མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༡༢ ལོའི་རྒྱ་ནག་གི་སྲིད་འཛིན་འཚོལ་བ།

བོད་ཀྱི་དུས་བབ།
༢༠༠༩/༠༩/༡༦
Share on FacebookShare on TwitterShare on EmailShare on Whatsapp

ད་སྐབས་དམར་ཤོག་ནང་ཁུལ་དུ་མི་སྒེར་སོ་སོ་བའི་དབང་ཤུགས་ཏེ་ཉམས་ཉེས་སུ་གྱུར་ཟིན་པས་ངེས་པར་དུ་སྒྲིག་འཛུགས་རང་བཞིན་གྱི་གོ་རིམ་ཞིག་ལ་བརྟེན་དགོས་པ་ཆགས་ཡོད།

ཕྱི་ཟླ་ ༩ པའི་ཚེས་ ༨ ཉིན་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གིས་ཚོགས་འདུ་བསྡུས་ཏེ། རྒྱ་ནག་གི་དམར་ཤོག་ཚོགས་པའི་སྐབས་བཅུ་བདུན་པའི་གྲོས་ཚོགས་ཐེངས་བཞི་པ་དེ་ཕྱི་ཚེས་ ༡༥ ནས་ ༡༨ བར་ཚོགས་གཏན་ཁེལ་བ་ལྟར། ཁ་སང་སྔ་དྲོ་རྒྱ་ནག་པེ་ཅིན་དུ་ཚོགས་མགོ་ཚུགས་ཡོད་པ་དང་།  དམར་ཤོག་ཚོགས་པའི་རྒྱུན་ལས་ ༢༠༤ ཚོགས་ཞུགས་བྱས་ཡོད་པ་རེད། རྒྱ་གཞུང་གི་གསལ་བསྒྲགས་ལྟར་ན། ཐེངས་འདིའི་ཚོགས་འདུའི་གྲོས་གཞི་གཙོ་བོ་ནི་རྒྱ་ནག་ཆབ་སྲིད་ལྷན་ཁང་གིས་དབུས་དམར་ཤོག་ལྷན་ཚོགས་ལ་ལས་དོན་སྒྲོག་སྦྱང་དང་། ཞིབ་འཇུག་ལ་ཤུགས་བསྣན་ཏེ་དམར་ཤོག་རིང་ལུགས་ཀྱི་རྣམ་པ་གསར་བའི་བཅོས་སྒྱུར་འཛུགས་སྐྲུན་ཐད་ཀྱི་གནད་དོན་དག་ཡིན་ལུགས་བརྗོད་ཡོད་འདུག  ཚོགས་འདུའི་སྐབས་དང་བསྟུན་ནས་པེ་ཅིན་གྲོང་ཁྱེར་གྱི་འགྲིམ་འགྲུལ་ལམ་མདོ་ ༢༠༠ ལྷག་ཏུ་ཉེན་རྟོག་པའི་ཞིབ་བཤེར་ས་ཚུགས་བཙུགས་ཡོད་པ་མ་ཟད། དམངས་གཙོ་དོན་གཉེར་བ་དང་ཆོས་ལུགས་མི་སྣ་སོགས་ལ་དོ་དམ་ལྟ་རྟོག་དང་གྲོང་ཁྱེར་ནས་ཕྱིར་འབུད་བཏང་བའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།

སྲིད་དོན་དབྱེ་ཞིབ་པ་དག་གིས་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་དོན། ད་ལྟའི་རྒྱ་ནག་སྲིད་འཛིན་ལྷན་ཁང་གི་རྒྱུན་ལས་ཚོགས་མིའི་མདུན་གྲལ་དུ་ཡོད་པའི་ཧུའུ་ཅིན་ཐའོ་དང་། ཝུ་པང་གོ། ཝུན་ཅ་པའོ། ཅ་ཆིན་ལིན། ལི་ཁྲང་ཁྲོན་བཅས་ནི་བསྟུད་མར་ཐེངས་གཉིས་ལ་ཆབ་སྲིད་རྒྱུན་ལས་ཁུར་ཟིན་པ་དང་། ཧིག་གོ་ཆང་དང་ཀྲུག་ཡུང་ཁང་ནི་རྒན་ཡོལ་ཆགས་ལ་ཉེ་བས། ད་ལྟའི་ཆབ་སྲིད་རྒྱུན་ལས་དགུའི་གྲས་སུ་མ་འོངས་པའི་སྲིད་འགན་རྒྱུན་འཛིན་པར་རེ་བ་རྒྱག་ས་ནི་ཞི་ཅིན་ཕེན་དང་ལུས་ཁི་ཆང་གཉིས་ལས་ལྷག་མེད། དེར་བརྟེན། ཐེངས་འདིའི་གྲོས་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་གཅིག་ནི་མ་འོངས་པར་ཧུའུ་ཅིན་ཐའོ་དང་ཝུན་ཇ་པའོ་གཉིས་ཀྱི་ལས་གནས་རྒྱུན་འཛིན་བྱེད་མཁན་གྱི་མི་སྣ་དམིགས་འཛུགས་བྱ་རྒྱུ་དེ་ཡིན་ལ། ཐེངས་འདིར་ཞི་ཅིན་ཕེན་རྒྱ་ནག་དབུས་གཞུང་གི་དམག་དོན་སྲིད་འཛིན་གཞོན་པའི་གོ་གནས་སུ་བསྐོ་འཇོག་བྱ་ཐུབ་མིན་དེ་ཆགས་ཡོད།  གལ་སྲིད་གོ་གནས་དེར་བསྐོ་འཇོག་བྱེད་ཐུབ་པ་བྱུང་ཚེ།  ཕྱི་ལོ་ ༢༠༡༢ ལོར་ཧུའུ་ཅིན་ཐའོ་ཡི་སྲིད་འཛིན་གྱི་གོ་གནས་རྒྱུན་འཛིན་བྱེད་མཁན་གྱི་མི་སྣ་གཙོ་བོ་དེ་ཁོ་རང་ཆགས་རྒྱུ་ཡིན་པ་དང་། དེ་ལྟར་མ་བྱུང་པ་ཡིན་ན་ད་ལྟའི་རྒྱ་ནག་དམར་ཤོག་དཔོན་རིགས་ནང་ཁུལ་དུ་མ་འོངས་པའི་རྒྱ་ནག་སྲིད་གཞུང་གི་ཆབ་སྲིད་ལངས་ཕྱོགས་ཐད་འགལ་བ་འབྱུང་བཞིན་པ་མཚོན་ཡོད་པར་མ་ཟད། མ་འོངས་པའི་ལོ་གཉིས་ཀྱི་རིང་རྒྱ་ནག་གི་ནང་སྲིད་འཛིན་སྐྱོང་ཐད་མུ་མཐུད་གཏན་འཇགས་ཡོང་རྒྱུ་མིན་སྐོར་བརྗོད་ཡོད།

གཞན་ཡང་། རྒྱ་ནག་མི་དམངས་སློབ་གྲྭ་ཆེན་མོའི་ཆབ་སྲིད་སྡེ་ཁག་གི་དགེ་རྒན་ཆེན་མོ་ཀྲང་མེན་གྱིས། གྲོས་ཚོགས་ཐེངས་བཞི་བ་ནི་རྒྱུན་ལྡན་ལྟར་ན་ཐེངས་རྗེས་མའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་གྲ་སྒྲིག་ལྟ་བུ་དང་། མ་འོངས་པའི་ཚོགས་ཆེན་སྐབས་ཀྱི་སྲིད་འཛིན་བརྗེ་བསོར་བྱ་བར་རྒྱུན་འཛིན་མི་སྣ་བསྐོ་འཇོག་གི་གནད་འགག་ལ་ཐུག་ཡོད་པ་རེད། བརྗེ་བསོར་སྐབས་ཆེས་དཀའ་ཁག་ཆེ་བའི་གནད་དོན་ནི་གོ་རིམ་རེད། ད་ལྟའི་རྒྱ་ནག་གི་ཆབ་སྲིད་ཁོར་ཡུག་འདིའི་ཁྲོད་དམར་ཤོག་ནང་ཁུལ་དུ་མང་གཙོ་མ་བྱུང་ཚེ་གནད་དོན་འདི་ཐག་གཅོད་དཀའ་བ་ཞིག་ཏུ་གྱུར་ཡོད། ད་ལྟའི་བར་དམར་ཤོག་སྲིད་འཛིན་ཚོགས་པར་མི་རབས་བཞི་བྱུང་ཡོད་ལ། དེའི་ཁྲོད་ཕྱི་ལོ་ ༢༠༠༢ ལོའི་ཧུའུ་ཅིན་ཐའོ་ཡིས་སྲིད་འཛིན་ལས་ཁུར་གྱི་གོ་རིམ་དེ་ནི། ཕྱིའི་རྣམ་པའི་ཐོག་ནས་རྒྱ་ནག་གི་ལོ་རྒྱུས་ཐོག་ཆེས་མཐོའི་སྲིད་དབང་གོ་གནས་བརྗེ་བསོར་གོ་རིམ་ཁྲོད་རྙོག་ཟིང་མ་བྱུང་བ་གཅིག་པུ་དེ་ཆགས་ཡོད། ཡིན་ནའང་། དེ་ནི་ཏིན་ཞའོ་ཕེན་སྒེར་གྱི་དབང་ཤུགས་ཀྱིས་སྔོན་མ་ནས་ཐག་གཅོད་བྱས་ཟིན་པ་ཞིག་རེད། ད་སྐབས་དམར་ཤོག་ནང་ཁུལ་དུ་མི་སྒེར་སོ་སོ་བའི་དབང་ཤུགས་ཏེ་ཉམས་ཉེས་སུ་གྱུར་ཟིན་པས་ངེས་པར་དུ་སྒྲིག་འཛུགས་རང་བཞིན་གྱི་གོ་རིམ་ཞིག་ལ་བརྟེན་དགོས་པ་ཆགས་ཡོད། ཅེས་གསར་ལམ་ཁག་ཏུ་བརྗོད་ཡོད།

རྒྱ་ནག་དབུས་གཞུང་གིས་སྒྲོག་བཞིན་པའི་དམར་ཤོག་རིང་ལུགས་ཀྱི་རྣམ་པ་གསར་བའི་བཅོས་སྒྱུར་འཛུགས་སྐྲུན་གྱི་གནད་དོན་ཟེར་བའི་གྲོས་ཚོགས་ཀྱི་གླེང་གཞིའི་སྐོར་ལ། རྒྱ་ནག་དབུས་དམར་ཤོག་སློབ་གྲྭའི་སློབ་གསོ་སྡེ་ཁག་གི་མགོ་གཙོ་གཞོན་པ་དང་། རྒྱ་ནག་གི་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྷན་ཚོགས་ཀྱི་དྲུང་ཡིག་ཀྲའོ་ལིས་ཝུན་གྱིས་གསར་ལམ་ཁག་ཏུ་བརྗོད་དོན། གཞི་རིམ་མང་ཚོགས་ཀྱི་ངོས་ནས་ཐེངས་འདིའི་གྲོས་ཚོགས་ཐད་བཅིངས་བའི་རེ་བ་དང་དོ་སྣང་བྱ་ཡུལ་གཙོ་བོ་ནི། གཅིག  རུལ་སུངས་དག་ཐེར་བཀག་སྡོམ། གཉིས། དམངས་གཙོ་ཡར་རྒྱས་འཐུས་ཚང་། གསུམ། སྲིད་དོན་གཙང་སྐྱོང་གི་ཁ་ཕྱོགས་གཏན་འབེབས། བཞི། སྲིད་སྐྱོང་མི་སྣ་འོས་འདེམས་བྱ་རྒྱུ་བཅས་ཡིན་པར་བརྗོད་ཡོད།

གཞན་ཡང་། རྒྱ་ནག་གི་གཞུང་འབྲེལ་དྲ་བ་མི་དམངས་ཉིན་རེའི་ཚགས་པར་གྱི་སྟེང་དུའང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་འབྲེལ་བའི་དོགས་འདྲི་ཅན་གྱི་དྲི་བ་དྲུག་སྤེལ་ཡོད་པར་མ་ཟད། ཕྱི་ཚེས་ ༡༤ ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་ཀྱི་སྟེང་ནས་བཟུང་བརྗོད་གཞི་དེ་རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་ཐད་གཏོང་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༡༠ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 14

  1. གངས་རིའི་གླིང་བུ། says:
    ལོ་ 17 སྔོན།

    ཚེ་རིང་དང་ནང་པ་གཉིས་ཀྱིས་བསམ་ཚུལ་དང་དཔྱད་ཞིབ་ལྷུག་པོ་གནང་འདུག
    ངོ་མས་ཡི་རངས་དང་བསྔགས་བརྗོད་བྱེད།

    Reply
  2. རྐང་རྗེན་པ། says:
    ལོ་ 17 སྔོན།

    རྒྱ་ནག་གི་སྲིད་འཛིན་ལ་འགྱུར་བ་ཐེབས་ཀྱང་དམར་ཤོག་ལ་འགྱུར་བ་མ་ཐེབས་བར་དུ་བོད་དོན་ཐོག་འགྱུར་བ་ཐེབས་དཀའ། ལྷག་པར་དབང་འཛིན་མི་སྣ་སོ་སོ་བའི་དབང་ཤུགས་ཉམས་ཏེ་སྒྲིག་འཛུགས་རང་བཞིན་ལ་བརྟེན་དགོས་ཚེ། སྒྲིག་འཛུགས་ནི་མང་གཙོའི་སྒྲིག་འཛུགས་མིན་པར་དམར་ཤོག་གི་སྒྲིག་འཛུགས་ཡིན་པས་ཇེ་སྡུག་ཏུ་འགྲོ་སྲིད།

    Reply
  3. བློ་བཟང༌། says:
    ལོ་ 17 སྔོན།

    ལུང་རིགས་རྒྱལ་ལགས། སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།

    Reply
  4. མི་འཁྱམ says:
    ལོ་ 17 སྔོན།

    ལུང་རིགས་ལགས།

    བཟོ་བཅོས་གནང་གིན་ཡོད་ན། གཤམ་གྱི་འདི་ཚོའང་བཟོ་བཅོས་ཤིག་ཐུགས་ལ་འདོགས་རོགས།

    དབང་ཤུགས་སླེབས་༼ཏེ༽
    སྲིད་འཛིན་བརྗེ་༼བསོར༽
    གྲོས་ཚོགས་ཐད་༼བཅིངས་༽

    Reply
  5. ཚེ་རིང་། says:
    ལོ་ 17 སྔོན།

    དྲ་གྲོགས་ནད་པ་ལགས།

    ཧའོ་ཅང་གཉིས་ཀྱིས་འཇིག་འདེད་གི །
    གཞུང་དམངས་གཉིས་ཀྱིས་ལམ་རྩོད་གི །
    དབུལ་ཕྱུག་གཉིས་ཀྱིས་ལྟོ་རྩོད་གི །
    སྤྱི་ཡི་གནས་སྟངས་དེ་འདྲ་རེད། །

    ཞོར་ན་བོད་ཤིན་གཉིས་འགུལ་ཁུ། །
    ཟུར་ན་ཐེ་ཞང་གཉིས་འདུར་ཁུ། །
    ཕྱི་ན་ཨར་རྒྱས་བཙུར་གོ་ཁུ། །
    ཕྱི་ཡི་གནས་ཚུལ་དེ་འདྲ་རེད། །

    ཧྲང་ཧེ་ཅང་ཚང་དཀྲུགས་ནོ་ལྟོས། །
    ཁྲིན་ཡུས་ཁྲིམས་ལ་སྦྱར་ནོ་ལྟོས། །
    བང་ལིག་གདན་ས་འཁྲུགས་ནོ་ལྟོས། །
    ནང་གི་ཚུར་སྣང་དེ་འདྲ་རེད། །

    གློ་སྙིང་ངས་ར་མི་ཟིན་གི །
    མཁྱེན་རྟོག་ང་ར་མི་གདའ་གི །
    ཤེས་ཚོད་བཤད་ན་འདི་མོ་རེད། །
    བརྟན་པོའི་གཏན་ཚིག་མི་འབེབ་ཐལ། །

    Reply
  6. ནད་པ says:
    ལོ་ 17 སྔོན།

    རྒྱ་ནག་གི་རླབས་ཆེན་གཙོ་འཛིན་མའོ་ཙེ་ཏུང་དང་། ཏིང་ཞའོ་ཕིན། ཅང་ཙེ་མིན། ཧུ་ཅིན་ཐའོ་བཅས་མི་རབས་བཞིས་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་ལམ་ཕྱོགས་བརྟན་པོར་བཟུང་ནས་རྒྱ་ནག་འདི་སྟོབས་ཆེན་གྱི་རྒྱལ་ཁབ་གཅིག་ཏུ་འགྱུར་བཞིན་ཡོད།

    ད་ལྟ་མི་རབས་ལྔ་པའི་ཆབ་སྲིད་ཀྱི་ལྡིང་ཆར་སླེབས་པའི་ཞི་ཅི་ཕིན་ནི་ཅང་ཙེ་མིན་གྱི་ཕྱོགས་གཏོགས་ཀྱི་མི་སྣ་གལ་ཆེན་ཞིག་ཆགས་ཡོད་ལ་ལི་ཁེས་ཆང་ནི་ཧུ་ཅིན་ཐའོ་ཡིས་ཕྱོགས་གཏོགས་ཀྱི་མི་སྣ་གལ་ཆེན་ཞིག་ཆགས་ཡོད།

    འདི་གཉིས་ལས་ཞི་ཅི་ཕིན་༢༠༡༢ ལོར་རྒྱ་ནག་གི་སྲིད་འཛིན་དུ་སླེབས་རྒྱུར་མིང་རིམ་དང་། གནས་བབ། རྩ་འཛུགས་སོགས་ཕྱོགས་གང་ཐད་ནས་བལྟས་ཀྱང་མངོན་འགྱུར་ཆེ་བ་ཡོད།

    འོན་བཏང་སུ་ཞིག་སླེབས་མིན་ལ་མ་བལྟོས་པར་གུང་ཁྲན་ཏང་གི་རྩ་འཛུགས་ཀྱི་ལམ་ཕྱོགས་བརྟན་པོར་བཟུང་ནས་མི་རབས་ལྔ་པའི་རྒྱ་ནག་གི་སྲིད་འཛིན་གྱི་འོས་གཞིར་དཀའ་ཚེགས་གང་ཡང་མེད་པ་མངོན་གསལ་ཡིན།

    Reply
  7. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    རེ་བའི་བདག་པོ་ང་ཚོས་ལྟ་བ་མཁྲེགས་འཛིན་བྱེད་ནས་མི་མཐུན་དུ་རེ་བ་རྒྱག་ན་མ་གཏོགས། རྒྱ་ནག་དམངས་གཙོ་རུ་མ་འགྱུར་བར་དུ་གུང་ཁྲན་ཏང་གི་སྲིད་འཛིན་དེ་ད་ལྟའི་ཐེ་ཝན་གྱི་སྲིད་འཛིན་མ་ཡིན་ཇོའུ་ལྟ་བུ་ཞིག་ཡོང་སྲིད་ཀྱི་མ་རེད་འདོད། གལ་སྲིད་དེ་འདྲ་ཞིག་ཐོན་པ་ཡིན་ན་ད་ལྟའི་ཧོའུ་དང་བུན་ལ་སོགས་བཙོན་ཁང་མ་གཏོགས་འགྲོ་ས་ཡོད་ནི་མ་རེད། ཁོ་རང་ཚོས་ལོ་རྒྱུས་ལ་བཞག་པའི་ནག་ཐིགས་དག་དགབ་སྲུངགི་ཆེད། རུས་མིང་ཞེའུ་འཛིན་པ་དེ་ང་ཚོའི་ངོས་ལ་ཕན་ཞིག་ཐོགས་ཀྱི་རེད་མི་འདོད་ཀྱི།

    Reply
  8. ཚེ་རིང་། says:
    ལོ་ 17 སྔོན།

    རྒྱ་ནག་གི་གྲོས་ཚོགས་དེ་མ་ཚོགས་པའི་སྔོན་ཏག་ཏག་ལ། ཞིས་ཅིན་ཕེན་རྒྱ་ནག་དབུས་དམར་ཤོག་སློབ་གྲྭར་འོང་སྟེ། དམར་ཤོག་ནང་ཁུལ་མང་གཙོ་དང་། ཏང་ནང་གི་རུལ་སུངས་དག་ཐེར། དམར་ཤོག་སྒྲིག་གཞི་སྲ་བརྟན། དམར་ཤོག་པའི་གཟི་ཉམས་བསྐྱར་བཞེངས་ཀྱིས་མཐའ་གཅིག་ཏུ་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་དགོས་སྐོར་གྱི་དམར་ཤོག་རྐྱང་རྐྱང་གི་བཀའ་ལུང་ཞིག་གནང་ཡོད་འདུག སྤྱི་ཚོགས་སྟེང་གི་གླེང་སློང་ལྟར་ན། ཉེ་ལམ་རྒྱ་ནག་ཏུ་དམར་ཤོག་གླུ་རུ་ལེན་པའི་མཐོ་རླབས་ཤིག་འགྲོ་བཞིན་པ་དེའང་ཞི་ཅིན་ཕེན་གྱི་རྐང་རུལ་གྱི་དྲི་མ་ཡིན་ཚུལ་བརྗོད་ཀྱིན་འདུག ད་དུང་གཅིག་བྱས་ན་ཞི་ཅིན་ཕེན་གྱིས་མ་འོངས་པའི་ལོ་གཉིས་ཀྱི་རིང་ལ་ཤིན་ཅང་ས་ཁུལ་གྱི་མགོ་གཙོའི་ལས་འགན་འཁུར་སྲིད་པ་རེད་ཟེར། མ་གཞི་ཤིན་ཅང་གི་མགོ་གཙོ་བང་ལིག་ཆོན་ནི་ཐེངས་རྗེས་མའི་རྒྱ་ནག་དམར་ཤོག་སྲིད་འཛིན་རྒྱུན་ལས་ཀྱི་དམིགས་འཛུགས་སའི་འཇིག་རྟེན་ལྕི་མོ་ཞིག་ཡིན་ནའང་། ཤིན་ཅང་དོན་རྐྱེན་གྱིས་ཁོའི་ལམ་ཁར་རྡོ་རྒན་ཞིག་བཞག་ཡོད་འདུག གཞན་ཡང་ཤིན་ཅང་གི་རྙོག་ཟིང་དེའི་ཟ་ཟུར་ལ་བརྟེན་ནས་དམར་ཤོག་པ་ཚོས་ཐེངས་རྗེས་མའི་སྲིད་འཛིན་རྒྱུན་ལས་ཀྱི་འཇིག་རྡེལ་ཡར་འདེད་མར་འདེད་བྱེད་ཀྱིན་ཡོད་པར་བརྗོད། གང་ལྟར་དེ་སྔོན་ཧའོ་ཅིན་ཐའོ་ཤིན་ཅང་དུ་འགྲོ་དོན་དང་། ཁོ་ཕྱིར་ཐོན་རྗེས་ཡང་བསྐྱར་ཟིན་ཆ་ལངས་དོན་བཅས་ནི་ཆབ་སྲིད་ཀྱི་བྲོ་གར་ཅིག་མ་ཡིན་པས་ངེས་བ་མི་འདུག་ལ། གང་ལྟར་ད་ལྟ་རྒྱ་ནག་ལམ་ཁ་སུམ་མདོ་ཞིག་ན་གར་འགྲོ་གང་འདུག་གི་ཕྱོགས་གསལ་བོ་ཞིག་མ་རྙེད་པར་ནང་འགལ་ལུང་བ་གང་གི་ནང་ན་འཇིག་འདེད་རེས་བྱེད་ཀྱིན་པ་གསལ་བོ་རེད། ད་སུ་ཡིན་རུང་མཁས་རྟགས་བླུན་རྟགས་གཉིས་ཀ་སྟོན་རན་ཞིག་ཡིན་ས་རེད་པ། ཅང་མི་ནུས་རུང་མིག་ལོག་ཚིག་ལོག་འཕེན་རྒྱུ་ན་་་་་་ཨ་ཤུ་རེ་གོ། ཧ་ཧ་ཧ་

    Reply
  9. ཚེ་རིང་། says:
    ལོ་ 17 སྔོན།

    ཞི་ཅིན་ཕེན་གྱི་ཕ་རྒན་ཞི་ཀྲུང་ཞོན་ནི་མའོ་ཡི་དུས་སྐབས་ཀྱི་ནུབ་བྱང་ཁུལ་དམག་ཁུལ་གྱི་སྤྱི་ཁྱབ་བཀོལ་འདོམས་གཞོན་པའི་འགན་ཁུར་ནས་བོད་དང་ཤིན་ཅང་ལ་དམག་བཀོལ་འཐེན་གཙོ་གྲས་ཡིན་ལ། བོད་དང་ཤིན་ཅང་དབང་དུ་བཅུགས་རྗེས་མའོ་ཡིས་ཁྱོད་ནི་ཀྲུའུ་ཀུ་ལིང་ལས་ཀྱང་ལྷག་པ་འདུག་ཞེས་བསྟོད་བསྔགས་བྱས་མྱོང་ཡོད་འདུག དེ་ནི་ཁོས་བོད་དང་ཤིན་ཅང་རྒྱ་འོག་ཏུ་འཇུག་པར་ཐབས་ཇུས་འགོད་མཁན་གཙོ་བོ་དེ་ཡིན་པས། ཁོས་ ” བྱ་གཞག་ཡོད་ཚད་ཀྱི་ཐོག་མར་མི་རིགས་བར་ཞི་བའི་འབྲེལ་བ་བྱས་ཏེ་མི་རིགས་སོ་སོའི་མགོ་གཙོ་དང་། ཆོས་ལུགས་མི་སྣ་ཚུར་འགུག་བྱས་རྗེས་ལས་འགུལ་ཅི་ཞིག་བརྩམས་ཀྱང་མི་འགྲུབ་པའི་དོན་དག་ཅིག་ཡོད་མི་སྲིད་ཅེས་བརྗོད་མྱོང་ཡོད་འདུག ཞིས་ཀྲུང་ཞོན་ཕྱི་ལོ་ ༢༠༠༢ ལོར་ཤི་བ་རེད། ཁོས་རང་གི་བུ་ལ་རང་གི་ཡོད་ཚད་བརྒྱུད་སྤྲོད་བྱས་ཡོད་ངེས། གལ་སྲིད་ཞིས་ཅིན་ཕེན་ཡང་ཀྲུའུ་ཀུ་ལིང་ལྟ་བུ་ཞིག་བྱུང་ཚེ་ད་ཅིག་དཀའ་རྒྱུ་རེད་ཡ། ད་ང་ཚོ་མགར་སྟོང་བཙན་ཡུལ་སྲུང་ལྟ་བུ་ཞིག་འཚོལ་དུ་གང་ལ་འགྲོ་འམ།

    Reply
  10. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    བློ་ལྡན་ལགས། དག་ཆ་ནོར་བ་རེད། ཁྱོན་ནས་ཧ་མ་གོ་བ་ཁག་མི་འདུག ད་ནི་བཅོས་ཡོད།

    Reply
  11. བློ་བཟང༌། says:
    ལོ་ 17 སྔོན།

    བཀུར་འོས་རྩོམ་སྒྲིག་པ་ལགས། གཤམ་གྱི་ཚིག་འདི་དག་ངས་ཁྱོན་ནས་ཧ་གོ་མ་སོང་བས་འགྲེལ་བཤད་ཅིག་གནང་རོགས་ཞུ། ཐུགས་རྗེ་ཆེ།

    ཚོགས་འདིའི་གྲོས་གཞི་
    འགྲུམ་འགྲིལ་
    བསྐོ་འཇིག་

    Reply
  12. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    རྒྱ་ནག་གི་སྲིད་འཛིན་རྙེད་འདུག་པ་དེ་བཞིན་དུ་བོད་པ་ཚང་གི་བཀའ་བློན་ཁྲི་བ་ནི་རྙེད་ངེས་ཡིན་ལ། དེ་ནི་བོད་མི་དག་གིས་རང་གི་རིགས་ལ་ཤ་ཚ་དང་འགན་འཁུར་བྱེད་མཁན་དེང་སྐབས་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད་པའི་དེ་ལ་ཏན་ཏན་གྲུབ་འབྲས་ཤིག་ཡོད་ངེས་ཡིན་སྙམ་ལགས།
    རེད་དེ། རྒྱ་ནག་གི་སྲིད་འཛིན་སུ་ཞིག་ལ་སླེབས་པ་ཡིན་ན། བོད་གཙོ་བའི་མི་རིགས་གྲངས་ཉུང་དག་ལ་མནར་གཅོད་དང་ཉེས་མེད་བཙོན་འཇུག་དང་དོན་མེད་དུ་ཁྲིམས་གཅོད་དང་ཉེས་བརྡུང་བྱེད་མཁན་ཞིག་མི་ཆགས་པར། རང་དབང་གི་ཁོར་ཡུག་ཞིག་ལ་བསམ་བློ་གཏོང་ཐུབ་མཁན་ཞིག་ཡོང་རྒྱུར་རེ་བ་ཡོད།

    Reply
  13. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ག་བ་ག་བ། ཞི་ཅིན་ཕེན་གཏན་འཁེལ་འདྲ་བོ་རེད། ང་ཚོས་ ༢༠༡༡ ལོའི་བཀའ་ཁྲི་མ་བརྙེད་པར་ཡོད་དུས་ཤིག་ལ། རྒྱ་ནག་གིས་ ༢༠༡༢ ལོའི་སྲིད་འཛིན་བརྙེད་འདུག་ག

    Reply
  14. བཀྲ་ཤིས་རྒྱ་མཚོ says:
    ལོ་ 17 སྔོན།

    རྒྱ་ནག་གི་ཁ་ས་རྒྱག་མཁན་ཞིག་སླེབས་པར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese