མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འཚམས་འཕྲིན།

བོད་ཀྱི་དུས་བབ།
༢༠༠༩/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་སྤྱིར་ནོར་ྋགོང་ས་མཆོག་གིས་ཨ་རིའི་དམིགས་བསལ་སྐུ་ཚབ་ལས་ཁུངས་བརྒྱུད་དེ། ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་ལ་སྤྱི་ལོ་ ༢༠༠༩ ལོའི་འཛམ་གླིང་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་པར་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་ཡོད་པའི་ནང་འཁོད་དོན། སྐུ་ཉིད་ཀྱིས་རྒྱལ་སྤྱིའི་རྩོད་རྙོག་དེ་དག་རྣམ་དཔྱོད་དང་གྲོས་མོལ་གྱི་ལམ་ནས་སེལ་རྒྱུའི་འབད་བརྩོན་གནང་བར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གི་ངོས་འཛིན་གནང་བ་དེར་ངོས་ནས་དགའ་ཚོར་ཆེན་པོའི་ཐོག་འཚམ་འདྲི་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱིས་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་བསྐྲུན་ཐབས་དང༌། ཁོར་ཡུག་སྲུང་སྐྱོབ་ཡོང་སླད་དོན་ཕན་ལྡན་པའི་ཕྱག་ལས་གནང་བར་ནོ་བྷེལ་ཞི་བདེ་ཚོགས་ཆུང་ནས་འོས་འཚམས་ཀྱི་ཐོག་ནས་ཞལ་བཞེས་གནང་ཡོད་པ་རེད། དུས་རབས་ ༢༠ པ་དེ་ནི་རྩོད་རྙོག་གི་དུས་རབས་ཤིག་ཡིན་པ་དང༌། དུས་རབས་ ༢༡ དེ་གྲོས་མོལ་དང་མཐུན་འབྲེལ་གྱི་དུས་རབས་ཤིག་ཡོང་བ་བྱ་རྒྱུར་ང་ཚོར་འགན་ཡོད།

 

དེར་བརྟེན། ཕན་ཚུན་གཅིག་ལ་གཅིག་བརྟེན་ཐོག་གནས་དགོས་པའི་འཛམ་གླིང་འདིའི་ནང་ཕྱོགས་ཡོངས་ནས་ང་ཚོ་མཉམ་རུབ་ཐོག་བྱམས་བརྩེའི་ཐབས་ལམ་དེ་ལག་ལེན་དང་། གོང་མཐོར་གཏོང་རྒྱུའི་འགན་ཞིག་ཡོད། ཨ་རིའི་རྒྱལ་ཁབ་གསར་འཛུགས་མཛད་མཁན་གྱི་མེས་པོ་རྣམས་ཀྱིས་ཨ་རིའི་རྒྱལ་ཁབ་འདི་མང་གཙོ་ཕུལ་བྱུང་ཞིག་དང༌། གཞན་གྱི་རང་དབང་དང༌། འདོད་དབང་སྲུང་སྐྱོབ་བྱེད་མཁན་གྱི་རྒྱལ་ཁབ་ཞིག་ཏུ་བསྐྲུན་ཡོད་པ་ངོས་ནས་འགྲེལ་བརྗོད་བྱས་ཡོད། དེར་བརྟེན། ད་ལྟའི་ཨ་རིའི་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོའི་ཆུ་ཚད་མཐོ་བའི་བཟང་སྤྱོད་ཀྱི་ལྟ་གྲུབ་དེ་དག་ལ་གཞི་བཅོལ་ནས་སྣེ་ཁྲིད་ཐུབ་པའི་ལངས་ཕྱོགས་དེ་བཟུང་ཐུབ་པ་བྱེད་རྒྱུ་གལ་ཆེན་པོ་རེད། ལངས་ཕྱོགས་དེས་ཨ་རིའི་རྒྱལ་ཁབ་ཀྱི་སྙན་གྲགས་ཆེ་རུ་གཏོང་རྒྱུ་མ་ཟད་འཛམ་གླིང་ནང་ཛ་དྲག་གི་གནས་སྟངས་འཚབ་ཆུང་དུ་འགྲོ་རྒྱུར་ལེགས་སྐྱེས་ཆེན་པོ་འབུལ་རྒྱུ་རེད། ཅེས་བོད་གཞུང་དྲ་བར་དབྱིན་ཡིག་ལས་བོད་སྒྱུར་བྱས་འདུག

 

མཆན། 13

  1. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    འདི་ལ་ཅིག་བྱས་ན་སྲིད་འཛིན་མཆོག་ལ་གཟེངས་རྟགས་འདི་འདྲཞིག་ཐོབ་པར་ང་ཚོ་ལའང་བཟང་རྟགས་ཤིན་ཡིནསྲིད་ཀྱི་རེད། མཛད་རྗེས་མེད་པའི་མི་ཞིག་ལ་གདེང་འཇོག་འདི་འདྲ་བྱས་པར་གཞིག་ན་མ་འོངས་བའི་འཛམ་གླིང་གི་དཀའ་ཉོག་ལ་ཕན་ནུས་ལྡན་པའི་མི་ཞིག་ཡིན་ཁོ་ཐག་རེད། མ་གཏོགས་སྲིད་འཛིན་ཨ་བྷ་མས་གླ་སོད་ན་གླ་རྩི་ང་ལ་ནི་བགོ་གི་མ་རེད།

    Reply
  2. གཡང་མདའ། says:
    ལོ་ 13 སྔོན།

    ཨོ་བྷ་མར་གཟེངས་རྟགས་ཕུལ་དགོས་པའི་རྒྱུ་རྐྱེན་གང་ལ་ཐུག་སོང་ངམ། ཁོ་རང་སྲིད་འཛིན་ལ་བསྡད་ནས་ཟླ་དགུ་བཅུ་ཙམ་ལས་སོང་མེད་སྟབས་སོ་སོའི་རྒྱབ་ཁབ་ལ་བྱས་རྗེས་ག་རེ་བཞག་སོང་། ཕལ་ཆེར་རྡུལ་ཕྲན་མཚོན་ཆ་མེད་པར་བཟོ་རྒྱུ་ཡིན་ཞེས་པ་ལ་བལྟས་ནས་ཞི་བདེ་གཟེངས་རྟགས་རེག་པ་ཡིན་པ་འདྲ། དེ་ལ་རྒྱབ་སྐྱོར་ཡོད་རྗེས་སུ་ཡི་རངས་ཡོད།

    Reply
  3. དུག་ཚེར། says:
    ལོ་ 13 སྔོན།

    གཟེངས་རྟགས་འདི་འབུལ་བ་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་དུ་མིན་པར་ཤོགས།

    Reply
  4. འཇམ་དབྱངས་གྲགས་པ། says:
    ལོ་ 13 སྔོན།

    གསར་འགྱུར་དེ་འདྲ་ཞིག་རྒྱ་གར་གྱི་ཚགས་པར་ཞིག་ནས་མཐོང་ལ་དེ་རིང་ཐེངས་གཉིས་པ་རང་གི་ཡུམ་སྐད་ཀྱི་ཐོག་ནས་མཇལ་བྱུང༌།

    Reply
  5. སྨྱུག་རྒོད། says:
    ལོ་ 13 སྔོན།

    ད་ཆོག་གི
    ཁྱེད་ཆོ༹་ཆ༹ང་མས་ཅིག་ཤེས་ཁུལ་མ་བྱེད།གཅིག་གིས་དག་བཅོས་བྱོས་ན་གཞན་ཞིག་གིས་ཀྱང་དེ་ལྟར་བྱེད་ཀི།ཡིག་ནོར་རེ་ཟུང་འབྱུང་མི་སྲིད་པ་མ་རེད།ཁྱེད་ཆོ༹ས་མུ་མཐུད་དུ་དེ་འདྲ་བྱོས་ན་ཉིན་འདི་ཆོ༹་དུས་བབས་ཆ༹ང་ལ་མཆན་སོགས་འགོད་རྒྱུ་སྐྲག་ནི་ཞིག་རེད།

    Reply
  6. གངས་རི་སྐྱབས། says:
    ལོ་ 13 སྔོན།

    བཀུར་འོས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ལགས། གང་མགྱོགས་བཟོ་བཅོས་གནང་བ་འདི་བསྔགས་འོས་པ་ཞིག་རེད། ངས་ཐོག་མར་མཐོང་ནས་ཞེ་སྡང་གིས་ཁྱབ་བསྒྲགས་བྱས་མོད། ཁྱེད་ཀྱི་ཀུན་སྤྱོད་འདིས་ང་ཕམ་པར་བཅུགས་སོང་། ད་ནི་ངས་རང་གི་ཟིན་བྲིས་ནང་སྤེལ་བ་དག་ཡོངས་སུ་བསུབ་ཡོད་པ་མ་ཟད། གཡང་མདའི་བསླབ་བྱའི་མཆན་བུ་ཁ་ཤས་ལག་སོན་བྱུང་ཡོད་པ་དག་ཉར་ནས། ག་ལེར་ཁོང་གི་བསླབ་བྱ་དང་འབྲེལ་ཏེ་རྩོམ་ཡིག་ཅིག་འབྲི་རྩིས་ཡོད།

    Reply
  7. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 13 སྔོན།

    འཛམ་གླིང་ཞི་བའི་སྟོན་པ་༧གོང་ས་མཆོག་གིས་དེ་ལྟར་དུ་འཚམས་འཕྲིན་ཕུལ་ན་ཡང་། འཚམས་འཕྲིན་འབྱོར་སའི་མི་དེའི་རང་གི་དབང་ཤུགས་ཁོ་ན་ལས་མི་གཞན་གྱིས་བདེ་སྡུག་ནི་ཁ་གཡང་ཙམ་ཞིག་དུ་མི་འགྱུར་བར་འབོད་སྐུལ་ཞུ་འདོད་བྱུང་།

    Reply
  8. བསེ་རུ། says:
    ལོ་ 13 སྔོན།

    ཨོའོ་དོན་གྲུབ་བཀྲ་ཤིས་ལགས་རེད་འདུག འཚམས་འདྲི་ཡོད། སེམས་ཐག་ཉེ་པོའི་ཐོག་ནས་ཐེར་འདོན་བྱ་གི་ཡོད། ངས་ཁྱོད་ཉིད་ངོ་ཤེས་ཀྱང་ཕན་ཚུན་སྐད་ཆ་ཚིག་གཅིག་ཀྱང་ཤོད་མྱོང་མེད། ཁྱོད་ཀྱིས་ང་དེ་བས་ཀྱང་ངོ་ཤེས་ཀྱི་མ་རེད། དེ་ལྟར་ཤེས་དགོས་དོན་ཡང་མེད།

    བརྙེས་བྱུང་མ་རེད། རྙེད་བྱུང་རེད། དེ་ཡང་ནོར་བ་རེད། ཁྱོད་ཉིད་ལས་བྲེལ་དབང་གིས་ཡིག་ནོར་འདི་ལྟར་ཤོར་འགྲོ་གིན་ཡོད་པ་སྔར་ནས་གསུངས་མྱོང་ལ། ཁོ་བོའི་ཉམས་མྱོང་གི་ཐོག་ནས་བཤད་ན་ཡང་ཡིག་ནོར་མེད་པ་བྱ་ཐབས་འདི་རྩོམ་སྒྲིག་པ་དང་གསར་འགོད་པ་སོགས་ལ་ལྷག་པར་དཀའ་ངལ་ཆེན་པོ་ཞིག་རེད། ད་དུང་དེར་གདོང་ལེན་གང་ཐུབ་གནང་རོགས། ཤེས་བཞིན་དུ་འཐུས་ཤོར་མ་བཏང་ན་དེ་བས་ཆོག །

    Reply
  9. དོན་འགྲུབ་བཀྲ་ཤིས། says:
    ལོ་ 13 སྔོན།

    དྲ་གྲོགས་བསེ་རུ་ལགས། ང་རྩོམ་པ་པོ་དང་ཁྱེད་ཀློག་པ་པོ་གཉིས་བར་དུའང་གཅིག་ལ་གཅིག་བརྟེན་དང་། གཅིག་ཕན་གཅིག་གྲོགས། རྒྱུ་རྐྱེན་རྟེན་འབྲེལ་གྱི་འབྲེལ་བ་གཏིང་ཟབ་ཅིག་ཡོད་པའི་ངེས་ཤེས་གསལ་བོ་ཞིག་བརྙེས་བྱུང་།

    Reply
  10. བསེ་རུ། says:
    ལོ་ 13 སྔོན།

    དྲ་རྒྱའི་དོ་དམ་པ་ལགས།
    ཁོ་བོས་འདི་ལྟར་ཐད་ཀར་ཡིག་ནོར་ཡོད་པ་དེར་མཛུབ་མོ་བཙུགས་མ་ཐག་ཏུ་དེ་ནས་བཅོས་གནང་བར་ང་རང་ཁྱེད་རྣམས་ལ་གཞོགས་འདེགས་བྱ་འདུན་ལྷག་པར་འཕེལ།
    ཐུགས་རྗེ་ཆེ།

    དེ་ནི་ཁྱེད་རྣམས་ལ་གཞོགས་འདེགས་བྱས་པ་ཞིག་ཡིན་ལ། བོད་ཀྱི་སྐད་ཡིག་ལའང་གཞོགས་འདེགས་བྱས་པ་ཞིག་རེད།
    མཐར་གཏུགས་ནས་བཤད་ན། དེ་ནི་ང་བོད་པ་ཞིག་ཡིན་པའི་ངོས་ནས། བོད་པ་ཞིག་གི་ཕྲག་ཐོག་ཏུ་བབས་པའི་ལས་འགན་ཞིག་རེད་ལ། གཡོལ་དུ་མེད་པའི་མི་ཚེའི་ལམ་བུ་ཞིག་ཀྱང་རེད། །

    Reply
  11. གྲགས་པ་རྒྱ་མཚོ། says:
    ལོ་ 13 སྔོན།

    ཨ་རིའི་སྲིད་འཛིན་ཨོ་བྷ་མ་ལ་གཟེངས་རྟགས་རྒྱུ་མཚན་གང་གིས་ཐོབ་པ་ཡིན་ནམ། ད་ལྟ་ཨ་རིའི་སྲིད་འཛིན་གྱི་ཁྲི་ཐོག་སླེབས་པ་ཙམ་ལས་བྱས་རྗེས་ཆེན་པོ་ཞིག་ཡོད་པར་མི་སེམས་སོ།།

    Reply
  12. བསེ་རུ། says:
    ལོ་ 13 སྔོན།

    གསར་འགྱུར་གྱི་ཁ་བྱང་གི་དག་ཆ་ནོར་འདུག

    མཚམས་འཕྲིན་མ་རེད། འཚམས་འཕྲིན་རེད།

    འཚམས་འཕྲིན་ནི། འཚམས་འདྲིའི་གསུང་འཕྲིན་གྱི་བསྡུས་ཚིག་མ་རེད་དམ། དེར་བརྟེན་འཚམས་འཕྲིན་དུ་བཅོས་རོགས།།

    Reply
  13. རས་པ། says:
    ལོ་ 13 སྔོན།

    ཨོ་བྷ་མར་ལམ་འགྲོ་གཅིག་ཐོག་ཉིས་བརྩེགས་ཀྱིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་རེག་པ་དེ་ལ་བཀྲ་ཤིས་བདེ་ལེགས་ཞུ། ཨ་རིའི་སྲིད་འཛིན་སྔོན་མ་པོའུ་ཧྲི་མཆོག་གིས་དེ་སྔོན་༧གོང་ས་མཆོག་གི་གསེར་གྱི་གཟེངས་རྟགས་བཞེས་པའི་མཛད་སྒོའི་སྟེང་ལས་དོན་གྱི་མཇུག་འབྲས་ཐག་ཆོད་མེད་པའི་སྐྱེས་བུ་ཞིག་ལ་གཟེངས་རྟགས་འདི་ཕུལ་གྱི་ཡོད་ཟེར་བ་འདྲ་ཞིག་གསུངས་ཡོད། དེ་ནི་ད་རས་ཀྱི་ནོ་སྦེལ་ཞི་བདེ་གཟེངས་རྟགས་འདི་ཕུལ་མཁན་ལའང་དེ་བཞིན་བྱུང་མེད་འགྲོ ཨོ་བྷ་མའི་ལས་དོན་མགོ་བཙུགས་བྱས་ནས་གཟེངས་རྟགས་ཁྱབ་བསྒྲགས་ཀྱི་ཉིན་མོ་པར་དུ་ཞི་བདེའི་ཆེད་ལས་དོན་ཟེར་ན་ངས་ངོས་འཛིན་མི་ཤེས་ཏེ་ཁ་ཆེའི་རྒྱལ་ཁབ་ཁག་ཏུ་བག་ཆགས་ཡག་པོ་ཞིག་བཞག་ཡོད་པ་དེ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་ངོས་འཛིན་གཙོ་ཆེར་གནང་མེད་འགྲོ་བསམ་པ་ང་ལ་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist