མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་དུས་དྲན་ཐེངས་ ༦༠ པ།

བོད་ཀྱི་དུས་བབ།
༢༠༠༩/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

འཆར་ཟླའི་ཚེས་ ༡ ཉིན་རྒྱ་ནག་དམར་ཤོག་ཚོགས་པས་སྲིད་དབང་བཟུང་ཏེ་ལོ་ངོ་ ༦༠ འཁོར་བའི་དུས་དྲན་སྲུང་གཙི་བྱ་རྒྱུ་ཡིན་པ་དང། ད་སྐབས་ཉེ་འཁོར་གྱི་ས་གནས་མཐའ་དག་ལ་དམ་དྲག་དང་ཞིབ་གཤེར་བྱེད་མུས་ཡིན་པ་རེད།

འཆར་ཟླའི་ཚེས་ ༡ ཉིན་པེ་ཅིང་དུ་རྒྱ་ནག་དམར་ཤོག་ཚོགས་པས་ད་བར་སྲིད་དབང་བཟུང་ནས་ལོ་ངོ་ ༦༠ འཁོར་བའི་དུས་དྲན་སྲུང་གཙི་བྱ་རྒྱུ་ཡིན་ཞིང། དེའི་རིང་གཞུང་ཕྱོགས་ནས་ཐབས་ཤེས་ཡོད་རྒུ་བཏོན་ཏེ། ཕྱི་ནང་གི་འགལ་རྐྱེན་མཐའ་དག་སྔོན་འགོག་བྱ་ཐབས་སུ་ཉེན་རྟོག་པ་དང། དང་བླངས་སྐོར་སྲུང་བ་ས་ཡ་ ༡ ལྷག་ཉེ་འཁོར་གྱི་ས་ཁུལ་ཁག་ཏུ་འགྲེམ་འཇོག་བྱེད་ཀྱིན་འདུག།

སྤྱིར་རྒྱ་ནག་ནི་འཛམ་གླིང་སྟོབས་འབྱོར་ཆེ་ཤོས་ཀྱི་རྒྱལ་ཁབ་གསུམ་པ་དེ་ཡིན་ཞིང་།  མགོ་ཁྲིད་ཚོས་དོན་དངོས་ཐོག ཉིན་དེ་དག་ལ་ཕྱི་ནང་གི་སྡིགས་ར་ཡོང་རྒྱུར་ཞེད་སྣང་བྱེད་ཀྱི་ཡོད་ལ། འདས་ལོའི་བོད་ནང་གི་དོན་རྐྱེན་དང། ཉེ་དུས་ཞིན་ཅང་གི་གྱེན་ལངས་གཉིས་པོ་དེས་མཚོན་ཏེ། ཁོང་ཚོའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཚབས་ཆེན་པོ་ཡོད་ཚུལ་འགྲེལ་བརྗོད་བྱེད་ཀྱིན་ཡོད་པ་རེད།

རེས་གཟའ་ཕུར་བུའི་ཉིན་ཤིན་ཧྭ་གསར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་གནམ་བདེ་སྒ་མོ་ཆེའི་ཉེ་འཁོར་དུ་མི་ཞིག་གིས་མཚོན་ཆ་བེད་སྤྱད་ཀྱིས་ཡུལ་མི་གཉིས་དམར་གསོད་དང། གཞན་མང་པོ་ཞིག་ལ་རྨས་སྐྱོན་བཏང་སྟེ། ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་ཚུལ་དང།  གཞན་ཡང་ད་སྐབས་དང་བླངས་སྐོར་སྲུང་བ་ས་ཡ་གཅིག་ཙམ་ཡོད་པའི་ནང་། མང་པོ་ཞིག་ནི་རྒས་ཡོལ་ཞུས་ཟིན་པའི་སྐོར་སྲུང་བ་ཤ་སྟག་དང།  ཁོང་ཚོས་རྒྱལ་ཁབ་ཀྱི་བདེ་འཇགས་དོན་དུ། གྲོང་ཁྱེར་གྱི་སྲང་ལམ་ཁག་ཏུ་མཉམ་རུབ་དང་ཆེད་བསྐྱོད་བྱས་ཏེ། ཡུལ་གྱི་བདེ་འཇགས་མཐར་འཁྱོལ་ཡོང་བར་འབད་བརྩོན་བྱེད་ཀྱིན་ཡོད་ཚུལ་བཤད་ཀྱི་ཡོད་པ་རེད།

འཁྱོལ་དཀའ་བའི་ཉིན་མོ་དེ་དག་གི་ནང་དུ་ཁོང་ཚོས་མཐའ་མཚམས་ཁག་ནས་སོ་སྨན་དང། འདག་རྫས་སོགས་རློན་གཤེར་དང་ཕྱེ་མའི་རིགས་བསྐུར་གཏོང་བྱ་རྒྱུས་མཚོན་པའི། ཡུལ་སྐོར་བ་སྒེར་པ་དག་དང་གནམ་གྲུ་འཕུར་སྐྱོད། ཕུག་རོན་གཅེས་སྤྲོས་པས་ཕུག་རོན་མཐའ་དག་རླུང་བསིལ་ནང་དུ་འཇོག་པ་མ་གཏོགས། གང་བྱུང་ཕྱིར་གཏོང་མི་ཆོག་པའི་དམ་དྲག་བྱེད་བཞིན་པ་རེད།

ཉིན་དེ་རིང་དུ། གནམ་བདེ་སྒོ་མོ་ཆེའི་ཉེ་ཁུལ་དུ་དམག་མི་ཕོན་ཆེན་ཞིག་རུ་སྒྲིག་གཤར་བའི་སྐབས། ཁོང་ཚོས་ཉེ་འགྲམ་གྱི་ཁང་བ་ཡོད་དོ་ཅོག་གི་ཁང་བདག་ལ། ནང་གི་སྒེའུ་ཁུང་ཕྱེ་བ་དང། ཁང་ཐོག་ཏུ་འགྲོ་བ་སོགས་བྱེད་མི་ཆོག་པ་མ་ཟད། རང་ཁྱིམ་དུ་ཉེ་དུ་དང་མགྲོན་པོ་མགྲོན་འབོད་བྱེད་མི་ཆོག་ལ། ཉེ་འཁྲིས་ཀྱི་མགྲོན་ཁང་མཐའ་དག་གི་སྦྱིན་བདག་ཚོར་ཡང་ཁང་གླ་གཏོང་མི་ཆོག་པའི་བཙན་བཀའ་གཏོང་བཞིན་ཡོད་པ་རེད།

དེ་བཞིན་ཕྱི་རྒྱལ་ཡུལ་སྐོར་བ་ཚོར་ཡང་ཕྱི་རོལ་དུ་གང་ཉུང་བསྐྱོད་དགོས་པ་དང། གལ་སྲིད་འགྲོ་དགོས་བྱུང་ཚེ་ངེས་པར་ལག་འཁྱེར་མཉམ་བསྣམས་དགོས་པའི་རེ་སྐུལ་གྱི་སྦྱར་ཡིག་ཀྱང་ཕྱོགས་གང་སར་སྦྱར་ཏེ་དམ་དྲག་བྱེད་ཀྱིན་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

ཆུ་ཚོད་ ༢༡ སྔོན་ལ།
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

ཆུ་ཚོད་ ༢༢ སྔོན་ལ།
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧
Mobile App

ཕུན་ཚོགས་ཕོ་བྲང་ནས་འཕྲོས་པའི་ཉི་འོད།

༢༠༢༦/༡༠/༢༧

མཆན། 1

  1. སྒོམ་སྡེ་དོན་གྲུབ་རྒྱལ་མཚན། says:
    ལོ་ 17 སྔོན།

    རྒྱ་ནག་དམར་པའི་གཞུང་གི་མཛད་སྒོ་ཡོད་ན་དེའི་སྔོན་དུ་དམ་དྲག་ཤུགས་ཆེན་ཞིག་ཡོད་ཡོད་པ་རེད། དེས་གང་ཞིག་མཚོན་གྱིས་ཡོད་རེད་ཟེར་ན་ཕྱི་ཚུལ་ཙམ་ལས་དོན་ལ་རྒྱལ་ནང་དུ་བདེ་འཇག་ཡག་མེད་པར་མཚོན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese