མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདེ་སྐྱིད་སྐྲུན་རྒྱུར་སྨན་ཁབ་དེ་འདྲ་མེད།

བོད་ཀྱི་དུས་བབ།
༢༠༠༩/༡༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

ངོས་རང་ལོ་ ༧༤ ཡིན། ངོས་ཀྱིས་སྐྱིད་སྡུག་གི་ཉམས་མྱོང་སྣ་ཚོགས་བརྒྱུད་ཡོད། ཁྱེད་རང་ཚོས་ངོས་ལ་མགྲོན་འབོད་བྱས་པ་ལྟར་ངོས་རང་འཛམ་གླིང་གི་ས་ཕྱོགས་གང་སར་ཕྱིན་ནས་རང་གི་མི་ཚེའི་ནང་གང་བྱུང་བའི་ཉམས་མྱོང་གཞན་ལ་བརྗེ་ལེན་བྱེད་ཀྱིན་ཡོད། ཅེས་༧གོང་ས་མཆོག་གིས་ཉི་ཧོང་ནང་པའི་དད་ལྡན་པ་རྣམས་ལ་གསུངས་ཡོད།

ཕྱི་ཚེས་ ༣༡ ཉིན་༧གོང་ས་མཆོག་གིས་ཉི་ཧོང་གི་རྒྱལ་སའི་ཀོལ་ཀི་གྷན་ཚོགས་ཁང་དུ་དད་ལྡན་ཆོས་ཞུ་བ་མི་གྲངས་ ༥༠༠༠ ལྷག་ལ་རྗེ་རིན་པོ་ཆེས་མཛད་པའི་ལམ་གཙོ་རྣམ་གསུམ་དང་སེམས་བསྐྱེད་ཀྱི་གསུང་ཆོས་བསྩལ་ཡོད། སྐབས་དེར་༧གོང་ས་མཆོག་གིས་དད་ལྡན་ཆོས་ཞུ་བ་ཚོར་ལམ་སྟོན་བཀའ་སློབ་གནང་དོན། སེམས་པ་བཟང་པོ་བྱེད་རྒྱུ་དེ་ལུས་སེམས་གཉིས་ཀར་བདེ་ཐང་ཡོང་བར་གལ་ཆེན་ཆགས་ཡོད་ཀྱང་། དེ་རིང་ཁ་སང་ཚན་རིག་པ་ཚོས་ཁོང་ཁྲོ་དང་ཞེ་སྣང། འདོད་རྔམ། དེ་བཞིན་ཕྲག་དོག  ཉོན་མོངས་བཅས་པ་དེའི་རིགས་ཀྱིས་གཟུགས་པོའི་ནང་གི་ནད་གཞི་སྔོན་འགོག་བྱེད་མཁན་དེ་དག་གི་ཟུངས་བཅུད་ཉམས་ཞན་གཏོང་གི་ཡོད་པ་གསལ་བཤད་བྱས་ཡོད། བདེ་སྐྱིད་སྐྲུན་རྒྱུར་སྨན་ཁབ་དེ་འདྲ་མེད། ང་དང་ཁྱེད་ཅེས་པའི་བསམ་པའི་བར་ཐག་དེ་ཉུང་དུ་གཏོང་ཐུབ་པ་ཡིན་ན་བདེ་སྐྱིད་ཡོང་གི་རེད། ཅེས་དང་། ཡང་ཁོང་ཉིད་ནས་འཛམ་གླིང་གི་ཆོས་ལུགས་ཁག་གིས་ཞི་བདེ་སྐྲུན་པའི་ནུས་པ་དང་ནམ་རྒྱུན་གྱི་མིའི་བྱ་སྤྱོད་མ་རུང་བ་སོགས་ལ་བྱམས་པ་སྒོམ་དགོས་པའི་ལམ་སྟོན་བཀའ་སློབ་གནང་ཡོད་པ་དང་། ཕྱི་ཚེས་ ༢  ཉིན་༧གོང་ས་མཆོག་ནས་ཉི་ཧོང་གི་གྲོང་ཁྱེར་ཏཱ་ཀ་མཱ་སའི་ཤི་ཀོལ་ Takamatsu ShikokuI  གླིང་ཕྲན་གྱི་གནའ་བོའི་ནང་པའི་དགོན་པ་ཧ་གུ་ཇི་ཞེས་པའི་དགེ་འདུན་པ་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཞབས་སོར་བཀོད་ཡོད་པ་དང་། ཁུལ་དེར་༧གོང་ས་མཆོག་དང་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༥༠ འཁོར་བ་དང་བོད་མིའི་དཀའ་སྡུག་རྗེས་དྲན་ཆེད་རྣམ་རྒྱལ་མཆོད་རྟེན་གསར་བ་ཞིག་བཞེངས་ཡོད་པ་དེར་རབ་གནས་མཛད་ཡོད་པ་དང་། ཉི་ཧོང་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་མཱ་སུ་ན་ག་དང་། ཧ་གུ་ཇིའི་ནང་པའི་དགོན་པའི་མཁན་པོ་རྣམ་གཉིས་ནས་༧གོང་ས་མཆོག་ས་གནས་དེར་ཆིབས་བསྒྱུར་བསྐྱངས་པར་ཐུགས་རྗེ་བཀའ་དྲིན་ཞུས་པ་མ་ཟད། མ་འོངས་པར་མུ་མཐུད་ཆིབས་བསྒྱུར་གནང་རྒྱུའི་གསོལ་འདེབས་སྨོན་ལམ་ཞུས་ཡོད་འདུག   སྐབས་དེར་༧གོང་ས་མཆོག་གིས་གསུངས་དོན། ངོས་རང་ལོ་ ༧༤ ཡིན། ངོས་ཀྱིས་སྐྱིད་སྡུག་གི་ཉམས་མྱོང་སྣ་ཚོགས་བརྒྱུད་ཡོད། ཁྱེད་རང་ཚོས་ངོས་ལ་མགྲོན་འབོད་བྱས་པ་ལྟར་ངོས་རང་འཛམ་གླིང་གི་ས་ཕྱོགས་གང་སར་ཕྱིན་ནས་རང་གི་མི་ཚེའི་ནང་གང་བྱུང་བའི་ཉམས་མྱོང་གཞན་ལ་བརྗེ་ལེན་བྱེད་ཀྱིན་ཡོད། ཅེས་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད།

ཐེངས་འདི་ནི་༧གོང་ས་མཆོག་ཉི་ཧོང་དུ་ཕེབས་ཐེངས་ ༡༣ པ་དེ་ཆགས་ཡོད་པ་དང་།  ༢༠༠༧ ལོར་ཉི་ཧོང་དུ་ཞབས་སོར་འཁོད་སྐབས་༧གོང་ས་མཆོག་ད་ལྟའི་སྲིད་བློན་ཧ་ཏོ་ཡ་མཆོག་དང་འཕྲད་གནང་ཡོད་པ་མ་ཟད། སྐབས་དེར་སྲིད་བློན་མཆོག་དང་སྤྱི་ཁྱབ་དྲུང་ཆེ་རྣམ་གཉིས་ནས་བོད་ལ་ཆེས་མཐོའི་རང་སྐྱོང་ཡོང་བར་རྒྱབ་སྐྱོར་ཞུས་ཡོད་ལ།  ཐེངས་འདིར་ཡང་སྲིད་བློན་ཧ་ཏོ་ཡ་མཆོག་ནས་༧གོང་ས་མཆོག་ཉི་ཧོང་དུ་ཕེབས་པར་དགའ་བསུའི་འཚམས་འཕྲིན་དང་མ་འོངས་པར་༧གོང་ས་མཆོག་ལ་མཇལ་འཕྲད་དང་བོད་མི་མང་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཅེས་གསུངས་ཡོད་པ་རེད།  ཐེངས་འདིར་༧གོང་ས་མཆོག་ནས་ཉི་ཧོང་ནང་ཉིན་གྲངས་ ༨ རིང་མཛད་འཕྲིན་བསྐྱངས་རྒྱུ་ཡིན་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༨ ནས་ ༡༥ བར་མོན་རྟ་དབང་ནང་ཆིབས་བསྒྱུར་གནང་འཆར་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

ཆུ་ཚོད་ ༤ སྔོན་ལ།
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

ཆུ་ཚོད་ ༥ སྔོན་ལ།
སྐབས་ ༢༠ པའི་ཨེ་ཤ་ཡའི་མཆོང་རྒྱུག་འཕེན་གསུམ་གྱི་འདེམས་སྒྲུག་འགྲན་ཚོགས་ཐོག་བོད་ཀྱི་རྒྱང་རྒྱུག་པ་ཚེ་རིང་མཚོ་མོ་ལགས་ཀྱིས་ཨང་དང་པོ་བླངས། དྲ་ལམ་གྱི་པར། ༢༠༢༦།༠༥།༢༥
Mobile App

བོད་ཀྱི་རྒྱང་རྒྱུག་རྩེད་འགྲན་པ་གཉིས་ཨེ་ཤ་ཡའི་རྩེད་འགྲན་ནང་ཚུད།

ཆུ་ཚོད་ ༧ སྔོན་ལ།
Front Slider

བོད་མི་དམངས་འཆིང་བྱེད་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད།

ཆུ་ཚོད་ ༧ སྔོན་ལ།
Front Slider

Long-life prayer offereing to His Holiness by two associations

ཆུ་ཚོད་ ༧ སྔོན་ལ།
ttt
Front Slider

བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་དབུ་བརྙེས་ཏེ་ལོ་ངོ་ ༢༥ འཁོར།

ཆུ་ཚོད་ ༨ སྔོན་ལ།

མཆན། 6

  1. ཐུབ་བསྟན། says:
    ལོ་ 17 སྔོན།

    བཀའ་བློན་ཁྲི་པ་ཡབ་གཞིས་ཀྱི་མི་ཡིན་དགོས་དོན་ཡོད་མ་རེད།ཡབ་གཞིས་ཤིག་གིས་བཀའ་ཁྲི་གནང་ན་རྒྱ་མིས་སྐྱོན་བརྗོད་བྱེད་ངེས་དང།ང་རང་ཚོའི་ནང་ཁུལ་ལས་མ་དག་པ་དེ་ཚོས་སྐྱོན་བརྗོད་བྱེད་མཁན་གང་མང་འདུག སྔ་མ་རྒྱལ་ལོ་དོན་འགྲུབ་ཀྱིས་བཀའ་ཁྲི་གནང་སྐབས་ལས་ཀ་བྱེད་མ་བཅུག་པར་བཀའ་ཁྲི་ནས་དགོངས་པ་ཞུ་དགོས་བྱུང་བ་དེ་འདྲ་རེད།
    དེས་ན་ཡབ་གཞིས་ཡིན་དགོས་མི་འདུག
    ༧གོང་ས་མཆོག་གི་བཀའ་ཡག་པོ་སྒྲུབ་མཁན་ཞིག་ཡིན་ན་དེས་འགྲིགས་པ་རེད།འོན་ཀྱང་ད་ལྟའི་ཟམ་གདོང་གིས་མགོ་བདེ་པོ་རྐྱང་མ་གཏོགས་ལས་ཀ་ཡག་པོ་བྱེད་མི་འདུག་པ་ཚང་མས་མཐོང་ས་རང་རེད།
    ད་ལྟའི་བཀའ་བློན་ནང་བཀའ་ཁྲིའི་ཁྱད་ཆོས་ཚང་པའི་མི་རྐང་གཅིག་ཡོད་པ་རེད།
    དེ་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་རང་རེད།
    ཁོང་དངོས་གནས་ཧ་ཅང་ཡག་པོ་ཡོད་རེད།ཁོང་ལ་ཆོལ་ཁ་ཆོས་ལུགས་དང་གསར་འབྱོར་རྙིང་འབྱོར་སོགས་ཀྱི་ཁྱད་པར་མེད་པ་རེད།
    ཤེས་འཇོན་གཉིས་ལྡན་རེད།
    ཡིན་ན་ཡང་ཁོང་བཀའ་ཁྲིའི་འོས་གཞིས་ནང་ཙམ་ལ་སླེབས་ཐུབ་གི་མ་རེད།ཁོང་རང་ལས་ཀ་ཧུར་ཐག་བྱེད་པ་ཙམ་ལས་འཇོན་མདོགས་མི་གནང་པས་རེད།
    ཚེ་རིང་ཕུན་ཚོགས་དང།ཐུབ་བསྟན་ལུང་རིགས་གཉིས་ལ་མཚོན་ན་དཔོན་ཉམས་སྟོན་རྒྱུར་དགའ་བ་ཙམ་ལས་གཞན་གང་ཡང་མི་འདུག་ག
    ལྟོས་དང་བཀའ་ཁྲིའི་འོས་གཞིས་ནང་ཡོད་པ་དེ་ཚོ་མི་རྩ་མ་ཚང་པ་གང་མང་སླེབས་འདུག

    Reply
  2. ནད་པ says:
    ལོ་ 17 སྔོན།

    གྱུར་ཅིག་ལ་བཅོས་རོགས་གནང་།

    Reply
  3. ནད་པ says:
    ལོ་ 17 སྔོན།

    བོད་གཞུང་གི་དྲ་གནས་ལྟར་ན་ཉི་ཧོང་གི་དད་ལྡན་མི་གྲངས་ལྔ་སྟོང་གསུམ་བརྒྱ་ལྷག་ཞབས་བཅར་ཞུས་སྐོར་འཁོད་འདུག

    ༸ གོང་ས་མཆོག་གིས་ད་དུང་ངོས་ཀྱིས་རང་བཙན་རྩོད་ཀྱིན་མེད་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་འཚོལ་གྱིན་ཡོད་ཅེས་བཀའ་སློབ་ནན་མོ་གནང་འདུག
    རབ་འབྱམས་རྒྱལ་བ་ཀུན་གྱི་མཛད་པའི་འཁུར། །སྙིང་སྟོབས་ཕྲག་པར་བཟུང་བའི་རླབས་ཆེན་གྱི། །འཕྲིན་ལས་ཀུན་ཕན་ནམ་མཁའི་སྙིང་པོ་ཅན། །བཞེད་པ་ཇི་བཞིན་ལྷུན་གྱིས་འགྲུབ་རྒྱུར་ཅིག །

    Reply
  4. གནས་ཚང་། says:
    ལོ་ 17 སྔོན།

    ཚང་མ་ལོས་ཁ་ཡག་མ་བཤད། དེ་ལས་ཡབ་གཞིས་ཀྱི་མི་ཞིག་མ་འོངས་བཀའ་ཁྲིར་གདམ་ག་བྱས་ནས་བཞེད་དོན་མཐའ་འཁྱོངས་ཡོང་བར་རོགས་འདེགས་བྱེད་རོགས། གལ་སྲིད་དེ་འདྲ་ཙམ་ཡང་བསྒྲུབ་མི་ཐུབ་ན། ཁ་ནང་གི་དད་པ་ཙམ་ལ་ཕན་ཁེ་སྤུ་ཙམ་ཡང་ཡོད་པ་མ་རེད། དེ་འདྲ་ཞིག་མ་རེད་དམ།

    Reply
  5. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    གངས་རི་རྭ་བའི་བསྐོར་བའི་ཞིང་ཁམས་སུ།།
    ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།།
    སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡིས།།
    ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།

    Reply
  6. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    སྐྱབས་སུ་མཆི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese