མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཕྱི་ནང་གི་དར་ཆ་གཉིས། བསྟན་འཛིན་ཕན་བདེ།

བོད་ཀྱི་དུས་བབ།
༢༠༠༩/༠༩/༢༣
Share on FacebookShare on TwitterShare on EmailShare on Whatsapp

གཞིས་ལུས་བོད་མིས་བོད་ཀྱི་རྒྱལ་དར་བསྒྲེངས། །གྲོས་ཚོགས་ནང་དུ་དཔུང་གི་དར་ཆ་འཕྱར།།

བོད་མི་མང་སྤྱི་འཐུས་སྒྲོལ་མ་མཚོ་མོ་ལགས་ནས་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཞིག་འདོན་པ་དང་འབྲེལ། བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་ཡ་གྱལ། ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མི་འགའ་ཞིག་གི་རང་གཟུགས་ངོ་མ་དེ་དག་རིམ་བཞིན་མངོན་བྱུང། སྤྱིར་བྱ་སྤྱོད་དེ་དག་གསར་པ་གང་ཡང་མ་ཡིན་ནའང་། ང་ཚོ་མང་གཙོའི་ལམ་བཟང་ལ་ཕེབས་ནས་མི་ལོ་ལྔ་བཅུ་ཉེ་བར་ཕྱིན་པའི་དུས་སྐབས་འདི་འདྲར། ད་དུང་ང་ཚོའི་སྤྱི་ཚོགས་ནང་ནང་ཁུལ་ཕྱོགས་སྒྲིལ་གྱི་བྱ་སྤྱོད་སྤེལ་མཁན་ལྷག་ཡོད་པ་མཐོང་སྐབས། དངོས་གནས་ཧང་སངས་དགོས་པ་ཞིག་མ་ཡིན་ནམ།

འདི་ནས་མི་ལོ་དགུ་ཙམ་གྱི་ཡར་སྔོན་དུ་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེས། གྲོས་ཚོགས་ནང་བཟོད་གསོལ་གྱི་གླེང་མོལ་རིང་པོ་ཞིག་གནང་ཡོད་པ་དེ་ཉིད། ད་ལྟ་བསམ་སྐབས་བཙན་བྱོལ་བོད་མིའི་བྱུང་རབས་སྤྱི་དང་བྱེ་བྲག་གྲོས་ཚོགས་ཀྱི་བྱུང་རབས་གསལ་བའི་མེ་ལོང་ཞིག་ཏུ་གྱུར་འདུག་སྙམ།

བཟོད་གསོལ་དེའི་ནང་རིན་པོ་ཆེ་ནས་ཁྲིམས་དང་སྒྲིག་གཞི་ཕལ་ཆེ་བ་སྒེར་གྱི་འཁོན་འཛིན་གྱི་བརྣག་སེམས་སྐབས་ལུང་དྲང་རྒྱུ་དང་སྒེར་གྱི་ངོ་ཤེས་རྒྱབ་གཉེར་བྱེད་སྐབས། སྦས་ནས་བཞག་རྒྱུའམ་མཐོང་བཞིན་ཁྱད་གསོད་བྱེད་རྒྱུ་ཞིག་ཏུ་ཆགས་འདུག་ཅེས་དང། གྲོས་ཚོགས་དང་འཛིན་སྐྱོང་གི་ལས་ཀྱི་སྣེ་མོར་གཏོགས་པའི་གང་ཟག་བྱེ་བྲག་པ་སོ་སོའི་རྒྱུད་ལ། ཁྲིམས་དང་སྒྲིག་གཞི་བརྩི་སྲུང་བྱ་འདོད་ཀྱི་རང་བྱུང་གཤིས་ཀྱི་འདུན་པ་ཞིག་མེད་ན། ཁྲིམས་ལུགས་དང་སྒྲིག་གཞི་ཡིག་ཐོག་ཏུ་ཡོད་པ་ཙམ་གྱིས། གང་ཡང་མི་ཕན་པའི་གནས་ཚུལ་དེ་ཧ་གོ་དུས་ཧ་ལོག་ཚར་འདུག་ཅེེས་གསུངས་པའི་གསུང་གི་ཚིག་དོན་སླར་ཡར་མངོན་དུ་འགྱུར་བཞིན་པ་མཐོང་ཐུབ།

སྤྱི་འཐུས་སྒེར་གྱི་གྲོས་འཆར་འདོན་མཁན་གྱི་ལྷག་བསམ་ལ་རྨ་ཡོད་མེད་ཞུ་ཚོད་མ་ཐིག་ཀྱང་། རྒྱབ་སྐྱོར་ཞུ་མཁན་དང་དགག་བྱ་བྱེད་མཁན་གྱི་བཀའ་མོལ་གསུང་ཕྱོགས་ལ་གཞིགས་ན། སྤྱི་དོན་ཡིད་ལ་བཅངས་ནས་དགག་སྒྲུབ་བྱེད་ཀྱི་ཡོད་པའི་རྣམ་པ་མེད་པ་ཙམ་དུ་མ་ཟད། སྤྱི་འཐུས་མང་ཆེ་བར་བོད་རྒྱ་ཆེའི་མི་དམངས་ཀྱིས་བཀུར་བའི་འཐུས་མི་ཞིག་ཡིན་པའི་ཀུན་སྤྱོད་ལས་ཡོངས་སུ་འདས་འདུག་པ་ནི། ཧ་ཅང་བློ་ཕམ་སྐྱེ་དགོས་པ་ཞིག་ཏུ་མཆིས། སྤྱི་འཐུས་ལ་ལས་གནས་དོན་དེ་ནི་གླེང་རིན་རྩ་བ་ནས་མེད་པ་ཞིག་ཡིན་ཁུལ་བརྗོད་དེ་སྦས་རྩོལ་བྱེད་པ་དང།  ལ་ལས་ཆོལ་ཁ་དང་ལུང་ཚན་གྱི་དཔུང་སྒྲིག་གི་ཡོད་ཚུལ་བརྗོད་པ་དང།  འགའ་ཞིག་གིས་ཆོལ་ཁ། གཞིས་བཞུགས་མི་མང་། ཆབ་སྲིད་བཙོན་ཟུར་སོགས་ཐ་སྙད་སྣ་ཚོགས་བེད་སྤྱད་དེ། གནས་དོན་འདི་ཆོལ་ཁ་དང་ལུང་ཚན་གྱི་གནད་དོན་ཞིག་ཡིན་ཁུལ་བརྗོད་དེ་གླེང་སློང་ཆེ་གཏོང་བྱེད་པ། ལ་ལས་རང་གིས་བཤད་འདོད་པ་ཐམས་ཅད་བཤད་དེ། གཞན་གྱི་སྐད་ཆར་མ་ཉན་པར་ཕྱིར་ཐོན་འགྲོ་བ་སོགས་མཐོང་སྐབས་ཡིད་སྐྱོ་བའི་ཚོར་འདུའི་ལྷན་དུ་དགོད་བྲོ་ལ་ངུ་ཡང་བྲོ་བ་ཞིག་ཡོང་གི་འདུག

ངས་འདི་ནས་ཆོལ་གསུམ་བོད་རྒྱ་ཆེའི་མི་མང་ལ་སེམས་ཚོར་དྲག་པོའི་ཐོག་ནས་ཞུ་རྒྱུར། ༧གོང་ས་༧སྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་ཐུགས་རྗེའི་བཀའ་དྲིན་འོག་ང་ཚོ་ཆོལ་ཁ་ཕན་ཚུན་དང། ཆོས་ལུགས་ཕན་ཚུན་ལ་རྩོད་དགོས་པའི་གནས་དོན་གང་ཡང་མེད་ཅིང་། ད་བར་སྐྱ་སེར་རྒྱ་ཆེའི་མི་དམངས་རྣམས་དམ་ཚིག་འོ་ཆུ་གཅིག་འདྲེས་ཡིན་པ་དེ་གསལ་པོ་མཁྱེན་པ་གནང་རོགས་ཞེས་ཞུ་རྒྱུ་ཡིན།

སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེས་གསུངས་པ་བཞིན། ང་དགུ་ལོའི་གུར་སེར་པོའི་ལབ་གཞི་ནས་དེ་རིང་གི་ལབ་གླེང་བར་ཆོལ་ཁ་དང། ཆོས་ལུགས། ལུང་ཚན་སོགས་ཀྱི་མིང་ཐོག་ནས་རྩོད་གླེང་དུ་མ་ཞིག་བྱུང་ཡོད་པ་དེ་དག ཕུགས་རྩད་བཅད་ན་གང་ཟག་བྱེ་བྲག་པ་རེ་ཟུང་བར་གྱི་འཁོན་འཛིན་རང་ཉིད་སྒེར་གྱི་ཁ་གཏད་མ་ཆོག་སྐབས། སྤྱི་ཚོགས་དང་སྲིད་གཞུང་ནང་འཁྱེར་ཡོང་བ་ཞིག་ཡིན་པ་ཤེས་པ་གནང་རོགས་ཞེས་ཞུ་རྒྱུ་ཡིན། ལྷག་པར་ཆོས་ལུགས་སྤྱི་འཐུས་ཀྱི་མིང་འཁུར་དམ་འབུལ་ཅན་རྣམས་ལ་དམིགས་བཀར་ཞུ་རྒྱུར། ཆོས་ལུགས་སྤྱི་འཐུས་ཀྱི་ཞབས་སྟེགས་སྟེང་བཞུགས་པའི་ཆོས་རྒྱུད་ཁག་གི་དགེ་བཤེས་རྣམ་པས། གཟན་ཤམ་འོག་ནས་དུག་གསུམ་གྱིས་ཀུན་ནས་བསླངས་པའི་རྣམ་འགྱུར་ངན་པ་དེ་བསྟན་ཚོད་བྱེད་རོགས་གནང་ཞེས་ཞུ་འདོད་བྱུང། དམིགས་བཀར་ཚོགས་གཙོ་མཆོག་ལ་ཞུ་རྒྱུར། བཀའ་ཤོག་གི་རྒྱབ་ལ་མི་ཤུགས་མེད་ན་བདེན་པ་བདེན་ཐོག་ཏུ་འཁྱོལ་དཀའ་བའི་དུས་སྐབས་འདི་འདྲར། ཚོགས་གཙོ་ཁྱེད་ལྟ་བུ་ཞིག་མེད་ན་གྲོས་ཚོགས་འདི་ཉིད་དབང་ཡོད་པ་དང་རྒྱུ་ཡོད་པ་འགའ་ཞིག་གི་ནང་ལྟ་བུ་ཞིག་ཏུ་འགྱུར་ཉེན་འདུག་པས་ཡིད་གཟབ་གནང་རོགས་ཞུ།

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཞིག་བརྒྱུད། མགོ་༧རྒྱལ་བ་རིན་པོ་ཆེ་མཆོག་ནས་མཇུག་མི་དམངས་དཀྱུས་མ་ང་འདྲ་བའི་བར་གྱི། སྐྱེ་བོ་མཆོག་དམན་མང་པོས་བཀུར་བའི་སྤྱི་ཡི་འཐུས་མི་མང་པོའི་བཞིན་རས་ངོ་མ་དེ། མཇལ་ཐུབ་པ་དེ་ཡང་སྐལ་ངན་གྲོགས་སུ་གྱུར་བ་ཞིག་བྱུང་སོང། མདོར་ན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་འདི་དུས་ཐོག་ཏུ་ཚོགས་པ་དང་། དུས་ཐོག་ཏུ་གྲོལ་ཐུབ་པ་ཞིག་གནང་བ་ལས་རྐང་རྐྱང་ལག་རྐྱང་འདྲ་མིན་བྱས་ཏེ། བོད་གཞུང་གི་རྒྱུ་གྲོན་ཆུད་ཟོས་སུ་མ་གཏོང་རོགས་ཞེས་བཀུར་འོས་སྤྱི་འཐུས་ལྷན་རྒྱས་ལ་འབོད་སྐུལ་ཤུགས་དྲག་ཏུ་ཞུ་རྒྱུ་ཡིན་ནོ།།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༤ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༥ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༨ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༢༣ སྔོན་ལ།
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 7

  1. རི་བོང། says:
    ལོ་ 17 སྔོན།

    བསྟན་འཛིན་ཕན་བདེ་ལགས་ཀྱིས་དགོངས་ཚུལ་ཡག་པོ་གསུངས་འདུག་ཐུགས་རྗེ་ཆེ། སྤྱི་དོན་ཞིག་གི་ཆེད་དུ་ཧུར་ཐག་བྱེད་མཁན་ཚོའི་སྟེང་སྒེར་གྱི་ནད་ཚའི་རིགས་ཁུར་ཡོང་མཁན་འདི་ཚོས་དྲ་བ་འདི་བཙོག་པ་བཟོ་བཞིན་འདུག་པས། བསམ་བློ་བཏང་ན་ཡག་པོ་འདུག

    Reply
  2. ཨུ་ཚུགས་ཅན། says:
    ལོ་ 17 སྔོན།

    ཕན་བདེ་ལགས་ནས་བོད་མིའི་བདེ་སྡུག་གི་ཆེད་ཏུ་ཀུན་སློང་བཟང་བོ་ཞིག་ཁྱེར་ནས་ཡོང་བ་ལ་དགའ་བསུ་ཡོད། བློ་བཟང་གི་འཁོན་སེམས་སྒེར་དོན་ཁོ་ན་ཡིན་པས་འདིར་མི་གླེང་བར་ཞུ།

    Reply
  3. མར་མེ says:
    ལོ་ 17 སྔོན།

    བློ་བཟང་ཟེར་བའི་མི་འདི་ཕྲག་དོག་དང་འགྲན་སེམས་ཀྱི་གོང་བུ་ཞིག་དང་སྤྱི་ཚོགས་ནང་དཀྲུགས་ཤིང་འཕེན་གྱི་གཏེ་བོ་ཞིག་ཡིན་པ་ནི་ཁོས་སྤེལ་བའི་མཆན་དེ་དག་ལ་བཀླགས་ཚེ་ཟུར་བལྟོས་ལེབ་མཐོང་གི་ཚུལ་དུ་འདུག

    Reply
  4. བདེ་ཁང་བསོད་ནམས་བཟང་པོ། says:
    ལོ་ 17 སྔོན།

    བློ་བཟང་ཟེར་བ་འདིས་བསྟན་འཛིན་ཕན་བདེ་ངོ་ཤེས་མི་འདུག་ལ་ཁོའི་རྩོམ་གྱི་བརྗོད་དོན་ཡང་རྟོགས་མི་འདུག
    བློ་གཟུ་བོར་གནས་ན་ཁྱོད་ཀྱི་འཁོན་སེམས་ཟེར་བ་ཡང་འགྲན་སེམས་ཙམ་རེད།
    དོན་དངོས་སུ་བསྟན་འཛིན་ཕན་བདེས་གནས་ལུགས་ཞིག་འཆད་ཀྱིན་འདུག་པས་དེ་ལ་འཁོན་སེམས་འཛིན་དོན་ཅི།

    Reply
  5. བློ་བཟང༌། says:
    ལོ་ 17 སྔོན།

    བསྟན་འཛིན་ཕན་བདེ་ཟེར་བའི་གང་ཟག་འདི།
    གཞི་རིམ་སློབ་གྲྭ་ཁག་གི་བོད་དགེ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་བཟོ་འདྲ་པོ་འདུག རྩོམ་གྱི་བརྗོད་བྱ་དང་སྙན་བྱ་གང་ཡང་མི་འདུག་གོ
    ང་བོད་དགེ་ཀླད་མེད་དེ་དག་ལ་ཁོང་ཁྲོ་ཟ་གི་འདུག གང་ཡིན་ཟེར་ན་དེ་ཚོའི་དྲིན་ལ་ང་བོད་ཡིག་མི་ཤེས་པའི་བོད་པ་ཞིག་ཆགས་འདུག
    གོང་གི་རྩོམ་འདྲ་པོ་འདི་སྔོན་མ་ང་ཚོ་སློབ་གྲྭའི་ནང་ཡོད་དུས་བློ་འཛིན་བྱེད་དགོས་པའི་བགྲོ་གླེང་གི་བརྗོད་བྱ་ཤོག་ལྷེ་གསུམ་པོ་དང་གཅིག་པ་གཅིག་རྐྱང་རེད་འདུག
    ངས་འདི་མཐོང་བ་དང་རྣམ་རྟོག་ཟ་སོང༌།
    ང་བོད་དགེ་བརྫུན་མ་ཁྱོད་ཚོར་འཁོན་སེམས་ཤིན་ཏུ་ཆེ།

    Reply
  6. བློ་གྲོས་རྒྱལ་པོ། says:
    ལོ་ 17 སྔོན།

    ངོ་མ་རེད་

    Reply
  7. བསེ་རུ། says:
    ལོ་ 17 སྔོན།

    དགོད་དྲོ་ལ་ངུ་ཡང་དྲོ་བ། དགོད་བྲོ་ལ་ངུ་ཡང་བྲོ།
    བཞིན་རིས། བཞིན་རས།

    བསྟན་འཛིན་ཕན་བདེ་ལགས་ཀྱི་རང་གི་སེམས་ངོགས་ཀྱི་གཞེན་སྐུལ་གནང་བར་འཚམས་འདྲི་ཡོད།
    བདེན་རྫུན་གྱི་རྒྱ་སྲང་ལ་འདེགས་མཁན་ནི་བློ་གཟུར་བོར་གནས་པའི་ཀློག་པ་པོ་ཚོ་ཡིན་པ་ལས། སེམས་ཁམས་གཞུ་ལྟར་འཁྱོག་པའི་ས་ཕུག་ཁ་བྱང་ལྟ་ཚོ་མ་ཡིན་ནོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese