མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སའི་གོ་ལའི་སྟེང་བདེན་པ་བོར་བའི་སྡུག་བསྔལ།

བོད་ཀྱི་དུས་བབ།
༢༠༠༩/༡༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

བཅུད་པར་གཡང་མཁོ་རྒྱལ། རྡ་རམ་ས་ལ།

ཐོག་མར་འགྲོ་བ་མིའི་རིགས་ནི་དུས་ཡུན་རིང་བོའི་ལོ་རྒྱུས་ཁྲོད་དུ་གདོད་མའི་སྤྱི་ཚོགས་ནས་བཟུང་སྟེ། འཚོ་ཁག་བཅད་བཟུང་གི་འཚོ་བ་རོལ་བའི་བདེ་སྐྱིད་དེ་རིམ་གྱིས་འགྲོ་བ་མིའི་རིགས་ཀྱི་ཆབ་སྲིད་བསམ་བློ་བས་སྲིད་དབང་སྒེར་གཅོད་ཀྱི་ཐབས་ལམ་སྣ་ཚོགས་བཀོལ་ནས་དབང་བསྒྱུར་བྱས་ཏེ། ན་གཞོན་ལོ་ཆུང་རྣམས་རིམ་པར་དམག་མི་ལ་གསར་བསྡུ་བྱས་ནས་མི་རིགས་རིང་ལུགས་ཀྱི་རྣོ་དབལ་ལྟ་བུའི་སློབ་གསོ་རབ་དང་རིམ་པ་བརྒྱབས་ནས་རྒྱལ་ཁབ་ནི་དགོས་མཁོ་ཅན་ཡིན་ཚུལ་དང་། དེ་ལ་བརྩོན་ལེན་བྱེད་དགོས་པའི་སྙིང་སྟོབས་དེ་ཁོ་ཚོའི་དམིགས་འབེན་ལ་ཁ་གཡར་ནས་སྒེར་དབང་བདག་འཛིན་ཅན་གྱིས་རང་ཉིད་ཀྱི་དགོས་མཁོ་དང་སྙན་གྲགས། ཡང་ན་མིའི་འཇིག་རྟེན་འདིར་སོ་སོའི་ལོ་རྒྱུས་ཀྱི་ཤུལ་རྗེས་ཁོ་ན་བཅས་ལ་དམིགས་ནས་གང་འདོད་དུ་དམག་མི་རྣམས་བེད་སྤྱོད་བྱས་ཏེ། སའི་གོ་ལ་ཧྲིལ་བོར་དམག་འཁྲུག་རབ་དང་རིམ་པར་བརྒྱབས་ནས་འགྲོ་བ་མིའི་རིགས་ཡོངས་ལ་དབྱེ་བ་མེད་པར་དབང་བསྒྱུར་གྱི་གཉའ་གནོན་དང་བཤུ་གཞོག་བྱས་པ་ཚད་ལས་བརྒལ་ཅིང་མིའི་བློ་ངོར་ཤོང་མི་ཐུབ་པའི་བྱུང་བ་དེས། འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་གི་རིན་ཐང་སྣང་མེད་དུ་བཞག་ནས་གང་འདོད་དུ་མེ་མདའ་དང་སྒྱོགས་མདེལ་ཁོ་ནས་མིའི་རིགས་ཡོངས་དམར་བསོད་བཏང་སྟེ། བེམ་པོ་བགྲང་ལས་དཔོག་མི་ཐུབ་པ་མང་པོ་དུར་ཁྲོད་དུ་བསྐྱལ་བས་རྗེས་སུ་རིམ་གྱིས་སྲིད་དབང་སྒེར་འཛིན་རིང་ལུགས་པའི་ཆབ་སྲིད་ཀྱི་བསྟན་པ་ནི་ཆར་ཤུལ་གྱི་ཤ་མོ་བརྡོལ་བ་ནང་བཞིན། སའི་གོ་ལ་ཧྲིལ་བོའི་སྒང་འདིར་དར་འགོ་ཚུགས་པས་ད་གཟོད་སའི་གོ་ལ་ཧྲིལ་བོའི་སྒང་འདིར་གཞི་ནས་རྒྱལ་ཁབ་ཅེས་པ་གསར་འཛུགས་བྱས་ཤིང་། དེ་བཞིན་རྒྱལ་རྟགས་དང་། རྒྱལ་གླུ་སོགས་སྣ་མང་ཅན་རིམ་བཞིན་ཤུགས་ཆེར་དར་བ་དང་རྒྱལ་མཚམས་བཅད་བཟུང་བྱས་ཏེ། མིའི་རིགས་ཀྱིས་འབྲེལ་ལམ་ཆགས་སྡང་ཅན་དུ་ཁ་ཕྱོགས་སུ་བཅུག་པ་ནི་འགྲོ་བ་མིའི་རིགས་ཀྱི་སྤྱི་དོན་ལ་ཆ་བཞག་ནས་བཤད་ན། ངས་ནམ་རྒྱུན་ཞིབ་ཏུ་མནོ་བསམ་རེ་བཏང་ཚེ། མིའི་རིགས་ཀྱིས་སའི་གོ་ལ་ཧྲིལ་བོ་ཞི་བདེ་ཅན་དུ་ཁ་ཕྱོགས་པའི་ལས་དོན་བསྒྲུབ་རྒྱུའི་ཐད་ལ་ནག་ཉེས་ཚབས་ཆེན་བསགས་ཡོད་པ་མ་ཟད། ད་དུང་སའི་གོ་ལ་ཧྲིལ་བོའི་སྒང་གི་དབང་འཛིན་རིང་ལུགས་པ་མང་པོའི་རྗེས་ཤུལ་དུ་མིའི་འཇིག་རྟེན་ལ་བཞག་པའི་བཅོས་བསྒྱུར་བྱ་དགོས་པའི་ལོ་རྒྱུས་ཀྱི་ནག་ཉེས་དང་། འགྲོ་བ་མིའི་རིགས་ད་དུང་དབང་སྒྱུར་གྲལ་རིམ་གྱི་གཡོ་འོག་ཏུ་ཚུད་ཡོད་པས་དུས་རབས་ཉེར་གཅིག་གི་ཁྲོད་ནའང་ནག་ཉེས་ཁོ་ན་དུར་སྦས་བྱས་ཡོད་པ་མ་ཡིན་ནམ།

སྤྱིར་བཏང་དུ་མིའི་རིགས་ལ་མཚོན་ནས་བཤད་ན། དུས་རབས་ཉེར་གཅིག་ནི་གོ་ལ་ཧྲིལ་བོ་གཅིག་གྱུར་གྱི་དམིགས་ཡུལ་བརྟན་སྲུང་འདིར་རྨང་གཞིའི་མ་གདན་འདིང་དགོས་པའི་དུས་རབས་གལ་ཆེན་ཞིག་ཏུ་ཆགས་ཡོད་པར་བཤད་ཀྱང་། དོན་ངོ་མར་ཁ་སྟོང་ནང་གི་ཚིག་སྟོང་ཞིག་ཏུ་གྱུར་པ་མ་ཡིན་ནམ། ད་ལྟའི་གོ་ལ་ཧྲིལ་བོའི་སྒང་གི་རྒྱལ་ཁབ་སོ་སོའི་དབང་འཛིན་ཁག་དང་ཆེད་མཁས་ཀྱི་ལས་རིགས་འདྲ་མིན་དག་གིས་དེ་ལས་ལྡོག་སྟེ། ཞི་བདེ་ཞེས་པའི་ཐ་སྙད་སྐམ་པོ་དེ་རྒྱལ་སྤྱིའི་གླེང་སྟེགས་སུ་ཁྱེར་འོང་སྟེ། གསེར་ལས་དཀོན་པའི་དུས་ཚོད་འདི་སྟོང་བཤད་ཁོ་ནས་བསྐྱལ་བཞིན་ད་བར་དུ་འཕྲོ་ལྷག་ཏུ་བཏང་བ་མ་ཟད། ནམ་རྒྱུན་ཐ་སྙད་དེ་གཅིག་པུ་ལག་ཆ་ལྟ་བུ་ཞིག་ཏུ་བེད་སྤྱོད་བྱས་ཏེ། ཐ་ན་རྒྱལ་འབངས་དམར་བསོད་བྱེད་མཁན་གྱི་རྒྱལ་ཁབ་ཁ་ཤས་ཤིག་གི་དབང་འཛིན་དང་ལས་རིགས་འདྲ་མིན་གྱི་ཆེད་མཁས་པ་དག་གིས་ཀྱང་གྲུབ་འབྲས་སྤུ་ཙམ་ཡང་མེད་པར་སྐྱུག་བལྡད་བྱེད་ཀྱིན་ཡོད་པ་དེར་བདག་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་བློ་ཕམ་ཡོད་པ་མ་ཟད། སའི་གོ་ལའི་སྟེང་གི་ནག་ཉེས་ཚབས་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། ངས་བརྗོད་འདོད་ཀྱི་བརྒྱ་བཤད་ཚིག་གི་རྩ་བ་ནི་དོན་དངོས་སུ་ཞི་བདེ་ལ་རྨང་གཞི་འདིང་བའི་ལས་དོན་དེ་རྒྱལ་ཁབ་སོ་སོའི་ལག་བསྟར་དུ་འཁེལ་མ་ཐུབ་པར་ལྷག་ཡོད་པ་ནི་ད་ལྟའི་འགྲོ་བ་མིའི་རིགས་ཀྱི་སེམས་པའི་གཏིང་རིམ་ལ་འཐིམ་པའི་ན་ཟུག་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་དངོས་ཡོད་གནས་ཚུལ་རེད། ཁོང་རྣམ་པ་ཚོར་མཁྱེན་རྒྱ་ཡོད་ཀྱང་ཚད་བཟུང་ཅན་གྱི་ཁེ་དབང་གིས་དམ་དུ་བཅིངས་ནས་མིག་སྔའི་རྒྱུ་ནོར་ཁོ་ན་ཡར་རྒྱས་གོང་འཕེལ་གཏོང་བ་དང་། རྒྱལ་ཁབ་བརྟན་སྲུང་གི་ཆེད་དུ་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་དང་། མང་གཙོའི་རྒྱལ་ཁབ་སོ་སོའི་བར་འཆམ་མཐུན་བྱེད་དགོས་ཅེས་གོ་ལ་ཧྲིལ་བོར་ཡང་སྐོར་བསྐྱར་སྐོར་དུ་ཁྱབ་བསྒྲགས་བསྟུད་མར་བྱས་ཡོད་ཀྱང་། ཐོབ་ཐང་དང་མང་གཙོ་ཞེས་པའི་ཐ་སྙད་འདི་གཉིས་ནི་ད་ཆ་ཤི་གསོན་མི་ཤེས་པའི་བར་མཚམས་ལ་བསྐྱལ་ཡོད་པར་སྣང་ལ། དོན་ངོ་མར་ཁོང་རྣམ་པས་རྒྱུ་ནོར་ལོངས་སྤྱོད་ཀྱི་དབང་བསྒྱུར་འོག་གི་བསམ་བློ་གཡོ་སྒྱུ་ཅན་གྱི་སྲིད་དབང་སྒེར་གཅོད་རིང་ལུགས་པའི་སྦས་སྐུང་ཟབ་མོའི་མཇུག་མཐུད་པ་རེད། འགྲོ་བ་མིའི་རིགས་ཀྱི་འཆམ་མཐུན་ལ་ཚད་བཟུང་བྱས་ཏེ་མངོན་ལྐོག་གཉིས་ནས་འབངས་མི་ཡོངས་ལ་མགོ་སྐོར་གཏོང་བའི་ཉེས་པ་བསགས་པ་མ་ཡིན་ནམ། ད་ལྟའི་མིའི་རིགས་འཚོ་སྡོད་ཀྱི་ས་སྒང་ཧྲིལ་བོའི་ཕྱི་སྣོད་ཀྱི་རང་བྱུང་ཁོར་ཡུག་དང་ནང་བཅུད་ཀྱི་སེམས་ཅན་མ་ལུས་པར་སྲིད་དབང་སྒེར་འཛིན་པའི་ལྟག་རྒྱབ་ན་སྐུང་བའི་རྒྱུ་ནོར་ལོངས་སྤྱོད་ལ་ཚིམ་པ་མེད་པའི་ཧམ་སེམས་རིང་ལུགས་ཅན་གྱི་ཕྱུག་བདག་གྲལ་རིམ་ཚོའི་དབང་བསྒྱུར་རྒྱ་ཡན་དུ་སོང་བས། སའི་གོ་ལ་ཧྲིལ་བོར་གད་སྙིགས་ཀྱི་ཕུང་བོ་ཞིག་ཏུ་འགྱུར་བཞིན་པའི་ཉེན་ཁའི་འཇིགས་སྣང་འོང་བ་ལས། རྒྱལ་འབངས་ཡོངས་ལ་ཉེས་པ་རྩ་བ་ནས་ཡོད་པ་མ་རེད། དེ་བས་ཆབ་སྲིད་དབང་བསྒྱུར་བ་དག་གིས་དོན་དངོས་ཐོག་མི་རབས་རྗེས་མའི་མ་འོངས་པའི་འཚོ་གནས་ཀྱི་ཕྱོགས་ལ་ཚུལ་འཆོས་ཀྱི་སྐད་ཆ་བཤད་པ་མ་གཏོགས། དོན་དངོས་ཐོག་སེམས་ཁུར་བྱེད་ཀྱིན་མེད་ལ། སའི་གོ་ལ་ཧྲིལ་བོའི་རྒྱལ་ཁབ་སོ་སོའི་དབང་འཛིན་མི་སྣ་དག་དང་ཕྱུག་བདག་ཚང་མ་ཁྱི་སྤྱང་ངན་འབྲེལ་བྱས་པའི་ཧམ་སེམས་ཀྱི་སྒེར་བདག་རིང་ལུགས་དེ་ནི། ད་ལྟ་ཉེན་ཁ་ཚབས་ཆེན་ལྟ་བུའི་གནས་སྟངས་ཤིག་ཏུ་ཆགས་ཡོད་པ་མ་ཡིན་ནམ། དེང་སྐབས་རྒྱལ་ཁབ་ཚང་མར་དཔལ་འབྱོར་ཉིན་རེ་བཞིན་དར་རྒུད་གཉིས་མཉམ་དུ་འདྲེས་བཞིན་ཡོད་པའི་སྒང་ཡིན་ལ། དོན་ངོ་མར་སའི་གོ་ལ་ཧྲིལ་བོ་རྒུད་པའི་ཉེན་ཚབས་དེ་རིམ་གྱིས་མིའི་རིགས་ཀྱི་འཇིགས་སྣང་དུ་འགྱུར་བཞིན་ཡོད་པ་མ་ཡིན་ནམ། སྟོབས་ཆེན་རྒྱལ་ཁབ་ལ་ལས་དངོས་ཡོད་སྤྱི་ཚོགས་དང་ཁ་གཏད་ནས་ཚན་རིག་དར་རྒྱས་གོང་འཕེལ་གཏོང་འདོད་ཀྱིས་དམིགས་འབེན་ཁོ་ན་བཟུང་ཡོད་པས། ད་ལྟ་རྒྱལ་ཁབ་མང་ཤོས་ཤིག་ལ་མངའ་ཐང་ཡར་རྒྱས་ཆེ་སྟབས། རང་རང་གི་རྒྱལ་ཁབ་བསྟན་སྲུང་གི་དམག་ཤུགས་དེ་ཧ་ལས་པའི་གྲུབ་འབྲས་ཤིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་ཀྱང་དོན་དམ་པར་འཁོན་སེམས་ཀྱི་ཆགས་སྡང་རུལ་སུངས་ཅན་དུ་གྱུར་བ་མ་ཡིན་ནམ། དོན་དངོས་ཐོག་བཤད་ན། མཉམ་འབྲེལ་རྒྱལ་ཚོགས་ཟེར་བ་ནི་རྒྱལ་ཁབ་སོ་སོའི་བར་ལ་གཅིག་གྱུར་བདག་དབང་ལ་ནུས་པ་འདོན་ཐུབ་ཀྱི་མེད་ལ། དེ་ནི་ཆབ་སྲིད་དབང་བསྒྱུར་བ་དག་གི་འགྲོ་བ་མིའི་རིགས་ཀྱི་མཐོང་སྣང་ན་ཡོད་མདོག་གི་ཁ་གཡར་ས་ཁོ་ན་ཙམ་དུ་གྱུར་བ་མ་ཡིན་ནམ། དེས་རྒྱལ་ཁབ་ཕན་ཚུན་བར་མཛའ་འབྲེལ་གཏིང་ཟབ་ཚད་དང་འགྲོ་བ་མིའི་རིགས་ཀྱི་སྐྱིད་སྡུག་གཅིག་མ་གཏོགས་གཉིས་མེད་ཚུལ་དང་། སའི་གོ་ལ་ཧྲིལ་བོར་མཁོ་བ་ནི་ཞི་བདེ་ལ་ཁ་ཕྱོགས་དགོས་པ་སོགས་བརྗོད་ཀྱིན་ཡོད་ནའང་། དེ་ནི་མངོན་ལྐོག་གཉིས་ལྡན་གྱི་སྐད་ཆ་རེད་མ་གཏོགས་དོན་དངོས་སུ་རྒྱལ་ཁབ་སོ་སོའི་བར་ལ་ཡིད་ཆེས་རྩ་བ་ནས་ཡོད་པ་མ་རེད། འདི་ལ་དཔེ་མཚོན་ཙམ་བཀོད་ན་འདི་ལྟར་དེང་སྐབས་སའི་གོ་ལ་འདིའི་ཕྱོགས་མཐའ་ཀུན་ཏུ་རྡུལ་ཕྲན་མཚོན་ཆ་དང་གོ་མཚོན་འདྲ་མིན་གསང་བའི་སྒོ་ནས་ལས་དོན་བསྒྲུབ་བཞིན་པ་ནི། ཁ་སང་དེ་རིང་རྒྱལ་སྤྱིའི་སྟེང་ན་བྱ་བ་ངན་པ་བཟོ་བཞིན་པ་དངོས་ཡོད་ཡིན་ལ། སའི་གོ་ལ་དང་འགྲོ་བ་མིའི་རིགས་གཉིས་གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་ཡོད་པ་ནི་འཁོར་བའི་ཆོས་ཉིད་ཡིན་པས། དེའི་ཆགས་འཇིག་ལ་དུས་རབས་ཉེར་གཅིག་གི་དུས་འདིར་སའི་གོ་ལ་ཧྲིལ་བོར་ཞིབ་འཇུག་བྱེད་མཁན་རྣམ་པས་རྟོག་དཔྱད་བྱས་པའི་ཆགས་འཇིག་གི་གནས་སྟངས་སྤེལ་བ་ལ་ཁ་ཞེ་གཉིས་མེད་སྒོས་དོ་སྣང་བྱ་དགོས་པ་མ་ཟད། འགྲོ་བ་མིའི་རིགས་སུ་ཞིག་ཡིན་རུང་དུས་རྒྱུན་འཚོ་སྡོད་ཀྱི་ཁོར་ཡུག་ལ་དོ་སྣང་བྱ་དགོས་པའི་བྱ་བཞག་གལ་འགངས་ཆེ་བ་མ་བསྒྲུབ་པའི་ཉེས་པའི་ལས་ལན་དེ་ནམ་ཞིག་ལ་ཕྱིར་འགྲོ་བ་ཡོངས་ལ་འཁོར་བར་གདོན་མི་ཟ་བས། འབྲོག་བུ་བློ་དམན་བདག་གིས་བསམ་གཞིགས་ཀྱི་དཔོག་ཚད་ལ་གཞིགས་ན། སྤྱིར་དེང་སྐབས་མིའི་རིགས་ཀྱི་གོ་རྟོགས་ཇེ་ཆུང་དང་མི་རིགས་རིང་ལུགས་ནི་ཇེ་མཁྲེགས་སུ་འགྲོ་བཞིན་ཡོད་པའི་རྣམ་རྟོག་གི་སྣང་ཚུལ་ཞིག་ཉིན་རེ་བཞིན་རབ་དང་རིམ་པར་སྐྱེས་ཀྱིན་འདུག སའི་གོ་ལ་ཧྲིལ་བོ་འདིའི་སྟེང་དུ་རྒྱལ་ཁབ་ཚང་མ་ད་དུང་ཁེ་བཟང་སྲིད་དབང་སྒེར་གཅོད་རིང་ལུགས་པས་མི་རིགས་མཁྲེགས་འཛིན་ཅན་དུ་ཤུགས་ཆེར་ཁ་ཕྱོགས་པར་བཅུག་ཡོད་པས། འགྲོ་བ་མིའི་རིགས་མང་ཤོས་ནི་ད་དུང་བྱིས་པ་བསམ་མེད་ལྟ་བུའི་ཆབ་སྲིད་པའི་དབང་བསྒྱུར་མགོ་སྐོར་འོག་ཏུ་ཚུད་ཡོད། རྒྱུ་མཚན་ནི་རྒྱལ་ཁབ་མང་ཆེ་བར་ཕྱིའི་སྤྱི་ཚོགས་ཀྱི་རྣམ་པ་ཉི་མ་རེ་རེ་བཞིན་འཕེལ་རྒྱས་ཀྱི་རྣམ་པ་ཅན་དུ་འགྱུར་བཞིན་པ་དེས། འགྲོ་བ་མིའི་རིགས་མང་ཤོས་ཤིག་འདོད་འདུན་གྱིས་ཡིད་ཚིམ་ནས་མིག་སྔའི་འཚོ་བར་སྐྱིད་ཉལ་བྱས་ནས་བསྡད་ཡོད་རུང་། རྒྱལ་ཁབ་མེད་པའི་ང་ནི་སྤྲང་བོ་མ་ཎི་བརྡོལ་མཁན་ཞིག་ཡིན་ཡང་། ངའི་སེམས་ཁམས་སྐྱིད་མིན་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་ཁོར་ཡུག་སྲུང་སྐྱོབ་བྱེད་ཕྱོགས་དང་རྒྱལ་ཁབ་ཡོད་པའི་འབྱོར་ལྡན་གྱི་འབངས་མི་གཉིས་ཀ་བསྡུར་བ་ཡིན་ཚེ། གནམ་ས་ལྟ་བུའི་ཁྱད་པར་ཞིག་ཡོད་པ་ནི་སྨོས་མི་དགོས་པ་ཞིག་རེད། དེ་ནི་སྲིད་དབང་སྒེར་གཅོད་པས་བཟོས་པའི་དབང་བསྒྱུར་གྱི་ནག་ཉེས་ཡིན་ནམ། དོན་ངོ་མར་སའི་གོ་ལ་ཧྲིལ་བོའི་སྟེང་གི་འགྲོ་བ་མིའི་རིགས་ཡོད་ཚད་ལ་སྲིད་དབང་སྒེར་བདག་རིང་ལུགས་ཀྱི་ཚད་བཟུང་དང་དབང་བསྒྱུར་ཤུགས་ཆེ་བ་ཐེབས་ཡོད་པས། ད་དུང་རྒྱལ་ཁབ་སོ་སོའི་ཁེ་དབང་སྲུང་ཆེད་དུ་མངོན་ལྐོག་གཉིས་ན་སྦས་པའི་འཚོ་གནས་ཀྱི་དགོས་མཁོ་དང་རྒྱལ་སྲུང་གི་རྒྱུགས་ཁྱི་ངོ་མ་དེ། ཁ་སང་དེ་རིང་ལ་ཉིན་རེ་ནས་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བའི་སྒང་ཡིན་ལ། འདི་ལྟར་ཕྱི་སྣོད་ལ་སྲུང་སྐྱོབ་མ་བྱས་པར་སོང་བ་ན། ཉིན་ཞིག་ལ་སའི་གོ་ལ་ཧྲིལ་བོར་མ་འོངས་པར་འཇིག་ཉེན་གྱི་ཉེན་ཁ་དེ་འགོག་མི་ཐུབ་པའི་དུས་ཚོད་ཅིག་འབྱུང་སྲིད་པས་དེ་དུས་ཀྱང་སྟོབས་ཆེན་རྒྱལ་ཁབ་ཟེར་བ་ཡིན་ནའང་འདྲ། དམག་གི་སྟོབས་ཤུགས་ཟེར་བ་ཡིན་ནའང་འདྲ། ཕྱུག་པོའི་རྒྱུ་སྟོབས་ཀྱི་དབང་བསྒྱུར་ཡིན་ནའང་འདྲ། རྒྱལ་ཁབ་སོ་སོའི་དབང་འཛིན་དང་མཁས་དབང་སོགས་འགྲོ་བ་མིའི་རིགས་ཚང་མ་གྲལ་རིམ་ལ་དབྱེ་བ་མེད་པར་གད་སྙིགས་ཀྱི་ཕུང་བོ་ཞིག་ཏུ་འགྱུར་རྒྱུ་གདོན་མི་ཟའོ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་ནས་སྟོང་འཁོར་མཉྫུ་ཤྲཱི་ཧུ་ཐོག་ཐུས་གཙོས་པའི་སོག་པོ་ ༡༤༨ ལ་མཇལ་ཁ་དང་བཀའ་སློབ་སྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༦།༢༠
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བོད་སོག་གཉིས་ལ་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད་ཅེས་གསུངས།

༢༠༢༥/༠༦/༢༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ཤྲི་མ་ཏི་མཆོག་དགུང་གྲངས་ ༦༧ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་མཛད། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༦།༡༩
༧གོང་ས་མཆོག གསུང་འཕྲིན།

རྒྱ་གར་གྱི་སྲིད་འཛིན་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

༢༠༢༥/༠༦/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་ཟུར་འབའ་པ་རླུང་ཁར་ངག་དབང་བཀྲ་ཤིས་ལགས་སྐུ་གྲོངས་པར་ཐུགས་གསོ་ཞུས།

༢༠༢༥/༠༦/༡༩
UN High Commissioner for Human Rights Volker Türk at the 59th session of the UN Human Rights Council (photo:DRM News)
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་སྐོར་གླེང་སློང་གནང་། 

༢༠༢༥/༠༦/༡༩
Front Slider

༧སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་ཚིགས་དབུ་འབྱེད་གནང་།

༢༠༢༥/༠༦/༡༨
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། ཚོགས་གཞོན་དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༦།༡༨
Mobile App

༧སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་ཚིགས་དབུ་འབྱེད་གནང་།

༢༠༢༥/༠༦/༡༨

མཆན། 12

  1. ཐོག་རྒོད། says:
    ལོ་ 16 སྔོན།

    དྲ་གྲོགས་སྨྲ་སྟི་གཟེར་ལགས།
    ངས་གཟབས་ནན་བྱས་སྐད་ཆ་བཤད་ལེ་ཡོད།
    གླེང་མི་དགོས་པ་གང་ཡིན་གླེང་མེད།
    ངས་དྲང་པོ་བྱས་བཤད་པ་རེད།
    དྲང་པོའི་སྐད་ཆ་ཉུང་ན་ཡག་པོ་ཡོད་མ་རེད།
    ཁྱོད་སྟི་གཟིར་གྱིས་དྲང་པོ་དགོས་ལེས་འདུག
    སྟི་གཟེར་ལོགས།

    Reply
  2. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    ཨ་རོགས་ཐོག་རྒོད་ལགས་ཁྱེད་ཀྱི་ཞལ་ནས་གང་མཐོན་སྐད་ཆ་ཡིན་རྣམ་མ་ཤར་་
    ཁྱེད་རང་སྐད་ཆ་བཤད་དུས་གཟབ་གཟབ་བྱེད་ན་ཡག་པོ་འདུག་ཁྱེད་་ཀྱི་སྐད་ཆ་མང་པོ་མཐོང་སོང་གླེང་མི་དགོས་པ་མང་པོ་གླེང་འདུག་དེ་རྟེན་ཁྱེད་ཀྱི་ཁ་ནས་
    བཤད་ཡ་ཉུང་ན་དགའ་ས་རེད་ཅི་སྟེ་གླེང་འདོད་ན་་དྲང་པོ་ཞིག་བཤད་དགོས་རྒྱུ་གལ་ཆེ་རེད་འདུག་དེ་རྟེན་དགོངས་འཇགས་འཚལ།

    Reply
  3. ཐོག་རྒོད། says:
    ལོ་ 16 སྔོན།

    གཡང་མཁོ་རྒྱལ་གྱི་རྩོམ་ཡི་དེ་ལ་གོ་ཡ་གང་ཡང་མི་འདུག། མི་ཁོ་སྐྲ་རིང་རྩ་མ་ཚང་པ་ཞིག་ཡོད་རེད་ལ་དེ་ནང་བཞིན་རྩོམ་ཡིག་རྩ་མ་ཚང་བ་ལས་མེད་འདུག། རྩ་མ་ཚང་པ་ཁོ་ངས་ཁ་སང་ཐེངས་ཁ་ཤས་ལ་རྡ་སྟེང་ནས་མཐོང་བྱུང།

    Reply
  4. འབྲོག་གཡག says:
    ལོ་ 16 སྔོན།

    སྡུག་བསྔལ་ནི་བདེན་པ་འཚོལ་བྱེད་ཀྱི་ལམ་ཡིག་ལྟ་བུ་ཡིན་ལ།
    ཡིན་ནའང་། ང་ཚོས་སྡུག་བསྔལ་གྱི་བརྒྱུད་རིམ་མ་བརྒུད་ན་བདེན་པ་ནི་ནམ་ཡང་འཚོལ་ཐབས་མེད།
    དེར་བརྟེན། མི་བུ་རང་ཉིད་ནས་བདེན་འཚོལ་ལ་འབད་བརྩོན་བྱེད་རྒྱུ་ནི་མི་བུ་རང་ཉིད་ཀྱི་འགན་འཁྲི་ཡིན།

    Reply
  5. གོང་དཀར་ངག་རྣམ། says:
    ལོ་ 16 སྔོན།

    ཟིན་བྲིས་ནང་གི་མིང་གང་བྱུང་མང་བྱུང་དེ་ཚོར་ང་མགོ་ན་གི་འདུག

    Reply
  6. ཐོག་རྒོད། says:
    ལོ་ 16 སྔོན།

    I don’t know.

    Reply
  7. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    གོ་རྒྱུ་མེད་པ་ཚིག་ཚོགས་ཅན་གྱི་ཡི་གེ་འབྲི་ན་སློབ་སྦྱོང་དམིགས་གསལ་བྱེད་ཡ་མི་འདུག་

    Reply
  8. རྭ་ལོ། says:
    ལོ་ 16 སྔོན།

    བདེན་པ་བོར་བའི་སྡུག་བསྔལ་འདི་ནི་བདེན་པ་བཞིའི་ནང་གི་སྡུག་བསྔལ་བདེན་པ་རེད། ཧ་ཧ་ཧ་་་

    Reply
  9. ནོར་བུ་གླིང་ཁ། says:
    ལོ་ 16 སྔོན།

    གོ་རྒྱུ་འདུག་མི་གོ་མཁན་ཚོས་མ་གོ་བར་དུ་སློབ་སྦྱོང་དགོས་ངེས་རེད།

    Reply
  10. རྭ་ལོ། says:
    ལོ་ 16 སྔོན།

    ཁ་བྱང་དེ་གཅིག་པུས་དོན་དག་གསལ་ཐག་ཆོད་ཅིག་བཤད་འདུག མགོ་མི་ཚོད་མཁན་ཚོས་རྩོམ་ཡིག་ཚང་མ་ཀློག་དགོས་དོན་མི་འདུག

    Reply
  11. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    རྩོམ་པ་པོ་ལགས་ཁྱེད་ཀྱི་ཅི་གསུང་ཡིན་ ཅི་གང་ཤག་གོ་མ་སོང་ ང་བློན་གྲགས་ཡིན་ན་ཡང་ན་ཁྱེད་མཁས་གྲགས་ཡིན་གང་ཞིག

    Reply
  12. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    རྩོམ་པ་པོ་ལགས། ཚར་གཅིག་བཀླགས་ཟིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese