མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉོན་མོངས་ལས་གྲོལ་ཐབས་ནི་བདག་མེད་རྟོཊ་པའི་ཤེས་རབ་ཡིན།

བོད་ཀྱི་དུས་བབ།
༢༠༠༩/༡༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

འབྲུག་རྒྱལ་ཁབ་དེ་ཆོས་ལྡན་གྱི་རྒྱལ་ཁབ་ཅིག་རེད། སངས་རྒྱས་ཆོས་དར་ཁྱབ་ཆེན་པོ་ཞེ་དྲག་ཡོད། ཕྱི་དངོས་པོའི་འཛུགས་སྐྲུན་ཡར་རྒྱས་མྱུར་མོར་འགྲོ་བཞིན་ཡོད། དེ་བཞིན། སངས་རྒྱས་ཀྱི་ཆོས་ཚུལ་དང་། ལྷག་པར་དུ་འབྲུག་པ་བཀའ་བརྒྱུད་པའི་བསྟན་པ་སྲོག་ཤིང་ལྟ་བུར་གསུང་གིན་ཡོད། དེ་ལྟ་བུའི་ཆོས་ཚུལ་བཤད་སྒྲུབ་ཟུང་འབྲེལ་གྱི་ཐོག་ནས་དར་སྤེལ་གཏོང་རྒྱུར་འབད་བརྩོན་གནང་ཐུབ་ན་ཡག་པོ་ཡོང་གི་རེད། ཕྱི་དངོས་པོའི་ཡར་རྒྱས་དང་ལྷན་དུ་ནང་བསམ་བློའི་བདེ་སྐྱིད་ཀྱང་ཡོང་གི་རེད། ཅེས་༧གོང་ས་མཆོག་གིས་གསུངས།

 

སྤྱི་ནོར་༧གོང་ས་ལྷ་མིའི་རྣམ་འདྲེན་མཆོག་གིས་ཁ་སང་གི་རྟེན་འབྲེལ་སྟོད་པའི་གསུང་འཕྲོས། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ བ་ནས་མུ་མཐུད་ཡོད་ལ། གསུང་ཆོས་དབུ་འཛུགས་མ་བྱས་གོང་ལ་ཨ་རུ་ན་ཅལ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་གསུང་ཆོས་ར་བར་ཕེབས་ཏེ། ༧གོང་ས་མཆོག་ལ་མཇལ་དར་སྒྲོན་ཞིང་ཕྱག་མཇལ་ཞུས་སོང་། སྐབས་དེར་༧གོང་ས་མཆོག་གིས་དགེ་སྡིག་གི་ངོ་བོ་དང་། ཉོན་མོང་དང་མ་རིག་པ་ལས་གྲོལ་ཐབས་སུ་བདག་མེད་རྟོགས་པའི་ཤེས་རབས་སྒོམ་དགོས་ཚུལ་གསུངས་དོན། དེ་ཡང་མདོ་ལས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་སུ་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་པ་རེད། སྡིག་པ་ཅི་ཡང་མི་བྱ་ཞིང་གསུངས་པ་དེ་སྡུག་བསྔལ་གྱི་རྒྱུ། གཞན་ལ་སྡུག་བསྔལ་སྐྱེད་བྱེད་དང་གཞན་ལ་གནོད་བྱེད་རེད། སྡུག་བསྔལ་ཟེར་བ་དེ་ང་ཚོས་མི་འདོད་པ་ཞིག་རེད། དེར་བརྟེན་སྡིག་པ་ཞེས་ལབ་པ་རེད། རང་ཉིད་ལ་གནོད་པར་བྱེད་པ་དང་སྡང་བར་བྱེད་པ་ཞིག་རེད། དགེ་བ་ཕུན་སུམ་ཚོགས་པར་སྤྱད་ཟེར་བ་དེ་ནི། བདེ་སྐྱིད་ང་རང་ཚོས་འདོད་པ་རེད། འདོད་པའི་བདེ་སྐྱིད་ཀྱི་རྒྱུ། གཞན་ལ་ཕན་བཏགས་པ་དང་་གཞན་ལ་བདེ་སྐྱིད་སྤྱིན་པ་ཡིན་ན། དེའི་འབྲས་བུ་རང་ལ་བདེ་སྐྱིད་ཡོང་བ་ཞིག་ཆགས་ཀྱིན་ཡོད། བདེ་སྐྱིད་ཟེར་བ་དེ་དགེ་ཤིང་ལེགས་པ་ཞིག་ཡིན་སྟབས། དེའི་རྒྱུ་ལ་དགེ་བ་ཞེས་བཏགས་པ་རེད། དེ་ལྟར་སྡིག་པ་སྤངས་ཤིང་དགེ་བ་སྒྲུབ་པ་དེ་མངོན་མཐོ་སྒྲུབ་པའི་ཐབས་ཤིག་ཆགས་ཡོད། དེ་འཛམ་གླིང་གི་ཆོས་ལུགས་གཙོ་ཆེ་བ་ཐུན་མོང་གི་འདོད་ཚུལ་ཞིག་རེད། ཅེས་དང་།

 

དེ་ནས་རང་གི་སེམས་ནི་ཡོངས་སུ་འདུལ་གསུངས་པ་དེ། སྡིག་པ་སྤོངས་དགེ་བ་སྒྲུབས་ཟེར་ནས་ཁྲིམས་བཅོས་པ་ལྟ་བུ་ཞིག་མ་རེད། སེམས་ནས་དང་དུ་བླངས་ཏེ་སྡིག་པ་སྤོང་བ་དང་དགེ་བ་སྒྲུབ་པ་ཞིག་དགོས་ཀྱིན་ཡོད། དེར་བརྟེན། སྡིག་པ་ལ་ཉེས་དམིགས་སུ་མཐོང་ཞིང་། དགེ་བ་ལ་ཡོན་ཏན་དུ་བལྟ་དགོས། སེམས་ང་རྒྱལ་དང་ཕྲག་དོག ཞེ་སྡང་། འཇིགས་སྣང་སོགས་ཀྱི་འོག་ནས་བསྡད་པ་ཡིན་ན། སྡིག་པ་རང་གི་ངང་གིས་ཡོང་གི་རེད། ཞེ་སྡང་ཆེན་པོ་དང་ཕྲག་དོག་ཆེན་པོ་སྐྱེ་པ་ཡིན་ན། རང་བཞིན་གྱིས་གཞན་ལ་གནོད་པ་བྱེད་གི་རེད། གཞན་ལ་བརྩེ་བའི་བསམ་པ་དང་ཕན་འདོགས་པའི་བློ་ཞིག་ཡོད་ན། རང་བཞིན་གྱིས་གཞན་ལ་ཕན་པའི་བྱ་བ་ཞིག་བསྒྲུབ་གི་རེད། དེ་འདྲ་ཡིན་དུས་སྡིག་པ་སྤོངས། དགེ་བ་སྒྲུབས་ཟེར་བ་དེའི་རྩ་བ་ཐུག་ས་རང་གི་སེམས་ལ་ཐུག་ཡོད། སེམས་མ་བཏུལ་བའི་དབང་གིས་སྡིག་པ་གསོག་གིན་ཡོད་ཅིང་། བཏུལ་བའི་དབང་གིས་དགེ་བ་གསོག་གིན་ཡོད། དེར་བརྟེན། སེམས་མ་བཏུལ་བ་འདུལ་པར་བྱེད་པ་དང་། བཏུལ་བ་གོང་ནས་གོང་དུ་སྤེལ་བ་དེ་སངས་རྒྱས་ཆོས་ཀྱི་ཁྱད་ཆོས་རེད།

 

སངས་རྒྱས་པའི་ཆོས་དེས་ཉོན་མོང་ལ་སྐྱོན་དུ་ལྟ་ཞིང་། ཉོན་མོང་དང་དུ་མི་ལེན་པར་ཉོན་མོང་ལ་གཉེན་པོ་བསྟེན། ཉོན་མོང་གི་རྩ་བ་གཏི་མུག་མ་རིག་པ་ཡིན། མ་རིག་པར་རྣམ་གྲངས་མང་ཡང་། འདིར་བཤད་པ་ནི་བདག་ཏུ་འཛིན་པའི་མ་རིག་པ་དེ་རེད། བདག་ཏུ་འཛིན་པའི་རྨོངས་པ་དེ་སེལ་རྒྱུར་བདག་མེད་པར་རྟོགས་པའི་ཤེས་རབ་དགོས། རྒྱུད་འདུལ་བར་ཉོན་མོང་གི་རྩ་བ་གཏི་མུག་བདག་འཛིན་ལ་ངོས་འཛིན་བྱས་ཏེ། གཏི་མུག་བདག་འཛིན་སྤང་ཆེད། བདག་མེད་པའི་ལྟ་བ་སྒོམ་པ་དེ་ནི། སེམས་འདུལ་བའི་ཐབས་དམ་པ་ཆགས་ཡོད། ཆོས་ལུགས་གཞན་ཕལ་མོ་ཆེ་ཡིས་སེམས་འདུལ་ཐབས་བྱེད་པའི་ཐབས་གཙོ་བོ་དད་པ་རེད། དཀོན་མཆོག་ལ་ཡིད་ཆེས་རྩེ་གཅིག་གིས་དད་པ་བསྒོམས་ཏེ་སེམས་འདུལ་གྱིན་ཡོད། སངས་རྒྱས་ཆོས་ལུགས་ཀྱིས་གཙོ་བོ་ཤེས་རབ་ལ་བརྟེན་ཏེ་རྒྱུད་འདུལ་ཐབས་བྱེད་ཀྱིན་ཡོད། ཅེས་གསུངས་བྱུང་།

 

བར་མཚམས་འདིར་༧གོང་ས་མཆོག་གིས་འབྲུག་ཡུལ་ནས་ཕེབས་པའི་ཆོས་ཞུ་བ་ག་ཚོད་ཡོད་མེད་ལག་པ་བརྐྱངས་སུ་བཅུག་པར་ཧ་ལམ་ཉིས་སྟོང་ནས་སུམ་སྟོང་ཙམ་མེད་དམ་སྙམ་པ་འདུག་ལ། དེ་ནས་ཁོང་གིས་འབྲུག་པ་ཆོས་ཞུ་བ་ཚོར་དམིགས་ཏེ་བཀའ་བསྩལ་དོན། འབྲུག་རྒྱལ་ཁབ་དེ་ཆོས་ལྡན་གྱི་རྒྱལ་ཁབ་ཅིག་རེད། སངས་རྒྱས་ཆོས་དར་ཁྱབ་ཆེན་པོ་ཞེ་དྲག་ཡོད་པ་ཞིག་རེད། ཕྱི་དངོས་པོའི་འཛུགས་སྐྲུན་ཡར་རྒྱས་མྱུར་མོར་འགྲོ་བཞིན་ཡོད། སངས་རྒྱས་ཀྱི་ཆོས་ཚུལ་དང་། ལྷག་པར་དུ་འབྲུག་པ་བཀའ་བརྒྱུད་པའི་བསྟན་པ་སྲོག་ཤིང་ལྟ་བུར་གསུང་གིན་ཡོད། དེ་ལྟ་བུའི་ཆོས་ཚུལ་བཤད་སྒྲུབ་ཟུང་འབྲེལ་གྱི་ཐོག་ནས་དར་སྤེལ་གཏོང་རྒྱུར་འབད་བརྩོན་གནང་ཐུབ་ན་ཡག་པོ་ཡོང་གི་རེད། ཕྱི་དངོས་པོའི་ཡར་རྒྱས་དང་ལྷན་དུ་ནང་བསམ་བློའི་བདེ་སྐྱིད་ཀྱང་ཡོང་གི་རེད། ཅེས་གསུངས་ཞིང་། ཉིན་གོང་ཆུ་ཚོད་ ༡ པོ་ནས་སྤྱན་རས་གཟིགས་ཀྱི་དཀའ་དབང་གནང་ཡོད།

 

གསུང་ཆོས་ཀྱི་བར་མཚམས་ནས་གསར་འགོད་པའི་བླ་མ་མཚོ་སྣ་རིན་པོ་ཆེ་མཆོག་ལ། ཐེངས་འདིར་༧གོང་ས་མཆོག་མོན་རྟ་དབང་ཁུལ་དུ་ཆིབས་སྒྱུར་ཐད། སྤྱི་ཡོངས་ནས་བཅར་འདྲི་ཞུས་པར་ཁོང་གིས་གསུངས་དོན། སྤྱི་ནོར་༧གོང་ས་མཆོག་མོན་རྟ་དབང་ཁུལ་དུ་ཆིབས་སྒྱུར་ཐེངས་ལྔ་བ་དེ་ཆགས་ཡོད། ཐེངས་སྔོན་མ་དག་ལ་ཕྱོགས་གཅིག་ནས་ས་མཚམས་ཡིན་པ་དང་། ཕྱོགས་གཉིས་ནས་ཁོར་ཡུག་གི་གནས་སྟངས་འགྲིག་མིན་སོགས་ཀྱི་དབང་གིས་ཆོས་ཞུ་བའི་འདུ་འཛོམས་དེ་ད་ཐེངས་མང་ཤོས་ཆགས་འདུག ཐོག་མར་ང་ཚོས་ཁྲི་གསུམ་ཙམ་ལ་ཚོད་དཔག་བྱས་ཡོད་ཀྱང་། ཆོས་ཞུ་བའི་དཔག་རྟགས་བཀྲམ་སྐབས་ཚེས་ ༨ ཉིན་ནས་བཟུང་དཔག་རྟགས་གསུམ་ཁྲི་ཡོངས་སུ་རྫོགས་ཚར་འདུག་ལ། ད་ལྟ་བཞི་ཁྲི་ལས་བརྒལ་ཡོད་པར་རྩིས་རྒྱག་གིན་ཡོད། ཕྱོགས་མཐའ་ཁག་ནས་ཕེབས་པའི་ཆོས་ཞུ་བ་རྣམས་དད་གུས་གཡོ་བ་མེད་པ་ཞིག་གི་ཐོག་ནས་ཡོང་གིན་ཡོད་པའི་མཐོང་སྣང་བྱུང་སོང་།

 

གལ་ཆེ་བ་ཞིག་ལ། སྔོན་མ་འབྲུག་ཡུལ་ནས་ཆོས་ཞུ་བ་ཕེབས་པ་དཀོན་པོ་ཆགས་ཀྱིན་ཡོད། གང་ཡིན་ཟེར་ན། སྲིད་ཕྱོགས་ཀྱི་གནས་སྟངས་འོག་ནས་སྟབས་བདེ་དང་མ་བདེ་ཡོང་གིན་ཡོད་པ་རེད། འོན་ཀྱང་ད་རེབ་ཕལ་ཆེར་འབྲུག་ཡུལ་གྱི་ཆོས་ཞུ་བ་ཉིས་སྟོང་ལྷག་ཕེབས་ཡོད་པར་ཚོད་དཔག་བྱེད་ཀྱིན་ཡོད། དེར་བརྟེན། འབྲུག་ཡུལ་ནས་ཕེབས་མཁན་ཚོ་སྔ་མ་དང་མི་འདྲ་བར་སྲིད་ཇུས་གུ་ཡངས་ཤིག་གི་འོག་ནས་༧རྒྱལ་བ་རིན་པོ་ཆེའི་ཞལ་མཇལ་བ་དང་གསུང་ཐོས་པའི་གོ་སྐབས་བྱུང་སྟེ་རེ་འདོད་འགྲུབ་ཡོད་པ་རེད། ང་ཚོའི་ངོས་ནས་ཀྱང་། འབྲུག་ཡུལ་སོགས་ས་ཐག་རིང་པོ་ནས་ཕེབས་མཁན་ཚོར་བཞུགས་ཡུལ་གུར་དང་ཐུན་རྐྱེན་སོགས་གྲ་སྒྲིག་ཞུས་ཡོད་ལ། དེ་བཞིན་ས་གནས་སྐོར་སྲུང་བ་དང་། མངའ་སྡེ་ཕེབས་སྒྲིག་ཚོགས་ཆུང་གི་ངོས་ནས་ཀྱང་གོ་སྒྲིག་གང་ལེགས་བྱས་འདུག དེར་བརྟེན། ད་རེབ་༧གོང་ས་མཆོག་གི་ཆིབས་སྒྱུར་དེ་སྔ་མ་དང་མི་འདྲ་བར་ཡག་པོ་ཞེ་དྲག་བྱུང་སོང་སྙམ་ཡོད། ཅེས་ལན་སྐྱོན་བྱུང་།

༼ འདི་གའི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་མོན་རྟ་དབང་ནས་སྤེལ ༽

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༣ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༥ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 9

  1. བསྟན་འཛིན་ཚེ་དཔག says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་ལགས།

    གཤམ་གྱི་འདི་ཚོར་བསྐྱར་ཞིབ་ཅིག་གནང་རོགས། ནོར་ཡོད་པར་མཐོང་ནས་ཞུ་ཡི་ཡོད། བཟོ་བཅོས་ཤིག་གནང་རོགས་ཞུའོ།།

    སངས་རྒྱས་ཆོས། སངས་རྒྱས་ཀྱི་ཆོས།
    བསྟན་པ་སྲོག་ཤིང༌། བསྟན་པའི་སྲོག་ཤིང༌།
    རྟེན་འབྲེལ་སྟོད་པ། རྟེན་འབྲེལ་བསྟོད་པ།
    ཉོན་མོང༌། ཉོན་མོངས།
    ཤེས་རབས། ཤེས་རབ།
    སྡིག་པ་རང་གི་ངང་གིས་ཡོང་གི་རེད། ༼འདི་ཕབ་ཉེས་བྱས་པ་མིན་འགྲོ་བརྟག༽
    ཉོན་མོང༌། ཉོན་མོངས།
    ཉོན་མོང༌། ཉོན་མོངས།
    ཉོན་མོང༌། ཉོན་མོངས།
    དཔག་རྟགས། དཔུང་རྟགས།
    དཔག་རྟགས། དཔུང་རྟགས།
    ཐུན་རྐྱེན། མཐུན་རྐྱེན།

    Reply
  2. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    འབྲུག་རྒྱལ་ཁབ་དེ་ཆོས་ལྡན་གྱི་རྒྱལ་ཁབ་ཅིག་རེད། སངས་རྒྱས་ཆོས་དར་ཁྱབ་ཆེན་པོ་ཞེ་དྲག་ཡོད། ཕྱི་དངོས་པོའི་འཛུགས་སྐྲུན་ཡར་རྒྱས་མྱུར་མོར་འགྲོ་བཞིན་ཡོད། དེ་བཞིན། སངས་རྒྱས་ཀྱི་ཆོས་ཚུལ་དང་། ལྷག་པར་དུ་འབྲུག་པ་བཀའ་བརྒྱུད་པའི་བསྟན་པ་སྲོག་ཤིང་ལྟ་བུར་གསུང་གིན་ཡོད། དེ་ལྟ་བུའི་ཆོས་ཚུལ་བཤད་སྒྲུབ་ཟུང་འབྲེལ་གྱི་ཐོག་ནས་དར་སྤེལ་གཏོང་རྒྱུར་འབད་བརྩོན་གནང་ཐུབ་ན་ཡག་པོ་ཡོང་གི་རེད། ཕྱི་དངོས་པོའི་ཡར་རྒྱས་དང་ལྷན་དུ་ནང་བསམ་བློའི་བདེ་སྐྱིད་ཀྱང་ཡོང་གི་རེད། ཅེས་༧གོང་ས་མཆོག་གིས་གསུངས།

    Reply
  3. དགེ་བཤེས་བསྟན་པ་བཀྲ་ཤིས། says:
    ལོ་ 16 སྔོན།

    red mo

    Reply
  4. ནད་པ says:
    ལོ་ 16 སྔོན།

    འབྲུག་པའི་ཆོས་ཞུ་བ་ཉིས་སྟོང་ལྷག་ཙམ་ཕེབས་འབྱོར་ཐུབ་པ་དེ་བསྐལ་བ་བཟང་པོ་རེད། འབྲུག་ཡུལ་ནི་ནང་པ་སངས་རྒྱས་པའི་ཆོས་དར་སའི་ཡུལ་གྲུ་ཞིག་ཡིན་སྟབས།
    འབྲུག་གཞུང་གིས་རྒྱལ་བའི་རྒྱལ་ཚབ་ཆེན་པོ་༸ གོང་ས་ལྷ་མིའི་རྣམ་འདྲེན་སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་དཔལ་ལྡན་འབྲུག་ཡུལ་དུ་བཀྲིན་ཆིབས་སྒྱུར་རམ་གདན་འདྲེན་ཐེངས་ཅིག་ཞུ་ཐུབ་ན་དངོས་གནས་མི་དམངས་དག་བསྐལ་བ་བཟང་པོ་ཞིག་དང་རྒྱལ་ཁབ་ལ་བཀྲ་ཤིས་པའི་དགེ་མཚན་ཆེན་པོ་ཞིག་ཏུ་འགྱུར་ངེས་ཡིན།
    དེ་མཐུས་རྫོགས་ལྡན་བསྐལ་བཟང་ནམ་མཁའི་སྒོ། །ལུས་ཅན་ངལ་གསོའི་དཔྱིད་དུ་རྟག་གྲོལ་ཞིང་། །ཐུབ་བསྟན་ཕྱོགས་དུས་ཀུན་ཏུ་རབ་དར་བའི། །དགེ་མཚན་སྲིད་ཞིའི་རྩེ་མོར་རྒྱས་གྱུར་ཅིག །

    Reply
  5. བསེ་རུ། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་དང་གསར་འགོད་པས་གསར་འགྱུར་གྱི་ཁ་བྱང་འགོད་སྐབས་ངེས་པར་དུ་གཟབ་ནན་གནང་དགོས་འདུག
    ད་བར་ཁ་བྱང་ནོར་བའི་གསར་འགྱུར་རིགས་མི་ཉུང་བ་ཞིག་ཐོན་འདུག

    Reply
  6. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 16 སྔོན།

    གཟུགས་སྐུའི་ཟླ་གཞོན་མདོ་སྨད་ལྗོངས་ནས་ཚེས།།
    རྒྱལ་སྲིད་ཆོས་ཁྲིམས་འཕགས་པའི་ཡུལ་དུ་བསྐྱངས།།
    ཀུན་ཕན་མཛད་འཕྲིན་རབ་འབྱམས་ཞིང་བརྒྱར་ཁྱབ།།
    གངས་ཅན་མགོན་ཁྱོད་བཞེད་དོན་ལྷུན་འགྲུབ་ཤོག།

    ཚད་མའི་མགོན་ཁྱོད་ཚད་མའི་ལུང་རིགས་ཀྱིས།།
    ཚད་མར་གྲུབ་བཞིན་ཚད་མར་མི་ཤེས་འགས།།
    ཚད་མིན་རྨོངས་བློས་ཚད་མིན་བླུན་རྨོངས་འགའ།།
    ཚད་མར་བསྒྲགས་པས་ཚད་མར་འགྱུར་རེ་འཁྲུལ།།

    Reply
  7. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 16 སྔོན།

    ཇི་སྐད་དུ་རྒྱལ་ཚབ་ར་སྒྲེང་རིན་པོ་ཆེའི་ཞལ་སྔ་ནས།

    མགོན་མེད་གངས་ཅན་ཞིང་འདིའི་འགྲོ་བ་རྣམས།།
    ཇི་སྲིད་འཁོར་བའི་ཕྱི་མཐའ་མ་རྫོགས་པ།།
    དེ་སྲིད་མཚུངས་པ་མེད་པའི་གསང་གསུམ་གྱིས།།
    སྡེ་བཞིའི་དཔལ་ལ་སྦྱོར་བཞིན་བརྟན་པར་བཞུགས།།

    ཉམ་ཐག་སྨག་རུམ་འཐིབས་པའི་གངས་ཅན་འདིར།།
    མགོན་ཁྱོད་ཐུགས་རྗེའི་སྒྲོན་མེ་འབར་བའི་གཟིས།།
    ཕན་དང་བདེ་བའི་སྣང་བ་འགྱེད་བཞིན་དུ།།
    སྲིད་ཞིའི་བར་དུ་མི་གཡོ་རྟག་བརྟན་ཤོག།
    ཞེས་གསུངས་པ་དང།

    རྫོང་སར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པའི་ཞལ་སྔ་ནས།

    སྲིད་པ་གསུམ་ན་ངོ་མཚར་ཟླ་མེད་པ།།
    ཨུ་དམ་ཝཱ་ར་ལྟར་འཕགས་ཐམས་ཅད་མཁྱེན།།
    འཛམ་གླིང་བསྟན་འགྲོ་ཡོངས་ཀྱི་གཙུག་ནོར་ཆེ།།
    རྒྱལ་མཆོག་ཕྱག་ན་པདྨོ་ཞབས་བརྟན་ཤོག།

    ཅེས་གསུངས་པ་ལྟར་འགྲུབ་པར་སྨོན།

    Reply
  8. Bugig says:
    ལོ་ 16 སྔོན།

    ཉོན་མོང་། དེ་ཉོན་མོངས་ཟེར་ནས་བཅོས་རོགས་གནང་།

    Reply
  9. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    དོན་བཀྲ་ལགས། ད་ཐེངས་དངོས་ཁྱོད་དེ་གར་སོང་བ་དོན་མགོ་འཁྱོངས་འདུག གསར་འགྱུར་ཚང་མ་བཀླགས་པ་ཡིན། ཨོ་རེད། ཞོར་དུ་ད་དུང་རྒྱུ་ལོན་བྱེད་མང་ཡོད་པ་མ་བརྗེད་ཅིག དེ་ཙམ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese