མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རོགས་སྐྱོར་ཞལ་འདེབས་བསྡུ་མགོ་བརྩམས་པ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༨
Share on FacebookShare on TwitterShare on EmailShare on Whatsapp
འདས་པའི་བདུན་ཕྲག་ནང་ཀར་ན་ཌ་ཀ་མངའ་སྡེ་བྱང་ཕྱོགས་ཁུལ་གྱི་རྫོང་ཁག་འགའི་ནང་བསྟུད་མར་ཆར་ཆུ་ཤུགས་ཆེར་བབས་ཏེ། མི་རྒྱུ་གཉིས་ལ་ཚབས་ཆེའི་གོད་ཆག་བྱུང་བའི་སྐབས་འདིར་ས་གནས་སུ་རོགས་སྐྱོར་གྱི་ཞལ་འདེབས་བསྡུ་མགོ་བརྩམས་སོང་།
ཕྱི་ཚེས་ ༨ ཉིན་ནམ་དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ དང་སྐར་མ་ ༣༠ སྟེང་སྦེལ་ཀོབ་མཉམ་འབྲེལ་ཚོགས་ཁང་ནང་ལུགས་བདེ་གཉིས་ཀྱི་གཞིས་མགོའི་ལས་ཚབ་རྣམ་གཉིས་དང་མཉམ་འབྲེལ་ཚོགས་གཙོ་རྣམ་གཉིས། དགོན་སྡེ་ཁག་དང་གཞིས་གྲོང་ཁག་གི་སྤྱི་མི། གཞོན་ནུ་དང་བུད་མེད་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་གནད་ཡོད་མི་སྣ་ཁག་མཉམ་དུ་འཛོམས་ཏེ། ཀར་ན་ཌ་ཀ་མངའ་སྡེ་བྱང་ཕྱོགས་ཁུལ་གྱི་རྫོང་ཁག་འགའི་ཡུལ་མིར་ཆུ་ལོག་གིས་གནོད་སྐྱོན་ཕོག་པར་ཛ་དྲག་ཐོག་མི་མང་ནང་ཞལ་འདེབས་བསྡུ་རྒྱུའི་སྐོར་ལ་གྲོས་བསྡུར་བྱས་ཡོད།
ཚོགས་མི་རྣམས་ཀྱིས་གྲོས་བསྡུར་ཟབ་རྒྱས་བྱས་མཐར། ཐེངས་འདིའི་ཞལ་འདེབས་བསྡུ་སྟངས་ཐད་རིགས་གསུམ་དུ་དབྱེ་བ་དང་། དང་བོ། ལས་བྱེད་རྣམས་ཀྱིས་རང་ཉིད་ཀྱི་ཕོགས་ཐོབ་ལས་ཉིན་གཅིག་གི་ཕོགས་ཐོབ་ཞལ་འདེབས་སུ་འབུལ་རྒྱུ་དང་། གཉིས་པ། མི་མང་ངོས་ནས་མི་གཅིག་གིས་ཉུང་མཐར་ཧིན་སྒོར་ ༥༠ ལས་མ་ཉུང་བ་འབུལ་རྒྱུ་དང་། གསུམ་པ། ཚོགས་སྡེ་ཁག་གིས་ལོགས་སུ་ཞལ་འདེབས་འབུལ་རྒྱུ་བཅས་ཀྱི་ཐག་གཅོད་བྱུང་བ་དང་། ས་གནས་འདིའི་དགོན་སྡེ་ཁག་ཏུ་དགེ་འདུན་པ་རྣམས་ཀྱིས་མི་རིང་བར་ཐེངས་འདིར་ཆུ་ལོག་གིས་འདས་གྲོངས་སོང་བའི་ཡུལ་མི་རྣམས་ཀྱི་ཆེད་དུ་དུས་ཚོད་ངེས་མེད་ཀྱི་བསྔོ་སྨོན་ཡང་གསུང་རྒྱུ་བཅས་ཀྱི་ཐག་གཅོད་བྱས་ཡོད། སང་ཉིན་ནས་ཞལ་འདེབས་བསྡུ་བའི་ལས་རིམ་མགོ་འཛུགས་ཀྱིས་ཉིན་ལྔའི་ནང་ཞལ་འདེབས་ཡོངས་རྫོགས་བསྡུ་ཚར་རྒྱུ་མ་ཟད། ཐེངས་འདིར་ལུགས་བདེ་གཉིས་ཀྱི་དམིགས་བསལ་སྐུ་ཚབ་ཆེད་གཏོང་གིས་ཞབས་འདེབས་བསྡུས་པ་རྣམས་འབྲེལ་ཡོད་སྡེ་ཁག་གམ་ཡང་ན་ཀར་ན་ཌ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་ཕྱག་ཏུ་འབུལ་དུ་ཕེབས་རྒྱུའི་ཐག་གཅོད་ཀྱང་བྱས་ཡོད།
དེ་བཞིན། དེ་རིང་བོད་གཞུང་ནང་སྲིད་ལས་ཁུངས་ནས་ལྷོ་གཞིས་ཁག་ལྔར་ཕྱག་འཕྲིན་ཞིག་འབྱོར་བའི་ནང་། ཀར་ན་ཌ་ཀ་མངའ་སྡེ་གཞུང་དེ་བཙན་བྱོལ་བོད་མི་རྣམས་ལ་བཀའ་དྲིན་ཆེན་པོ་ཡིན་སྟབས། ཐེངས་འདིར་ཆར་ཆུས་གནོད་སྐྱོན་ཐེབས་པའི་ཡུལ་གྱི་རྫོང་ཁག་ནང་ཡུལ་མི་བརྒྱ་ཕྲག་ཁ་ཤས་ཀྱི་ཚེ་སྲོག་ཤོར་བ་དང་། ཁྲི་ཚོ་མང་བོར་རྒྱུ་དངོས་ཀྱི་གོད་ཆག་ཤུགས་ཆེར་བྱུང་བའི་སྐབས་འདིར། ལྷོ་གཞིས་ལྔའི་སྤྱི་སྒེར་དང་ཚོགས་སྡེ་ཁག མི་མང་བཅས་སུ་ཞལ་འདེབས་རྒྱ་གང་ཆེ་བསྡུ་རུབ་ཀྱིས་ལྷོ་སྤྱི་བརྒྱུད་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནམ་རྫོང་དཔོན་སོ་སོར་ཐད་འབུལ་ཡོང་བའི་བཀའ་སློབ་ལམ་སྟོན་ཡང་གནང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༡༡ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 5

  1. བཀྲ་ཤིས། says:
    ལོ་ 17 སྔོན།

    ཞལ་འདེབས་འབུལ་བའི་ལས་རིམ་ལ་དགའ་བསུ་ཡོད། དེ་དང་མཉམ་དུ་ཕན་སེམས་དགོས་པའང་གལ་ཆེན་པོ་མཐོང་གི་འདུག

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ངའི་འདི་ནས་ཚང་མ་ལྟ་ཐུབ་ཀི་འདུག ཨོ་བྷ་མའི་སྐོར་གྱི་གནས་ཚུལ་གང་དུ་འདུག མགྱོགས་པོར་གསུང་དང་། དུས་བབ་ཚང་གིས་བཀོད་མི་འདུག་ག

    Reply
  3. རྒྱུད་བཞིའི་མྱུ་གུ། says:
    ལོ་ 17 སྔོན།

    གོང་འཁོད་གནས་ཚུལ་ལས།་་་་རོགས་སྐྱོར་ཞལ་འདེབས་བསྡུ་མགོ་བརྩམས་པ།
    ཞེས་
    པ་ཙམ་ལས་དེ་མིན་ཡིག་གཟུགས་མི་ཤར་བས་གནས་ཚུལ་དྲང་བདེན་ལ་རྒྱབ་སྐྱོར་དང་།་ངན་པར་རྒྱབ་བསྟོད་ཀྱི་གནས་ཚུལ་ཡོད་ངེས།་་་་་་་་་་་་་གནས་ཚུལ་གསར་པ་ཞིག་ལ་ཨ་རིའི་སྲིད་འཛིན་མཆོག་ལ་ཞི་བདེའི་གཟེངས་རྟགས་འབུལ་གཏན་འཁེལ་བར་བཀྲ་ཤིས་བདེ་ལེགས་ཡོད་ད།་་་་་་་་་་་དེ་ཡང་མིང་མཚུངས་པ་ཞིག་ཡོང་བའི་སྨོན་འདུན་ཡང་ཡོད་ད།

    Reply
  4. གྲགས་པ་རྒྱ་མཚོ། says:
    ལོ་ 17 སྔོན།

    མི་སེར་དེ་དག་ལ་ཞལ་འདེབས་གནང་རོགས་སྙིང་རྗེ།

    Reply
  5. ནམ་མཁའ་བསྟན་འཛིན། says:
    ལོ་ 17 སྔོན།

    ཨོ་ད་ཁྱོད་ཚོས་སྤྱང་ཀིར་ཤ་བཅོལ། དངོས་ནས་ལྷག་བསམ་དང་སྙིང་རྗེ་སྐྱེས་ནས་ཞལ་འདེབས་ཕུལ་བཞིན་ཡོད་ན་ཆུ་ལོག་བྱུང་ས་རུ་ཉམ་ཐག་པའི་མི་སེར་དེ་ཚོར་མི་སྤྲོད་པར་བཞུགས་ཁྲི་ཐོག་དང་ལྟོ་གཞུང་ཐོག་ཡིན་པའི་དཔོན་པོ་ཞིག་གི་ལག་ཏུ་འཇོག་དགོས་བ་ག་རེ་ཡིན་ནམ། མངའ་སྡེ་གཞུང་གི་ལྟག་སྒོར་འཛུལ་རྒྱུ་ཡིན་ན་མི་སེར་དེ་ཚོ་སྙིང་མ་རྗེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese