ་མོལ་རྐྱང་གནང་ནས་དོན་ལ་ཁྱད་པར་གང་ཡང་མི་འགྲོ། དེ་བས་འོས་གཞི་ཞིག་གི་ཐོག་ལ་འབབ་རྒྱུ་གལ་ཆེན་རེད། རྔ་པ་ཚེ་རྒྱམ་དང་། བློ་བཟང་སེངྒེ་། བློ་བཟང་སྙན་གྲགས་སོགས་ལ་མཚན་སྙན་གྲགས་ཆེན་པོ་རེད། ཡིན་ནའི་ལག་ཏུ་བཞག་ན་ཁག་པོ་རེད།
    ང་རང་གི་ཡིད་ཆེས་བྱེད་ཐུབ་པའི་བཀའ་ཁྲིའི་འོས་གཞི་དྲག་ཤོས་ཤིག་ནི། ཀིརྟིའི་གྲ་ཟུར་སྐྱེས་སར་ཀླུ་སྒྲུབ་ཞུ་བ་ཁོང་རེད། གང་ཡིན་ཞུ་ན། ཁོང་ལ་ཆོལ་ཁ་དང་ལུང་ཚན་གྱི་ཕྱོགས་རེས་ཆུང་ཞིང་། ཆོས་རྒྱུད་ཀྱི་ཕྱོགས་ཞེན་ཡང་མ་མཐོང་། གནད་འགག་ལ་གཏུགས་ན་སེམས་ནང་གི་ལྟ་གྲུབ་དེ་རང་གི་གྲ་ཚང་དང། རྩ་བའི་བླ་མའི་ཞལ་རས་ལ་ཡང་སོར་གང་མི་བརྗེ་པའི་གྲུབ་མཐའ་བརྟན་པོ་དང་། ལྷ་དང་འདྲེ། མངོན་ཤེས་དང་བྱིན་རླབས་སོགས་ལ་ཡིད་ཆེས་ཁྱོན་ནས་མི་གནང་པ་དཔེར་ན། ཁོང་ནས་ཀིརྟི་བྱེས་པ་གྲ་ཚང་གི་དཔལ་འབྱོར་གྱི་ཡོང་ཁུངས་ལ་དཔྱད་པ་ཞེས་པའི་དཔྱད་རྩོམ་དེར་བླ་མ་གྲ་ཚང་གི་མཚན་གནས་བེད་སྤྱོད་བཏང་ནས་ཕ་ཡུལ་གྱི་ཚོང་པ་རྣམས་ཀྱི་མ་དངུལ་ལ་གྱོང་གཏོང་བཞིན་པ་དང་། དེ་ལ་བརྟེན་ནས་ཚོང་པ་རྣམས་ནམ་ཡང་ཡར་རྒྱས་སུ་འགྲོ་ཐུབ་ཀྱི་མེད་པ་ལ་དགག་པ་ཚ་ནན་གནང་ཡོད་པ་ལྟ་བུ་དང་།
    ཡང་ཁོང་ནས་མང་གཙོ་དང་སྨྲ་བརྗོད་དབང་གི་ཆེད་དུ་བླ་མ་དང་གྲ་ཚང་ལ་མདུང་རྩེ་ཁ་སྤྲོད་གནང་སྐབས། ཁོང་གྲ་ཚང་ནས་གནས་དབྱུང་གཏོང་རྒྱུ་ལ་ཇི་ཡང་མི་སྙམ་པར་ཁ་གཏད་གནང་པས་མཐའ་མར་གནས་དབྱུང་བཏང་ཡང་བློ་ཕམ་སྤུ་ཡང་བྱུང་མེད་པ་སོགས་མདོར་བསྡུས་ནས་བཤད་ན་ཁོང་གི་དྲང་བདེན་དང་སྙིང་སྟོབས་རྣམས་ནི་དངོས་ནས་༢༠༡༡ ལོའི་བཀའ་ཁྲིའི་འོས་གཞི་ལ་འདེམས་དགོས་པར་མཐོང་སོང་། ཚང་མས་ཁོང་རྒྱབ་སྐྱོར་གནང་རོགས།

    Reply
  14. ལི་ཐང་བཤད་སྒྲུབ says:
    ལོ་ 16 སྔོན།

    དྲ་གྲོགས་གནམ་ལྕགས་ནི་དངོས་གནས་གནམ་ལྕགས་རང་རེད་་་་གནས་ལུགས་དང་རྒྱུ་མཚན་ཡོད་པའི་གཏམ་བཤད་རེ་གཉིས་བཤད་ཚུལ་ཅུང་ཐལ་ཆེ་བའི་སྐྱོན་ལས་བསམ་འཆར་ཡག་པོ་འདུག་་་མ་གཞི་ང་འཚོ་བོད་པའི་སྤྱི་ཚོགས་ནང་སོ་སོའི་རང་དབང་གི་ནུས་པས་བསམ་བློ་བར་ཚོད་འཛིན་མེད་པ་ཇི་ཙམ་མང་བ་དེ་ཚོད་ཀྱི་ཡར་རྒྱས་གྱི་རྣམས་པ་ཅན་དུ་འགྱུར་བ་ཡིན་ལ་་དེ་ཡང་གཞན་སྐྱོན་ཁོ་ན་རྩལ་བ་དང་ཕྱོགས་ཞིན་མེད་པ་ཚད་དང་ལྡན་པའི་གཏམ་བཤད་ཞིག་དྲང་པོའི་ལས་དྲ་རྒྱ་སོགས་སུ་གང་མང་སྤེལ་དགོས་པ་མཐོང་་་་་་་

    Reply
  15. སོག་ཤོད་ལྷག་བསམ། says:
    ལོ་ 16 སྔོན།

    གནམ་ལྕགས་ཀྱི་བསམ་ཚུལ་ལ་གུས་སྟོད་ཡོད། ཡིན་ན་ཡང་ཁྱེད་ཀྱི་བསམ་ཚུལ་ལ་དྲི་བ་ཁག་གཉིས་གཏང་ཆོག་པ་ཞུ། ཁ་ཤས་ཀྱིས་བསྟན་འཛིན་བརྩོན་འགྲུས་འོས་གཞིར་བདམས་པ་དང༌། ཡང་མི་ཁ་ཤས་ཀྱིས་བློ་བཟང་སེང་གེ་བདམས་པ། ཡང་ཁ་ཤས་ཀྱིས་རྔ་བ་ཚེ་རྒྱམ་བདམས་པ་སོགས་ནི་ཆགས་སྡང་ཁོ་ནའི་གཏམ་ལས་བོད་རང་གི་ཆག་འཇིགས་ལ་བསམ་བློ་བཏང་བ་ཞིག་རྩ་བ་ནས་མིན། ཞེས་པ་དེ་བཀའ་ཁྲིའི་འོས་གཞི་དེ་རྣམས་ལ་འོས་ཆོས་མ་ཚང་བ་རེད་དམ།
    འོས་གཞི་གཏང་མཁན་ཁག་གིས་བློ་ལ་སྐྱོན་ཞུགས་པ་རེད་ཟེར་བ་ཡིན།
    རྒྱུ་མཚན་ལྡན་པའི་ལན་ཞིག་ཡོད་བ་ཞུ།།

    Reply
  16. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    བོད་ཀྱི་བུད་མེད་ཚོར་མཐོང་ཆུང་དང་ཁོང་ཚོའི་ཐོབ་ཐང་རྡོག་རོལ་གཏོང་འདོད་པ་གང་ཡང་མེད་ལ། འོན་ཏེ། དྲང་པོ་བཤད་ན་མི་མི་དགའ། རྒྱུག་པ་འཁྱེར་ན་ཁྱི་མི་དགའ་ན་ཡང་སྐྱེས་མ་འདི་དང་འདི་བཀའ་ཁྲིར་འདེམས་ན་ཡག་པོ་འདུག་སྙམ་པའི་རེ་བ་སྟོང་པ་རེད། སྟག་ལྷ་སྐལ་བཟང་གཡང་སྐྱིད་ལྟ་བུ་རེ་གཉིས་ཙམ་སྟོན་རྒྱུ་ཡོད་རུང་ཁོང་ཚོའི་ལོ་ན་དང་འཇོན་ཐང་སོགས་ཉི་མ་ནུབ་རི་ལ་བརྒལ་སོང་བས་རེ་འདོད་མ་གྱིས། ཡང་ན་མཛེས་མ་ཚེ་རིང་སྐྱིད་ནི་གང་ཤེས།

    Reply
  17. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    kjkj;kj;kl

    Reply
  18. རི་བོང། says:
    ལོ་ 16 སྔོན།

    ད་རེབ་ཀྱི་གནམ་ལྕགས་ཀྱི་བསམ་ཚུལ་འདི་ངོ་མ་བློ་བབ་སོང་། ཞེན་ཁོག་གི་རྒྱ་ལས་གྲོལ་ཏེ་སྐད་ཆ་བཤད་ན་ད་གཟོད་ཕན་ཐོག་འབྱུང་སྲིད།

    Reply
  19. གནས་ཚང་། says:
    ལོ་ 16 སྔོན།

    ད་དེ་འདྲ་མ་གནང་རོགས། ཡབ་གཞིས་སམ་ཏཱ་ལའི་བླ་མའི་ཁྱིམ་རྒྱུད་ལ་གོ་སྐབས་གཅིག་སྤྲད་འོས་པ་ཞིག་རེད། ཡབ་གཞིས་ལས་ངས་ཁ་སང་བསྟན་འཛིན་མཁས་གྲུབ་ལེགས་འདེམས་བྱས་ཡོད་ཅིང་། གལ་སྲིད་སྐྱེས་མ་ཞིག་གདམ་གྱི་ཡིན་ཚེ། སྟག་ལྷ་སྐལ་བཟང་གཡང་སྐྱིད་ལགས་ཡིན། འོས་གཞི་འདི་གཉིས་ཀྱི་སྒང་ལ་བགྲོ་གླེང་གནང་རོགས། དེ་ལྟར་གཞི་ནས་ཏཱ་ལའི་བླ་མས་བློ་གཏད་ཆོག་པའི་ཁར། འོས་གཞི་གཞན་དག་ལས་ཤུགས་རྒྱག་མཁན་ཤ་སྟག་ཡིན་པ་གསལ་བོ་ཡིན། དེ་འདྲ་མ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese