མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་ཚོགས་ཀྱི་ཕྱོགས་ཁག་དང་མི་མང་གི་བློ་ཕམ།

བོད་ཀྱི་དུས་བབ།
༢༠༠༩/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp

དར་ཐང་བ་ཨོ་རྒྱན་བཀྲ་ཤིས།

རྒྱུ་མཚན་ཤོད་པ་དང། བགྲོ་གླེང་བྱེད་པ། ཁོག་རྒྱན་ཡངས་པོ་དང་བཟོད་བསྲན་ཐོག་ནས་བསམ་བློ་མ་མཐུན་པ་ཁས་ལེན་བྱེད་ཐུབ་པ་བཅས་མང་གཙོའི་མཚན་ཉིད་གལ་གནད་ཆེ་བ་ཁག་ཡིན་པས་བརྩི་སྲུང་བྱེད་དགོས། ཞེས་སྤྱི་འཐུས་ལྷན་ཚོགས་ཀྱིས་མང་གཙོའི་དུས་དྲན་ཐེངས་ཞེ་དགུ་བའི་ཐོག་ལ་གསུང་བཤད་གནང་ཡོད་པ་རེད། གཏམ་བཤད་འདིའི་མདངས་མ་ཉམས་ཤིང་དྲོད་མ་ཡལ་གོང་ལ་ང་ཚོས་བཀུར་བར་འོས་པའི་གྲོས་ཚོགས། བོད་ཕྱི་ནང་གཉིས་ཀྱི་འཐུས་མི་ཡིན་ཟེར་མཁན་རྣམས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་རའི་ནང་ནས་རང་ཉིད་ཀྱི་གཏམ་བཤད་ཙམ་གྱི་འགན་ཡང་མི་ཁུར་བར་རྒྱུ་མཚན་མི་བཤད་པ་དང། བགྲོ་གླེང་མི་བྱེད། ཁོག་རྒྱ་མི་ཡངས་བ། བཟོད་བསྲན་མི་བྱེད་པ། བསམ་བློ་མ་མཐུན་པ་ཁས་ལེན་མི་བྱེད་པ་བཅས་ཀྱིས་རང་ཉིད་ཀྱི་གཏམ་བཤད་དེའང་རྡོག་རོལ་དུ་གཏོང་བ་འདི་ཇི་ལྟར་འགྲེལ་བཤད་བྱེད་དགོས་པ་དང་ཡང་ན་ཇི་ལྟར་བསམ་བློ་གཏོང་དགོས་པ་ཞིག་རེད། ང་ཚོའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་རྒྱུ་མཚན་མི་བཤད་པར་ཕན་ཚུན་བར་སྡིགས་ར་དང་ཚིག་མཚོན། མཚང་འབྱིན་བྱེད་པ། བགྲོ་གླེང་མི་བྱེད་པར་ང་རྒྱལ་དང་ཁོང་ཁྲོས་གྲོས་ཚོགས་བཅད་ནས་ཕྱིར་ཐོན་པ་སོགས་ཀྱིས་གྲོས་ཚོགས་ཀྱི་གྲུབ་ཆ་མ་ཚང་བས་གྲོས་ཚོགས་འཚོགས་མ་ཐུབ་པ་དང་ཐ་ན་སྐབས་བཅུ་བཞི་བའི་ཚོགས་དུས་བརྒྱད་པ་མཇུག་སྡོམ་ཡང་བྱ་མ་ཐུབ་པ། ཁོག་རྒྱ་ཡངས་བོ་དང་བཟོད་བསྲན་མི་བྱེད་པར་གཞན་ཕྱོགས་ལ་ཁྲོ་ཞིང་སྡང་བ། བསམ་བློ་མ་མཐུན་པ་ཁས་ལེན་མི་བྱེད་པར་ཕྱོགས་ཁག་དང་དཔུང་སྒྲིག་བྱས་པ་སོགས་དགྲ་དགའ་གཉེན་སྡུག་གི་བྱ་སྤྱོད་དེ་དག་ནི་རྒྱ་ཆེའི་མི་མང་གི་བློ་ཕམ་བྱེད་དགོས་པ་ཞིག་རེད། སྐབས་བཅུ་བཞི་བའི་ཚོགས་དུས་བརྒྱད་པའི་སྐབས་ལ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་གནས་ཚུལ་དང་གནད་དོན་ཆུང་ཆུང་ཞིག་གི་སྒང་ནས་༸གོང་ས་མཆོག་གི་ཐུགས་རེ་དང་། གཞིས་བྱེས་མི་མང་གི་རེ་བ། རང་ཉིད་ཀྱི་གནས་བབས། སྐད་ཆ་བཤད་སའི་སྡིངས་ཆ་སོགས་སྣང་མེད་དུ་གཡུག་ནས་ཕྱོགས་རིས་དང་འཐེན་ཁྱེར། ཚིག་མཚོན་དང་མཚང་འབྱིན། ཕྱོགས་ཁག་དང་དཔུང་བཤིབས་བྱས་ནས་ནོར་འཁྲུལ་གཅིག་གི་རྗེས་ནས་གཅིག་བཟོས་ཏེ་སྤྱི་ཚོགས་འདིའི་ནང་ལ་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོས་ཡོད་ནའང། ང་ཚོའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་ད་དུང་ཇི་མི་སྙམ་པར་ག་རེ་བྱེད་དགོས་ན་བྱེད་ཀྱི་ཡིན། ག་རེ་ཡིན་ནའང་འབྱུང་སྲིད་པ་རེད་ཅེས་ཐེ་ཚོམ་དང་འཚབ་ཚོམ་མེད་པར་ངར་རྒྱལ་དང་སྤོབས་པས་ངང་ནས་བརྗོད་ཡོད། འདི་ནི་ང་ཚོ་ཆོལ་གསུམ་ཕུ་ནུ་ཚོའི་སྙིང་ལ་རྨ་ཁ་བཟོ་བའི་དུག་མདའ་དང་། མཐུན་སྒྲིལ་ལག་སྡང་གཏོར་བའི་འགད་རྫས་ཤིག་ཡིན་པ་ལས་ཕ་མ་བསད་ཅིང་ཕ་ས་འཕྲོག་མཁན་གྱི་དགྲ་བོ་རྒྱ་དམར་ལ་བརྗོད་པ་མ་ཡིན་ལ།རང་མི་རིགས་དང་རྩ་དོན་གྱི་ཆེད་དུ་མ་ཡིན་པར། ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་མི་རིགས་ནང་ཁུལ་དང། བོད་པ་ནང་ཁུལ་ཕུ་ནུ་ནང་ཁུལ་ལ་འཛིན་པའི་རྣམ་འགྱུར་དང་སྐད་ཆ་རེད། འདིས་ང་ཚོའི་འཐུས་མིི་རྣམས་ཀྱིས་རྩ་དོན་ལ་འགན་ཁུར་དང། སྤྱི་ཚོགས་ལ་འགན་ཁུར། མཐུན་སྒྲིལ་ལ་འགན་ཁུར། མི་རིགས་དང་རིགས་གནས་ལ་འགན་ཁུར་གྱི་བསམ་བློ་མེད་པ་མཚོན་ལ།ཚུལ་འཆོས་ཀྱིས་བཏུམས་པའི་ང་ཚོའི་འཐུས་མི་དག་གི་སྤུས་ཀ་དང། སྤྱི་ཚོགས་འདིའི་མང་གཙོའི་ཚད་གཞི་ཡང་ན་སྤྱི་ཚོགས་ཀྱི་སྤུས་ཀ་སོགས་ཀྱང་གསལ་བོར་མཚོན་པ་རེད། སྐབས་བཅུ་བཞི་བའི་གྲོས་ཚོགས་ཚོགས་དུས་གཉིས་པའི་སྐབས་ལ༸གོང་ས་མཆོག་གིས་གྲོས་ཚོགས་ལ་གསུངས་འཕྲིན་བསྩལ་བའི་ནང་ལ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་རྟོན་བཞི་འཇུག་ལྡོག་མ་ནོར་བ་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་གནང་བའི་སྐབས་གྲོས་ཚོགས་ཀྱི་འཐུས་མི་མང་པོ་ཞིག་གིས་རྟོན་བཞི་འཇུག་ལྡོག་གི་ནང་དོན་མ་ཤེས་པར་བཀའ་བློན་ཁྲི་བའི་འགྲེལ་བཤད་བྱས་དུས་གཞི་ནས་ཤེས་རྟོགས་བྱུང་བ་རེད་ཟེར། འོན་ཀྱང་ང་ཚོའི་གྲོས་ཚོགས་ཀྱི་འཐུས་མི་མང་པོ་ཞིག་གིས་ད་དུང་རྟོན་བཞི་འཇུག་ལྡོག་གི་ནང་དོན་མ་ཤེས་པ་ཡིན་ནམ།མི་ཤེས་ཁུལ་བྱེད་པ་ཡིན། ཡང་ན་ཤེས་འདོད་མེད་པ་ཡིན།་གང་ལྟར་འཐུས་མི་མང་པོ་ཞིག་གིས་དུས་རྒྱུན་ཆོས་ལ་མི་རྟོན་གང་ཟག་ལ་རྟོན་པ།དོན་ལ་མི་རྟོན་ཚིག་ལ་རྟོན་པ་སོགས་རྟོན་བཞི་འཇུག་ལྡོག་འདི་ལོག་པར་སྤྱོད་བཞིན་ཡོད། གལ་ཏེ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་༸གོང་ས་མཆོག་གིས་ལམ་སྟོན་གནང་བ་དེ་དུས་རྒྱུན་ཉམས་ལེན་དང་ལག་བསྟར་བྱེད་ཀྱི་ཡོད་ན་ཐེངས་འདིའི་སྤྱི་འཐུས་སྒེར་གྱི་གྲོས་འཆར་དེའང་རྒྱུན་ལྡན་གྱི་གྲོས་འཆར་བཞིན་འགྲོ་བ་ལས་རྩོད་རྙོག་ཅན་དུ་གྱུར་དགོས་པའི་གནད་དོན་གང་ཡང་ཡོད་པ་མ་རེད། འོན་ཀྱང་འཐུས་མི་མང་པོ་ཞིག་གིས་གྲོས་འཆར་གྱི་ནང་དོན་དང་ངོ་བོ། དགོས་དམིགས་སོགས་ལ་མ་བལྟས་པར་གྲོས་འཆར་འདོན་མཁན་དང། རྒྱབ་སྐྱོར་བྱེད་མཁན་ལ་བལྟས་ནས་དགག་པ་བརྒྱབ་པ། གྲོས་འཆར་གྱི་ནང་དོན་ལ་བགྲོ་གླེང་མ་བྱས་པར་ཆོལ་ཁོངས་དང་གང་ཟག་སྒེར་གྱི་རྙོག་དྲ་སོགས་གླེང་སློང་བྱས་པ།བདེན་པ་དང་གནས་ལུགས་ལ་རྒྱབ་སྐྱོར་མ་བྱས་པར་ཕྱོགས་གཏོགས་ཙམ་གྱི་སྐད་ཆའི་རྗེས་སུ་འབྲང་བ་སོགས་ཀྱིས་གྲོས་འཆར་དེ་རྩོད་ཉོག་ཅན་དུ་གྱུར་བ་རེད་སྙམ། འོན་ཀྱང་གནས་སྟངས་དང་གནད་འགག་གང་གི་སྐབས་ལའང་༸གོང་ས་མཆོག་གི་གསུངས་འཕྲིན་རྟོན་བཞི་འཇུག་ལྡོག་མ་ནོར་བ་གནང་དགོས་པའི་འཀའ་སློབ་དེ་གྲོས་ཚོགས་ཀྱི་ཡིག་ཉོབ་ནང་ལྷག་འདུག་པ་ལས་དེ་ཉམས་ལེན་དང་ལག་བསྟར་བྱེད་མཁན་མེད་པ་ནི་ཇི་འདྲིའིི་ཡིད་ཕངས་བ་དང་ངོ་གནོངས་དགོས་པ་ཞིག་རེད་ཨང།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 2

  1. བསེ་རུ། says:
    ལོ་ 17 སྔོན།

    ང་ཡིས་མཐོང་བའི་ཡིག་ནོར།
    མ་དག་པ། དག་པ།
    ཁོག་རྒྱན། ཁོག་རྒྱ།
    ཁོག་ཡངས་བ། ཁོག་ཡངས་པ།
    ཡངས་བོ། ཡངས་པོ།
    ངར་རྒྱལ། ང་རྒྱལ།
    གནས་བབས། གནས་བབ།
    འཚབ་ཚོམ། ཚམ་ཚོམ།
    ལག་སྡང་། ལག་རྡང་།
    གསུངས་འཕྲིན། གསུང་འཕྲིན།
    ཇི་འདྲིའིི། ཇི་འདྲའི།

    Reply
  2. འབྲོག་ཁྱི། says:
    ལོ་ 17 སྔོན།

    yes bad

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese