གྲོང་གསེབ་པ་ཞིག་ལ་ཡ་མཚན་དུ་གྱུར་པའི་གནས་ཚུལ་འགའ།
སྤྱི་འཐུས་བསྟན་འཛིན་མགོན་པོ།
༧སྤྱི་ནོར་༧གོང་ས་སྐྱབས་མགོན་རྡོ་རྗེ་འཆང་ནས་བོད་མིའི་འཕྲལ་ཕུགས་བདེ་རྩ་དང་བསྟན་འགྲོའི་ལས་དོན་རྣམས་བདེ་བླག་ངང་འགྲུབ་ཆེད། དོལ་རྒྱལ་བསྟེན་གསོལ་ཐད་བླངདོར་མ་ནོར་པ་དགོས་པའི་བཀའ་སློབ་ཡང་ཡང་གནང་བ་རྣམས་བཙན་བྱོལ་བོད་མི་རྣམས་ནས་ལག་ལེན་མ་འཁེལ་བ་དང་། ཤེས་དང་མ་ཤེས་པའི་ཚུལ་གྱིས་དོལ་རྒྱལ་ཚོགས་པའི་རྗེས་སུ་འབྲངས་ནས། བཙན་བྱོལ་སྤྱི་ཚོགས་ནང་བོད་ཀྱི་རྩ་དོན་འཐབ་རྩོད། གཞིས་ཆགས་སྲ་བརྟན། བོད་མིའི་ཤེས་ཡོན། བོད་མི་གཉོམ་ཆུང་གི་བདེ་དོན་གལ་ཆུང་དུ་ཆུང་དུ་འགྲོ་བ་དང་། རྒྱ་ནག་གུང་ཁྲན་ཏང་དང་དོལ་རྒྱལ་ཚོགས་པའི་ཁེ་ཕན། དོལ་རྒྱལ་པས་བཀའ་ཁྲིའི་ལས་ཡུན་རིང་དུ་གཏོང་བ་གལ་ཆེ་རུ་ཆེ་རུ་འགྲོ་བ། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་རྡོ་རྗེ་འཆང་ཐུགས་ཕམ་པའི་བཀའ་སློབ་མང་དུ་འགྲོ་བཞིན་པ་འདི་དག་ཉེན་ཁ་ཆེན་པོ་ཞིག་ཏུ་མཐོང་ནས། ཕྲན་ལ་ཡ་མཚན་དུ་གྱུར་པའི་གནས་ཚུལ་འགའ་ཡི་གེར་བཀོད་ཡོད།
༡༽ ༧སྤྱི་ནོར་༧གོང་ས་སྐྱབས་མགོན་རྡོ་རྗེ་འཆང་དང་བཙན་བྱོལ་བོད་གཞུང་ཐོག་མར་གསར་འཛུགས་གནང་མཁན་ཚོས། བཙན་བྱོལ་སྤྱི་ཚོགས་སྲ་བརྟན་ཆེད་གནང་བའི་དཔལ་འབྱོར་ལས་གཞི་ཚང་མ་ལོག་འཚོ་དང་བག་མེད་ཡིན་པ་ཁྱབ་བསྒྲགས་དང་། བཀའ་ཤག་སྐབས་བཅུ་གཉིས་དང་སྐབས་བཅུ་གསུམ་པའི་སྤྱི་ལྷན་ནས་བཟུང་། ལོག་འཚོ་དང་བག་མེད་སྤངས་པའི་ངར་སྐད་ཡང་ཡང་སྒྲོག་བཞིན་ཡོད་ན་ཡང་། དོན་དུ་གཞིས་ཆགས་སྲ་བརྟན་གྱི་ལས་གཞི་ལ་གཏོར་བཤིག་བཏང་ཡོད་པ་དང་། བཙན་བྱོལ་བོད་གཞུང་གི་ཡོང་སྒོ་སྔར་ལས་ལྷག་པར་གཞན་བརྟེན་དུ་བསྒྱུར་ཡོད། ཡ་མཚན་པའི་གནས་ཚུལ་འདི་ཡང་སྐབས་བཅུ་གཉིས། སྐབས་བཅུ་གསུམ་པའི་བཀའ་ཤག་དང་། སྐབས་བཅུ་གསུམ་དང་སྐབས་བཅུ་བཞི་པའི་སྤྱི་ལྷན་སྐབས་བྱུང་།
༢༽༧སྤྱི་ནོར་༧གོང་ས་སྐྱབས་མགོན་རྡོ་རྗེ་འཆང་ནས་བོད་དོན་བདེན་མཐའ་གསལ་ཆེད་གནང་པའི་མཛད་བྱུས་ཚང་མ་འཆར་སྣང་ཡིན་པ་དང་། སྐབས་བཅུ་གཉིས་པའི་བཀའ་ཤག་དང་སྐབས་བཅུ་གསུམ་པའི་སྤྱི་ལྷན་ནས་བཟུང་གཞི་ནས། ལག་ལེན་འཁེལ་ཐུབ་པའི་སྲིད་བྱུས་གཏན་འབེབས་ཐུབ་ཡོད་པའི་དཔའ་སྐད་ཡང་ཡང་བསྒྲགས་པ་དང་། ཁ་ལ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་རྡོ་རྗེ་འཆང་གི་༼དབུ་མའི་ལམ་༽ཁྱེར་ནས། ལག་ཏུ་རྒྱ་ནག་སྲིད་གཞུང་དང་དོལ་རྒྱལ་ཚོགས་པའི་བོད་དོན་ལས་འགུལ་རྩ་མེད་བཟོ་པའི་སྲིད་བྱུས་འཁེལ་ཏེ། བཙན་བྱོལ་སྤྱི་ཚོགས་ནང་བོད་དོན་ལས་འགུལ་རྩ་མེད་བཟོ་བའི་ལས་ཀ་ཁྱོན་ཡོངས་ནས་སྤེལ། ཡ་མཚན་པའི་གནས་ཚུལ་འདི་ཡང་སྐབས་བཅུ་གཉིས། སྐབས་བཅུ་གསུམ་པའི་བཀའ་ཤག་དང་། སྐབས་བཅུ་གསུམ་དང་སྐབས་བཅུ་བཞི་པའི་སྤྱི་ལྷན་སྐབས་ནས་བྱུང་།
༣༽༧སྤྱི་ནོར་༧གོང་ས་སྐྱབས་མགོན་རྡོ་རྗེ་འཆང་འུ་ཐུག་ནས་༼ང་ཤི་རྗེས་རོ་ལངས་རྒྱག་བསམ་མཁན་ཚོས་ལས་ཀ་ག་རེ་བྱེད་ཀྱིན་འདུག ལོ་ཆུང་ཆུང་ཚོའི་སེམས་ལ་ངེས་སུ་འཇུག་དགོས༽ ཞེས་ཡོངས་གྲགས་ཐོག་བཀའ་གནང་དགོས་ཐུག་ཡོད། འུ་ཐུག་པའི་བཀའ་སློབ་འདི་འདྲ་ཡང་སྐབས་བཅུ་གཉིས་པ་དང་སྐབས་བཅུ་གསུམ་པའི་བཀའ་ཤག་དང་། སྐབས་བཅུ་གསུམ་དང་སྐབས་བཅུ་བཞི་པའི་སྤྱི་ལྷན་སྐབས་སུ་བྱུང་།
༤༽སྤྱི་འཐུས་གྲོས་ཚོགས་ཁང་དུ་བཀའ་ཁྲི་མཁས་དབང་རིན་པོ་ཆེ་ནས་༼དོལ་རྒྱལ་རོ་ལངས་རྒྱག་ངེས་ཡིན༽པའི་གསུང་སྐད་ཤོར། རྒྱབ་ཏུ་ལངས་པའི་སྤྱི་འཐུས་རྣམས་ཀྱི་ཞལ་ལ་རྒྱལ་ཁའི་འཛུམ་མདངས་རྒྱས། རྡ་སའི་ཚོགས་པ་འགའ་ཡི་རྒྱུན་ལས་རྣམས་ནས་རྒྱལ་ཁའི་གསོལ་སྟོན་བཤམས། ཡ་མཚན་པའི་གནས་ཚུལ་འདི་ཡང་སྐབས་བཅུ་གཉིས་དང་སྐབས་བཅུ་གསུམ་པའི་བཀའ་ཤག་དང་། སྐབས་བཅུ་གསུམ་དང་སྐབས་བཅུ་བཞི་པའི་སྤྱི་ལྷན་སྐབས་སུ་བྱུང་།
༥༽༧སྤྱི་ནོར་༧གོང་ས་སྐྱབས་མགོན་རྡོ་རྗེ་འཆང་འཛམ་གླིང་ཡུལ་གྲུ་ཀུན་ལ་ཕེབས་ནས། རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་ཤུགས་ཆེན་གནང་བའི་སྐབས། མཁས་དབང་བཀའ་ཁྲི་རིན་པོ་ཆེ་ནས་ཐག་ཆོད་པའི་ངང་སྤྱི་ལྷན་གྲོས་ཚོགས་ཁང་དུ་༼རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གང་ཡང་གཏོང་མི་དགོས༽ཞེས་སྐད་གསེང་མཐོན་པོས་ཡང་དང་ཡང་དུ་བསྒྲགས། རྒྱབ་ཏུ་ལངས་པའི་སྤྱི་འཐུས་རྣམ་པ་ཚིམ་པའི་གསུང་གླེང་རོལ་པའི་འཚང་ཁ་ཤིག་ཤིག་བྱུང་། ཡ་མཚན་པའི་གནས་ཚུལ་འདི་ཡང་སྐབས་བཅུ་གཉིས་དང་སྐབས་བཅུ་གསུམ་པའི་བཀའ་ཤག་དང་། སྐབས་བཅུ་གསུམ་དང་སྐབས་བཅུ་བཞི་པའི་སྤྱི་ལྷན་སྐབས་སུ་བྱུང་།
༦༽སྐུ་གཟུགས་བདེ་བདེ་ཐང་ཐང་ཡིན་པའི་༧སྤྱི་ནོར་༧གོང་ས་སྐྱབས་མགོན་རྡོ་རྗེ་འཆང་གློ་བུར་ངང་སྨན་ཁང་དུ་ཡུན་རིང་དང་ཡང་ཡང་བཞུགས་དགོས་པའི་གནས་ཚུལ་ཡང་། སྐབས་བཅུ་གཉིས་དང་བཅུ་གསུམ་པའི་བཀའ་ཤག་དང་། སྐབས་བཅུ་གསུམ་དང་བཅུ་བཞིའི་སྤྱི་ལྷན་སྐབས་སུ་བྱུང་།
༧༽ གཞིས་ལུས་སྤུན་ཟླ་ཚོས་ཞི་རྒོལ་ལས་འགུལ་གྱིས་བོད་རྒྱ་ཞི་མོལ་འཁོར་ཡུག་ལ་གཏོར་བཤིག་ཐེབས་ཞེས་མཁས་དབང་བཀའ་ཁྲི་རིན་པོ་ཆེ་ཡིས་ཡང་ཡང་གསུངས། ༢༠༠༨ ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༠ ནས་གཞིས་ལུས་སྤུན་ཟླ་ཚོས་བཙན་རྒོལ་རྒྱལ་འཛུགས་ཀྱི་ཞི་བའི་ལས་འགུལ་རྒྱ་ཆེར་སྤེལ། བཀའ་ཤག་དང་སྤྱི་ལྷན་ནི་མ་གོ་མ་ཐོང་ཚུལ་གྱིས་བཞུགས། གློ་བུར་དུ་གྲོས་ཚོགས་མཚམས་འཇོག་དགོས་པའི་གྲོས་འཆར་བཏོན། གྲོས་འཆར་འདོན་མཁན་དང་རྒྱབ་སྐྱོར་བྱེད་མཁན་གཅིག་རྗེས་གཅིག་གིས་ལངས་ནས་༼གཞིས་ལུས་སྤུན་ཟླས་འཚེ་བ་བྱས་༽པའི་སྐྱོན་བརྗོད་བྱས། དེའི་རྗེས་རྒྱ་ནག་གཞུང་གིས་༼༣་༡༤༽དྲག་པའི་འགུལ་སྤྱོད་ཡིན་པའི་ཁྱབ་བསྒྲགས་འཛམ་གླིང་ཀུན་ལ་བྱས། བཀའ་ཤག་དང་སྤྱི་ལྷན། རྒྱ་ནག་གཞུང་དང་ལག་སྦྲེལ་གྱིས་བོད་མིའི་ཞི་བའི་ལས་འགུལ་ལ་དམའ་འབེབས་བྱེད་པའི་གནས་ཚུལ་འདི་ཡང་། སྐབས་བཅུ་གསུམ་པའི་བཀའ་ཤག་དང་སྐབས་བཅུ་བཞི་པའི་སྤྱི་ལྷན་སྐབས་སུ་བྱུང་།
༨༽གཞིས་ལུས་སྤུན་ཟླ་ཚོས་གཅེས་པའི་ལུས་སྲོག་ལོངས་སྤྱོད་བློས་བཏང་ནས། བོད་དོན་བདེན་མཐའ་གསལ་ཆེད་ལས་འགུལ་རྒྱ་ཆེན་སྤེལ་སྐབས། བཙན་བྱོལ་སྤྱི་ཚོགས་གྲང་ཤུར་ཤུར་ངང་གནས་པའི་ཚུལ་ཡང་། སྐབས་བཅུ་གསུམ་པའི་བཀའ་ཤག་དང་སྐབས་བཅུ་བཞི་པའི་སྤྱི་ལྷན་སྐབས་སུ་བྱུང་།
༩༽༧སྤྱི་ནོར་༧གོང་ས་སྐྱབས་མགོན་རྡོ་རྗེ་འཆང་ནས། ལོ་ངོ་སུམ་ཅུའི་རིང་དོལ་རྒྱལ་ཚོགས་པས་མཛད་བྱུས་ལ་གཏོར་བཤིག་བཏང་བ་དང་། གཞིས་ཆགས་སྲ་བརྟན། ཤེས་ཡོན་ཡར་རྒྱས་ཆེད་བྱེད་ཐུབ་པའི་ལས་ཀ་རྣམས་མ་བྱས་པའི་ཐུགས་ཕམ་ཚད་མེད་མཛད་པའི་བཀའ་སློབ་དག་ཀྱང་། སྐབས་བཅུ་གསུམ་པའི་བཀའ་ཤག་དང་སྐབས་བཅུ་བཞི་པའི་སྤྱི་ལྷན་སྐབས་སུ་བྱུང་།
༡༠༽རྒྱ་ནག་དམར་ཤོག་གཞུང་ལ་ཕྱག་གཉིས་ཐལ་མོ་སྦྱར་ནས་ཞི་མོལ་འཁོར་ཡུག་བསྐྲུན། བོད་པ་ནང་ཁུལ་དུ་གནད་འགག་མིན་པའི་དོན་རྩ་ཆུང་ཆུང་སྟེང་དུ་རྩོད་གཞི་ཆེན་པོ་བསླངས་ནས། གྲོས་ཚོགས་མཇུག་སྡོམ་མ་ཐུབ་པའི་གནས་ཚུལ་ཡང་། སྐབས་བཅུ་གསུམ་པའི་བཀའ་ཤག་དང་སྐབས་བཅུ་བཞི་པའི་སྤྱི་ལྷན་སྐབས་སུ་བྱུང་།
དྲ་གྲོགས་བློ་གྲོས་རྣམ་རྒྱལ་ལགས། ཉིད་ནས་ང་གཉིས་ནོར་ཉེན་འདུག་པ་དང་ཉིད་རང་དག་ཕུད་གནང་བར་ཐུགས་རྗེ་ཆེ། ཉིད་རང་ནུབ་ཕྱོགས་བདེ་བ་ཅན་ནམ་རང་ལུས་བྲན་དུ་ཚུད་པའི་སྤྱི་ཚོགས་དེ་འདྲ་ཞིག་ཏུ་འང་བོད་དོན་དང་འབྲེལ་བའི་གསར་གནས་རིགས་ལ་དོ་སྣང་བྱེད་བཞིན་པར་དགའ་བོ་བྱུང་། དེ་སྔོན་རྡ་སར་ཡོད་དུས་ཧ་གཉིས་ངོ་ཤེས་ཡིན།
དགྲ་དགའ་གཉེན་སྡུག་གི་གནས་ཚུལ་འདི་འདྲ་གོ་དུས་བོད་མིའི་རྒྱ་རྒོལ་ལས་དོན་ལ་གསོན་ཤུགས་མེད་པ་ཤུགས་ནས་རྟོགས། ལྷག་དོན་གཞིས་ལུས་སྤུན་ཟླ་ཚོས་གནས་ཚུལ་འདི་གོ་ནས་སེམས་ཤུགས་ལ་དོ་ཕོག་བྱུང་ན་ཧ་ཅང་བློ་ཕམ་རེད། འཕྲལ་ཕུག་གི་ཁེ་ཕན་ལ་མི་གཟིགས་པར་གང་བྱུང་ཁྲོམ་བསྒྲགས་བྱེད་པ་འདི་སྲིད་དོན་ལས་རིགས་ཐད་ངོས་འཛིན་གང་འདྲ་བྱ་དགོས་མིན་འདི་གནད་དོན་ཞིག་རེད། རྩ་དོན་ཁེ་ཕན་ལ་བཞག་ནས་ཕྱག་ལས་གནང་རོགས།
sorry
http://www.youtube.com/watch?v=CdTnEnBsneM
བོད་ཀྱི་དུས་བབ་རྩོམ་སྒྲིག་ཁང་གིས་དྲང་པོ་མ་བྱས་པའི་བསམ་ཤོག་གི་གྲུབ་འབྲས།
ཉེ་ཆར་སྐབས་བཅུ་བཞི་པའི་སྤྱི་འཐུས་གྲོས་ཚོགས་ཐེངས་བརྒྱད་པ་མཇུག་བསྡོམས་མ་ཐུབ་པའི་སྐོར་ལ་དུས་བབ་དྲ་ཚིགས་ནང་སུའི་ནོར་མིན་གྱི་བསམ་ཤོག་ཅིག་བསྡུས་སོང་བའི་གྲུབ་འབྲས་ ༢༠༠༩།༩།༢༩ དགོང་དྲོ་ཆུ་ཚོད་ ༧།༥༠ ཐོག
《སྐབས་བརྒྱད་པའི་གྲོས་ཚོགས་ཀྱི་མཇུག་སྡོམ་ཡང་གནང་མ་ཐུབ་པར་དུས་ཚོད་ངེས་མེད་བར་ཚོགས་གསེང་མི་གཏོང་ཐབས་མེད་བྱུང་བ་འདི་ནི།
གྲོས་གཞི་འདོན་མཁན་ནོར་བ་རེད། (༥༡)
ས་རྟགས་འགོད་མཁན་ ༡༤ ནོར་བ་རེད། (༢༠༥)
ཕྱི་ལ་ཐོན་མཁན་ ༡༢ ནོར་བ་རེད། (༩༢)
ལམ་གྲོན་ཞུ་མཁན་ནོར་བ་རེད། (༤༠)
རྒྱུན་ལས་ནོར་བ་རེད། (༣༧)》 ཞེས་ཁྱོན་འོས་གྲངས་ ༤༢༥གསལ་ཡོད་རེད། དེ་དགོང་མོ་པར་བཤུས་བྱས་ནས་ཉར་བ་ཡིན།
ཡང་བོད་ཀྱི་དུས་བབ་ཚགས་ཤོག་སྤྱིའི་འདོན་ཐེངས་ ༤༦༢ ནང་༼བསམ་ཤོག༽ ཅེས་པའི་འོག
《བསྡོམས་པའི་འོས་ཤོག་འཕེན་མཁན་མི་གྲངས་ ༤༠༤ 》 ཞེས་དང་།
《སྐབས་བརྒྱད་པའི་གྲོས་ཚོགས་ཀྱི་མཇུག་སྡོམ་ཡང་གནང་མ་ཐུབ་པར་དུས་ཚོད་ངེས་མེད་བར་ཚོགས་གསེང་མི་གཏོང་ཐབས་མེད་བྱུང་བ་འདི་ནི།
རྒྱུན་ལས་ནོར་བ་རེད། ༨༌༧༦%
གྲོས་གཞི་འདོན་མཁན་ནོར་བ་རེད། ༡༠༌༨༢%
སྤྱི་འཐུས། ༢༩༌༥༧%
ཕྱི་ལ་ཐོན་མཁན་ ༡༢ ནོར་བ་རེད། ༢༠༌༤༠%
ས་རྟགས་འགོད་མཁན་ ༡༤ ནོར་བ་རེད། ༥༠༌༢༤% 》 ཞེས་བྲིས་འདུག ཚགས་ཤོག་ནང་དོན་དངོས་འོས་ཤོག་གི་གྲངས་ཚད་ཆ་ཚང་བཀོད་མི་འདུག་པས་འོས་ཤོག་བླུག་མཁན་རྣམས་ལ་མགོ་བསྐོར་བཏང་འདུག ཡང་དྲ་རྒྱར་གསལ་བའི་ལམ་གྲོན་ཞུ་མཁན་ཟེར་བ་དེ་ཚགས་ཤོག་ནང་བཀོད་མི་འདུག་ཅིང་གལ་སྲིད་སྤྱི་འཐུས་ཟེར་བ་དེ་ཡིན་ཚེ་ཕྱི་ལ་ཐོན་མཁན་ ༡༢ དང་གྲོས་གཞི་འདོན་མཁན་ལས་འོས་གྲངས་ཉུང་བ་དྲ་ངོས་སུ་ཁྲ་ལམ་མེར་གསལ་འདུག་ཀྱང་ཚགས་ཐོག་ཏུ་བརྒྱ་ཆ་མང་བ་བཟོས་འདུག ཉེ་ཆར་གྱི་གནས་ཚུལ་དེ་བྱུང་བ་ནས་བཟུང་དུས་བབ་རྩོམ་སྒྲིག་པ་དང། གསར་འགོད་བ། ཟིན་བྲིས་བ་ཕལ་ཆེར་བཅས་ཀྱིས་ཕྱོགས་གཅིག་ཁོ་ནའི་སྐོར་ལ་བྲིས་འདུག་པ་ལྟར་དེ་རིང་གི་གནས་ཚུལ་འདིས་ར་སྤྲོད་དང་དྲང་པོ་བྱས་མེད་པ་གསལ་མི་འདུག་གམ།
ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་༌༌༌༌༌༌༌༌༌༌༌༌༌༌༌༌༌༌ཧཧཧཧ༌༌༌༌༌༌༌༌༌༌༌༌༌༌༌༌༌ཧཧཧ༌༌༌༌ཧཧཧ
བསྟན་འཛིན་མགོན་པོ་ལགས།
སྐུ་ཉིད་སྔོན་མ་སྤྱི་མཐུས་ལ་མ་ཁེལ་གོང་ལ་ཟམ་གདོང་བླ་མ་སོགས་ལ་སྐྱོན་བརྗོད་ཚད་ལས་བརྒལ་བ་བྱས། ཅིག་བྱེད་རྒྱུ་ཡིན་མདོག་མདོག་ཞེ་དྲག་བྱས་སོང་། དེ་དུས་ཁྱེད་རང་ལ་ཁག་ཡོད་པ་མ་རེད། བསམ་ཚུལ་ཡོད་ན་ཕྱི་ལོག་ནས་མ་བཤད་རང་བཤད་རེད། ཁྱེད་རང་སྤྱི་མཐུས་གྲོས་ཚོགས་ནང་སླེབས་ཚར་བའི་རྗེས་ལ་གྲོས་ཚོགས་ནང་ནས་ཁྱེད་རང་གིས་བཤད་ནས་གཏུགས་དགོས་ས་ལ་བཤད་ནས་གཏུགས། འཛིང་ནས་གཏུགས་དགོས་ས་ལ་འཛིང་ནས་གཏུགས་དང་ཐོབ་ཐང་ཆ་ཚང་ཡོད་པ་རེད། བོད་སྤྱི་ལ་ཤ་ཚ་དང་ལྷག་བསམ་ཡོད་ན་བཤད་ས་ནས་བཤད་རོགས། བཤད་ས་ནས་བཤད་མ་ཐུབ་པར་སྨྱོན་པའི་ལམ་བརྡོལ་འདྲ་བའི་སྐད་ཆ་དེ་ཕྱི་ལོག་ལ་བཀྲམ་ནས་སྤྱི་ཚོགས་ནང་དཀྲུགས་ཤིང་མ་རྒྱག་རོགས། དེ་བུད་མེད་ཐེབ་ཆག་ཚོས་གཟའ་ཚང་ནང་ལོག་གི་རྙོག་དྲ་ཆུང་ཙག་ཕྱི་ལོག་ལ་བཤད་ནས་ཁྱིམ་ཚང་ནང་དཀྲུག་བྱེད་པ་དང་གཅིག་མཆུངས་རེད། བཀའ་སྤྱི་ལྷན་རྒྱས་ཀྱིས་དེ་འདྲའི་ཞབས་འདྲེན་བྱེད་བཞིན་ཡོད་ན། དེ་དུས་ཁྱོད་ཀྱི་ཁ་ལ་སུས་སྒོ་ལྕག་བརྒྱབ་སོང་། ཁྱོད་མདོ་སྨད་མི་མང་གི་སྐུ་ཚབ་མ་ཡིན་ནམ། ཁྱོད་རང་གི་སྐད་ཆ་དེ་རིགས་བདེན་པ་ཡིན་ན་ལས་ཀ་དེ་རིགས་བྱེད་མཁན་དང་། དེ་རིགས་བྱེད་པ་ཤེས་བཞིན་དུ་ཁ་ཙུམ་ནས་འདུག་མཁན་གཉིས་ལས་ཕྱི་མ་ནག་ཉེས་ཆེ་བས། ནག་ཉེས་ཆེ་ཤོས་ཁྱེད་རང་ཆགས་སོང་པ་རེད། ཤེས་སོང་ངམ།
གྲོགས་བསྟན་འཛིན་མགོན་པོ་ལགས། ཉིད་ཀྱི་རྩོམ་ཡིག་དེ་ཚར་ཁ་ཤས་ཀློག་པ་ཡིན། སྐུ་ཉིད་ཀྱིས་སྐབས་བཅུ་གཉིས་དང་བཅུ་གསུམ་པའི་བཀའ་ཤག་དང་། སྐབས་བཅུ་གསུམ་དང་བཅུ་བཞིའི་སྤྱི་ལྷན་བཅས་པར་ཉེས་འཛུགས་ཚད་ལས་བརྒལ་བ་བྱས་འདུག་པ་མ་ཟད། ལྷག་པར་ཏུ་ཟམ་གདོང་རིན་པོ་ཆེ་མཆོག་དོལ་ཚོགས་དང་འབྲེལ་བ་ཡོད་པ་ལྟ་བུ་བཤད་འདུག་པར་ཧ་ཅང་བློ་ཕམ་བྱུང་། སྐུ་ཉིད་ནི་ཤེས་ཡོན་ཅན་ཞིག་དང་། བོད་མི་མང་སྤྱི་འཐུས་ཞིག་ཡིན་པའི་འགན་ཁུར་ཏེ། རང་རེའི་བཙན་བྱོལ་སྤྱི་ཚོགས་སྤར་མོ་གང་ལས་མེད་པ་འདི་ཡང་ཁ་འཐོར་དགུ་འཐོར་ཏུ་འགྲོ་གཞི་དང་། རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་ལག་ཆར་འགྲོ་གཞིའི་གཏམ་སྤྱོད་འདི་རིགས་ལ་ངེས་པར་ཐུགས་གཟབ་གནང་རོགས་ཞེས་འབོད་སྐུལ་ཞུ་གི་ཡོད།
སློབ་དཔོན་རང་གི་མྱོན་གཏམ་མང་པོ་མ་བཤད་ཁྱེད་རང་གི་ཨ་མདོ་མི་དམངས་ལ་འཕྱ་སྨོད་བྱེད་ཀྱི་ཡོད་ལ་སྤྱི་མཐུས་ལ་མི་དགའ་ཚུལ་བཤད་ཀྱི་ཡོད།དང་པོ་རང་གི་རང་ལ་བརྟག་དཔྱད་ཞིག་ཐོང་དང་།ངས་ཁྱེད་རང་ཤེས་འདོད་ཞིག་བྱུང་སོང་།ང་ལ་ཁྱེད་རང་གི་དང་པོ་ངོ་སྤྲོད་ཞིག་བྱེད་རོགས་ཞུ།
དྲ་གྲོགས་མང་པོ་ཞིག་ནས། འདི་གར་མཆན་འགོད་གནང་མཁན་བློ་གྲོས་རྒྱལ་པོ་ཞུ་པ་དེ་དང་གུས་པ་བློ་གྲོས་རྒྱ་བོའམ་བློ་གྲོས་རྣམ་རྒྱལ། དེ་སྔོན་སྨན་རྩིས་ཁང་དུ་ཞབས་ཕྱི་ཞུ་མཁན་གཉིས་འཁྲུལ་བཞིན་འདུག་ན། གོང་གསལ་བློ་གྲོས་རྒྱལ་པོ་དང་བློ་གྲོས་རྒྱ་བོ་གཉིས་གཅིག་པ་མ་ཡིན་པ་དགོངས་འཇགས་ཞུ།
སྤྱི་མཐུས་བསྟན་འཛིན་མགོན་པོ་ཟེར་བ་ལགས་
་་་་་་་་་་་་་་་་་་་་་དངོས་གནས་བྱེད་ན་ཁྱོད་ཀྱི་བསམ་འཆར་འདི་སྤྱི་མཐུས་སྒྲོལ་མ་འཕེལ་རྒྱས་ཀྱི་རྗེས་སུ་གྲོས་ཚོགས་ནང་གྲོས་འཆར་ལྟོན་རྒྱུའི་བང་སྒྲིག་པ་ཡིན་རྒྱུ་རེད་ཏེ་ངའི་རེ་བ་ལ་བོད་རིགས་མི་མང་ད་ལྟ་རྡོ་རྩ་གཅིག་ཡིན་པས་ཁྱོད་ཀྱི་ལེགས་ཉེས་མི་ཤེས་པ་་་གཞན་དབང་གི་དགྲ་དགའ་གཉིན་སྡུག་གྱི་བསམ་འཆར་ཡིན་ན་རེད་་་་་་་་་་ད་དུང་དབྱིན་དཀྲུག་ཀྱི་སྐད་ཆ་འདི་ཡི་རིགས་མ་གསུངས་ན་བཟང་བ་འདུག་་་་འདི་ནི་ཁྱེད་རང་སྒེར་ཀྱི་གནས་སྐབས་ཁེ་ཕན་ཡོད་མེད་མི་ཤེས་ཏེ་བོད་སྤྱི་དོན་དང་བོད་རིགས་མི་མང་ལ་གནོད་པས་ཕུག་སུ་ཁྱེད་རང་ལ་མ་གནོད་པ་འགྲོ་ས་མེད་པ་བསམ་རོགས་ཞུ་་་
བཀུར་འོས་སྤྱི་འཐུས་བསྟན་འཛིན་མགོན་པོ་མགོ་རིལ་བ།
མ་གཞི་སོ་སོའི་བསམ་འཆར་དང་འབྲེལ་བའི་དཔྱད་གཏམ་སྤེལ་བ་ནི་དགའ་འོས་པ་ཞིག་རེད། ཁྱོད་ཀྱིས་ཀྱང་དེ་འདྲ་ཞིག་སྤེལ་ཐུབ་སོང་བསམ་ནས་དགའ་བསྡད་ཡོད་ཀྱི་རེད།
དགའ་རྒྱུ་སྔ་དྲགས་པ་མ་རེད་དམ། ཁྱོད་ལ་བྱུང་བའི་ཡ་མཚན་གྱི་གནས་ཚུལ་དེ་ཚོ་མདོར་བསྡུས་ན་ད་ལྟའི་བཀའ་བློན་ཁྲི་པ་ཟམ་གདོང་བླ་མས་བཟོས་པ་ཤ་སྟག་རེད་ཤོད་སྙིང་འདོད་པ་རེད་འདུག
ད་ལྟའི་བཀའ་ཤག་དང་བཀའ་ཁྲི་ཡིས་རྒྱ་ནག་དམར་གཞུང་དང། དོལ་ཚོགས་ཀྱི་རྒྱབ་རྩ་བྱེད་ཀྱི་འདུག་ཅེས་པ་དེ་ཡང་ཡང་བསྟན་ཡོང་གི་འདུག
ཁྱོད་ལ་བསམ་ཚུལ་དེ་འདྲ་དྲ་ཐོག་ཏུ་འབྲི་ཕོད་ཀྱི་ཡོད་ན། སྤྱི་འཐུས་གྲོས་ཚོགས་ནང་དུ་མི་སླེང་བ་ག་རེ་ཡིན།
སྤྱི་འཐུས་ཀྱི་འགན་མ་ཁུར་བ་ཡིན་ནམ། ཡང་ན་ཁྱོད་ལ་ཁ་ཐུག་བཤད་ཕོད་པའི་བློ་ཁོག་མེད་པ་རེད།
གང་ལྟར་དོན་དག་དེ་ཚོ་ནི་གལ་ཆེན་པོ་ཤ་སྟག་རེད་འདུག སྤྱི་འཐུས་ལྷན་ཚོགས་དེ་དོན་དག་གལ་ཆེན་གླེང་ས་མ་རེད་དམ།
ཁྱོད་རང་ལ་བྱུང་བའི་ཡ་མཚན་གྱི་གནས་ཚུལ་དེ་ཚོ་ལ་དོགས་པ་ཟ་ཡི་འདུག་ན། དོགས་པ་སེལ་བའི་དུས་ལ་སླེབས་པ་རེད།
བདེན་པ་ཡིན་ན་ར་སྤྲོད་གྱིས་ཤོག་མ་གཏོགས། སྤྱི་འཐུས་ཤིག་གིས་འདི་འདྲའི་སྐད་ཆ་ཁུངས་ལུང་མེད་པ་བཤད་པ་བོད་མི་མང་གི་ཞབས་འདྲེན་རེད།
མ་གཞི་ཁྱོད་ཀྱིས་སྐྱོན་བརྗོད་བྱེད་རྒྱུ་ཙམ་ལས། ཁུངས་སྐྱེལ་ས་སླེབས་དུས་ཁུངས་སྐྱེལ་རྒྱུ་མ་བྱུང་བའི་གནས་ཚུལ་གོ་མྱོང་ཡོད།
ག་དུས་ཡིན་ཡང་ཟམ་གདོང་ལ་སྐྱོན་ཞིག་ག་པར་འདུག་ལྟ་འདུག་པ་ལས། སྤྱི་མང་ལ་བསམ་བློ་གཏོང་མཁན་གྱི་སྤྱི་འཐུས་ཤིག་ཡིན་ནམ།
མདོར་ན་ཁྱོད་རང་གི་བཤད་སྟངས་ག་ནས་བལྟས་ཀྱང་། གཞིས་ཆགས་སྲ་བརྟན་དང་། ཤེས་ཡོན་འཐུས་ཤོར་སོགས་ཆ་ཚང་ད་ལྟའི་བཀའ་ཤག་ལ་འགེལ་གྱི་འདུག
དེ་འདྲ་ཞིག་ཨེ་ཡིན་ན། མ་གཞི་བཀའ་ཤག་གིས་འཐུས་ཤོར་གཅིག་ཀྱང་སོང་ཡོད་མ་རེད་ཅེས་ངས་ལབ་ཀྱི་མེད་ལ་དེ་ལྟར་འདོད་ཀྱི་མེད།
ད་ལྟའི་བཀའ་ཤག་གི་སྐབས་ལ་༸གོང་ས་མཆོག་བཀའ་སློབ་ཕེབས་པ་དེ་ད་ལྟའི་བཀའ་ཤག་གི་མགོ་འགེལ་དགོས་སམ། ངོ་མ་ཁྱོད་རང་བྱབ་ཆུང་རེད།
༸གོང་ས་མཆོག་གིས་ལོ་ཉི་ཤུའི་རིང་འཐུས་ཤོར་ཕྱིན་འདུག་གསུངས་པ་མ་རེད་དམ། ད་ལྟའི་བཀའ་ཤག་གིས་ལོ་ཉི་ཤུའི་རིང་སྲིད་བསྐྱངས་པ་ཨེ་རེད།
བརྒྱ་བཤད་སྟོང་གླེང་བྱས་ཀྱང་། ནག་ཉེས་མང་པོ་ཞིག་བཀའ་ཤག་དང་བཀའ་ཁྲི་ལ་འགེལ་གྱི་འདུག ར་སྤྲོད་གསལ་པོ་གྱིས་ཤོག་དེ་མ་གཏོགས་ལས་སླ་པོ་མི་ཡོང་།
མ་གཞི་ནམ་རྒྱུན་ནས་༸གོང་ས་མཆོག་གིས་གཅིག་གསུང་ན་ལོས་ཡིན། བཀའ་ཤག་གིས་གསུང་པ་ཡིན་ན་ལས་སླ་པོ་མེད་ཅེས་བཤད་མཁན་དེ་ཚོ་ཧ་ཅང་བྱབ་ཆུང་བ་རྐྱང་རྐྱང་རེད། དེ་ཚོས་བོད་མི་མང་གི་ཆེད་དུ་གང་ཡང་སྒྲུབ་ཐུབ་ཀྱི་མ་རེད།
ངས་དྲང་པོ་དང་ཐད་ཀར་བཤད་ན། བསྟན་འཛིན་མགོན་པོ་ཁྱོད་རང་ཟམ་གདོང་བླ་མ་ལ་རྩ་བ་ཉིད་ནས་དགའ་ཡི་མི་འདུག་ན། ཟམ་གདོང་བླ་མའི་རྩར་སོང་ནས།
གདོང་ལ་མཛུབ་མོ་བཙུགས་ནས་སྐྱོན་བརྗོད་གྱིས་དང་། ཁྱོད་ཕོ་ཁྱོ་ག་རེད། ཟམ་གདོང་གིས་ཀྱང་ཁྱོད་ཀྱི་སྐྱོན་བརྗོད་ལ་རྒྱུ་མཚན་ཡོད་ན་ཉན་གྱི་རེད། དེ་མ་གཏོགས་ནང་ཁུལ་དཀྲུགས་ཤིང་རྒྱག་ནས། རང་ཉིད་ལ་རྒྱབ་རྟེན་འདྲ་འཚོལ་གྱི་ཡོད་ན་ངོ་མ་བླ་འདར་བ་ཟེར་བ་དེ་རེད།
སྤྱི་མཐུས་མི་གྲང་༡༤ཡི་ས་རྟགས་མཁོད་པའི་ནང་དོན་ངོ་མ་བོད་སྤྱི་པའི་དོན་དག་ཡིན་མདོག་གྱི་དོན་དངོས་ཐོགས་གང་ཟག་སྒེར་ལ་དམིགས་པའི་དཔུང་སྒྲིགས་གནང་བ་ཡིན་པ་ཀུན་གྱི་གསུང་གི་འདུག་ལ་དེ་ལྟར་ཡིན་པ་ཡང་ལུང་རིགས་ཀྱི་སྒྲུབ་མི་དགོས་པ་དྲངས་པོའི་ལམ་ནས་གཟིགས་ན་ལས་ལྷ་པོ་ཤེས་ཐུབ་པ་ཞིག་རེད་་་་་་་་་ཡིན་ཡང་མ་གཞི་གནས་ཚུལ་དེའི་ནད་གཞི་འབྱུང་རྩ་ངོ་མ་བསོད་ནམ་སྟོབས་རྒྱལ་དང་འབྲེལ་བ་ཡོད་པ་ཞིག་ལ་ཁོང་ཡུ་རབ་ནས་རྒྱ་གར་ནང་གྲོས་ཚོགས་ཚོགས་ཚོགས་དུས་བརྒྱད་པ་ངོར་བཅར་ཀྱི་ཆད་དུ་ཕེབས་སྐབས་ལམ་འགྲོན་ཙམ་གཞུང་གི་བཏང་ཆོག་མིན་གྱི་དོན་ལས་མེད་་་གནས་ཚུལ་འདི་ལ་བོད་མི་མང་སྤྱི་མཐུས་རྣམས་པས་སྤྱི་དོན་ལས་རང་དོན་གལ་ཆེན་རྩིས་ཏེ་འཆོ་ཁ་དང་ངོ་ཤེས་དཔུང་སྒྲིགས་ཀྱི་ལམ་ནས་དོན་ངོ་མ་རང་སོ་སོའི་ཐབས་སྟངས་བརྩོད་པ་ལས་བོད་སྤྱི་པའི་དོན་ཆེན་ཞིག་མ་ཡིན་པ་མ་ཟད་་ད་བར་བོད་སྤྱི་པའི་དོན་ལ་སྤྱི་མཐུས་རྣམས་པ་སུའི་ཀྱང་ངོ་དགོང་འདི་འདྲ་ཞིག་ལྟོན་ནས་གཞུང་དོན་ངོ་མ་བཤད་མཁན་ཡོད་དམ་དྲིས་ན་ ་་་ སྤྱི་མཐུས་སྐབས་འདི་ལ་ང་རང་སྡ་སར་སྡོད་སྡོད་པ་ཡིན་གྲོས་ཚོགས་ནང་གི་གནས་ཚུལ་གང་ཡིན་སྤ་སུའི་ལྕ་ན་འམ་སྤ་སུའི་བརྙན་འཕྲིན་ནས་ལྟོན་གྱི་འདུག་པས་ངས་ལན་གསལ་པོ་རྒྱབ་ཐུབ་པ་ནི་བྱུང་མ་སོང་་་་་་་་་་་་་་་ངོ་མ་ཡིན་་་་་་་་་ད་དུང་གྲོས་ཚོགས་ནང་སྤྱི་མཐུས་རྣམས་པས་དགོང་ཚུལ་གསུང་དུས་གྲ་སྒྲིགས་ཡོད་པ་བཞིན་རྒྱབ་སྐྱོར་གནང་མཁན་དང་དགག་པ་སྐྱོན་མཁན་སུ་ཞིག་ཡིན་མིན་དང་མི་དེའི་གཏམ་བཤད་གང་ཞིག་བྱེད་མིན་དེ་ཡང་གོང་ཏུ་གྲོས་ཚོགས་ནང་དགོངས་ཚུལ་འམ་གྲོས་འཆར་འདོན་མཁན་དེ་དང་འབྲེལ་བ་བཟང་མིན་གྱི་ཆ་ནས་རེད་ཟེར་ན་བདེན་པ་འདུག་་་་་་་་ད་ཐེངས་ཉིན་ཤས་སྔོན་སྤྱི་མཐུས་རྣམས་པས་གྲོས་ཚོགས་འཇུག་སྒྲིགས་མ་ཐུབ་པ་གྲོལ་དགོས་བྱུང་བ་ནི་་་་་་་སྔར་ཡོད་མཁྲིགས་འཛིན་གྱི་ལམ་ལུགས་འོག་ཚོགས་གཙོ་མཆོག་གི་ནུས་པས་མ་འདང་བར་ལམ་གསོལ་མེད་པ་དགོས་པ་ལས་དགག་བྱ་ཆེ་བ་བ་ཞིག་ལ་གྲོས་འཆར་འདོན་མཁན་གྱི་རྒྱབ་སྐྱོར་སྤྱི་མཐུས་༡༤་ཡི་ས་རྟགས་ཡོད་པ་ཞིག་ཏེ་དཔུང་སྒྲིགས་ཀྱི་གྲོས་འཆར་ལ་བརྟན་ནས་བྱུང་བ་རེད་་་ང་ལ་མཚོན་ན་བོད་ནང་སྐྱེས་པདང་རང་ལོ་༢༠་བར་མདོ་དབུས་ཁམས་གསུམ་ཀྱི་ས་ཕྱོགས་འཕེལ་ཆེར་འགྲོ་མྱོང་དེར་བོད་རིགས་ནང་ཁུལ་དགྲ་འཛིན་གྱི་བསམ་བློ་དེ་འདྲ་དངོས་གནས་མཐོང་མ་མྱོང་་་་་་་་ཡིན་དང་ཡིན་ཕྱི་ལོ་༢༠༠༨་ལོར་རྣམས་པ་ཚོའི་གཟིགས་ཡོད་ཤག་རེད་་་་བོད་འཆོ་ཁ་གསུམ་དུ་གཞི་བྱེས་བོད་རིགས་རྣམས་ཀྱི་རང་སྲོག་ལ་མི་འཛིམ་པར་བོད་མི་རིགས་གྱི་དོན་ཏུ་ཕྱག་ལས་གནང་བ་ནི་གཅིག་སྒྲིགས་རེད་་་་་་་་དངོས་གནས་ཡིན་ངས་དེར་འདྲ་མཐོང་བ་དང་པོ་དེར་དབུས་སྤྱི་མཐུས་གྲོས་ཚོགས་ནང་དང་དུས་བབ་ཟིན་བྲིས་ནང་ཡིན་་་་་་་་་་་་་ད་དུང་གྲོས་ཚོགས་ཚོགས་དུས་བརྒྱད་པ་ལ་དེ་འདྲའི་ལྟད་མོ་འདུག་་་་སྐབས་དེར་ངའི་སེམས་ནང་དོན་ཆུང་དེ་འདྲ་ཞིག་གི་དོན་ཏུ་དགྲ་ཁ་གཏད་གྱི་རྣམས་པ་དེ་འདྲ་ལྟོན་དགོས་དོན་མི་འདུག་བསམ་སོང་་་གོ་ཚོད་ལ་དེ་ནི་ཕྱིར་ཚུལ་གྱི་རྣམས་པ་རྩམ་ལས་དོན་དངོས་ཐོག་ནད་རྙིང་ཞིག་གྲོས་འཆར་འདོན་མཁན་ཚོར་ལ་ཡོད་པ་འདྲ་་་་་་་་་་་མ་གཞི་གནས་ཚུལ་དེར་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོའི་སྟངས་འཛིན་བྱེད་མ་ཐུབ་པར་ལནཔ་ཞིག་་ཡིན་པ་ར་རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་་མཆོག་གི་གཙོའི་བོད་རིགས་མང་པོའི་བསམ་འཆར་གཅིག་མཐུས་རེད་དངོས་གནས་ཚོགས་གཙོ་མཆོག་གནས་ཚུལ་དེ་དང་ངན་འབྲེལ་མེད་ན་ཡག་པོ་རེད་གོ་ཚོད་ལ་གྲོས་འཆར་འདོན་མཁན་འཚོའི་གོ་སྐབས་དམ་འཛིན་གྱི་རེ་བ་དང་པོ་དེ་ད་ལྟའི་ཚོགས་གཙོ་སྤེན་པ་ཚེ་རིང་ཚོགས་གཙོ་འོས་སྡུས་སྐབས་ནས་རེད་ཟེར་་་་་་་་་་ད་དུང་དེའི་རྩོད་རྙོག་ནང་མཁྲིགས་འཛིན་བྱེད་མཁན་གཙོ་བོ་དེ་བསྟན་འཛིན་མགོན་པོ་ཟེར་བའི་སྤོ་རྒན་དེ་རེད་་་་་་་་་་་་་་་་སྤོ་རྒན་དེའི་ག་རེ་འདྲ་ཞིག་བསམ་གི་ཡོད་པ་་དང་ལས་དོན་གང་ཞིག་ཡོད་པ་དོགས་འཆར་འདུག་་་་་་སོ་སོའི་ནུས་པ་ལས་ལྡོག་པའི་བྱེད་ཚུལ་ཚད་ལས་བརྒལ་པ་ཞིག་ལ་བོད་གཞུང་ལ་སྐྱོན་བརྗོད་བྱེད་རྒྱུ་དང་གཞུང་དམངས་བར་ཀྱི་འགལ་ཟླ་བཟོ་ཅི་ཐུབ་་་་་་་་་འཆོ་ཁར་དང་ཆོས་ལུགས་བར་ཀྱི་དབྱིན་དཀྲུག་གི་གཏམ་བཤད་བྱེད་རྒྱུ་སོགས་རེད་་་་་འདི་རྒྱ་ནག་སྲིད་གཞུང་གི་བྱེད་ཚུལ་མི་འདྲ་བ་ཅི་འདུག་་་་་་་་་་ང་ཉིན་གཅིག་སྡ་ཤོག་འགྲོ་དུས་མི་འདི་ལམ་བར་གམ་པ་རྒྱབ་ཏེ་འགྲོ་བཞིན་འདུག་པས་ང་གཉིས་ཐེངས་དང་པོ་ཐུག་སོང་དེ་དུས་ངས་ཨམ་སྐད་ཐོག་ནས་སྐད་ཆ་བཤད་དུས་་ཁོའི་དགའ་པོ་བྱེད་ཀྱི་འདུག་་ང་གཉིས་ལམ་བར་གཏམ་བཤད་རེ་གཉིས་བྱེད་ཡོད་དེ་སྤོ་རྒན་དེའི་ཨམ་སྐད་ལས་ཤེས་གྱི་མི་འདུག་ད་དུང་ཁོའི་ང་སྤྱི་མཐུས་ཡིན་ཟེར་་་དངོས་གནས་ཡིན་ང་རང་ཨ་མདོ་བ་ལ་མི་དགའ་དགོས་དོན་གང་ཡང་མེད་་་་་་་ལྷག་དོན་ཨ་མདོ་བའི་མི་མང་པོ་བོད་གཞུང་ལ་དགའ་པོ་བྱེད་མཁན་ཀྱང་རེད་་་་་་་ང་རང་སྒེར་ལ་མཚོན་ན་དེ་སྔོན་བོད་ལ་སློབ་གྲ་སྡོད་དུས་ཀྱི་འཛིན་གྲོགས་དང་གཞན་ལམ་རོགས་སོགས་གྲོགས་པོ་མང་པོ་ཡོད་་་་ཁོ་འཚོའི་ནམ་ཡང་འདི་འདྲ་བྱེད་སྲིད་གྱི་མ་རེད་་་་་་་་་་་་་་་་་སྐབས་བབ་གྱི་གནས་སྟངས་འདི་མདོེར་བསྡུས་ནས་བཤད་ན་གྲོས་འཆར་མདོན་མཁན་གྱི་ནོར་བ་རེད་ཏེ་་་་་་་་་་་་ཕར་ཚུལ་གཉིས་ཀའི་མཁྲིགས་འཛིན་གྱི་བསམ་བློའི་ནང་དགྲ་ཁོན་འཛིན་གྱི་བསམ་བློ་ངན་པ་དེ་ལ་ཚོགས་གཙོ་མཆོག་གི་ནུས་པས་མ་འདང་བ་དང་སྟངས་འཛིན་བྱེད་མ་ཐུབ་ཞིག་ཡིན་པ་གསལ་པོ་རེད་་་་་་་་་་་་་་་མ་གཞི་གནས་ཚུལ་འདི་ད་ལོ་བྱུང་བ་སྔར་མ་གྲགས་པ་ཕྱིས་མ་གྲགས་པར་ཡག་པོ་རེད་་་་་་་་ད་ལྟའི་དུས་ལ་གནས་ཚུལ་ཆུང་ཆུང་འདིར་༧རྒྱལ་བ་དོན་གྱི་བདག་པོ་དང་འགྲན་ཟླ་མེད་པའི་མཁས་དབང་ཟམ་དགོང་རིན་པོ་ཆེ་རྣམ་གཉིས་གི་གསུངས་བཤད་ཚིག་གཅིག་རེད་ལ་་་་ཨ་མདོའི་སྤོ་རྒན་བསྟན་འཛིན་མགོན་པོ་སོགས་ཀྱི་དུས་བབ་ཚང་དང་ལག་འབྲེལ་གྱི་རྒྱ་བཤད་ལྟོང་བཤད་ཇི་རྩམ་བྱེད་ན་ཡང་བོད་རིགས་མི་མང་ནི་མི་འགྱུར་རྡོ་རྗའི་བྲག་ལྟར་བརྟན་པོ་རེད་་་་་རབ་བྱུང་ན་བོད་རིགས་སུ་ཞིག་གི་གནས་ཚུལ་འདི་ལ་འཆོལ་བཤད་མ་གནང་བའི་རེ་ཡོད་ལ་་་་་་་་་་དུས་བབ་ཚང་གི་ཀྱང་གནས་ཚུལ་འདིའི་རིགས་གཏམ་བཟང་ཞིག་ལ་ངོས་འཛིན་མི་གནང་བ་ཞུ་་
བསྟན་འཛིན་མགོན་པོ་ལགས། ཁྱེད་རང་མི་མང་གི་མགྲིན་ཚབ་པ་ཞིག་དང་སྤྱི་འཐུས་ལས་ཐོག་པ་ཞིག་གིས་བཀའ་མོལ་འདི་འདྲ་གསུངས་ན་ངེས་པར་དུ་འགན་འཁྱེར་དགོས། གལ་ཏེ་ཁྱོད་ལ་གནས་ལུགས་ཤིག་བཤད་རྒྱུ་ཡོད་ན་ངེས་པར་དུ་ཁྲིམས་ལུགས་ལག་བསྟར་གྱིས་ཁྲིམས་ཞིབ་ཁང་དུ་བཅར་བའམ་མ་ཐར་ཡང་གྲོས་ཚོགས་སུ་གླེང་དགོས་ངེས་ཡིན། འོན་ཀྱང་དྲ་ཐོག་ནས་འདི་ལྟར་གླེང་དགོས་དོན་ཅི་ཞིག་ཡིན། འདོད་དོན་ངོ་མ་ཁྱོད་ཚོ་སྤྱི་འཐུས་ཚོས་བོད་མི་དམངས་ཀྱི་འཐུས་མི་ཡོང་ས་མ་རེད་ཅེས་བརྗོད་འདོད་པ་ཨ་ཡིན།
GôP-GÛ-zÅÎÇem-¤Gôm-¾GÅ-;ˆÛÅ-GÅÞPÅ-q-»ôh-±h-ü h-z¼-hPôÅ-»ôh-GmÅ-±ß¾-¼Î@AP-¼ÎÅ@¼Î@¼Î
ཐོག་རྒོད་མིང་ཅན་གྱི་མདོ་མེད་བ་ལགས།
ཁྱེད་ཀྱིས་སྤྲེལ་ལད་འདི་འདྲ་འཁྲབ་དགོས་ནི་མ་རེད། ཁྱེད་རང་སུ་ཡིན་པ་ཤེས་ཚར་ནི་རེད། འདིར་ལྟད་མོ་བལྟ་མཁན་ཚོ་ལྐུགས་པ་མ་རེད། ཁྱེད་རང་སྤྱི་སེམས་ཡོད་མཁན་ཞིག་ཡིན་ན་ཆོལ་ཁའི་བར་དུ་འཛུལ་ནས་དཀྲོག་གཏམ་བཟོ་དགོས་ནི་མ་རེད། འདི་ཅོལ་ཆུང་གི་བྱ་བ་ཡིན་ནི་རེད།
དྲ་གྲོགས་ཚོ
བདེན་པ་ཡིན་མིན་མི་ཤེས་མོད་འོན་ཀྱང་གོ་ཐོས་ལ་ཟམ་གདོང་གིས་ཁྲི་བྱང་རིན་པོ་ཆེའི་སྐུ་གདུང་གི་མདུན་ནས་ཁྱོད་མིག་ཆུ་གཏོང་བཞིན་ཁྱོད་ཀྱི་བཀའ་ལ་རྒྱབ་འགལ་བྲས་བ་དེར་ང་རང་དབང་མེད་སོང་ཟེར་གིན་འདུག་ཟེར།་ཁྱོད་ཚོས་བལྟས་ན་དེ་དངོས་ནས་རེད་དམ
ཨ་མདོའི་སྤོ་རྒན་བསྟན་འཛིན་མགོན་པོ་ལགས
ཁྱོད་ཀྱི་ལྟས་མ་འགྲིག་མ་དང་འགྱོན་པ་དེ་བོད་གཞུང་དང་བཀའ་ཤག་སྤྱི་མཐུས་རེད་་་་་་་
ང་འཚོའི་ལྟས་ན་ཨ་མདོ་བ་འཚོའི་ཁྱེད་རང་སྤྱི་མཐུས་འོས་རླུག་པ་དེ་རེད་་་་་་་་་་་་་་་་་་་་་་་་ཨ་ལ་ལལལལལལལལལལལལལལལལལལལལལལལལལལངོ་མ་མི་ལས་ངན་འདི་་་་་་དངོས་ནས་སྙིང་རྗེ་་་་་་་་་་
་
རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་ལ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བརྒྱད་པ་མཇུག་སྡོམ་རྒྱག་མ་ཐུབ་པ་དེའི་ཐད་དུ་དགོངས་ཚུལ་ཅི་ཡོད་ཅེས་དྲིས་པར་ཁོང་གིས་གསུངས་དོན། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བརྒྱད་པ་མཇུག་སྡོམ་རྒྱག་མ་ཐུབ་པ་ནི། སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོའི་སྟངས་འཛིན་བྱེད་མ་ཐུབ་པར་ལན་པ་ཞིག་རེད་འདོད་ཡོད།
རྒྱལ་བ་རིན་པོ་ཆེ་སྐུ་ཕྲིང་བཅུ་བཞི་པའི་འཁྲུང་ཡུལ་ཨ་མདོ་ནས་ཡིན་པ་ཡག་པོ་རེད་མ་ཏོགས་དེང་སང་ཨ་མདོའི་སྤོ་རྒན་བསྟན་འཛིན་མགོན་མགོན་པའི་ཁ་བཏང་ནས་བཞག་ས་མ་རེད་
མི་རྒན་འདི་ཡི་འཆི་ཁ་མ་ནི་མི་འགྲང་པར་འཐེན་ཆེར་གྱི་སྐད་ཆ་བཤད་དགོས་དོན་གང་ཡིན་་
ད་དུང་དུས་བབ་ཚང་དང་ལག་འབྲེལ་གྱི་རང་གི་མིང་ཐོག་ནས་གཞན་གྱི་སྨྱོ་བཤད་འདི་འདྲ་སྤེལ་དགོས་དོན་གང་ཡིན་
ཨམ་སྐད་ལས་མི་ཤེས་པའི་སྤོ་རྒན་འདིའི་རང་གི་ནང་མི་དོན་ཏུ་རྒྱ་ནག་སྲིད་གཞུང་ལ་ངན་འབྲེལ་གྱི་གོ་སྐབས་བཟུང་བ་མིན་ནམ་
ཨ་མདོའི་སྤོ་རྒན་བསྟན་མགོན་པོ་ཟེར་བ་ལགས་
གོང་གཏམ་བཤད་དེ་ཧོ་གཙང་འཇིག་མེད་གི་བྲིས་པ་རེད་པས་་་་ཆབ་བྲག་ལྷ་མི་སྐྱབས་ཟེར་བ་དེའི་བྲིས་པ་རེད་་་་་་་་དངོས་གནས་ཡིན་དྲངས་པའི་སྐད་ཆ་བཤད་་་་་་་ཕྱོགས་ཞིན་གྱི་ལམ་ནས་ཁེ་ཕན་མེད་པ་ཆོས་ཕྱོགས་ཀྱི་སྐད་ཆ་རྩམ་མིན་་་སོསོའི་འདོད་པའི་འཆོ་ཁ་དང་ལུང་ཚན་དེའི་གྲངས་ཚད་ལ་གཟིགས་ན་ཕམ་ཉེས་ལས་མེད་པ་ཤེས་དགོས་་་་་ད་དུང་དེ་ནི་བོད་སྤྱི་པ་ལ་ཡང་ཕམ་ཁ་རེད་་་་་་སངས་རྒྱས་བསྟན་པ་ལ་ཡང་དེའི་གནོད་གི་རེད
ཤྤྱི་འཐུས་བསྟན་འཛིན་མགོན་པོ་ལགས
ང་རང་གི་ངེས་ནས་ཁྱོད་མདོ་སྨད་ཀྱི་འཐུས་མི་ཡག་པོ་ཞིག་ལ་ངེས་འཛིན་བྱེད་བཞིན་ཡོད་མོད།འོན་ཀྱང་ཁྱོད་ཀྱིས་སྤྱི་འཐུས་སྒེར་གྱི་གྲོས་འཆར་ཐོགས་དོན་དག་ཡོད་པའི་སྐད་ཆ་གཅིག་ཀྱང་བཤད་མ་སོང་།
གང་ལྟར་ཁྱོད་ཀྱིས་ཟམ་གདོང་གིས་ནོར་འཁྲུལ་ལ་ངོ་རྒོལ་བྱས་བ་དེ་མདོ་སྨད་མི་ནང་ནས་རྒྱབ་བསྐྱོར་ཡོད།་་གང་ལྟར་ངོ་རྒོལ་ཅི་ཙམ་བྱས་ན་དེ་ཙམ་ཀྱིས་ཕ་རོལ་བའི་ལས་ཀ་གཟབ་གཟབ་བྱེད་ངེས་ཡིན།
ཡར་རྒྱས་ལ་རྫོགས་རྒྱུ་མེད་ཟེར།
ཐོག་རྒོད་ལགས
ཁྱོད་ཀྱིས་༼མཁན་བཀའ་ཁྲི་རིན་པོ་ཆེ་མཆོག་ལ་ཆོས་རྒྱུན་སྤྱི་འཐུས་འདི་ཚོས་རྒྱབ་སྐྱོར་རེ་བྱས་ན་ཡག་པོ་ཡོད་རེད༽ཞེས་བྲིས་འདུག
འདིའི་ཐོག་ནས་ཁྱེད་ལ་ཆབ་སྲིད་ཀྱི་གོ་རྟོགས་མེད་པ་ཤེས་ཐུབ།
དེ་ལས་ཐོས་བ་མིང་ཙམ་ཚོལ་དང་ཡག་པོ་ཡོད་རེད།
ཨ་ལ་ལ་ལགས། ངས་བཤད་པ་ནོར་ཡོད་ན་ལབ་རོགས། དེ་ལྟར་མ་རེད་འདི་ལྟར་རེད་ཅེས་ཤོད་དང་ཉན་ངེས་ཡིན། དོན་མེད་ཀྱི་ཁ་རྩོད་ཚིག་རྩོད་རིགས་ལ་དགའ་བོ་མེད། དགོས་དོན་ཡང་མི་འདུག
ར་ལོ་ལགས།
ཁྱོད་སྙིང་མ་རྗེ།
ད་དུང་གཅིག་ཀྱང་ཤེས་ཀྱི་མི་འདུག
ད་དུང་བསམ་བློ་ཆེ་མདོག་དང་གུ་ཡངས་མདོག་གིས་སྐུ་ཞབས་ཐོག་རྒོད་ལའང་ཁ་ཏ་སློབ་གསོ་འདྲ་གཏོང་ཁ་བྱས་ནས་།ད་དེང་སང་གི་མི་འདི་ཚོ་ཧམ་པ་ཆེ་ནོ་ལྟོས་ར།
སྤྱི་འཐུས་བསྟན་འཛིན་མགོན་པོ་ལགས། དེང་སྐབས་ཁྱེད་རང་བོད་མི་མང་གི་འཐུས་མི་ཞིག་རེད། མདོ་སྨད་མི་མང་གིས་བདམས་པའི་བོད་མིའི་འཐུས་ཚབ་ཅིག་རེད། དེ་བས། ཁྱེད་ཀྱིས་སྐད་ཆ་འདིའི་རིགས་བཤད་དུས། ངེས་པར་དུ་བསམ་གཞིགས་གནང་དགོས་འདུག གོང་གི་རྩོམ་ཡིག་དེ་བཀླགས་ནས་ཡོང་དུས། ཁྱེད་ཀྱིས་བཀའ་ཁྲི་མཆོག་དང་དོལ་ཚོགས་བར་འབྲེལ་བ་ཡོད་ལུགས་ཤུགས་སུ་བསྟན་འདུག བཀའ་ཁྲི་དང་བཀའ་ཤག་གི་ལས་དོན་ཐད་ནོར་འཁྲུལ་ཡོད་མི་ཆོག་པ་ཞིག་མིན་པས་སྐྱོན་བརྗོད་གནང་དགོས་སར་གནང་དགོས་ངེས་རེད་མོད། འོན་ཀྱང་ཁུངས་ཡོད་མེད་སྒོས་གོང་གི་སྐད་ཆ་དེ་འདྲ་གསུང་ན་དེ་ནི་ཆེས་ཧ་ཅང་གིས་ཐལ་དྲགས་པ་ཞིག་རེད་འདོད། མ་ཟད། ཁྱེད་ནས་བཀའ་ཤག་དང་བཀའ་ཁྲིའི་གདོང་ལ་ལངས་ལངས་པར་བསྡད་པ་འདི་མདོ་སྨད་མི་མང་གི་རེ་བ་དང་བསམ་འདུན་གཏན་ནས་མིན་པ་ཐུགས་འཇགས་ཞུ།
ཐོག་རྒོད་ལ་ཞུ་རྒྱུར།
བསམ་ཚུལ་བཏོན་པ་དེར་དགའ་བསུ་ཡོད། ཡིན་ནའང་སྐད་ཆ་བཤད་དུས་ཁྱད་གསོད་དེ་འདྲ་མ་བྱས་ན་ཡག་པོ་རེད། འོ་ན། སྤྱི་འཐུས་བསྟན་འཛིན་མགོན་པོ་སྨྱོན་པ་རེད་ལབ་ན་ཁོང་ལ་འོས་འཕེན་མཁན་གྱི་མདོ་སྨད་མི་དམངས་ཀྱང་སྨྱོན་པ་རེད་ལབ་པ་མ་རེད་དམ། སྐད་ཆ་འདིའི་རིགས་བཤད་ན་ཡག་པོ་མི་འདུག བསྟན་འཛིན་མགོན་པོས་མ་འགྲིག་ས་ཡོད་ན་སྐྱོན་བརྒྱབས་ན་ལོས་འགྲིག སྐྱོན་རེ་རེ་བཞིན་མར་གྱི་ནང་ནས་སྤུ་ལེན་པ་བཞིན་ཐེར་འདོན་བྱ་དགོས་པ་རེད། དམངས་གཙོ་ཁེ་དབང་རེད། ལྷག་པར་དུ་མི་མང་གིས་མི་མང་གི་སྐུ་ཚབ་ལ་ཚ་འདྲི་བྱ་འོས་པ་ཞིག་རེད།
གཉིས་པ་དེར། ཁོང་ཚོས་རྒྱལ་བ་རིན་པོ་ཆེ་དང་བཀའ་ཁྲི་ལ་ཁ་གཏོང་བཞིན་འཇུ་ཆེན་ཐུབ་བསྟན་གྱི་མཇུག་ལ་རྒྱུག་གིན་ཡོད་པ་རེད་ལབ་པ་དེའི་དོན་ཅི་རེད། བཀའ་ཟུར་འཇུ་ཆེན་གྱིས་རྒྱལ་བ་རིན་པོ་ཆེའི་བཀའ་མ་རྩིས་པར་ངོ་ལོག་གི་ལས་ཀ་ཅི་ཞིག་བསྒྲུབས་པ་རེད། དེ་དག་བགྲངས་རྒྱུ་མེད་པར་དོན་མེད་འུར་སློང་བྱས་ན་ཡག་པོ་མ་རེད།
དྲ་ཐོག་འདི་ནའང་འཇིག་རྟེན་ཡ་རབས་ཀྱི་ལུགས་ཡོད་ན་ཡག་པོ་རེད།
དྲ་གྲོགས་རྣམ་པ་ལགས།
དེང་སང་ཡང་མདོ་སྨད་སྤྱི་འཐུས་བསྟན་འཛིན་མགོན་པོ་ཟེར་བ་དེས་ལོག་བཤད་འདྲ་མིན་སྤེལ་བཞིན་འདུག།ཁོ་ལ་ཡིད་ཆེས་བྱེད་མཁན་ཞིག་བྱུང་ན་བསྟན་མགོན་རང་ཉིད་འདྲ་བའི་སྨྱོན་པ་ཞིག་ཡིན་དགོས་བྱུང་།
སྙིང་རྗེ་ལས་མ་དག་པའི་མི་ངན་ཁ་ཤས་གྲོས་ཚོགས་ནང་ཡོད་པ་རེད།ཁོང་ཚོས་ག་དུས་ཡིན་ན་བཀའ་ཁྲི་རིན་པོ་ཚེར་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།
བསྟན་མགོན་གྱིས་ཁ་ནས་བཤད་དུས་རྒྱལ་བ་རྡོ་རྗེ་འཆང་ཟེར་གི་འདུག་ག།དེ་ལྟར་ཟེར་གི་རེད།
སྐྱབས་མགོན་རིན་པོ་ཆེ་སྐྱབས་སུ་མཆི།ཁོང་གི་བཀའ་ང་ཚོས་བརྩི་ངེས་ཡིན་ཡང་ཟམ་གདོང་གིས་འགྲིག་མ་སོང་ཟེར་གི་འདུག་ག།འོན་ཀྱང་དེ་བདེན་པ་མ་རེད།གལ་སྲིད་བདེན་ན་བཀའ་ཁྲི་རིན་པོ་ཆེ་ནི་༧གོང་ས་མཆོག་གི་ཇི་གསུངས་བཀའ་བསྒྲུབ་ཞུ་མཁན་ཞིག་རེད།དེ་ལ་རྒྱབ་སྐྱོར་དགོས་པ་ཞེག་རེད་མོད།འོན་ཀྱང་ཁོང་ཚོས་དངོས་སུ་བཀའ་ཁྲི་རིན་པོ་ཆེར་སྐྱོན་བརྗོད་བྱེད་བཞིན་འདུག་ཀྱང་དོན་ལ་༧གོང་ས་མཆོག་རང་ལ་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།སྔོན་མ་ཡང་ཁ་ཤས་ཀྱིས་སྐུ་ངོས་ས་དབང་ཆེན་མོ་རྒྱལ་ལོ་དོན་གྲུབ་མཆོག་གིས་འགྲིག་གི་མི་འདུག།ཅེས་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་ཀྱང་དོན་ལ་༧གོང་ས་མཆོག་རང་ལ་སྐྱོན་བརྗོད་རེད་འདུག།སྐབས་དེ་དུས་ཀྱང་སྐུ་ངོས་རྒྱལ་ལོ་དོན་གྲུབ་མཆོག་༧གོང་ས་མཆོག་གིས་ཇི་གསུངས་བཀའ་བསྒྲུབ་ཞུ་མཁན་ཞིག་རེད་ཀྱང་ཁོང་ཚོས་དེ་ལྟར་སྐྱོན་བརྗོད་བྱེད་བཞིན་ཡོད།ད་ལྟ་ཟམ་གདོང་རིན་པོ་ཆེ་ལ་ཡང་དེ་དང་གཅིག་མཚུངས་སྐྱོན་བརྗོད་བྱེད་བཞིན་འདུག་ག།
དེ་ཚོ་ཚང་མ་མི་མང་གིས་ཧ་གོ་དགོས་ངེས་རེད།གོང་གསལ་མདོ་སྨད་སྤྱི་འཐུས་བསྟན་འཛིན་མགོན་པོ་དང།མདོ་སྟོད་སྤྱི་འཐུས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ།མདོ་སྟོད་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ།བོན་སྤྱི་གཡུང་དྲུང་རྒྱལ་མཚན།དགེ་ལུགས་སྤྱི་འཐུས་ཐུབ་བསྟན་འཕེལ་རྒྱས།དགེ་ལུགས་སྤྱི་འཐུས་བེ་རི་འཇིགས་མེད་དབང་རྒྱལ།བོན་སྤྱི་དགེ་བཤེས་སྨོན་ལམ་མཐར་ཕྱིན་ཟེར་བ་སོགས་ཁག་གཅིག་གིས་ག་དུས་ཡིན་ཡང་རང་སོ་སོ་ལས་སྣང་མ་དག་པའི་སྟོབས་ཀྱིས་བཀའ་ཁྲི་རིན་པོ་ཆེར་སྐྱོན་བརྗོད་རྐྱང་བྱེད་བཞིན་འདུག་ག།
དངོས་གནས་བྱས་ན་༧གོང་ས་མཆོག་གི་བཀའ་བརྩི་དྭང་ལེན་གནང་མཁན་བཀའ་ཁྲི་རིན་པོ་ཆེ་མཆོག་ལ་ཆོས་རྒྱུན་སྤྱི་འཐུས་འདི་ཚོས་རྒྱབ་སྐྱོར་རེ་བྱས་ན་ཡག་པོ་ཡོད་རེད་ཀྱང་ཁོང་ཚོ་ཚང་མ་སྐུ་ངོས་གཞི་ཆེན་གྱི་མཇུག་ལ་བརྒྱུགས་བསྡད་པ་ཙམ་ལས་གཞན་གང་ཡང་མི་འདུག་ག།
བསྟན་མགོན་སྨྱོན་པས་གཙོས་གྲོས་ཚོགས་ནང་གི་མི་ངན་ཁག་གཅིག་གི་སྐད་ཆ་ལ་ཞིབ་ཏུ་ཉན་གི་ཉན་གིས་དངོས་གནས་གད་མོ་ཤོར་ཡ་ཞིག་ལས་གཞན་གང་ཡང་མི་འདུག་གོ། དཔེར་ན།
1འོན་ཀྱང་ཉེ་སྔོན་གྲོས་ཚོགས་ནང་མདོ་སྨད་སྤྱི་འཐུས་བསྟན་མགོན་གྱིས་སྐད་ཆ་གང་བཤད་ཆ་ཚང་ངས་བརྙན་འཕྲིན་ནང་དུ་མཐོང་སོང།ངོ་ཚ་དགོས་པ་ཞིག་རེད།དཔེར་ན་གྲོས་ཚོགས་ར་བ་འདིའི་ནང་ང་དང་དམ་ཚིག་གཙང་ཤོས་དེ་སྒྲོལ་མ་མཚོ་མོ་རེད།སྒྲོལ་མ་མཚོ་མོ་ངེད་གཉིས་འདྲ་བའི་དམ་ཚིག་གཙང་མ་གཅིག་ཀྱང་གྲོས་ཚོགས་འདིའི་ནང་ཡོད་ནི་མ་རེད།སོགས་མང་པོ་བཤད་སོང།འོན་ཀྱང་སྐབས་དེར་སྒྲོལ་མ་མཚོ་མོ་གད་མོ་ཤོོར་གི་འདུག་ག།མོས་ཀྱང་བསྟན་མགོན་གྱིས་འབྲེལ་མེད་སྐྱག་རྫུན་མང་དག་བཤད་པ་ཧ་གོ་ནས་དགོད་ཤོར་བ་རེད།དཔེར་ན་སྔོན་མ་སྒྲོལ་མ་མཚོ་མོ་ལ་བསྟན་མགོན་གྱིས་རང་ཉིད་ཁྱོད་ལ་དགའ་རབས་ང་ལ་རྟག་ཏུ་ཁྱོད་མ་གཏོགས་གཞན་གང་ཡང་དགོས་ཡ་ཞིག་མེད།ཅེས་ཡི་གེ་གང་མང་བསྐུར་བ་ད་ལྟ་སྤྱི་ཚོགས་ནང་ཁྱབ་ཡོད་པ་རེད། ཡི་གེ་དེ་ཚོར་སྒྲོལ་མ་མཚོ་མོས་ཡ་བྱས་མེད་ཀྱང་ད་ལྟ་གྲོས་ཚོགས་ནང་བསྟན་མགོན་གྱིས་མི་ཚོའི་མཐོང་སར་གོ་སྐབས་ཅིག་དམ་འཛིན་གྱིས་སྒྲོལ་མ་མཚོ་མོ་ངེད་གཉིས་དམ་ཚིག་གཙང་ཤོས་ཡིན།ཞེས་སྐྱག་རྫུན་བཤད་པ་འདི་ལ་སུས་ཡིད་ཆེས་ཀྱི་རེད་དམ།དེ་བཞིན་བསྟན་མགོན་གྱིས་དོན་དག་གང་ཡང་མེད་པར་བཀའ་ཁྲི་རིན་པོ་ཆེར་ཁྱེད་ཀྱིས་སྐྱག་རྫུན་གང་མང་བཤད་ཀྱི་འདུག་ཅེས་ཉེས་འཛུགས་གང་མང་བྱས་པས་མཚོན་བསྟན་མགོན་འདི་མི་ཚད་ལྡན་ཞིག་གང་ལ་ཡིན།གནས་ཚུལ་ཚང་མ་རྒྱུ་མཚན་ལྡན་པ་ཤེས་པར་བྱས་ཏེ།བགྲོ་གླེང་ནང་ཞུགས་ན་ཡག་པོ་ཡོད་རེད་ལ་ཕན་ཐོགས་ཆེན་པོ་ཡོང་ངེས་རེད།
2དེ་བཞིན་མདོ་སྟོད་སྤྱི་འཐུས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་སྤྱི་འཐུས་གྲོས་ཚོགས་ནང་དུ་བསོད་ནམས་སྟོབ་རྒྱལ་ལ་ལམ་གྲོན་མ་སྤྲད་ན་ང་ཚོ་ཁམས་པ་ལས་སླ་བོ་འདྲ་ཞིག་ཡོད་མ་རེད།ལྟད་མོ་ལྟོས་དང་ང་ཚོས་ག་རེ་བྱས་དགོས་བྱུང་ཡང་བྱེད་ངེས་ཡིན།ཞེས་དཔའ་གཏམ་གང་མང་བཤད་པ་འདི་རིགས་ང་ཚོ་མདོ་སྟོད་མི་མང་གིས་ངེས་པར་མཁྱེན་དགོས་པ་རེད།ང་ཚོ་མདོ་སྟོད་རྒྱ་ཆེའི་མང་ཚོགས་ལ་བསོད་ནམས་སྟོབས་རྒྱལ་གལ་ཆེ་གི་རེད་དམ།བོད་སྤྱི་བའི་རྩ་དོན་དང།གཞུང་དོན་བསྲི་ཚགས་སྤྱི་བའི་ལས་དོན་སོགས་གལ་ཆེ་གི་རེད།བསོད་ནམས་སྟོབས་རྒྱལ་གལ་ཆེ་ན་ང་ཚོ་མདོ་སྟོད་ཁམས་པ་མི་མང་གིས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱི་བཀའ་བརྩི་དགོས་ངེས་རེད།བླ་རྒན་འདིས་གྲོས་ཚོགས་ནང་ད་བར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེར་མ་ཉེས་ཁག་གཡོག་གིས་སྐྱོན་འཛུགས་མང་དག་བྱས་པ་རེད།སྙིང་རེ་རྗེ།བླ་རྫུན་འདི་ལ་ཡོན་ཏན་གང་ཡང་མེད་པ་རེད།དད་ལྡན་སྦྱིན་བདག་ཚོས་བསྔོ་རྟེན་ཕུལ་བ་ཚང་མས་བུད་མེད་གླས་བསྡད་ཡོད་པ་བྷི་རིས་གཞིས་ཆགས་ནང་ཡོངས་གྲགས་རེད།
3ཉིན་འདིར་བཀའ་རྒྱུད་སྤྱི་འཐུས་བསོད་ནམས་དགྲ་འདུལ་གྱིས་ཀྱང་བསོད་ནམས་སྟོབས་རྒྱལ་ལ་ལམ་གྲོན་གཏང་དགོས་ངེས་རེད།བསོད་ནམས་སྟོབས་རྒྱལ་རང་ཉིད་ཀྱི་ཁེ་ཕན་ཆེད་རྩྭ་གང་བཟང་དང།ཆུ་གང་ཡག་བལྟས་ནས་ཕྱིན་པ་ཞིག་མ་རེད།གཞུང་དོན་ལ་ཕྱིན་པ་རེད།ཅེས་བཤད་མ་སོང་ངམ།ཐབས་སྐྱོ་བ་ཞིག་ལ་ང་ཚོའི་སྤྱི་འཐུས་ཚོས་ཐ་ན་སྐྱག་རྫུན་ཡང་བཤད་ཤེས་ཀྱི་མེད་པར་གཟིགས་དང་མཁྱེན་ལྡན་དྲ་གྲོགས་ཚོ།བསོད་ནམས་སྟོབས་རྒྱལ་གྱིས་རང་ཉིད་བོད་དོན་ཆེད་ཆབ་སྲིད་བཙོན་ཟུར་ཡིན།ཞེས་བཟོན་ཟུར་ནང་ཐོ་བརྒྱབ།ཨོ་སི་ཀྲི་ལི་ཡར་འགྲོ་གི་ཡིན་ཞེས་བརྒྱན་བརྒྱབ་པ་ལྟར་བརྒྱན་ཐོབ་ནས་རང་ངོས་ནས་ཕྱིན་པར་བོད་གཞུང་གིས་སྔ་ཕྱི་བར་གསུམ་དུ་ཆབ་སྲིད་བཟོན་ཟུར་སྤྱི་མཚུངས་ལྟར་བསོད་སྟོབས་ལ་རོགས་རམ་གཟིགས་རྟོག་ཆ་ཚང་ཞུས་ཡོད་པ་རེད།གཞན་བོད་གཞུང་གིས་ཁྱེད་འགྲོ་དགོས་ཡོད་ཅེས་བསོད་སྟོབས་ཕྱི་རྒྱལ་ལ་གཞུང་དོན་ཆེད་བཏང་བ་ཞིག་གཏན་ནས་མ་རེད་དོ།དེའི་སྐོར་ཆབ་སྲིད་བཙོན་ཟུར་ཚོ་རང་སོ་སོས་འགྲོོ་གི་ཡིན།ཞེས་རང་མོས་ལྟར་བརྒྱན་བརྒྱབ་ཏེ།ཕྱིན་པ་ཙམ་ལས་བོད་གཞུང་གིས་སུ་གང་ལ་ཁྱེད་འགྲོ་དགོས་ཡོད་ཅེས་ཞུས་མེད་ཅེས་ཉེ་སྔོན་བཀའ་ཁྲི་རིན་པོ་ཆེས་གསལ་བོ་གསུངས་སོང་བ་ངས་བརྙན་འཕྲིན་ནང་དུ་མཐོང་སོང་ངོ།དེར་བརྟེན་རྩྭ་གང་བཟང་དང་ཆུ་གང་ཡག་བལྟས་ནས་སོང་བ་མ་རེད།བསོད་སྟོབས་ཕྱི་རྒྱལ་ལ་གཞུང་དོན་ཆེད་སོང་བ་རེད་ཅེས་སྐུ་ངོས་བསོད་ནམས་དགྲ་འདུལ་ལགས་ཁྱེད་ཀྱིས་སྐྱག་རྫུན་མ་ཤོད།ང་ཚོ་ངོ་ཚ་གི་འདུག།ང་ཚོ་མི་མང་རྣམས་ལྐུགས་པ་རང་མ་རེད།ང་ཚོས་ཚང་མ་ཧ་གོ་གི་ཡོད།
4ཡང་བོན་སྤྱི་གཡུང་དྲུང་རྒྱལ་མཚན་གྱིས་གྲོས་ཚོགས་ནང་ཁོང་གི་མི་རབས་ནང་དཔོན་རབས་དང་བླ་རབས་དེ་ཚོ་ཉི་མ་གཅིག་ལ་བཤད་ཀྱང་རྫོགས་ཡ་ཡོད་མ་རེད་ཟེར།ཞབས་འདྲེན་ཁྱེད་ཨེ་བདེན་ནམ།ཕལ་ཆེར་བདེན་ཤས་ཆེ།མིའི་ཤུལ་དུ་ཁྱི་སྐྱེ་ཟེར་བ་དེ་རེད།
ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ།དངོས་གནས་ཡིན་ས་རེད།གྲྭ་ངན་ཁྱོད་ལ་བླ་མའི་རྟགས་མཚན་འདུག་ག།ངས་ཁྱོད་ལ་ང་བླ་མ་ཞེས་བཏགས་ན་འགྲིག་གམ།ཁྱེད་ཀྱི་བླ་རབས་བོན་སྟོན་གཤེན་རབས་ནས་ཡིན་དང་ཤཱཀྱ་ཐུབ་པ་ནས་ཡིན།ཉིན་གཅིག་ལ་བཤད་ཀྱང་རྫོགས་ཡ་མེད་པ་དེ་ཨ་ཙི་ལགས།ཞེད་སྣང་ཚ་བ་ལ།དེ་འདྲའི་སྐྱག་རྫུན་མ་ཤོད་ལགས།
དེ་བཞིན་ཁྱེད་ཀྱི་དཔོན་རབས་དེ་ཡང་རྗེ་གཉའ་ཁྲི་ནས་བརྩི་དགོས་ཡོད་དམ།གང་ནས་བརྩི་གསུངས་རོགས།ཡང་ན་གཞི་ཆེན་སྐུ་ངོས་ནས་བརྩི་དགོས་སམ།གཞི་ཆེན་སྐུ་ངོས་ཀྱི་བཀའ་བཀོད་ལྟར་གྲྭ་ངན་ཁྱོད་ད་ལྟ་མདོ་སྟོད་ཆུ་སྒང་གསར་བའི་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་ཚོགས་གཙོ་ཟེར་བ་ཡིན་པ་ངས་དེ་སྔོན་ནས་ཤེས་ལ་དེ་བཞིན་ཁྱེད་ཀྱིས་རྟག་ཏུ་ང་ཚོ་མདོ་སྟོད་ནང་དཀྲུགས་ཤིང་རྒྱག་བཞིན་པ་ཡང་ང་ཚོས་ཤེས།
5ཚོགས་གཙོ་ཟུར་བ་ཀརྨ་ཆོས་འཕེལ་གྱིས་བཤད་དོན།མདོ་སྟོད་མང་ཚོགས་ཀྱིས་ངེས་པར་དུ་བསོད་ནམས་སྟོབས་རྒྱལ་ལགས་སྐབས་༡༥པའི་སྤྱི་འཐུས་ལ་འོས་བླུག་ཤོག།དེ་དུས་བོད་གཞུང་གིས་ལམ་གྲོན་གཏང་མིན་ང་ཚོས་ལྟད་མོ་ལྟ་ཟེར།སྐབས་༡༥པའི་མདོ་སྟོད་སྤྱི་འཐུས་ལ་སུ་འགྲོ་དགོས་མིན་ང་ཚོ་མདོ་སྟོད་མི་མང་གིས་ལྟ་གི་རེད།དེ་ང་ཚོ་མདོ་སྟོད་མི་མང་གིས་ཐོབ་ཐང་རེད་ལ་ང་ཚོའི་རང་དབང་རེད།ང་ཚོ་མདོ་སྟོད་མི་མང་ལྐུག་པ་མ་རེད།ཁྱོད་ཀྱིས་ཅུས་གཏོགས་མི་དགོས་ཁྱི་རྒན།ཁྱོད་ཀྱིས་ཆང་རེག་ཚོད་མེད་ཅིག་འཐུངས་ལ་གཉིད་སྡོད།ང་ཚོ་མདོ་སྟོད་མི་མང་ད་བར་གཞི་ཆེན་རྗེས་འབྲང་བཅས་ཀྱིས་འདི་ལྟར་རྩེད་ཆས་བྱས་པ་རེད།དེ་ལྟར་ཡིན་མིན་ཁྱོད་ཀྱིས་ཤེས་ངེས་ལ།ཡང་ན་དེ་ལྟར་ཡིན་མིན་གཞི་ཆེན་སྐུ་ངོས་ལ་དྲིས་ཤིག་གཞི་ཆེན་གྱི་ཨབ་ཕྲུག་ཁྱི་རྒན།
ཡང་ཁྱི་རྒན་ཁྱོད་ཀྱིས་བོད་གཞུང་གིས་ཆབ་སྲིད་བཙོན་ཟུར་ལ་བདག་པོ་རྒྱག་གི་མི་འདུག།རྒྱུག་པ་ལེབ་རྡུང་གཏང་གི་ཟེར།བོད་གཞུང་གིས་ཆབ་སྲིད་བཙོན་ཟུར་ལ་བདག་པོ་བརྒྱབ་ནས་བསོད་ནམས་སྟོབས་རྒྱལ་རལ་བ་ཅན་པ་ཕྱི་རྒྱལ་ལ་འགྲོ་ཐུབ་སོང་བ་མ་ཡིན་ནམ།དངོས་གནས་བྱས་ན་ཆབ་སྲིད་བཟོན་ཟུར་སོགས་བོད་དོན་འཐུས་ཤོར་གཏང་མཁན་ཁྱི་ངན་ཁྱོད་རང་རེད།ཕྱི་ལོ་༢༠༠༧ལོར་རྒྱལ་སྤྱིའི་བོད་དོན་ཚོགས་ཆེན་དུ་ཕྱི་རྒྱལ་ལ་ཕྱིན་པར་ལྗར་མི་ནེའི་གནམ་ཐང་ནས་སྨྱོ་ཆུ་འཐུང་མང་དྲག་སྟེ་ལམ་གྲོན་ཚང་མ་འཕྲོ་བརླགས་བཏང་ཞིང།སྨྱོན་པ་ཆགས་ནས་ཚུར་ལོགས་ཡོང་བ་མིན་ནམ།ངོ་ཚ་མེད་པའི་ཞབས་འདྲེན་པ།
6ཉིན་དེར་ཁམས་པ་རྫུན་མ་མདོ་སྟོད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ཀྱིས་བསོད་ནམས་སྟོབས་རྒྱལ་ལ་ལམ་གྲོན་སྤྲད་བཞག་པ་དེ་ཁ་སང་སྔོན་མ་སྤྱི་འཐུས་རྒྱུན་ལས་ཀྱིས་དྲང་པོ་བྱུང་མེད་པ་ངས་ཤེས་སོང་།འོན་ཀྱང་དེ་དྲང་པོ་མ་རེད་ཅེས་གྲོས་ཆོད་གྲོས་འཆར་ཡིག་ཆ་འདི་དེ་རིང་སླེབས་ཡོང་དུས་དཔུང་བསྒྲིགས་ནས་ས་ཡིག་གང་མང་བརྒྱབ་འདུག་པ་མཐོང་སྐབས་ང་ཧང་སངས་དགོས་བྱུང་སོང་ཟེར།དེའི་སྔོན་ནས་སྤྱི་འཐུས་རྒྱུན་ལས་ཀྱིས་དྲང་པོ་བྱུང་མེད་པ་ཁམས་པ་རྫུན་མས་ཤེས་ཀྱི་ཡོད་ན་ག་རེ་བྱས་ནས་བཤད་མ་དགོས་པ་ཡིན་ནམ།མ་དྲང་པ་ཤེས་བཞིན་ཏུ་དེ་དྲང་པོ་མ་རེད།ཅེས་དེ་ཙམ་ཡང་བཤད་མ་ཐུབ་ན་ཕ་ཡུལ་ཨ་མདོའི་ས་ཆར་མ་བསྡད་པར་རྒྱ་གར་དུ་ཡོང་སྟེ་ཁམས་པ་རྫུན་མ་བཟོས།ང་ཚོ་མདོ་སྟོད་སྤྱི་འཐུས་ཀྱི་འོས་གཞིའི་ནང་འཚང་ཁ་བརྒྱབ་གྲོས་ཚོགས་ནང་ག་རེའི་ཆེད་དུ་ཡོང་བ་ཡིན་ནམ།
ཁམས་པ་རྫུན་མ་གསེར་རྟ་ཚུལ་ཁྲིམས་ཀྱིས་ཁ་ནས་ཨམ་སྐད་ཁྲག་ཁྲག་བཤད་ཞོར་སོ་སོའི་ཆོལ་ཁོངས་བརྗེ་པོ་བརྒྱབ་ཏེ།ཀུན་གྱིས་མཐོང་སར་ངོ་ཚ་གང་ཡང་མེད་པར་རང་ཉིད་ཁམས་པ་རྫུན་མ་བཟོས་པར་ང་ཚོ་མདོ་སྟོད་མི་མང་ཧང་སངས་དགོས་པ་ཞིག་བྱུང་སོང་བ་ལས་རྒྱ་བལ་འབྲུག་གསུམ་གྱི་ཆོལ་ཁ་ཆོས་ལུགས་ཀྱི་སྤྱི་འཐུས་ཚོ་རང་དོན་ཆེད་ཕྱི་རྒྱལ་ལ་ཕྱིན་ནས་ཚུར་ཡོང་སྐབས་ལམ་གྲོན་གཏང་མི་ཆོག་ཅེས་པའི་སྤྱི་འཐུས་སྒེར་གྱིས་གྲོས་ཆོད་ཡིག་ཆ་དེ་ལ་ས་ཡིག་རྒྱག་མཁན་ཚོར་ང་ཚོ་མདོ་སྟོད་མི་མང་བརྒྱ་ཆ་༩༩ཙམ་གྱི་དེ་ག་རང་རེད་ཅེས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ལས་དེ་ལ་ངོ་རྒོལ་བྱེད་དགོས་དོན་མེད་ངེས་ཡིན་ནོ།
8མདོ་སྟོད་སྤྱི་འཐུས་འབའ་བ་སྐལ་བཟང་ཅན་གྱིས་ཚོགས་གཙོ་ལགས།ཁྱེད་ཀྱིས་གྲོས་ཆོད་གྲོས་འཆར་འདི་ཕྱིར་འཐེན་བྱེད་ངེས་ཡིན་ནམ།གལ་སྲིད་ཕྱིར་འཐེན་མ་གནང་ན་ངས་ཀྱང་ངོ་རྒོལ་བྱས་ནས་ཕྱི་ལ་བྲོས་འགྲོ་གི་ཡིན།ང་བྲོས་ཚར་ན་གྲོས་ཚོགས་ཀྱི་གྲུབ་ཆ་ཚང་གི་མི་འདུག་ལ་གྲོས་ཚོགས་འཚོགས་མི་ཐུབ་ཐག་ཆོད་རེད་ཟེར།སྙིང་རྗེ་ཀླད་མེད་དེ་ཡང་སྐུ་ངོས་གཞི་ཆེན་གྱི་རྒྱུག་ཁྱི་ཞིག་རེད་འདུག་ག།ག་དུས་ཡིན་ན་སེམས་ཤུགས་ཆེ་མདོགས་ཁ་པོ།ད་ཡིན་ན་སྤྱི་སེམས་ག་ཚོད་ཡོད་མེད་ང་ཚོས་ཧ་གོ་སོང་ངོ།
9བོན་སྤྱི་སྨོན་ལམ་མཐར་ཕྱིན་གྱིས་དང་པོ་ནས་ཟིང་ཆ་བསླངས་ཏེ།གྲོས་འཆར་དེ་ད་ལྟ་རང་རྩིས་མེད་མ་བཏང་ན་འདི་ལ་མཇུག་འབྲས་ཡག་པོ་མེད་ངེས་ཡིན་སྐོར་ག་ཚོད་བཤད་ནས་ཤུགས་བརྒྱབ་སོང།ཁ་སང་བོད་ཀྱི་དུས་བབ་ཀྱི་བཅར་འདྲི་བྱས་པར་འདི་འདྲིའི་དོན་དག་ཅིག་ཡོང་གི་རེད་སྙམ་པ་ང་ཚོ་རང་གཞན་སུ་གང་ལ་ཡོད་པ་མ་རེད།ཅེས་བཤད་འདུག་ག།འདི་འདྲའི་དོན་དག་ཅིག་ཆེད་དུ་བཟོས་ན་ཡོང་གི་རེད་སྙམ་ནས་བོན་རྒན་དེས་གཙོས་གཞི་ཆེན་གྱི་ཨབ་ཕྲུག་ཚོས་ཆེད་དུ་བཟོས་པ་རེད་ལ་ཁོང་ཚོ་གྲོས་ཚོགས་ནང་ནས་མར་ཐོན་ནས་གྲོས་ཚོགས་གཏོར་སོང་བ་རེད།བོན་ནག་དེ་ཁ་བདེ་མགོ་བདེ་ཧ་ལས་པ་ཞིག་རེད།
མི་ཚོར་ཟེར་རྒྱུས་དབུལ་བའི་སྐབས་སུ་རྒྱལ་བ་རིན་པོ་ཆེའི་མཚན་འབོད་གི་རེད། རང་རང་ནི་རྒྱལ་བ་རིན་པོ་ཆེའི་བཀའ་ལ་འགལ་མེད་མདོག་སྟོན་གི་རེད། རྒྱལ་བ་རིན་པོ་ཆེའི་མཚན་སྤྱད་དེ་གཞན་པ་ཚོར་རྒྱུགས་པ་ལེབ་རྡུང་བྱེད་གི་རེད།
གང་བརྗོད་རྒྱུའི་གནས་ལུགས་བོར་ཏེ་རྒྱལ་བ་རིན་པོ་ཆེའི་ཕྱོགས་ན་དོན་དངོས་སུ་ཁོ་ཚོའི་སུ་ལངས་ཡོད་མེད་རྩོད་གི་རེད། འདིའི་སྣང་ཚུལ་དེ་ནི་བྱིས་པ་ཚོས་རྩེད་རའི་ནང་དུ་སོ་སོའི་ཨ་ཕ་ལ་འདྲ་བོ་དེ་སུ་ཡིན་མིན་རྩོད་པ་བྱེད་པ་དང་ཀུན་ནས་མཚུངས་པ་ཡོད།
བསྟན་འཛིན་མགོན་པོ་ལགས་ཀྱི་རྩོམ་ཡིག་འདིའང་དེ་ལྟ་བུ་ཞིག་རེད།
བོད་མི་མང་གི་སྤྱི་འཐུས་གྲས་ཡིན་ཟེར་བ་བསྟན་འཛིན་མགོན་པོའི་སྐད་ཆ་དེ་ཚོར་དག་སྐྱེལ་བྱ་རྒྱུ་མེད་ན་ངོ་མ་སྤྱི་ཚོགས་ནང་འཁྲུག་རྐྱེན་སློང་མཁན་ལྟ་བུ་ཞིག་འདུག ཁོང་གི་གོང་དུ་ལུང་འདྲེན་པའི་གནས་ཚུལ་མང་པོ་ཞིག་ཁོང་པ་བོད་ མི་མང་སྤྱི་འཐུས་ལས་ཐོག་ཡིན་བཞིན་པའི་ཐོག་ཏུ་བྱུང་འདུག་པས་ནོར་འཁྲུལ་དེ་འདྲ་ཞིག་ཡོད་བཞིན་དུ་བོད་མི་མང་གི་སྤྱི་འཐུས་ལྷན་ཚོགས་ཀྱི་རྐུབ་སྟེགས་སྟེང་བསྡད་དེ་ནོར་འཁྲུལ་བཟོ་བཞིན་པ་ཤེས་བཞིན་དུ་ནོར་འཁྲུལ་ཅན་དང་མཉམ་དུ་སྤྱི་པའི་ཞབས་འདེགས་ཞུ་མཁན་ཡིན་ཁུལ་གྱི་རྫུན་བག་གྱོན་དགོས་དོན་ཡོད་པ་རེད་དམ། དེ་ནི་དངོས་གནས་ཡ་མཚན་ཆེ་བའི་གནས་ཚུལ་ཞིག་རེད། བསྟན་འཛིན་མགོན་པོས་ད་ལྟའི་བཀའ་ཤག་དང་སྤྱི་འཐུས་མཉམ་དུ་བསྲེས་ཏེ་ཉེས་འཛུགས་བྱ་རྒྱུའི་འདོད་པ་ཡོད་ཀྱང། རང་ཉིད་ཉེས་ཅན་པ་དེ་ཚོའི་ཁོངས་སུ་ཡོད་བཞིན་དུ་དེ་འདྲའི་ཁུངས་ལུང་མེད་པའི་བརྗོད་ཚིག་བེད་སྤྱོད་བྱ་དགོས་དོན་ནི་ཡ་མཚན་དགོས་པ་ཞིག་འདུག རྐུན་མ་རྫབ་ཆེན་གྱིས་མི་གསོད་པའི་དཔེ་ལྟར། ཁུངས་ལུང་རྒྱུ་མཚན་དང་དོན་དངོས་དབྱེ་བ་མ་ཕྱེ་བར་རང་ཉིད་ཕྱོགས་གཅིག་ཏུ་འདོད་པ་མི་ ཁེངས་ཚེ་ཚང་མ་སྡེབས་གཅིག་ཏུ་བསྲེས་ཏེ་༸གོང་ས་མཆོག་གི་བཀའ་སློབ་དེ་ཚོའང་འགྲེལ་བཤད་ལོག་པར་བརྒྱབ་པ་དང་རང་ཉིད་ཀྱི་ལག་ཆར་བེད་སྤྱོད་གཏོང་བཞིན་པ་ནི་ད་ལྟའི་བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞི་པའི་གྲས་སུ་ཡོད་པའི་བསྟན་འཛིན་མགོན་པོ་ལྟ་བུ་ལངས་ཕྱོགས་ཁ་གསལ་མེད་པའི་མི་དེ་ཚོར་གོ་དགོས་ཀྱི་ཡོད་འདུག་པས། བསྟན་འཛིན་མགོན་པོའི་སྤྱི་ཚོགས་སུ་འགན་མི་འཁུར་བ་དང་། དོན་དངོས་དང་བསམ་ཚུལ་མཉམ་དུ་བསྲེས་ཏེ་མི་མང་ལ་ལམ་སྟོན་ལོག་པར་བྱེད་པ་འདིར་ང་ ཚོ་ལྟ་བུས་ཁས་ལེན་ནམ་ཡང་བྱེད་སྲིད་ཀྱི་མ་རེད། འདོད་ཀྱང་མ་འདོད་ཀྱང་ 2011་བར་མི་མང་ནས་མང་གཙོའི་ལམ་ནས་ཐད་ཀར་འོས་འདེམས་བྱུང་བའི་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེའི་ལམ་སྟོན་འོག་ཤར་བསྐྱོད་བྱ་རྒྱུ་ལས་ལམ་ཁ་གཞན་མེད། ཡིན་ནའང་བསྟན་འཛིན་མགོན་པོར་ལམ་ཁ་གཞན་ཞིག་ཡོད་པ་ནི་རང་ཉིད་ཐོག་མར་གྲོས་ཚོགས་ནས་དགོངས་པ་ཞུས་རྗེས་གྲོས་ ཚོགས་སུ་ཁ་ཡར་སློག་སྟེ་སྐྱོན་འཛུགས་བྱས་ན་དེ་ནི་མཚམས་ཤོས་ཡིན་པ་སྤྱི་ཚོགས་ཀྱི་བཟང་ཆ་དང་མཐུན་པ་དེ་ཤེས་པ་ བྱ་དགོས།།
བསྟན་མགོན་གྱི་སྐད་ཆ་དེ་དག་མཐའ་གཅིག་ཏུ་ཁུངས་མེད་ཅིག་ཨེ་ཡིན་སྙམ། གདོང་དང་གདོང་ཐུག་ནས་ཁུངས་སྐྱེལ་ཅིག་བྱས་ན་གསང་བ་ཞིག་བརྟོལ་ཐུབ་སྙམ།
སེམས་ཚོར་གྱིས་བསླངས་པའི་སྐད་ཆས་མཚོན་པའི་སེམས་ཚོར་གྱིས་བསྐྱེད་པའི་ལུས་ངག་གི་རྣམ་འགྱུར་ནི་དངོས་པོའི་གཤིས་ལུགས་དང་འཚམ་པ་ཞིག་ནམ་ཡང་མི་ཡོང་སྟེ། རྒྱུ་མཚན་ནི་སེམས་ཚོར་ནི་ཤེས་པ་རང་བཞིན་དུ་མི་གནས་པའི་སྐབས་ཀྱི་བློ་ཡི་གཡོ་ཕྱོགས་ཤིག་ཡིན་པས་རེད།
གོང་གི་བསྟན་འཛིན་མགོན་པོའི་སྐད་ཆ་འདི་དག་ཀྱང་རིགས་འདི་འདྲར་གཏོགས་ཀྱི་མེད་དམ་སྙམ། འདི་ནི་ཁོང་གཅིག་པུའི་སྐྱོན་ཆ་ཞིག་ག་ལ་ཡིན་ཏེ། ང་ཚོའི་གྲོས་ཚོགས་ཀྱི་བར་སྣང་དུ་སེམས་ཚོར་གྱི་དུ་བ་འཐུལ་གྱིན་ཡོད་པ་མ་ཡིན་ནམ།
བསམ་བློ་འདི་འདྲ་ཞིག་འཁོར་དུས་ཟམ་གདོང་བླ་མའི་བབ་བརླིང་བརྟན་གསུམ་གྱི་ཐུགས་གཤིས་སྒམ་དཀྱེལ་ཡངས་པོ་དེ་དྲན་ཡོང་གི
བསྟན་འཛིན་མགོན་པོ་ལགས་གངས་སྐྱིད་ཀྱི་དཀྱིལ་འཁོར་ནང་ལོ་ཟླ་སྦྲེལ་ནས་སྡོད་མཁན་ཞིག་དང་འཛིན་སྐྱོང་གི་ཕྱི་ནང་གསང་གསུམ་གྱི་མཛད་འཕྲིན་བསྐྱང་ཕྱོགས་ཁག་འདི་ལྟར་ལྐོག་ཏུ་གྱུར་དགོས་པའི་རྒྱུ་མཚན་མེད་ངེས་ཤིག་ལ་སྐབས་བཅུ་གཉིས་པ་དང་བཅུ་གསུམ་པའི་བཀའ་ཤག་གི་ལས་ཡུན་རིང་དང་སྐབས་བཅུ་གསུམ་པ་དང་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་ཡུན་རིང་གི་ལས་བསྡོམས་རྒྱག་སྟངས་འདི་འདྲ་ཞིག་ཡིན་ནམ།
རྩོམ་སྒྲིག་པ་ལགས།
མི་འབྲེལ་མེད་ཅིག་གིས་བཀུར་འོས་མདོ་སྨད་སྤྱི་འཐུས་བསྟན་འཛིན་མགོན་པོ་ལགས་ཀྱི་མཚན་བེད་སྤྱོད་བྱེད་ཀྱིན་མེད་དམ་གཟིགས་རྟོག་ཅིག་ཡོད་པ་ཞུ།
སྤྱི་འཐུས་བསྟན་འཛིན་མགོན་པོ་ཡིས་བགྲངས་པའི་དོན་ཚན་དེ་དག་ནི་རགས་བཤད་ཙམ་རེད། སྒྲུབ་བྱེད་ཡང་དག་ཡོད་མེད་གཉིས་ལས་མེད་པ་མང་བར་འདོད། སྤྱིར་བཏང་༼ཁ་རྡུང་གི་རྩོམ་ཡིག་༽རིགས་ཤིག་རེད། ཁོང་ལ་མཉམ་མྱོང་མང་པོ་ཡོད་པ་རེད་དེ། ད་བར་དུ་ཁོང་གིས་ཞུ་གཏུགས་བྱས་པའི་རིགས་ལ་ཁུངས་སྐྱེལ་བཙན་པོ་མེད་པའི་ཁར། ཁ་གསལ་བོ་མེད་པ་དང་། གཞི་འཛིན་ས་མེད་པ། གོ་རིམ་འགྲིག་པོ་མེད་པ་བཅས་རེད།
ཐེངས་འདིར་དོན་ཚན་ཆེ་ཆུང་བཅུ་བཀོད་འདུག་པའང་རང་བཞིན་གཅིག་པ་རེད། ངས་འདིའི་ཤུགས་ནས་གོ་བ་ནི་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོར་བསླེབས་ལ་ཉེ་བར་བརྟེན་ཕྱོགས་གཅིག་ནས་སྐབས་རྗེས་མའི་འོས་བསྡུའི་སྐབས་ལ་འོས་གཞི་ཚད་ལྡན་འདེམ་རྒྱུའི་སྐུལ་མ་བྱས་པ་དང་། ཕྱོགས་གཉིས་ནས་བཤད་ན། གང་ཟག་སོ་སོའི་ངོས་ནས་ཀྱང་ད་ནི་སླར་ཡང་ལག་པའི་ཕུ་ཐུང་ཡར་བརྫེ་བཞིན་པའི་སྟ་གོན་འདྲ་ཞིག་ལས་ཅི་ཡང་ཚོར་མ་སོང་།
དགྲ་འདུལ་གྱི་བཤད་པ་གནས་ལུགས་འདུག།ཚང་མ་སྨྲ་བརྗོད་རང་དབང་ཡོད་པ་གཅིག་མཚུངས་རེད་དེ་མང་ཆེ་བ་ཡི་སྣང་བ་མ་སོང་བ་ཙམ་གྱི་ཁ་རུ་ཁ་ཐུག་གི་ཁ་མིང་སྣ་མིང་སྐྱོན་བརྗོད་གང་ཐུབ་ཐུབ་བྱེད་བཞིན་འདུག།དེ་ནི་མཛེས་བོ་ཞིག་ཡང་མ་རེད།དེ་མ་ཟད་སོ་སོ་ལ་ཞི་བདེ་དང་ཤེས་ཡོན་གྱི་མ་ཕྱུག་པ་ཞིག་ཀྱང་མཚོན་གྱི་འདུག།སོ་སོའི་བསམ་ཚུལ་ཕན་ཚུན་བར་ལ་རྗེས་ལོན་བྱེད་རྒྱུ་ཧ་ཅང་གི་གལ་ཆེན་ཞིག་ཏུ་མཐོང་།
དྲ་ཐོག་ན་རང་དབང་གང་འཚམ་ཡོད་སྟབས། མི་མང་པོ་ཞིག་གིས་རང་རང་གི་ཁ་ལ་བདག་པོ་རྒྱག་མི་ཤེས་པའི་དཀའ་ངལ་འཕྲད་ཀྱིན་ཡོད་འདྲ། ད་བར་གྱི་མཆན་དེ་མང་པོ་ཞིག་བཀླགས་དུས་ང་ལ་འདི་ལྟའི་ཚོར་སྣང་ཆེན་པོ་བྱུང་།
བགྲོ་གླེང་བྱེད་ས་ནས་ཁ་མིང་སྣ་མིང་བཏགས། དམོད་མོ་དང་མཆིལ་མ་འཕེན་རེས་བྱས་ན་ཡོང་རྒྱུ་གཅིག་ཀྱང་ཡོད་པ་མ་རེད།
རྩོམ་ཡིག་དེའམ་རྩོམ་པ་པོའི་བསམ་ཚུལ་གྱི་ཐོག་ལ་ཁྱོད་རང་ཉིད་ལ་བསམ་ཚུལ་ཅི་ཡོད་སྤེལ་བ་དང་། བསམ་ཚུལ་མི་འདྲ་བ་ཅི་ཙམ་གྱིས་མང་ན་དེ་ཙམ་གྱིས་བློ་སྐྱེད་མང་པོ་རག་གི་རེད། འདི་ལ་ཁེ་ཕན་ཟེར་གི་རེད།
ཁ་བརྡ་དྲ་ཚིགས་ཀྱི་མཆན་ཞེས་པ་དང་། དུས་བབ་དྲ་ཚིགས་ཀྱི་བསམ་འཆར་ཞེས་པ་འདི་དག་སྙིང་རྗེ་མོ་རེད། ཡིན་ཡང་། ངས་སྔོན་ཆད་རྩོམ་པ་པོ་གྲགས་ཅན་ཞིག་གི་ཟིན་བྲིས་མཐོང་མྱོང་།
ཁོང་གིས་མཆན་དང་བསམ་འཆར་གྱི་ཚབ་ཏུ་ Idea རིག་པ། ཞེས་བྲིས་བཞག་པ་མཐོང་། དེས་ང་ལ་གནས་ཚད་གཞན་ཞིག་བསྟན་སོང་།
རྩོམ་པ་པོ་དེས་རྩོམ་ཡིག་ཅིག་སྤེལ་སྐབས། རིག་པ་གསར་པ་ཞིག་འཁྱེར་ཡོང་གི་འདུག ཁོའི་རྩོམ་ཡིག་གི་གཤམ་ལ་མི་རྣམས་ཀྱིས་རིག་པ་གསར་པ་མང་པོ་སྣོན་གི་འདུག
མཆན་གྱི་ནང་དུ་ཉོག་བཤད་ཀྱི་རིགས་མི་འདུག གནད་དོན་ལ་དབྱེ་ཞིབ་དང་བརྩད་ཞིབ། ད་དུང་བློ་རིག་གསར་པ་གང་དྲན་པ་དག་བཀོད་དེ་འགྲོ་བ་མཐོང་། མི་དེ་དག་གི་རྣམ་དཔྱོད་དང་ཤེས་རྒྱ་ནི་ང་ཚོ་ལས་ཆེ་བ་འདུག་ལ། ཁོང་ཚོའི་ཁོར་ཡུག་དེར་བལྟས་ཡོང་དུས་ང་ཚོ་ནི་ཅི་འདྲའི་མི་རིགས་བྱབ་ཆུང་ཞིག་རེད་ཨང་སྙམ་པ་ཞིག་འདུག
དེར་བརྟེན་ཚང་མས་དོ་སྣང་གསར་པ་རེ་སྤྲོད་རོགས། རིག་པ་གསར་པ་རེ་འཁྱེར་ཤོག
གནས་ལུགས་ནི་ངའི་ཆོས་ལུགས་ཡིན། ཅེས་ངས་དྲ་ཐོག་འདིར་ཐེངས་ཁ་ཤས་ལ་བཤད་མྱོང་། མི་ལ་མི་གཤེ་བར་དོན་ལ་དཔྱོད།
ཁོ་སྨྱོན་པ་ཡིན་པའི་རྒྱུ་མཚན་གཅིག་ནི་
བོད་མི་རྒྱ་ཆ་དགུ་བཅུ་ཡན་གྱི་འོས་ཤོག་བླུག་པའི་བཀའ་བློན་ཁྲི་པ་ལ་
སྒེར་གྱི་ནད་སྙིང་སྤྱིའི་ཡིས་མགོ་ལ་གཡུག་པ་དང།
༧གོང་ས་མཆོག་གིས་ཕྱག་གཡས་པ་ལྟ་བུ་རིན་པོ་ཆེ་ལ་གུས་རྩི་མི་པའི་ཚིག་ངན་དང་ཁུང་མེད་གྱི་སྐྱོན་འཛུག་བྱེད་པ་དེ་རེད།
བཀུར་འོས་བསྟན་འཛིན་མགོན་པོ་ལགས།
དོལ་འདྲེའི་མིང་འཁྱེར་ནས་སྔོན་མ་ཡིན་ན་ཆོས་བརྒྱུད་བར་དུ་དཀྲུག་ཤིང་དང་། ད་ལྟ་ཡིན་ན་བོད་མིའི་མཐུན་སྒྲིལ་ལ་གད་ཆག་བཟོ་བཞིན་པ་འདི་ནི་དོལ་འདྲེ་འདི་ལ་བལྟ་བའི་མི་མཐུན་ཕྱོགས་གཉིས་སུ་ལངས་མཁན་ཚོའི་དམིགས་ཡུལ་གང་ཡིན་ལ་མ་ལྟོས་བའི་འབྱུང་འབྲས་ངན་པ་ཞིག་རེད། རང་ཉིད་ཆོས་ལུགས་སྤྱིར་དང་ལྷ་འདྲེའི་ཆོས་ལུགས་ལ་ཡིད་ཆེས་མེད་མཁན་ཞིག་ཡིན་པས། གནས་ཚུལ་འདིའི་ཐད་དུ་ཕྱོགས་གཉིས་ཀྱི་འཁོར་ཡུག་གི་ཕྱི་རོལ་ལ་བསྡད་ནས་བལྟས་ན་མཐོང་ཚུལ་མ་འདྲ་བ་ཞིག་མཐོང་གིན་འདུག
ངའི་དྲི་བ་གཉིས་ཡོད་པ་དེར་བཀུར་འོས་མཆོག་གིས་བཀའ་ལན་ཞིག་གནང་ན་ངས་ཁྱེད་རང་གི་གོང་གི་བསམ་ཚུལ་དེ་དག་ལ་འཁྲུལ་བ་མེད་པའི་ཤེས་རྟོགས་ཤིག་ཡོང་བ་འདུག
༡༽ བཙན་བྱོལ་བོད་གཞུང་ཟེར་བ་དེ་ཀ་བ་གསུམ་ལྡན་གྱི་དམངས་གཙོ་ཞིག་རེད་དམ།
༢༽ ཡང་ན་བཀས་བཀོད་བརྒྱུད་འཛིན་གྱི་ལམ་ལུགས་ཤིག་རེད།
བཀའ་དྲིན་ཆེ།
ད་དངོས་ནས་སྐྱུག་བྲོ་བའི་གནས་སྟངས་ཇེ་མང་རེད། བོད་རིགས་སྤུན་ཟླ་ནང་ཁུལ་དུ་མདའ་མདུང་གྲི་གསུམ་མི་མངོན་པའི་ཚུལ་དུ་འཛིན་རྒྱུར་མགོ་བཙུགས་འདུག འདི་འདྲ་ཀློག་དེ་འོང་དུས་དངོས་ནས་སེམས་པ་གཏིང་ནས་སྐྱོ་ཡི་འདུག ཤེས་ཡོན་པ་ཡིན་ཟེར་མཁན་འདི་ཚོས་སྐད་ཆ་འདི་ལས་ཀྱང་བཤད་མ་ཤེས་པ་ཡིན་དུས་་་་
བསྟན་མགོན་གྱིས་སྐད་ཆ་ལ་ཞིབ་ལྟ་གྱིས་དང་རྒྱ་དམར་དང་དོལ་ཚོག་བཤད་སྟང་གཅིག་པ་རེད་འདུག མི་ལྤག་འདྲེ་གཏུམ་རང་རེད།
བློ་གྲོས་རྒྱལ་བོ་ལགས། མཆན་འདི་ལས་ལྷག་ཅིག་མེད་དམ། ཁོང་སྨྱོན་པ་ཆགས་ཡོད་པའི་སྐོར་ལ་རྒྱུ་མཚན་བགྲང་རྒྱུ་ཡོད་དམ། ཡོད་ན་བགྲང་རོགས། མེད་ན་དེའི་ཚོད་ཀྱིས་སྐད་ཆ་བཤད་ན་སྙིང་རྗེ་བོ་ཡོད་ས་རེད།
ཨ་ཁ་ཁ། བསྟན་འཛིན་མགོན་པོ་ཡང་བསྐྱར་སྨྱོན་པ་ཆགས་ཚར་འདུག མདོ་སྨད་མི་མང་ནས་བདག་པོ་བསྐྱོན་རོགས། ཞབས་འདྲེན་རེད།
ཁྱེད་རང་སྤྱི་འཐུས་ལས་ཐོག་པ་ཞིག་ཡིན་སྟབས། སྐད་ཆ་འདི་འདྲ་བཤད་ན་ལན་པོ་མི་འདུག ངས་ཁྱེད་རང་གི་བསམ་ཚུལ་འདི་ཚོ་བཀླགས་པ་ཡིན། ཚོར་སྣང་ཞིག་སྤྲད་པ་ནི། སྤྱི་འཐུས་ཁྱེད་རང་འདྲ་བ་ཚོས་མ་འཇོན་པ་རེད་སྙམ། གང་ལ་ཟེར་ན། བཀའ་བློན་ཁྲི་པའི་གནང་སྟངས་ཤིག་འགྲིག་གི་མེད་པ་ཡིན་ན། དེ་ལ་དགག་བྱ་བྱེད་པ་དང༌། ལམ་སྟོན་བྱེད་པ་ཁྱེད་སྤྱི་འཐུས་ཚོའི་ལག་པར་ཡོད་པ་རེད། དེ་ལ་སྟངས་འཛིན་མ་ཐུབ་པ་ཡིན་ན། ཁྱེད་རང་སྤྱི་འཐུས་ཚོའི་འཇོན་ཐང་དང་འགན་ཁུར་སྟངས་ཀྱིས་མ་ལྕོགས་པ་རེད། ད་རེས་ཀྱི་གྲོས་ཚོགས་སྐོར་བརྙན་འཁོར་ནས་བལྟས་པ་ཡིན། བཀའ་ཤག་གིས་མ་འགྲིག་པ་ཞིག་མཐོང་ཐོས་བྱུང་མ་སོང༌། ཁྱེད་རང་དང་སྤྱི་འཐུས་ལས་རོགས་ཁ་ཤས་ཤིག་བཀའ་ཁྲིས་གནས་ལུགས་དང་རྒྱུ་མཚན་བཤད་ནས་ཐང་ལ་བསྒྱེལ་འདུག ད་བྱས་དུས། ཁྱེད་རང་གིས་དེའི་ནད་མ་ཁྱོག་ནས་བཤད་ཀྱི་ཡོད་པ་འདྲ། ངས་ཁྱེད་རང་ལ་དྲི་བ་ཞིག་འདྲི།
༡ སྤྱི་འཐུས་སྐབས་བཅུ་གསུམ་པ་དང་སྐབས་བཅུ་བཞི་པ་གཉིས་ཀ་ཚད་ལྡན་མ་རེད་ཟེར་གྱི་ཡོད་དམ།
༢ བཀའ་ཤག་སྐབས་བཅུ་གཉིས་པ་དང་བཅུ་གསུམ་པ་དེ་ཡང་ཚད་ལྡན་མ་རེད་ཟེར་གྱི་ཡོད་དམ།
༣ སྐབས་བཅུ་གསུམ་དང་བཅུ་བཞིའི་སྤྱི་འཐུས་དང༌། སྐབས་བཅུ་གཉིས་དང་བཅུ་གསུམ་པའི་བཀའ་ཤག་ཕྱོགས་གཉིས་ཀས་རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་ལོག་སྒྲུབ་བྱས་ཡོད་པ་རེད་དམ།
༤ སྔ་ལོའི་ནང་བཙུགས་པའི་ཛ་དྲག་ལས་འགུལ་ཚོགས་ཆུང་སྒོ་རྒྱག་དགོས་བྱུང་བ་དེ་བཀའ་ཤག་གི་ངོས་ནས་མ་འགྲིག་པ་རེད་དམ། སྤྱི་འཐུས་ཀྱི་ངོས་ནས་མ་འགྲིག་པ་རེད་དམ། དེའི་སྐོར་ཁྱེད་རང་གིས་ཡ་མཚན་གྱི་གནས་ཚུལ་ནང་ཅི་ཕྱིར་མ་བཀོད་པ་ཡིན་ནམ།
༥ བཀའ་ཁྲིའི་ལས་ཡུན་རིང་དུ་སོང་ན། གུང་ཁྲན་ཏང་ལ་ཕན་པ་དང༌། དོལ་ཚོགས་ལ་ཕན་སྟངས་དེ་གང་འདྲ་རེད་དམ། ད་ལྟའི་བཀའ་ཁྲི་ལ་མང་ཚོགས་ནས་ཡིད་ཆེས་དང་རེ་བ་བྱེད་པ་འདི་རྒྱ་གུང་ཁྲན་ལ་རེ་བ་བྱེད་པ་དང༌། དོལ་ཚོགས་ལ་ཡིད་ཆེས་བྱེད་པ་ཞིག་རེད་དམ།
གྲོས་ཚོགས་ཀྱི་འཐུས་མི་ཞིག་གིས། འདི་འདྲ་བཤད་ནས་སྡོད་པ་དེ་ཡ་མཚན་རེད། འདི་འདྲའི་གནས་ཚུལ་དང་མཐོང་ཚུལ་བྱུང་མ་ཐག་ནས། རང་ཉིད་ཀྱིའང་འཐུས་ཤོར་དང་མ་འགྲིག་པར་བསམ་སྟེ། ལམ་ཁ་ཞིག་འདེམས་དགོས་པ་རེད། ལམ་ཁ་ཞིག་འདེམས་ཐུབ་ཀྱི་མེད་པར། ལམ་ཁ་དེ་ནས་འདུག་དགོས་ཀྱི་ཡོད་པ་ཡིན་ན། འདི་འདྲ་བཤད་ནས་ཆོ་ཡོད་པ་མ་རེད། གོང་དུ་བྱས་ཉེས་སྣ་ཚོགས་ཤིག་ཡ་མཚན་པོས་བསྒྲགས་པ་དེ་ཚོ་སྒྲུབ་མཁན་ནང་ཁྱེད་རང་ཡང་དངོས་སུ་ཡོད་པ་རེད། དེ་ཤེས་དགོས་པ་རེད། རབ་ཡིན་ན། གཞུང་མང་བར་དཀྲུག་རྐྱེན་འདི་འདྲ་མ་བཤད་ན་ཡག་གི་རེད། ང་ཚོར་བཤད་མ་ཤེས་ནའང་་བཤད་དགོས་པའི་ཁྲལ་འགེལ་མཁན་མེད་པ། ཁྱེད་རང་ཚོས་ཟམ་གདོང་རིན་པོ་ཆེ་འདི་གྲོགས་ཚོགས་ར་བའི་ནང་ནས་བཤད་ནས་མ་ཐུབ་པ་ཡིན་ན། གྲོས་ཚོགས་ཕྱི་ནས་བསམ་ཚུལ་རེ་བྲིས་ནས་ཐུབ་རེ་བཅངས་པ་ནི་བསམ་བློ་གཏོང་སྟངས་ནོར་བ་རེད། ད་རེས་གྲོས་ཚོགས་མཇུག་སྡོམ་རྒྱག་མ་ཐུབ་པར་གྲོལ་དགོས་བྱུང་བ་སོགས་གནས་ཚུལ་མང་པོ་ཞིག སྐད་ཆ་བཤད་སྟངས་དང་ལས་དོན་སྒྲུབ་སྟངས་འདི་འདྲ་བྱས་བསྡད་ནས་མ་འགྲིག་པ་རེད།
སེམས་པ་གྲང་ཤུར་ཤུར་ངང་ཀླགས་ཟིན་ཚང་མས་གང་གཟབ་བྱེད་དགོས་འདུག་ཉེན་ཁ་ཧ་ཅང་ཆེན་པོ་རེད་འདུག བོད་གངས་ཅན་ལྗོངས་སྤྱིའི་བདེ་སྡུག་ང་ཚོ་ལ་འབྲེལ་ནས་ཡོད་ང་ཚོས་དོན་རྩ་ཆུང་ཆུང་ཞིག་གི་ཆེད་དུ་གནས་ཚུལ་ཆེན་པོ་བཟོ་གི་འདུག་སྐུ་མཁྱེན་ཚང་མས་ཐུགས་ལ་འཛིན་རོགས།