མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒེར་གཅོད།

བོད་ཀྱི་དུས་བབ།
༢༠༠༩/༡༠/༡༩
Share on FacebookShare on TwitterShare on EmailShare on Whatsapp

བླ་མ་ཤིང་བཟའ་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་མཆོག་གིས་བརྩམས་པའི་ ༼ སྒེར་གཅོད་ ༽ ཅེས་པའི་དཔེ་དེབ་དེ་ ༢༠༠༩ ལོའི་ཟླ་ ༩ ནང་དཔར་སྐྲུན་འགྲེམ་སྤེལ་བྱས་ཡོད། དཔེ་དེབ་དེའི་ནང་གི་༼ དྲི་ལན་བདེན་པའི་རང་གཏམ ༽ཞེས་པའི་ནང་། རང་གིས་རང་ལ་དྲི་བ་དང་བོད་ཀྱི་དུས་བབ་ཀྱི་དྲི་བ་དྲི་ལན་སོགས་རྩོམ་ཡིག་ ༢ བསྡུས་ཡོད་ལ། ༼ སྙན་རྩོམ་སེམས་ཀྱི་ངུ་ངག ༽ ཅེས་པའི་ཚན་པའི་ནང་། སེམས་ཀྱི་གསལ་སྣང་དང་དད་པའི་འོད་རླབས། སྐྱོབ་ཐུབ་མེད་པའི་བོད་སོགས་བཅད་རྩོམ་ ༡༤ ། ༼ དེང་རྩོམ་རེ་བའི་ངུ་འབོད ༽ ཅེས་པའི་ནང་། དགོད་བྲོ་བའི་ངའི་མི་ཚེ་དང་དཔའ་བོ་ཚོ་ལོག་འགྲོ། ཉིན་འདི་དག་གི་ཚོར་བ་སོགས་རང་མོས་སྙན་རྩོམ་ ༡༧ ། ༼ འབོད་རྩོམ་ཁྲག་གི་བཞུད་ལམ ༽ ཞེས་པའི་ནང་། སྙན་ངག་པ་དང་བསམ་བློ་བའི་བར་ཐག་དང་བོད་ཀྱི་བླ་སྤྲུལ་དག་གི་འགན། སྤྲུལ་སྐུ། ངའི་སེམས་ཀྱི་གཞན་དབང་གི་མི་ཚེ་སྐྱུར་མོ་སོགས་གོ་བདེ་འབོད་རྩོམ་ ༢༥ བཅས་ཚན་པ་བཞིར་བགོས་ཡོད་ལ། ཁྱོན་བསྡོམས་རྩོམ་ཡིག་ ༥༨ དང་ཤོག་ངོས་ ༡༧༤ ཡོད།

 

དཔེ་དེབ་འདིའི་ཐོག་མའི་གཏམ་དུ་རྩོམ་པ་པོ་ཉིད་ཀྱིས་རེ་སྐུལ་གྱི་ཚུལ་དུ་བཀོད་དོན། དཔེ་དེབ་འདི་རྩོམ་པ་པོས་དགའ་སྡུག་གི་བསམ་གཞིག་དང་རྨི་ལམ་ཁྲོད་ནས་འགྲེམ་སྟོན་བྱེད་མགོ་བརྩམས་པ་ཡིན། དེང་གི་སྐབས་ལུགས་སྲོལ་ངན་པ་ཞིག་ལ་རྩོམ་དེབ་གཅིག་ལ་གླེང་བརྗོད་ཅིག་ཡོད་ལ། དེ་ནི་ཁྱེད་ལ་བསྟོད་པའི་མེ་ཏོག་གི་ཤིས་ཚིག་ཁོ་ན་ཡིན་པའི་ཚུལ་ལུགས་དག་ལ་ཁོ་བོ་གཞལ་དུ་མེད་ཐལ། སེམས་ངོགས་ནས་ཧར་གྱིས་མཆེད་པའི་དཔེ་དེབ་འདི་ལས་མི་རིགས་ཀྱི་ལས་དབང་དམར་རྗེན་དུ་བཀོད་པའི་སྣང་ཚུལ་ཁྱེད་ཀྱིས་ཇ་ཐུན་གཅིག་ལ་གློག་མི་ཉན། བཟི་ཁ་ཆེ།

 

ཁྱེད་ཀྱི་རྩོམ་ཡིག་འདི་དག་ཀློག་སྐབས་ཀི་འདེབས་འདོད་ན་ཇ་ཐུངས། སྤྲོ་ལངས་ན་ངལ་གསོས། ངུ་འདོད་ན་དགོད། དེ་ལྟར་ཁྱེད་ལ་མངར་སྐྱུར་གྱི་ཚོར་བ་སྦྱིན་ན་དེ་ནི་དཔེ་དེབ་འདིའི་ཤོག་དུག་གི་མངར་ཁ་ཡིན། དེ་ནི་མི་རིགས་འདིའི་གདོན་གྱིས་ཁྱེད་ཀྱི་སེམས་ཁོང་ཡོངས་སུ་བསླུ་སྲིད་པའི་རྟགས་མཚན་ཡིན་ལ། དེ་ནི་རྩོམ་པ་པོ་དང་ཁྱེད་ཀྱི་ཁ་ཕྱོགས་གཅིག་པའི་མི་རིགས་འདིའི་ལྟ་ཚུལ་ཡང་ཡིན། ཡང་གཅིག་བཤད་ན། དཔེ་དེབ་འདི་མགོ་ནས་མཇུག་བར་ཀློག་ཐེངས་གཅིག་གིས་ཁྱེད་ལ་ཚོར་བ་གང་ཡང་མེད་སྲིད། དེ་ནི་ཁྱེད་དང་བདག་གི་བར་ཐག་ཡིན། གང་ལྟར་དཔེ་དེབ་འདི་དལ་གྱིས་ཀློག་ཅིང་། ཞིབ་ཏུ་སོམས། ཞེས་བཀོད་འདུག

 

དཔེ་དེབ་འདིའི་རྩོམ་པ་པོ་བླ་མ་ཤིང་བཟའ་རིན་པོ་ཆེའམ། སྨྱུག་མིང་འོད་དཀར་ལགས་ནི་མདོ་སྨད་མཚོ་སྔོན་བོང་སྟག་ནས་སྐུ་འཁྲུངས་པ་དང་། ལོ་དགུ་བཟུང་ས་གནས་སློབ་ཆུང་དུ་ཞུགས་ཤིང་། ལོ་བཅུ་གསུམ་སྟེང་༸གོང་ས་མཆོག་གིས་ཤིང་བཟའ་སྤྲུལ་སྐུར་ངོས་འཛིན་བྱས་ཏེ་མདོ་སྨད་ར་རྒྱ་དགོན་དུ་འདོན་དབྱངས་རྟ་སོགས་ལ་སྦྱངས། ཕྱི་ལོ་ ༡༩༩༧ ལོར་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ཏེ་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་དུ་ནང་ཆོས་ལ་སློབ་སྦྱོང་བྱས། ༡༩༩༩ ལོར་༼ ཅང་ཤེས་རྨིག་སྒྲ ༽དུས་དེབ་གསར་འཛུགས་དང་དེའི་སློབ་སྟོན་པའི་འགན་ཁུར། ༢༠༠༤ ལོར་༼ ལྷོ་ཕྱོགས་ཕོ་ཉ/ ༽ཚགས་ཤོག་རྒྱ་བསྐྱེད་ཀྱིས་ལྷོ་ཕྱོགས་ནང་བསྟན་ཤེས་ཡོན་ལྷན་ཚོགས་གསར་འཛུགས་དང་སློབ་སྟོན་པའི་འགན་ཁུར། ༢༠༠༦ ལོར་ཁོང་གི་རྩོམ་དེབ་ཐོག་མ་༼ ལས་དབང་དམར་པོ ༽ པར་སྐྲུན་བྱས།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་ནས་སྟོང་འཁོར་མཉྫུ་ཤྲཱི་ཧུ་ཐོག་ཐུས་གཙོས་པའི་སོག་པོ་ ༡༤༨ ལ་མཇལ་ཁ་དང་བཀའ་སློབ་སྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༦།༢༠
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བོད་སོག་གཉིས་ལ་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད་ཅེས་གསུངས།

༢༠༢༥/༠༦/༢༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ཤྲི་མ་ཏི་མཆོག་དགུང་གྲངས་ ༦༧ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་མཛད། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༦།༡༩
༧གོང་ས་མཆོག གསུང་འཕྲིན།

རྒྱ་གར་གྱི་སྲིད་འཛིན་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

༢༠༢༥/༠༦/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་ཟུར་འབའ་པ་རླུང་ཁར་ངག་དབང་བཀྲ་ཤིས་ལགས་སྐུ་གྲོངས་པར་ཐུགས་གསོ་ཞུས།

༢༠༢༥/༠༦/༡༩
UN High Commissioner for Human Rights Volker Türk at the 59th session of the UN Human Rights Council (photo:DRM News)
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་སྐོར་གླེང་སློང་གནང་། 

༢༠༢༥/༠༦/༡༩
Front Slider

༧སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་ཚིགས་དབུ་འབྱེད་གནང་།

༢༠༢༥/༠༦/༡༨
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། ཚོགས་གཞོན་དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༦།༡༨
Mobile App

༧སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་ཚིགས་དབུ་འབྱེད་གནང་།

༢༠༢༥/༠༦/༡༨

མཆན། 65

  1. སྟག་སྨྱོན། says:
    ལོ་ 16 སྔོན།

    དུས་བབ་ཚང་གིས་གོང་དུ་ངའི་མཆན་གི་འོག་ཏུ་མི་ཞིག་གིས་སྟག་སྨྱོན་ཟེར་ནས་གང་བྱུང་བཤད་འདུག་པ་གསུབ་གནང་ན་ཡག་པོ་རེད། མི་འདི་འདྲས་དྲ་ཁང་ལ་གཏོར་བརླག་བྱེད་པ་འགོག་ཐབས་བྱེད་དགོས་པ་རེད། ཡང་ན་མིན་ན་དུས་བབ་ནང་མཆན་བུ་འདེབས་ན་ངེས་པར་དུ་དུས་བབ་ཚང་དུ་སྨྱུག་མིང་དང་མཉམ་དུ་དངོས་མིང་དང་ཁ་བྱང་ངོ་མ་དུས་བབ་ལས་ཁུངས་ལ་ཐོ་འགོད་མ་བྱས་ན་མཆན་འདེབས་ཐབས་མེད་པ་བཟོ་དགོས་པ་མཐོང་། དུས་བབ་ལས་ཁུངས་ལ་མཆན་འདེབས་མཁན་གྱི་མིང་སྦེད་མི་ཆོག་ན་ཡང་། མཆན་འདེབས་དུས་དྲ་ངོས་ལ་སྨྱུག་མིང་གཅིག་སྤྱོད་ཆོག་པ་བྱེད་ཐུབ་ན་ཡག་པོ་འདུག། གང་ལྟར་ཐོག་མར་དེབ་བསྐྱེལ་བྱེད་དུས་དངོས་མིང་དང་ཁ་བྱང་ངོ་མ་མེད་ན་ངོས་ལེན་བྱེད་མི་རུང་བར་མཐོང་སོང་། དེ་མིན་ན་དྲ་ཁང་གི་གནས་སྟངས་སྡུག་ནས་སྡུག་ཏུ་འགྲོ་རྒྱུ་ལས་མེད་པ་གསལ་བོ་རེད། ད་དུང་ཟིན་བྲིས་དང་མཆན་འདེབས་ཚོའི་ལག་པ་ནས་རིན་དངུལ་ཕྲན་བུ་བསྡུ་དགོས་པ་མཐོང་། དེ་འདྲ་བྱས་ན་ངོ་ནས་མཆན་འདེབས་འདོད་རྐྱང་འཛུལ་གྱི་རེད། མིང་དང་པར་ཡང་དངོས་སུ་འབྲི་གི་རེད། སྤཽབས་པ་དང་ལྡན་པའི་ཐོག་ནས་ཡོང་གི་རེད། དེ་དུས་ཆེད་དུ་དྲ་ཁང་ལ་གཏོར་བརླག་བྱེད་མཁན་གྱི་གད་སྙིགས་ཚང་མ་མེད་པ་ཆགས་འགྲོ་གི་རེད། འདི་འདྲ་བྱས་དྲ་ཐོག་གི་མི་འབོར་གནས་སྐབས་རིང་ཉུང་དུ་འགྲོ་རྒྱུ་ཡིན་པ་ཤེས་གསལ་རེད། འོན་ཀྱང་རྗེས་སུ་དྲ་དངོས་སུ་མི་སྤུས་དང་གཏམ་བཤད་ཀྱི་སྤུས་ཚད་མཐོ་རུ་སོང་བ་ཡིན་ན། ཉུང་ཉུང་དེ་ལ་མི་ཚང་མས་ཡིད་ཆེས་དང་དགའ་མོས་བྱས་ནས་རིམ་བཞིན་དྲ་རྒྱའི་་ཐོག་མའི་དམིགས་ཡུལ་ནང་བཞིན་སྤྱི་ཚོགས་ལ་ཕན་ཐོགས་ཡོང་གི་རེད། དེ་མིན་སྨྱོན་པ་དང་དམིགས་ཡུལ་ངན་པ་ཅན་ཚང་མར་རིན་མེད་དང་ཆ་རྐྱེན་གང་ཡང་མི་དགོས་པའི་ཐོག་ནས་གོ་སྐབས་སྤྲད་པ་ཡིན་ན། ཉིན་ཞིག་དྲ་དཔོན་ཁྱེད་ཚོ་ཡང་རང་གི་ལས་ཀ་ཆོ་མེད་ཅིག་ཏུ་མཐོང་སྲིད། མ་ཟད་འདི་འདྲ་ཆོ་མེད་ཞིག་སྒོ་བརྒྱག་བཞག་ན་ཡ་ས་རེད་ཀྱང་དྲན་སྲིད་། བྱེད་སྟངས་འདི་ནི་དབྱིན་ཡིག་གི་དྲ་རྒྱ་དང་མི་མཐུན་པའི་གུ་དོག་གི་རྣམ་པ་ཞིག་ཏུ་མཐོང་སྲིད་ཀྱང་། འདི་ནི་བོད་མི་ཡི་གེ་ཤེས་མཁན་ཚོ་ཡང་དབྱིན་ཡིག་འབྲི་ཚོ་ལས་གུ་དོག་དང་སྐྱོ་བོ་ཡོད་ཕྱིར་ཁྲིམས་རང་སྲུང་གི་གཤིས་ཀ་བཟང་པོ་དེ་མེད་སྟབས་འདི་ལྟར་མི་བྱེད་ཐབས་མེད་རེད་དྲན་སོང་།

    Reply
  2. གསོར་མིག says:
    ལོ་ 16 སྔོན།

    ཡི

    Reply
  3. གཡང་མདའ། says:
    ལོ་ 16 སྔོན།

    དྲ་འབུ་ནད་ཡམས་ལགས།
    ཤིང་བཟའ་བླ་མའི་དཔྱད་རྩོམ་ཐད་ནས་འདོད་ཚུལ་མི་མཐུན་པ་མཆིས་ཚེ་དཔྱད་པ་བྱ་ཆོག་གི འུ་ཅག་ལ་ཤིང་བཟའ་བླ་མ་ངོ་མ་འམ་རྫུན་མ་ཡིན་མིན་ཇུས་གཏོགས་ཡོད་མ་རེད། དེ་མཚུངས་སྤྱི་འྭཐུས་དང་རྒྱ་ལོ་དོན་འགྲུབ་སོགས་གྱིས་ཞེན་ཁོག་བྱས་ཡོད་སྲིད་མོད། བྱ་བ་གང་ཞིག་ཞེན་ཁོག་བྱས་ཡོད་ཚེ་དེ་ག་དངོས་འབྲེལ་གསལ་སྟོན་དགོས་པ་ལས། ཞེན་ཁོག་བྱས་སོང་ཞེན་ཁོག་བྱས་སོང་ཞེས་བརྗོད་པ་ནི་བོད་པ་ཚོ་ལ་མགོ་བསྐོར་གཏོང་ཐབས་ཁོ་ན་ཡིན་པས་ནད་ཡམས་འདི་རིགས་བཏང་ནས་དྲ་གྲོགས་སྐད་མ་གཏོང་རོགས།།

    Reply
  4. གཡང་མདའ། says:
    ལོ་ 16 སྔོན།

    དྲ་འབུ་ནད་ཡམས་ལགས
    འཇུག་སྒྲིག་མ་རེད་མཇུག་སྒྲིལ་རེད། འཚོ་སྣང་མ་རེད་ཚོར་སྣང་རེད། སྐད་གཏང་། སྐད་བཏང་། དགོངས་འགལ་མེད་པར་ཞུ།

    Reply
  5. དྲ་འབུ says:
    ལོ་ 16 སྔོན།

    འདི་ནས་རྩོད་པ་འཇུག་སྒྲིག་གི་ཡིན་དྲ་གྲོགས་གཡང་མདའ་ལགས་ལ་བཟོད་གསོལ་དང་དེ་མིན་གོང་དུ་བཤད་པ་ཐམས་ཅད་དྲ་ཐོག་འདིར་རྒྱུན་དུ་ཕར་ཚུར་འཐེན་འཁྱེར་གྱིས་ཚིག་ངན་སྤྱོད་བཞིན་པའི་དྲ་འབུ་འགའ་ཤས་ལ་འཚོ་སྣང་ཞིག་སྤྲོད་ཕྱིར་ཆེད་དུ་སྐད་གཏང་བ་ཡིན།

    Reply
  6. དྲ་འབུ says:
    ལོ་ 16 སྔོན།

    འདི་ནས་རྩོད་པ་འཇུག་སྒྲིག་གི་ཡིན་དྲ་གྲོགས་གཡང་མདའ་ལགས་ལ་བཟོད་གསོལ་དང་དེ་མིན་གོང་དུ་བཤད་པ་ཐམས་ཅད་དྲ་ཐོག་འདིར་རྒྱུན་དུ་ཕར་ཚུར་འཐེན་འཁྱེར་གྱིས་ཚིག་ངན་སྤྱོད་བཞིན་པའི་དྲ་འབུ་འགའ་ཤས་ལ་འཚོ་སྣང་ཞིག་སྤྲོད་ཕྱིར་ཆེད་དུ་སྐད་གཏང་བ་ཡིན།

    Reply
  7. དྲ་འབུ says:
    ལོ་ 16 སྔོན།

    སྨྱོན་པ་ལགས་ག་རེ་གནང་གི་ཡོད།

    Reply
  8. སྟག་སྨྱོན། says:
    ལོ་ 16 སྔོན།

    དོལ་ཕྲུག་འདི་དངོས་གནས་དོལ་རྒྱལ་གསོ་མཁན་ཡིན་ས་རེད་ཁོས་སྐད་ངན་ཤོར་གཏམ་འདི་གཞན་དང་མི་འདྲ་བ་ཞིག་དང་། ལྷག་པར་ཁོས་འདྲེ་འདི་ཡི་མིང་ལ་ཆེས་སྟོད་སོགས་ལ་ལྟས་ན་གངས་ཅན་རྒྱའུ་དང་ཁོ་ཚེ་ཚུལ་གང་རུང་ཞིག་གི་སློབ་མ་ཡིན་ཚོད་འདུག

    Reply
  9. དྲ་འབུ says:
    ལོ་ 16 སྔོན།

    དོལ་ཕྲུག་འདི་དངོས་གནས་དོལ་རྒྱལ་གསོ་མཁན་ཡིན་ས་རེད་ཁོས་སྐད་ངན་ཤོར་གཏམ་འདི་གཞན་དང་མི་འདྲ་བ་ཞིག་དང་། ལྷག་པར་ཁོས་འདྲེ་འདི་ཡི་མིང་ལ་ཆེས་སྟོད་སོགས་ལ་ལྟས་ན་གངས་ཅན་རྒྱའུ་དང་ཁོ་ཚེ་ཚུལ་གང་རུང་ཞིག་གི་སློབ་མ་ཡིན་ཚོད་འདུག

    Reply
  10. གཡང་མདའ། says:
    ལོ་ 16 སྔོན།

    དྲ་འབུ་ནད་ཡམས་ལགས།
    ངའི་སྲུང་མ་དམར་ནག་གཉིས་ལ་མཆོད་འབུལ་བྱས་ན་ནམ་ཡང་ཁ་ནས་ཁྲག་མི་སྐྱུགས་པ་དེ་ཡིད་ཆེས་དང་སྤོབས་པ་ཡོད། དེ་བས་རྡོ་རྗེ་ཤུགས་ལྡན་ལ་བརྟེན་ན་ཁ་ནས་ཁྲག་སྐྱུགས་པའི་ལོ་རྒྱུས་ཡང་ཡོད། ང་རང་སྨན་ཁང་ཚད་ལྡན་ཞིག་ལས་དཔལ་ལྡན་་ལྷ་མོར་དད་པ་ཡོད། ཁྲག་སྐྱུར་མ་རེད་ཁྲག་སྐྱུགས་རེད། མི་ལ་ངོ་ཚ་མེད་ཁྱི་ཡིན། ཁྱི་ལ་རྔ་མ་མེད་ན་འདྲེ་ཡིན། ཧ་ཧཧཧཧཧཧ

    Reply
  11. སྟག་སྨྱོན། says:
    ལོ་ 16 སྔོན།

    ཤིང་བཟའ་བླ་རྫུན་འདི་ཡིས་བོད་པ་ཚོ་མགོ་བསྐོར་གཏོང་གིན་འདུག དེའི་རྗེས་སུ་ཞེན་ཁོག་ཅན་གྱི་ཨ་མདོ་བའི་ཁྱི་ཕྲུག་མང་པོ་རྒྱུག་བཞིན་འདུག མ་གཞི་ནས་ཤིང་བླ་མ་ཟེར་བ་ཧ་ལས་རྒྱུ་ག་རེ་ཡོད་རེད། རྗེ་རིན་པོ་ཆེ་ཡག་པོ་ཡིན་པའི་རྒྱུ་མཚན་བཟུང་ན་ནོར་བ་རེད། དཔེར་ན་རྒྱ་ལོ་དོན་གྲུབ་དང་བདུད་ལྷ་བྱིན་ལྟ་བུ་རེད། མ་གཞི་ནད་གཡང་ཙམ་ལ་ཧམ་བསམ་དགོས་དོན་མེད་ལ། ཤེས་ན་འཇིག་རྟེན་འདི་ན་ཞེན་ཁོག་ལས་སྡུག་བ་གཅིག་ཀྱང་མེད། དེས་མི་སྒེར་གྱི་ཚེ་སྲོག་འཕྲོག་པ་ཙམ་དུ་མ་ཟད་སྤྱི་ཚོགས་ཡོངས་ལ་ཐུག་པ་དཀྲུགས་དཀྲུགས་བྱས་ཏེ། ཞི་བདེ་དང་ལྷིང་འཇགས་མེད་པར་བཟོ་ནས་དཔོན་དམངས་ཡོངས་རྫོགས་ཉལ་ན་གཉེད་མི་འཁུར་བ་དང་ལངས་ན་ཟས་མི་འགྲོ་བ་སོགས་དངོས་བྱུང་གི་ལོ་རྒྱུས་འདི་དག་ནི་ཨ་མདོ་བ་སྒྲོལ་མ་མཚོ་མོ་དང་སྤེན་པ་ཚེ་རིང་གཉིས་ཀྱིས་ཞེན་ཁུག་གི་བརྩེ་གདུང་གི་ལག་རྗེ་ཁོ་ནས་ཡིན་པར་མཁྱེན་དགོས།

    Reply
  12. སློབ་དཔོན་ says:
    ལོ་ 16 སྔོན།

    གཡང་མདའ་དང་དྲ་འབུ་ཟེར་བ་རྣམས་གཉིས་ཀྱི་དགོས་མེད་ཀྱི་བརྩོད་པ་མང་པོ་ཞིག་གནང་འདུག་པར་ལྟས་ན་་་་་རྣམས་གཉིས་དབུས་གྲོས་ཚོགས་ཀྱི་སྐུ་ངོས་ཞིག་ཡིན་པ་འདྲ་་་་ཕྱོགས་ལྷུང་འཐེན་ཁྱེར་དང་དགོས་མེད་ཞེན་ཁོག་བཟོ་རྒྱུ་་དེ་ཨ་མདོ་བའི་དགེ་མཚན་དུ་མཐོང་ལ་བོད་མིའི་ནང་ཁུལ་དཔའ་ཉམས་ལྟོན་རྒྱུ་དེ་ཁམས་པའི་རང་གཉིས་ཞིག་རེད་་་་་་མ་ཚད་དུག་ལས་སྡུག་པའི་སྲིད་དོན་པ་དེ་དབུས་པ་འཚོ་རེད་་་་་་གནས་ཚུལ་དེ་དག་གཟིགས་ན་བོད་མི་རིགས་ཀྱི་ལས་དབང་གི་གནས་ཚད་ལ་དགྲ་དགའ་གཉིན་སྡུག་གྱི་ཉི་མ་འཆར་ལ་ཉེར་བ་ཞིག་མཐོང་་་་་་་་་་་་

    Reply
  13. དྲ་འབུ says:
    ལོ་ 16 སྔོན།

    ཞེན་ནད་ཕོག་པའི་གཡང་མདའ་ལགས། ཁྱེད་ཀྱི་ཞེན་ནད་དེ་ང་འགོས་ཐབས་མེད་ལ་དེ་ལས་ཁྱོད་རང་སྨན་ཁང་ཚད་ལྡན་ཞིག་ཏུ་བསྐྱོད་ན་དགའ། དེ་མིན་ཁ་ནས་ཁྲག་སྐྱུར་ཏེ་གང་མགྱོགས་འཆི་བར་ངེས། དུས་དེ་ནས་བཟུང་ཁྱོད་ང་ལ་ཞུ་དག་དགོས་དྲན་ཡང་རྨི་ལམ་རེད།

    Reply
  14. གཡང་མདའ། says:
    ལོ་ 16 སྔོན།

    དྲ་འབུ་ནད་ཡམས་ལགས།
    བཤད་པ་ལྟར་ན་ཁྱེད་ནི་ཞེན་ཁོག་ཅན་ཞིག་ཡིན་པ་འདྲ། འབུ་གྲོགས་མའི་སྐྱིན་བཏང་ན་ས་ལ་མི་ཐིམས་ཞེས་དཔེ་ལྟར། དེ་ལས་ཁྱེད་གྱི་བྲིས་པའི་ཐིག་ཕྲེང་ཁ་ཤས་ནང་དུ་ཡིག་ནོར་ཐེབས་པ་འདི་ལ་ལྟོས་ན་ང་ཐང་ཆད་འགྲོ་གི།ཁྱི་འཕྲུག་མ་རེད་ཁྱི་ཕྲུག་རེད། ནད་གཡང་མ་རེད་ནད་ཡམས་རེད། གཉེད་མི་འཁུར་བ། གཉིད་མི་ཁུགས་པ། ཞེན་ཁུག། ཞེན་ཁོག། གོ་ན་རྣ་བས་བདུད་རྩི་ཡིན། མ་གོ་རྙིང་གིས་ཚེར་མ་ཡིན།

    Reply
  15. དྲ་འབུ says:
    ལོ་ 16 སྔོན།

    དྲ་གྲོགས་ཨ་མདོ་བ་གཡང་མདའ་ཁྱི་འཕྲུག་ལགས། མ་གཞི་ནད་གཡང་ཙམ་ལ་ཧམ་བསམ་དགོས་དོན་མེད་ལ། ཤེས་ན་འཇིག་རྟེན་འདི་ན་ཞེན་ཁོག་ལས་སྡུག་བ་གཅིག་ཀྱང་མེད། དེས་མི་སྒེར་གྱི་ཚེ་སྲོག་འཕྲོག་པ་ཙམ་དུ་མ་ཟད་སྤྱི་ཚོགས་ཡོངས་ལ་ཐུག་པ་དཀྲུགས་དཀྲུགས་བྱས་ཏེ། ཞི་བདེ་དང་ལྷིང་འཇགས་མེད་པར་བཟོ་ནས་དཔོན་དམངས་ཡོངས་རྫོགས་ཉལ་ན་གཉེད་མི་འཁུར་བ་དང་ལངས་ན་ཟས་མི་འགྲོ་བ་སོགས་དངོས་བྱུང་གི་ལོ་རྒྱུས་འདི་དག་ནི་ཨ་མདོ་བ་སྒྲོལ་མ་མཚོ་མོ་དང་སྤེན་པ་ཚེ་རིང་གཉིས་ཀྱིས་ཞེན་ཁུག་གི་བརྩེ་གདུང་གི་ལག་རྗེ་ཁོ་ནས་ཡིན་པར་མཁྱེན་དགོས།

    Reply
  16. གཡང་མདའ། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ་གཟབ་གཟབ་བྱེད་རོགས་དྲ་འབུ་ཟེར་བ་འདི་ཡིས་དྲ་ཐོག་ཏུ་ནད་ཡམས་འདྲ་མིན་འཁྱེར་ཡོང་གི་འདུག། སྐད་ཆ་བཤད་སྟངས་ལ་ལྟོས་ན་རྡོ་རྗེ་ཤུགས་ལྡན་ཡིན་པ་འདྲ

    Reply
  17. དྲ་འབུ says:
    ལོ་ 16 སྔོན།

    ཤིང་བཟའ་བླ་རྫུན་འདི་ཡིས་བོད་པ་ཚོ་མགོ་བསྐོར་གཏོང་གིན་འདུག དེའི་རྗེས་སུ་ཞེན་ཁོག་ཅན་གྱི་ཨ་མདོ་བའི་ཁྱི་ཕྲུག་མང་པོ་རྒྱུག་བཞིན་འདུག མ་གཞི་ནས་ཤིང་བླ་མ་ཟེར་བ་ཧ་ལས་རྒྱུ་ག་རེ་ཡོད་རེད། རྗེ་རིན་པོ་ཆེ་ཡག་པོ་ཡིན་པའི་རྒྱུ་མཚན་བཟུང་ན་ནོར་བ་རེད། དཔེར་ན་རྒྱ་ལོ་དོན་གྲུབ་དང་བདུད་ལྷ་བྱིན་ལྟ་བུ་རེད

    Reply
  18. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 16 སྔོན།

    ཤིང་བཟའ་རིན་ཆེ་ན་གཞོན་སྤྲུལ་སྐུ་རྣམས་ལས་ཤེས་འཇོན་གཉིས་ཀ་ེཆས་འབུར་དུ་ཐོན་པ་ཞིག་རེད།འོན་ཀྱང་ཟམ་གདོང་རིན་པོ་ཆེར་མ་མཇོན་མ་བྱེད་རབས་བཤད་སྟངས་ལ་བལྟས་ན་དྲ་ཚིགས་འདིར་འདི་ལྟ་བུའི་བསྟོད་རྭ་བྱེད་པར་བསམ་ཡུལ་ལས་མེད། ཡིན་ནའང་དེ་རིང་འདི་ལྟ་བུའི་བསྟོད་པ་དག་རིག་དུས་དྲང་བདེན་མ་ཎི་བཞིན་བགྲངས་པའི་ཟིན་བྲིས་པ་དང་མཆན་འགོད་པ་ཚོའི་ངོ་གདོང་རིག་ཐལ

    Reply
  19. གསོར་མིག says:
    ལོ་ 16 སྔོན།

    གསོར་མིག་ཡིན

    Reply
  20. གསོར་མིག says:
    ལོ་ 16 སྔོན།

    གཟབ་གཟབ་བྱས་གསང་བ་ཕྱིར་ལ་ཤོར་འགྲོ

    Reply
  21. ནོར་བུ་གླིང་ཁ། says:
    ལོ་ 16 སྔོན།

    ཨོ་དཀོན་མཆཽག་མཁྱེན། ཡང་སེར་མོ་བ་དེ་ཚོས་གསང་བ་ཞིག་ཤོར་ཡོད་པ་འདྲ།
    ན་ཉིན་འབྲས་སྤུངས་སྤྲུལ་སྐུས་ཨ་ནེ་འཛག་པའི་གློག་བརྙན་གསོན་པོ་དེ་ནང་བཞིན།
    ད་ལོ་སེ་ར་སྤྲུལ་སྐུར་མི་ཡོང་བར་ཤོག

    Reply
  22. གསོར་མིག says:
    ལོ་ 16 སྔོན།

    བརྗེད་མི་ཐུབ་པའི་འདས་དོན་དུང་ལྷག་འདུག།
    གསང་བ་གསང་བ་རེད། དེབ་དེ་འདྲ་ཡ་འཚན་གྱི་མེད ། ཁྱེད་ཚོའི་ཤེས་དགོས
    སེམས་ཤུགས་རེད་དམ་རྫུན་མ་རེད སུ་ཞིག་ལ་མགོ་བསྐོར་བཏང་འདུག།
    སྙིང་རེ་རྗེ་དད་ལྡན་པ་ཚོ་

    Reply
  23. ནོར་བུ་གླིང་ཁ། says:
    ལོ་ 16 སྔོན།

    གླན་པའི་སེམས་གཏམ་ཡིན་ཟེར་བ་བདེན། འདི་ནས་ཅི་ཞིག་བཤད་ཀྱི་ཡོད་པའང་ཤེས་མི་འདུག་ད་དུང་མར་རྒྱས་ཡིན་ན་ཅིག་བྲིས་འདུག ཐ་སྙད་འདི་འདྲ་བེད་སྤྱད་ན་བོད་སྤྱི་ལ་གནོད་པའི་འབར་རྫས་ངོ་མ་དེ་རེད།

    Reply
  24. གཡང་མདའ། says:
    ལོ་ 16 སྔོན།

    དྲ་ཐོག་ཏུ་རྙོག་གཏམ་གང་མང་སྤེལ་འདུག། འདི་ནི་མར་རྒྱས་གྱིས་རྣམ་པ་མ་གཏོགས་ཡར་རྒྱས་རྣམ་པ་རྩ་བ་ཉིད་ནས་མཐོང་གི་མི་འདུག། གང་ཡིན་ཞེས་ན་ཨ་མའི་བུ་ལ་འཇོན་ཐང་ཡོད་ན་འགའ་ལྡན་ཁྲི་ལ་བདག་པོ་མེད། སོ་སོའི་བོད་སྤྱི་ལ་ཕན་པའི་བྱ་གཞག་བསྒྲུབ་མ་ཐུབ་རུང་རྐང་པ་ཡི་མ་འཐེན་རོགས་འདི་ནི་གླེན་པ་ངའི་སེམས་གཏམ་ཡིན།

    Reply
  25. གཡང་མདའ། says:
    ལོ་ 16 སྔོན།

    ཤིང་བཟའ་རིན་པོ་ཆེ་ལ་སྙིང་ཐག་པ་ནས་དགའ་བསུ་དང་རྗེས་སུ་ཡི་རངས་ཡོད།

    Reply
  26. སྟག་སྨྱོན། says:
    ལོ་ 16 སྔོན།

    དྲ་དཔོན་ལགས་གོང་དུ་སྟག་སྨྱོན་ཟེར་ནས་མཆན་གསུམ་ཡོད་པའི་ཕྱི་མ་གཉིས་ནི་མགོ་སྐོར་གཏོང་མཁན་རེད་མི་འདུག་གམ། མ་གཞི་འུ་ཐུག་གི་ལས་ཀ་འདི་འདྲ་བྱེད་མཁན་སྤྱི་འཐུས་ཚོའི་ནང་ན་མ་གཏོགས། བོད་མིའི་གཞན་པ་ཚོའི་ནང་ན་མི་ཐབས་སྐྱོ་བོ་འདི་འདྲ་ཡོད་པ་མ་རེད། འོན་ཀྱང་ཁྱེད་སྤྱི་འཐུས་ག་གེ་མོ་ལ་ཁྱོད་རེད་ཟེར་ནས་ངོས་བཟུང་ན་མི་དེ་ང་མིན་ཟེར་ནས་རྩོད་པ་བྱེད་ཀྱི་འདུག

    Reply
  27. ཆོས་བཟང་། says:
    ལོ་ 16 སྔོན།

    ཤིང་བཟའ་རིན་པོ་ཆེ་མཆོག་ལ་བཀའ་དྲིན་ཆེ་ཞུ་བཞིན་ཡོད།
    དེ་བཞིན་ཁྱེད་ག་ཚོད་འཇོན་ན་དེའི་ཚོད་ཀྱིས་ཁྱེད་ཀྱིས་རྐང་པ་ནས་མར་འཐཻན་མཁན་ཡོང་ངེས་རེད་ན་ནམ་ཡང་སེམས་ཤུགས་མ་ཆག་ཞུ།
    བོད་སྤྱི་དོན་ཐུགས་ནས་མ་བརྗེད་པར་མཁྱེན།
    ཁྱེད་གཞན་དང་འདྲ་མི་འདྲ་བ་རེད།
    རྒྱུ་མཚན་ནི་བོད་པ་ལ་རྨོངས་དད་ཆེ་བ་དང།ཁྱེད་ལ་སྤྲུལ་སྐུའི་མཚན་ཡོད་པས་ཡིན
    དེར་བརྟེན་ཁྱེད་ལ་ནུས་པ་ཞིག་ཡོད་ཡོད་པ་རེད།
    འོན་ཀྱང་ད་དུང་སློབ་གཉེར་ཤུགས་ཆེན་ཞིག་གནང་རོགས་མཁྱེན།

    Reply
  28. ནད་པ says:
    ལོ་ 16 སྔོན།

    སྐུ་ན་ཕྲ་བའི་ཤིང་བཟང་རིན་པོ་ཆེ་མཆོག་རྙོག་འཛིན་ཆེ་བའི་ཆབ་སྲིད་ནང་སྤྲོ་བ་ཚད་མེད་ཅིག་བརྟས་པ་འདི་ལ་ཞིབ་མོར་བསམས་ན་ཁོང་གི་སྐུ་ཚེའི་མདུན་ལམ་ལ་བར་ཆད་ཀྱི་བཀག་རྡོ་ཆེན་པོ་ཞིག་འཕྲད་མགོ་རྩོམ་བཞིན་ཡོད།

    ལོ་ཆུང་བྱིས་པ་ངའི་བསམ་ཚོད་ལྟར་ན་ཁོང་གིས་ཆབ་སྲིད་ནང་འཛུལ་ཏེ་སྲིད་དོན་འཁྲབ་མགོ་རྩོམ་བཞིན་པ་དང་ཅིག དེས་རྐྱེན་བྱས་ཏེ་ས་ཆ་གང་སར་འཁྱམས་མྱུལ་བྱེད་བཞིན་པ་དང་གཉིས། དགོས་པའི་བསླབ་གཉེར་མ་གནང་བར་མི་དགོས་སྲིད་དོན་གྱི་དཔེ་དེབ་རྩོམ་འབྲི་བྱེད་བཞིན་པ་དང་གསུམ། ཕྱིས་ཀྱི་ལེགས་ཕན་ལ་ཞིབ་ཏུ་མ་བསམས་པར་དོན་མེད་རྩ་ཆེའི་དུས་ཚོད་བཟང་པོ་འཕྲོ་བརླག་ཏུ་གཏོང་བཞིན་ཡོད་པ་བཅས་ནི་ངོ་མ་མ་འོངས་པར་གནས་བབ་གང་ཙམ་ཡོད་པའི་མི་ཞིག་ལ་མཚོན་ན་ཆེས་བློ་འཕང་སྐྱེ་གཞི་ཞིག་ཆགས་རྒྱུར་གདོན་མི་ཟའོ།

    Reply
  29. གསོར་མིག says:
    ལོ་ 16 སྔོན།

    དེབ་ལེགས་གྲུབ་དགའ་སྤོབས་ཡོད་ཡིན་འང་ གནས་ཚུལ་གཞན་ད་དུང་ལྷག་ཡོད

    Reply
  30. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    བརྗོད་གཞི་དང་འབྲེལ་བའི་རང་གི་ལྟ་ཚུལ་དང་བསམ་ཚུལ་མ་བཤད་པར་གང་ཟག་སྒེར་པའི་མི་གཤིས་ལ་གཞི་མེད་ཀྱི་སྐྱོན་བརྗོད་དང་དམས་ཕབ་པ་ནི་བཟང་སྤྱོད་ཅིག་མི་པར་བསམ། ཤིང་བཟའ་རིན་པ་ཆེ་དང་ཨ་ལགས་འཇིགས་མེད་རིན་པོ་ཆེ་གཉིས་བསྡུར་ཐབས་ག་ལ་ཡོད། ཨ་ལགས་འཇིགས་མེད་རིན་པོ་ཆེ་ནི་མི་ཚེ་ཧྲིལ་བོར་༸གོང་ས་༸མཆོག་ལ་དབུ་འོག་དཔུང་འདེགས་ཀྱི་ཞབས་ཞུ་བསྒྲུབ་མྱོང་མཁན་བྱས་རྗེས་ཅན་གྱི་ཆབ་སྲིད་མི་སྣ་ཞིག་ཡིན་ལ། ཤིང་བཟང་རིན་པོ་ཆེས་དཔེ་ཆར་བལྟས་ནས་སློབ་སྦྱོང་ཁུངས་མ་འཁྱོལ་ཚེ་བླ་མའི་རིན་ཐང་བརླག་ཚར་ཞིང་། དེ་ནས་ཆབ་སྲིད་ཁུངས་མ་འཁྱོལ་བར་གཞན་གྱི་ལག་ཆ་ལྟ་བུར་ཆགས་ཚེ་རང་ཉིད་རྩ་བརླག་ཏུ་ཕྱིན་པ་རེད།

    Reply
  31. དབུས་ཕྲུག་ཚེ་རིང་། says:
    ལོ་ 16 སྔོན།

    དཀའ་སྡུག་དང་བཟོད་བསྲན། རྔུལ་ཆུ་དང་མིག་ཆུ་ལྷན་གཅིག་ཏུ་བསྲེས་ཞིང་བཞུར་བའི་གྲུབ་དོན། སྒེར་གཅོད། ལ་ཞེན་དང་བརྩེ་དུང་གིས་གྲུབ་པའི་རྡོ་རིང་། སྒེར་གཅོད། ད་ལྟ་ཀློག་གིན་ཡོད། སླད་མར་རིན་པོ་ཆེ་མཆོག་གི་ཐུགས་དགོངས་ལྷུན་གྲུབ་ཡོང་བའི་རེ་སྨོན་ཤུགས་དྲགས་བཅས།

    Reply
  32. ནོར་བུ་གླིང་ཁ། says:
    ལོ་ 16 སྔོན།

    ཤིང་བཟའ་རིན་པོ་ཆེ་ཨ་ལགས་འཇིགས་མེད་ཀྱི་རྗེས་འཇུག་པ་ཆག་ན་མྱ་ངན་ཞུ་དགོས་པ་མིན་ནམ། གང་ཡིན་ཟེར་ན་བླ་མ་ཤིང་བཟའ་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་མཆོག་ནི་རབ་ཏུ་བྱུང་བ་ཞིག་རེད། ཨ་ལགས་འཇིགས་མེད་ནི་འཛག་རྒན་སྐད་གྲག་ཆོད་པ་ཞིག་རེད།

    Reply
  33. གསང་གཏོར། says:
    ལོ་ 16 སྔོན།

    ཨ་ལགས་འཇིགས་མེད་ཀྱི་རྗེས་འཇུག་པ་ཞིག་ཚར་ལོང་བྱུང་འཞིན་འདུག་པས། ང་ཚོའི་མདོ་སྨད་མི་མང་གིས་དགའ་བསུ་ཞུ་འོས་པ་རེད།

    Reply
  34. ཀླུ་རྩེད། says:
    ལོ་ 16 སྔོན།

    བོད་ལ་ཁོང་ལྟ་བུའི་སྤྲུལ་སྐུ་ཆོས་སྲིད་གཉིས་ཕྱོགས་ནས་དགོས་མཁོ་ཆེ། རིན་པོ་ཆེ་ཐུགས་རྗེ་ཆེ་ཞུ། མུ་མཐུད་ནས།

    Reply
  35. སྟག་སྨྱོན། says:
    ལོ་ 16 སྔོན།

    GYAMTSO ཟེར་བ་ཁྱོད་ལྐུགས་རྒྱུ་མང་སོང་བ་རེད། བལྟས་ནས་ཡོང་ན་ཁྱོད་ཀྱང་གྲྭ་ལོག་ཅིག་ཡིན་ཁོ་ཐག་རེད། བོད་དོན་ལ་ཕན་མཁན་ཞིག་ཡིན་ན་ཡིག་གཅིག་བསླབས་པ་སློབ་གཉེར་དགོས་པའི་ངེས་པ་ག་ལ་ཡོད། བསླབས་པ་སློབ་གཉེར་མེད་ན་བོད་དོན་ལ་རེ་བ་མེད་པར་འདོད་པ་དེ་ཁྱོད་གྲྭ་ལོག་ཀླད་ལྗང་ཚོའི་བསམ་བློ་གཏོང་སྟངས་རེད། བོད་ཕུད་པའི་འཛམ་གླིང་གི་སྲིད་འཛིན་སུ་ལ་བསླབས་པ་སློབ་གཉེར་འདུག ད་དུང་བཤད་ན་ཟམ་སྟོང་ལ་བསླབས་པ་སློབ་གཉེར་འམ་དེ་ཡོད་ཁུལ་ཡིན་ཀྱང་བོད་དོན་ལ་ཅི་ཞིག་ཕན་གྱི་འདུག

    Reply
  36. GYAMTSO says:
    ལོ་ 16 སྔོན།

    རིན་པོ་ཆེའི་མཛད་འཕྲིན་དབྱར་དངོས་ཟླ་ལྟར་འཕེལ་བའི་སྨོན་འདུན་ཞུ།
    སྤྱིར་ན་བོད་དོན་ལ་སེམས་ཤུགས་ཆེན་པོ་ཡོད་པ་ང་ཚོས་ལོས་ཤེས།
    ཡིན་ནའང་དགོང་ལོ་ཆུང་ཆུང་རེད།་་་་་་་ངས་གོ་ཚད་ཡིན་ན་བག་མེད་ནམ་ཡང་ཆེ་དྲག་པས་བསླབས་པ་སློབ་གཉེར་ལ་དེ་ཙམ་གྱིས་ནུས་པ་ཐོན་གྱི་མེད་པ་འདྲ།་་་་་ངོ་མ་བློ་ཕམ་རེད།་་་་་་ལྷག་པར་བོད་མི་མང་གི་གྱོང་གུད་ཆེན་པོ་རེད།
    རིན་པོ་ཆེ་ང་ཚོས་རེ་བ་སྟོང་ཟད་ལ་མ་གཏོང་རོགས།

    Reply
  37. སྟག་སྨྱོན། says:
    ལོ་ 16 སྔོན།

    ཡིན་ན་ཡང་ང་རང་གི་ལྟ་བ་ངོ་མ་ནི་བླ་སྤྲུལ་ཞིག་ཡིན་ན་ཇག་རྐུན་དང་ཚོང་བ་ཞིག་ཡིན་པས་ཁྱབ་པ་ཁས་ལེན་གྱི་ཡོད་པ་འདི་ཡིན། ཤིང་བཟའ་ཟེར་བ་འདི་ཡང་བོད་དོན་ལ་བཅིངས་པའི་ལྷག་བསམ་དང་སེམས་ཤུགས་ཡོད་མདོག་སྟོན་གྱི་འདུག་ཀྱང་། ཉི་མ་གཅིག་ལ་སྒོར་མོས་ཆེད་དུ་ཡོད་ཚད་བརྗེ་ངེས་ཡིན། སྐབས་དེ་དུས་ཕྱི་གླིང་གི་ཕྱུག་པོ་ཚོ་མ་གཏོགས་བོད་དང་བོད་དོན་དགོས་རྒྱུ་མ་རེད། བླ་སྤྲུལ་ཞིག་ཡིན་ན་ངོ་གཅིག་རྫོགས། ཁོ་ངོ་ནས་མི་ཡག་པོ་ཞིག་ཡིན་ན་མི་རྐྱང་དཀྱུས་མ་ཞིག་བྱོས་དང་དེ་ནས་གཟོད་སེམས་ཤུགས་ཡོད་པ་ལ་བརྩི་ཆོག

    Reply
  38. མདའ་ཚན་ཚེ་རིང་། says:
    ལོ་ 16 སྔོན།

    ཤིང་བཟའ་རིན་པོ་ཆེ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ། སྐུ་ཉིད་ཀྱིས་སྐུ་ངལ་སྐྱོན་པར་རྗེས་སུ་ཡི་རེངས་ཞུ་རྒྱུ་མ་ཟད། ད་དུང་ཡང་མུ་མཐུད་གནང་རོགས་ཞེས་ཞུ་ཞུ། སླར་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག

    Reply
  39. ཉི་ཟླའི་མགྲོན་བདག says:
    ལོ་ 16 སྔོན།

    དངོས་གནས་བོད་ཀྱི་སྤྲུལ་སྐུ་ཚོ་ཡིན་ན་ཡང་བོད་དོན་ལ་ཁོང་ནང་བཞིན་ཞིག་སེམས་ཤུགས་ཞིག་ཡོད་ན་ཅི་མ་རུང་།ཁོང་གི་ཕྱག་དེབ་ཕུལ་བར་མཚོན་པའི་ཕྱག་ལས་ཚང་མ་ལ་རྗེས་སུ་ཡི་རངས་ཡོད་།མུ་མཐུད་དུ་རེ་བ་ཡོད།

    Reply
  40. བོད་ལ་དགའ་བའི་བུ་། says:
    ལོ་ 16 སྔོན།

    རྗེས་སུ་ཡི་རངས་ཡོད་

    དེབ་དང་པོ་དེ་མཇལ་མ་སོང་ གནམ་རྒན་མ་

    ཡིན་ནའང་ རིན་པོ་ཆེ་ སྐུ་ཚེ་བརྟན་

    Reply
  41. སྟག་སྨྱོན། says:
    ལོ་ 16 སྔོན།

    འབྲོག་རུ་ཆོས་གྲགས་ལགས། དད་པ་ཟེར་བ་ངེས་པར་དུ་བླ་མ་རྩ་ཆེན་ཞིག་གི་ཆོས་ཕྱོགས་ཀྱི་སྐུ་ཡོན་དང་རྫུན་འཕྲུལ་ཁོ་ན་ལ་མ་གཏོགས་དད་པ་བྱེད་མི་ཆོག་པ་ཨེ་ཡིན་ན། དཔེར་ན་ཁོང་གི་བོད་དོན་ལ་བཅིངས་པའི་ལྷག་བསམ་དང་སེམས་ཤུགས་དེ་ལ་དད་པ་བྱས་ན་མི་འགྲིག་གམ། ཆོས་ཁོ་ན་མ་གཏོགས་དད་པ་བྱེད་མི་ཆོག་མི་ཆོག་པ་ཡིན་རྒྱུ་མ་རེད། དད་པ་ནི་དགའ་བ་དང་གུས་པ་གཉིས་ཀྱི་སྤྱི་དོན་ལ་གོ་བ་ལེན་གི་ཡོད།

    Reply
  42. བསྟན་འཛིན་ཚེ་དཔག says:
    ལོ་ 16 སྔོན།

    ང་ད་ལྟ་དྲ་ཐོག་ན་ཡོད། ཁྱེད་རང་གི་ཟིན་བྲིས་ནང་སྒུག་བསྡད་ཡོད།

    Reply
  43. བསེ་རུ། says:
    ལོ་ 16 སྔོན།

    བསྟན་འཛིན་ཚེ་དཔག་ལགས། ད་ལྟ་དྲ་ཐོག་ན་ཡོད་ན།
    བསེ་རུའི་ཟིན་བྲིས་སུ་གླེང་སློང་ལ་ཕེབས་དང་།

    Reply
  44. བསྟན་འཛིན་ཚེ་དཔག says:
    ལོ་ 16 སྔོན།

    ཤིང་བཟའ་རིན་པོ་ཆེ་མཆོག་ནས་བརྩམས་ཆོས་པོད་ཕྲེང་གཉིས་པ་འགྲེམས་སྤེལ་གནང་བར་དགའ་གུས་ཞུའོ།། ཕྱག་དེབ་དང་པོ་དེ་ཡང་མཇལ་མ་མྱོང་། ཕྱག་དེབ་དེ་གཉིས་གང་ནས་རག་གི་ཡོད་དམ། དང་པོ་རག་ཐབས་དང་། དེ་ནས་བཀླགས་ཐོ་ཞིག་འདེབས་རྩིས་ཙམ་ལགས།

    Reply
  45. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    འབྲོག་རུ་བ། ཁྱོས་འདྲ་མཉམ་ཞེས་པ་འདི་དྲུད་ཡོང་ནས་དད་པ་དང་རེ་བ་གཉིས་བརྗེ་འདོད་པ་ཡིན་ནམ།

    Reply
  46. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    ངས་ནམ་རྒྱུན་ཁོང་ལ་བཤད་ཀྱིན་ཡོད། ངས་ཁྱེད་ལ་སྤྲུལ་སྐུའི་ཐད་ནས་མི་ལྟ།
    ངས་ཁྱེད་ལ་བླ་མའི་ཐད་ནས་ཀྱང་མི་ལྟ་ཞེས་བཤད་ཀྱིན་ཡོད།

    Reply
  47. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    ང་ཁོང་ལ་དད་པ་མེད།
    ཡིན་ནའང་། ང་ཁོང་ལ་རེ་བ་ཡོད།
    ༢༠༠༧ ༨ ནང་ང་རང་ལྷོ་ཕྱོགས་སེ་ར་དགོན་པར་སོང་བ་ཡིན།
    སྐབས་དེར་ངས་ཁོང་དང་པོ་ངོ་ཤེས་པ་ཡིན། དེ་དུས་དུས་ཡུན་གང་འཚམ་ཞིག་ལ་ཁོང་དང་མཉམ་དུ་ཁ་བརྡ་བྱས་པ་ཡིན།
    ཁོང་གི་ཐོག་ནས་ངས་དམིགས་བསལ་ཞིག་མཐོང་བ་ནི་ཁོང་ལ་འདྲ་མཉམ་གྱི་བསམ་བློ་དང་འདྲ་མཉམ་གྱི་གོམ་སྟབས་ཤིག་ལྡན་པ་དེ་རེད།

    Reply
  48. བསེ་རུ། says:
    ལོ་ 16 སྔོན།

    བོད་མི་རིགས་ཀྱི་བདེ་སྡུག་ཆེད་སྐུ་ལས་སྐྱོན་མཁན་གྱི་བླ་མ་དང་སྤྲུལ་སྐུ་ཚོ་མི་རིགས་ཀྱི་དཔའ་བོར་བརྩི་ཆོག་པས་སྐུ་ཉིད་ཀྱིས་ཀྱང་མི་རིགས་འདིའི་ཆེད་དུ། བདེན་དོན་གྱི་ཆེད་དུ། ཞི་བདེའི་ཆེད། གོམ་སྟབས་ནམ་ཡང་སྤོ་མཚམས་མི་འཇོག་པའི་རེ་བ་དང་ཡིད་ཆེས་ཡོད།
    འདི་ནི་བོད་མི་ཉམ་ཆུང་ཚོའི་རེ་འདོད་ཀྱང་ཡིན།།

    Reply
  49. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    བཟའ་དགོངས་དག

    Reply
  50. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    ཤིང་ཟ་རིན་པོ་ཆེ་ཚང་ལ་རེ་བ་དང་ཡིད་ཆེས་ཆེན་པོ་ཡོད་ཕྱག་དེབ་དེ་འདྲ་མཛད་པར་སྙིང་ཐག་པ་ནས་དགའ་བསུ་ཡོདཔ་མ་ཟད། མྱུར་དུ་ཕྱག་དེད་དེ་རེག་ཐབས་བྱེད་ངེས་ཡིན

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese