མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིན་བཟང་སྨྱོན་པར་བཏང་འདུག

བོད་ཀྱི་དུས་བབ།
༢༠༠༩/༠༩/༠༧
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ་བྱ་མདོ་རིན་བཟང་ལགས་ཉེ་ལམ་རྒྱ་གཞུང་གིས་ཉེས་རྡུང་བཏང་ནས་ཀླད་པ་ཐང་ཐང་མེད་པར་བཏང་རྗེས། ཁོང་གི་ནང་མི་ལ་རྒྱ་ནག་ཉེན་རྟོག་པས་སྐད་བཏང་སྟེ་རྩིས་སྤྲད་བྱས་ཡོད་འདུག

རྩོམ་པ་པོ་བྱ་མདོ་རིན་བཟང་ལགས་ ༢༠༠༦ ལོའི་ཟླ་ ༧ ཚེས་ ༡༩ ཉིན་ལྷ་ས་འབྲས་སྤུངས་དགོན་ནས་ཕ་ཡུལ་དུ་ལོག་པའི་ལམ་བར་ནས་རྒྱ་ནག་གི་ཉེན་རྟོག་པས་བཟུང་འཛིན་བཀག་ཉར་བྱས་ཡོད་ཚུལ་ལོ་དེའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གསལ་བ་ལྟར། ཁོང་ལོ་དེར་བཀག་ཉར་གྲོལ་རྗེས། རྒྱ་གཞུང་གིས་སྔོན་མ་ཁོང་འགྲོ་སའི་དགོན་པ་དག་ཏུ་འགྲོ་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་ལྟར། ཁོང་གསེར་རྟ་བླ་རུང་ནང་བསྟན་ནང་དུ་ཞུགས་ནས་སློབ་སྦྱོང་ལ་འབད་བརྩོན་བྱས་ཡོད་ཀྱང་། ༢༠༠༩ ལོའི་ ༨ པའི་ནང་ཁོང་ལ་ཡང་བསྐྱར་ཉེས་མེད་བསྙོན་འཛུགས་བྱས་ནས་རྒྱ་གཞུང་གི་ཉེན་རྟོག་པས་ཉེས་རྡུང་ཚད་མེད་བཏང་སྟེ། ཀླད་པར་སྐྱོན་ཞུགས་ནས་སྨྱོན་པ་ལྟ་བུ་ཆགས་ཡོད་འདུག  ༢༠༠༩ ཟླ་ ༨ ཚེས་མགོར་གསེར་རྟ་ཉེན་རྟོག་པས་ཁོང་གི་ནང་མི་ལ་ཁ་པར་བཏང་ནས་ཁྱེད་ཚང་གི་དགེ་འདུན་པ་བྱ་མདོ་རིན་བཟང་ལགས་ལ་ན་ཚ་ཚབས་ཆེན་ཞིག་བྱུང་ཡོད་ཚུལ་བརྗོད་ནས་རྩིས་སྤྲོད་བྱས་ཡོད་པ་དང་། ད་ལྟ་ཁོང་ཕ་མ་གཉིས་ཀྱིས་བདག་སྐྱོང་བྱེད་བཞིན་ཡོད་མོད། སྔོན་མར་ཁོང་ལ་ཡོད་པའི་རྣམ་དཔྱོད་ཀྱི་རྩལ་ཡོངས་སུ་ཉམས་ནས་སྨྱོན་པ་ནང་བཞིན་ཆགས་ཡོད་པ་མ་ཟད། ཟ་འཐུང་དང་འགྲོ་འདུག་ཀྱང་རང་དབང་མི་ཟིན་པའི་ཚད་དུ་ལྷུང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༢༢ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༢༣ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

མཆན། 9

  1. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    རྒྱ་སྡོམ་རེ་རྡ་སར་ཡོངས་ན་སྨྱོན་པར་གཏོང་ཨེ་ཐུབ་བལྟ་དགོས།
    མ་བརྗེད་སེམས་ལ་ཞོག་ཅིག

    Reply
  2. ནད་པ says:
    ལོ་ 17 སྔོན།

    གངས་ཅན་ཞིང་གི་ཆོས་སྲིད་བྱ་བའི་གདུགས།།
    འདེགས་པའི་སྲིད་ཞུར་གཏོགས་པའི་སྐྱེ་བོ་ཀུན།།
    ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་།།
    སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག།

    Reply
  3. གངས་རིའི་གླིང་བུ། says:
    ལོ་ 17 སྔོན།

    ངའི་སྤུན་གྲོགས་ལགས།        ངའི་དཔའ་རྒོད་ལགས།    ཁྱེད་ལ་ནག་ཉེས་དང་སྐྱོན་ཆ་ཅི་ཡང་མེད།   ཡིན་་ན་ཡང    ཅིའི ཕྱིར    ཁྱེད་ལ་མནར་གཅོད་རྡུང་རྡེག་གིས་ཁྱེད་ཀྱི་མི་ཚེའི་རིན་མེད་དུ་བཟོ་དགོས་པ་རེད།   ཁྱེད་ཀྱི་དགྲ་ནག་ཚང་ལ་ཉེས་བ་ཅི་ཞིག་བསགས་པ་རེད།   ཁྱེད་ཀྱི་གདོར་དམར་ཚང་ལ་ཅི་ཞིག་ཆད་པ་རེད།ཁྱེད་ཉེས་མེད་ཡིན་སྐྱོན་མེད་ཡིན།

    Reply
  4. གནས་ཚང་། says:
    ལོ་ 17 སྔོན།

    ༼བོད་མི་དེ་དག་ཕྱིར་ཚོང་བྱེད་པའི་ནང་རུལ་བའམ། རྒྱ་མིའི་རྒྱུག་ཁྱི་དེ་ཚོ་རེད། མི་དེ་ཚོས་ཁ་རྒྱ་ཐོག་ནས་གསོས་ཏེ། སྐྱག་པ་བོད་ཐོག་ལ་གཏོང་གི་ཡོད་པ་རེད། སྔོན་ལ་ཚར་གཅོད་དགོས་པ་དེ་ཚོ་རེད། ༽ ད་ཡིན་ན་བཙན་བྱོལ་ནང་དུ་གསར་བརྗེ་ཞིག་ཡོང་ས་རེད་དཱ།

    Reply
  5. རྒྱ་རག says:
    ལོ་ 17 སྔོན།

    རྒྱ་ནག་གུང་ཁྲན་ཏང་ནི་ང་ཚོའི་དགྲ་ཟླ་རེད། དེས་དེ་ལོས་བྱེད། ཆེས་སྙིང་ལངས་ས་ནི་བོད་མི་དེ་དག་ཕྱིར་ཚོང་བྱེད་པའི་ནང་རུལ་བའམ། རྒྱ་མིའི་རྒྱུག་ཁྱི་དེ་ཚོ་རེད། མི་དེ་ཚོས་ཁ་རྒྱ་ཐོག་ནས་གསོས་ཏེ། སྐྱག་པ་བོད་ཐོག་ལ་གཏོང་གི་ཡོད་པ་རེད། སྔོན་ལ་ཚར་གཅོད་དགོས་པ་དེ་ཚོ་རེད།

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    སེམས་ན་པའི་སྐད་ཆ་འདི་དག་གཅིག་རྗེས་གཉིད་མཐུད་དུ་གོ་ནས་འོང་དུས། རྒྱའི་སྲིད་གཞུང་གི་ཇུས་ངན་འདི་དག་ལ་དངོས་ནས་ཚད་ཅིག་མེད་པ་མ་ཟད། བོད་མི་རིག་ཚད་ལ་སྙིང་ནད་འཛིན་བཞིན་མེད་དམ་སྙམ་པའི་དོགས་པ་ཡང་སྐྱེ་སུ་འཇུག ཡིད་སྐྱོ་བ་ཞིག་ལ་རྒྱའི་དཔོན་ངན་དང་རྒྱའི་སྲིད་གཞུང་གི་རྒྱུགས་ཁྱི་མངར་མ་དེ་དག་ལ་ཡང་སྤུན་མཆེད་དང་ནང་མི་ཟེར་བ་ཞིག་མེད་པ་ཡིན་ནམ། ཕ་མ་དང་ཉེ་རིང་ཟེར་བ་ཞིག་མེད་པ་ཡིན་ནམ། དགའ་ཉེ་སྤུན་གྲོགས་ཟེར་བ་ཞིག་མེད་པ་ཡིན་ནམ། ཀ་ངོ་ཡིག་ངོ་ཤེས་ཤིང་། མི་སེམས་ཡོད་མཁན་གྱི་མི་ཞིག་མེད་དམ་སྙམ་ཞོར་དུ། བོད་མི་རིགས་ཀྱི་ཆེད་དུ་རང་གི་ལུས་ངག་ཡིད་གསུམ་བློས་གཏོང་བྱེད་བཞིན་པའི་དཔའ་ངར་ཞིམ་མེད་ཀྱི་མདུན་བསྐྱོད་གནང་མཁན་གྱི་སྐྱེ་བོ་གང་ན་སུ་ཡོད་པ་དེ་དག་བསྐལ་བ་ཇི་སྲིད་བར་དུ་དྲང་བདེན་གྱི་ཆེད་དུ་སྐྱེ་བ་དང་དྲང་བདེན་གྱི་ཆེད་དུ་གཟི་བརྗིད་ལྡན་པའི་འཚོ་བར་སྨོན་ལམ་འདེབས།

    Reply
  7. རང་རྟོན། says:
    ལོ་ 17 སྔོན།

    ངོ་མ་སྙིང་རྗེ་ཨ།བོད་མི་ནི་རྒྱ་མིས་རྩེད་སྤྱད་ཁོ་ན་ཞིག་ལས་མ་འདས་པས།འུ་ཚོ་ནི་དུས་རབས་ཉེར་གཅིག་པའི་དམག་སྦྱོང་བྱེད་ས་ངོ་མ་ཞིག་རེད།ཨ་རུ་གཙོ་བའི་འབྱོར་ལྡན་གྱི་རྒྱལ་ཁབ་ཚོ།དྲང་བདེན་དང་གནས་ལུགས་ཡོད་ན་འདི་ན་གཟིགས་དང་།ད་ཅི་བྱེད།ཉམ་ཆུང་གི་མི་རིགས་ལ་འདི་ལྟར་བརྙས་བཅོས་བྱེད་སོང་ཡ།

    Reply
  8. བསེ་རུ། says:
    ལོ་ 17 སྔོན།

    འདི་ཚོས་ང་ཚོའི་མི་རིགས་འདིའི་ནང་གི་རྣམ་དཔྱོད་ཀྱི་ལང་ཚོ་དར་ཞིང་། དཔའ་ངར་བློ་སྟོབས་ཆེ་བའི་རྒྱལ་གཅེས་པ་རེ་རེ་ནས་རྩ་མེད་དུ་བཟོ་སེམས་ཤུགས་ཆེ་ཡོད་པ་ཤིན་ཏུ་ནས་བདེན།

    བོད་དོན་འཐབ་རྩོད་པ་ཚོར་རྒྱལ་ཁབ་ལ་ངོ་ལོག་བརྒྱབས་པའི་ཉེས་མིང་དང་། ཁ་བྲལ་རིང་ལུགས་པའི་ཉེས་མིང་། རྔུང་གཅོག་འཕྲོག་སྲེག་གི་ཉེས་མིང་། དྲག་སྤྱོད་རིང་ལུགས་པའི་ཉེས་མིང་སོགས་ཀྱི་ཉེས་མིང་མང་པོ་ཞིག་ཨུ་ཚུགས་ཀྱིས་བཀལ་ཏེ། ཁྲིམས་ཆད་འདྲ་མིན་གཏོང་བཞིན་ཡོད། འདས་པའི་ལོ་ཟླའི་ནང་ཁོང་དང་ཁོང་འདྲ་བའི་ཆབ་སྲིད་བཙོན་པ་མི་ཉུང་བ་ཞིག་གི་ཚེ་སྲོག་འཕྲོག་ཡོད་ལ། མནར་གཅོད་ཀྱང་བཏང་ཡོད། ད་ལྟ་ཡང་འཛམ་གླིང་ནང་མཐོང་དཀོན་པའི་མནར་གཅོད་འདྲ་མིན་གཏོང་གིན་ཡོད་པ་སྨྲོས་མེད་རེད། ཨ་ཙི་ང་ཚོ་སྟོབས་ཆུང་བས་ཡིན་ནམ། རྒྱ་ནག་གཞུང་སྟོབས་ཆེ་བས་ཡིན་ནམ།

    ངས་ཚོས་བདེན་པའི་འབོད་སྒྲ་ག་ཚོད་བསྒྲགས་ཀྱང་འཛམ་གླིང་འདིའི་ཐོག་བདེན་པའི་ཉི་མ་ཞིག་འཆར་གྱིན་མི་འདུག ངས་འདི་ལྟར་ལག་ལ་གང་ཐོན་བྲིས་པའི་ཚེ། ངའི་དྲན་པ་འདི་ཡང་མག་མོག་ཏུ་གྱུར་ཅིང་། མིག་ཟུང་འདི་ཡང་རབ་རིབ་ཏུ་གྱུར་སྐབས། ལག་པ་འདི་ཡང་རེངས་པ་ལྟ་བུར་གྱུར་འདུག མིག་ཟུང་བཙུམས་སྐབས། ངོ་གདོང་སྟེང་དུ་ལྷག་པ་ནི་མིག་ཆུའི་བཞུར་རྒྱུན་ལས་མ་འདས། ཨ་ཨ་ཨ་་་་་་་་

    Reply
  9. tashi dawa says:
    ལོ་ 17 སྔོན།

    དངོས་གནས་བོད་མི་རྣམས་ནི་སྙིང་རྗེའི་ཡུལ་དུ་གྱུར་འདུག མི་གང་ཞིག་ལ་ཡོན་ཏན་དང་རྣམ་དཔྱོད་ཅུང་ཟད་ཡོད་ན། རྒྱ་ནག་གི་དགྲ་བོ་དང་དྭོགས་པའི་མི་སྣ་ཆགས་ཏེ། དེ་ཉིད་ནད་རོ་བོད་མི་རིགས་ཕན་པ་གང་ཡང་མ་ཐོབ་པའི་ལྐུགས་པ་ལྟ་བུ་བཟོས་ཀྱིས་ཡོད། སྔར་འདས་ཟིན་པའི་བོད་ཀྱི་མཁས་པ་རྣམས་ལ་ལྟས་ན་ཤེས། ད་དུང་མ་འོངས་པར་མཁས་པ་དང་མི་རིགས་ལ་ཕན་ཐུབ་མཁན་ཞིག་བྱུང་ན་རྒྱ་ནག་གིས་རྩ་མེད་བཟོ་རྒྱུ་ལས་མ་འདས། བོད་དུ་ཡོད་པའི་མཁས་པ་རྣམས་ཀྱིས་རྒྱ་ནག་ཅུང་གཟབ་པར་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese