མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གོ་མིན་ཏང་ལ་སྡིགས་པ། ཚའོ་ཁྲང་ཆིན།

བོད་ཀྱི་དུས་བབ།
༢༠༠༩/༠༩/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཚའོ་ཁྲང་ཆིན་གྱིས་བརྩམས། དོན་གོས་སྒྱུར།

མདང་དགོང་། ཏཱ་ལའི་བླ་མས་ཐའེ་ཝན་དུ་ཁོང་གི་ཆིབས་བསྒྱུར་ཐེངས་གསུམ་པ་དེ་བསྐྱངས་སོང། དེ་ལྟར་ཡང་། ཐེངས་འདིའི་ཁོང་གི་ཆིབས་བསྒྱུར་ནི་སྔོན་མ་དང་མི་འདྲ་སྟེ། ཐེངས་འདི་ནི་གུང་ཁྲན་ཏང་དང་གོ་མིན་ཏང་གཉིས་མཉམ་འབྲེལ་ཐོག་ཏཱ་ལའི་བླ་མར་དམའ་འབེབས་བྱས་པ་དེ་རེད། ལཱན་ཝེ་ཨུ་ཡོན་གྱིས་བཤད་པ་ལྟར་ན། ཏཱ་ལའི་བླ་མ་ཐེངས་འདིར་ཐའེ་ཝན་དུ་ཆིབས་བསྒྱུར་གནང་བ་དེ་ཆབ་སྲིད་ཀྱི་བསླུ་བྲིད་ཅིག་ཡིན་ཚུལ་བརྗོད་ཡོད་ལ། ཐའེ་ཝན་གྱི་གསར་ལམ་མཉམ་འབྲེལ་ཚགས་པར་སྟེང་། ཏཱ་ལའི་བླ་མའི་ཐེངས་འདིའི་ཆིབས་བསྒྱུར་ནི་ཐའེ་ཝན་གནོད་འཚེ་ཐེབས་ཡུལ་མི་མང་གིས་བསྐྲུན་པའི་ཆབ་སྲིད་ཀྱི་སྟེགས་བུ་ཞིག་ཡིན། ཅེས་བཀོད་འདུག  དེ་བཞིན། སྐབས་འདི་དང་བསྟུན་ཏེ་དམིགས་བཀར་རྒྱ་ནག་ནས་ཆེད་དུ་ཕེབས་པའི་རྒྱ་ནག་ཆོས་ལུགས་འགན་འཛིན་ཡོས་ཞོ་ཝིན་གྱིས་འཛེམས་བག་ཅི་ཡང་མེད་པར་ཏཱ་ལའི་བླ་མ་ཆག་སྒོ་སློང་མཁན་གྱི་གང་ཟག་ཅིག་ཏུ་ངོས་འཛིན་བྱས་ཡོད་སྟབས།  མཱ་ཡོན་ཅིག་གཙོས་པའི་གོ་མིན་ཏང་གི་དབང་འཛིན་མི་སྣ་དེ་དག་གིས། གནས་དུས་གང་དུའང་ཏཱ་ལའི་བླ་མར་མཇལ་འཕྲད་མི་གནང་བའི་དམ་བཅའ་བཞག་ཡོད་པ་རེད།

ཐེངས་འདིའི་ཐའེ་ཝན་གྱི་རང་བྱུང་གནོད་འཚེ་དེས་མཱ་ཡོན་ཅིག་ལ་ནུས་པ་ཅི་ཡང་མེད་པ་བདེན་དཔང་བྱས་ཡོད་ལ། ཏཱ་ལའི་བླ་མ་དང་མཇལ་འཕྲད་མ་གནང་བའི་ཐད་ནས་ཁོས་ཀྲུང་གོ་སྒེར་གཅོད་སྲིད་གཞུད་ལ་ངོ་དགའ་དང་པེ་ཅིན་གྱི་དབང་འཛིན་མི་སྣར་མགོ་སྒུར་ཏེ་རང་གི་འཇོན་ཐང་ཕྱི་རུ་མངོན་པ་གསལ་འདོན་བྱས་ཡོད། ཀྲུང་གུང་སྲིད་གཞུང་གིས། མདོག་ཉེས་པོའི་སྒོ་ནས་ཏཱ་ལའི་བླ་མར་ཚུར་རྒོལ་བྱས་པ་དེ་ལས་ང་ཚོའི་བློ་ངོར་ཤར་ཐུབ་པ་ཞིག་ནི། གུང་ཁྲན་ཁྲམ་པས་སྔར་ནས་བཟུང་མི་སྐད་མི་གོ་བ་སྨོས་མ་དགོས་པར། མིའི་གཤིས་བཟང་དང་ཕན་ཚུན་ཡི་རང་། མི་ཆོས་སོགས་ཀྱི་རིན་ཐང་རྟོགས་ཀྱི་མེད་པ་གསལ་བོར་ཤེས་ཐུབ། འོན་ཀྱང། མཱ་ཡོན་ཅིག་དབང་འཛིན་པ་རྣམས་ཀྱིས་རྫུན་བཟོ་དང་། རྫུན་ཚང་ཕྱི་རུ་བཏོད་མཁན་གྱི་ལཱན་ཝེ་ཨུ་ཡོན་སོགས་ཀྲུང་གོས་ཟེར་སྒྲོས་སུ་འབྲངས་ཏེ་སྐད་ཅོར་བརྒྱབས་པ་དེས། གོ་མིན་སྲིད་གཞུང་གིས་འོས་འདེམས་བྱས་པའི་སྲིད་འཛིན་དང་ཨུ་ཡོན་དག་ངོ་ཚ་པོ་བཟོས་ཡོད།

འདས་པའི་མི་ལོ་ཉི་ཤུའི་རིང་ཏཱ་ལའི་བླ་མས་བོད་རང་བཙན་དོར་ཏེ། བོད་རྒྱ་ནག་གི་མངའ་ཁོངས་སུ་འདུག་རྒྱུ་ཁས་ལེན་བྱས་ཤིང་། རྒྱ་ནག་གཞུང་ལ་ཆེས་མཐོའི་རང་སྲིད་རང་སྐྱོང་གི་དགོས་འདུན་བཏོན་ཡོད། འདི་ནི་ཆེས་དམའ་བའི་ཚད་གཞི་ལས་འགྲོ་ཐབས་མེད་པའི་ཁོང་གི་རེ་བ་ཞིག་རེད།  འདས་པའི་དུས་སུ་ཏཱ་ལའི་བླ་མས་འདི་སྐད་དུ། ངས་རྒྱ་ནག་གཞུང་ལ་བཟོད་སྒོམ་ཚད་མེད་བྱས་པ་ཡིན་ལ། དེ་ལས་ལྷག་པའི་བཟོད་སྒོམ་ཞིག་བྱ་ཐབས་མེད་པ་རེད། ཅེས་གསུངས་ཡོད། ཉེ་ཆར་སུད་སི་བོད་རྒྱའི་ལྷན་ཚོགས་སྟེང་ཀྲུང་གོ་དང་ལངས་ཕྱོགས་མི་མཐུན་པའི་རྒྱ་རིགས་ཁག་ཅིག་གིས། བཙན་བྱོལ་བོད་གཞུང་དང་པེ་ཅིན་བར་གྱི་འབྲེལ་མོལ་གྱི་སྲིད་བྱུས་ལ་གྲུབ་འབྲས་ཅི་ཡང་བྱུང་མེད་པའི་དོགས་འདྲིའི་སྐབས། ཁོང་གིས་ཡང་བསྐྱར་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་སྐོར་གསུངས་སོང་། ཁོང་གི་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱ་རྒྱུའི་འདུན་པ་ཡོད་པ་ཡིན་ན། ཐེངས་འདིའི་ཁོང་གི་ཐའེ་ཝན་གྱི་ཆིབས་བསྒྱུར་སྐབས། ཆབ་སྲིད་ཀྱི་ཕྱག་ལས་ཅི་ཞིག་གནང་བ་ཡིན་ནམ། ཁོང་གིས། རྒྱ་གཞུང་ལ་བོད་འདི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ངོས་ལེན་བྱས་ཡོད་པ་མ་ཟད། ཡང་ནས་བསྐྱར་དུ་བོད་རང་བཙན་མི་རྩོད་པའི་ཁས་ལེན་བྱས་ཡོད་པ་རེད། འདི་ལྟར་བྱས་ཟིན་ནའང་མཱ་ཡོན་ཅིག་དང་གཅིག་མཚུངས་ཀྱི་དབུ་ཁྲིད་དག་གིས་ད་དུང་ཅི་ཞིག་ཏཱ་ལའི་བླ་མར་བསྒྲུབ་དུ་འཇུག་རྩིས་ཡོད་དམ། ད་ལྟའི་དུས་འདིར་ཡང་བོད་མི་ས་ཡ་དྲུག་རྒྱ་གཞུང་གིས་སྒེར་གཅོད་བྱས་ཡོད་ལ།  ཏཱ་ལའི་བླ་མ་གཞན་ཡུལ་དུ་གྱར་ནས་མི་ལོ་ ༥༠ འདས་ཡོད་པ་རེད། འདི་ལྟ་བུའི་གནས་སྟངས་སུ་གྱུར་ཟིན་ནའང། ཀུན་བྱམས་དང་ཡི་རངས་མེད་པའི་ཆབ་སྲིད་པ་དེ་དག་ལ་མིའི་བརྩེ་སེམས་ཞེས་པ་ཞིག་མེད་པ་ཡིན་ནམ། ཁོང་ཚོ་ཚང་མ་ཡང་ཉེ་ཁུལ་གྱི་གུང་ཁྲན་ལྟར་འཛམ་གླིང་ཞི་བདེ་ལ་ནན་སྐུལ་བྱེད་ཀྱིན་པའི་ཆོས་ཕྱོགས་དབུ་ཁྲིད་དགྲ་རུ་འཛིན་མཁན་ཡིན་ནམ།

མཱ་སྲིད་གཞུང་ཕྱོགས་ཡོངས་ནས་ཀྲུང་གུང་ལ་ཁ་ཕྱོགས་ཤིང་ཀྲུང་གུང་གི་འཇིགས་སྐུལ་འོག་ཏུ་ཚུད་པ་ནས་བཟུང་། ཐེངས་སྔོན་མར་མཱ་ཡོན་ཅིག་གིས་ཏཱ་ལའི་བླ་མ་ཐའེ་ཝན་དུ་ཆིབས་བསྒྱུར་གནང་རྒྱུ་ནི་དུས་དང་མི་འཚམ་པའི་ཁྱབ་བསྒྲགས་གནང་ཡོད་པ་རེད། སྐབས་དེར། ཏཱ་ལའི་བླ་མ་ཐའེ་ཝན་དུ་ཆིབས་བསྒྱུར་གནང་བ་ཡིན་ན། ཁོང་ཚོས་ཏཱ་ལའི་བླ་མ་བཟུང་བའི་དགྲ་འཛིན་གྱི་འདུ་ཤེས་སོགས་གསལ་བོར་རྟོགས་སྲིད་པ་ཞིག་རེད། (དེ་ནི་མཱ་ཡོན་ཅིག་གིས་ཀྲུང་གུང་ལ་ཡིད་ཆེས་བློ་འགེལ་བྱས་ཏེ་ཏཱ་ལའི་བླ་མའི་འགུལ་སྐྱོད་ལ་ཚོད་འཛིན་བྱེད་ཀྱིན་ཡོད) དེ་ལྟ་ནའང་། ཐེངས་འདིར་ཏཱ་ལའི་བླ་མ་ས་ཐག་རིང་པོ་བརྒྱུད་དེ་ཐའེ་ཝན་དུ་ཕེབས་ཏེ་གནོད་འཚེ་ཐེབས་ཡུལ་མི་མང་ལ་གསོལ་འདེབས་སྨོན་ལམ་ཞུས་ཡོད་ལ་། དེ་ནི་བླ་མེད་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མར་མཚོན་ན་ཚེ་སྲོག་ཆབ་སྲིད་ལས་གལ་ཆེན་ཡིན་པ་གསལ་སྟོན་བྱས་ཡོད་སྟབས། ཀྲུང་གུང་དང་མཉམ་འབྲེལ་བྱས་ཏེ་ཁོང་ལ་ཚུར་རྒོལ་དང་དམའ་འབེབས་ངན་སྨྲས་ཇི་འདྲ་བྱས་ཀྱང་ཕྱིར་འགྱངས་བྱེད་མི་སྲིད་ཀྱང་། ཐའེ་ཝན་མི་མང་གིས་ངེས་པར་དུ་ཐེངས་འདིའི་ཏཱ་ལའི་བླ་མའི་ཆིབས་བསྒྱུར་ལ་དགའ་བསུ་དང་བཀའ་དྲིན་དྲན་དགོས་པ་ཞིག་རེད།

ད་ལྟའི་དུས་འདིར་ཏཱ་ལའི་བླ་མ་ཤར་ཕྱོགས་པའི་ཁྲོད་ནས་འཛམ་གླིང་སྟེང་མིང་དུ་གྲགས་པའི་ཆོས་ལུགས་ཀྱི་དབུ་ཁྲིད་གཅིག་པུ་དེ་ཡིན་ལ། འཛམ་གླིང་དམངས་གཙོ་རྒྱལ་ཁབ་ཀྱི་དབུ་ཁྲིད་དག་གིས་ཀྱང་མཚན་སྙན་རྒྱས་ཆེད་ཏཱ་ལའི་བླ་མར་མཇལ་འཕྲད་གནང་གི་ཡོད། ལོ་སྔོན་མར་ཨ་རིའི་གྲོས་ཚོགས་ཀྱིས་ཏཱ་ལའི་བླ་མར་གསེར་གྱི་གཟེངས་རྟགས་ཕུལ་ཡོད་པ་དང་། གྲོས་ཚོགས་གོང་འོག་གཉིས་ཀྱི་གནད་ཡོད་མི་སྣ་དང་ཨ་རིའི་སྲིད་འཛིན་བཟའ་ཟླ་གཉིས་དངོས་སུ་ཕེབས་ཏེ་ཏཱ་ལའི་བླ་མར་གུས་འདུད་ཞུས་ཡོད། དེ་ལྟ་ནའང་། ད་ལྟའི་ཐའེ་ཝན་གྱིས། འཛམ་གླིང་མི་མང་གི་དད་ཞིང་གུས་བཞིན་པའི་བླ་མེད་ཀྱི་དབུ་ཁྲིད་ཅིག་ལ། དམའ་རིམ་གྱི་ཆབ་སྲིད་མི་སྣ་དག་གིས་དམའ་འབེབས་དང་ཚུར་རྒོལ་བྱས་པ་དེ་ནི་ཧ་ཅང་ཁོང་ཁྲོ་སྐྱེས་ཡུལ་ཞིག་ཏུ་གྱུར་ཡོད། གནས་སྟངས་དེ་ལ་བརྟེན་ནས་ཐའེ་ཝན་མི་མང་གིས་ T ཡིག་གིས་བོད་མཚོན་པར་བྱས་ཏེ་ལག་བརྡའི་སྒོ་ནས་ཏཱ་ལའི་བླ་མར་བསུ་བ་བྱས་ཡོད་པ་མ་ཟད། ཁོང་གིས་ཐའེ་ཝན་མི་མང་ལ་ཕུལ་བའི་བརྩེ་སེམས་དང་བཀའ་དྲིན་མཚོན་པར་བྱས་ཡོད་ལ།  དེ་བཞིན། ཐེངས་འདིའི་ལྐོག་གཡོ་ངན་ཇུས་ཁྲོད་ངོ་རྒོལ་བྱ་མཁན་གྱི་རིགས་ལ་རྒོལ་ལན་སྤྲད་ཡོད་པ་རེད།

མཱ་ཡོན་ཅིག་གཙོས་པའི་དབང་འཛིན་མི་སྣ་དེ་དག་གི་བྱེད་ལས་ལ་ནུས་པ་ཅི་ཡང་མེད་པ་ང་ཚོས་ཤེས་ཐུབ་ལ། ཁོང་ཚོས་ངོ་ཚ་ཁྲེལ་མེད་ཀྱི་བྱ་སྤྱོད་སྤེལ་ཀྱིན་པའང་གསལ་བོར་རྟོགས་ཐུབ། ཁོང་ཚོ་གུང་ཁྲན་དང་འབྲེལ་བ་ཡོད་པ་ཇེ་གསལ་ནས་ཇེ་གསལ་དུ་འགྲོ་གིན་ཡོད། གནས་སྟངས་འདི་དག་ལས་གོ་མིན་ཏང་ཀྲུང་གུང་གི་ཆབ་སྲིད་ཀྱི་ཁ་གཏད་དུ་འགྲེངས་མཁན་མིན་པར་ཐའེ་ཝན་མི་དམངས་དང་བོད་མི་རིགས་ཀྱི་ཆབ་སྲིད་ཀྱི་དགྲ་བོ་ཞིག་ཏུ་གྱུར་འདུག་ལ། ཁོང་ཚོས་ཏཱ་ལའི་བླ་མའི་སྒྲུབ་སྟངས་ཏེ་ཆབ་སྲིད་ཀྱི་དགྲ་བོ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་པ་མ་ཟད། སྤྱི་ཚོགས་ནང་གི་ཆེས་དམའ་རིམ་གྱི་ཆབ་སྲིད་དགྲ་བོ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 1

  1. རི་བོང། says:
    ལོ་ 17 སྔོན།

    ཅིས་མ་བདེན། དྲང་བདེན་ལ་དགའ་བའི་རྒྱ་རིགས་འདི་ཚོ་ནི་ངོ་མ་ང་ཚོས་རྗེས་སུ་ཡི་རངས་བྱེད་ས་ཉག་གཅིག་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese