མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆིབས་སྒྱུར་ལ་གྲ་སྒྲིག

བོད་ཀྱི་དུས་བབ།
༢༠༠༩/༡༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་ཕྱི་ཟླ་ ༡༢ པའི་པའི་ནང་ཨོ་སི་ཊོ་ལི་ཡ་དང་ནེའུ་ཛི་ལན་ཌི་གཉིས་སུ་ཉིན་ ༡༠ རིང་གི་ཆིབས་བསྒྱུར་མཛད་འཕྲིན་གནང་འཆར་འཁེལ་ཡོད་པ་དང་།  ནམ་རྒྱུན་༧གོང་ས་མཆོག་གི་མཛད་འཆར་མཐའ་དག་ལ་ཁ་རྡུང་གཏོང་མཁན་གྱི་རྒྱ་ནག་གཞུང་གིས་ཐེངས་འདིའི་མཛད་འཆར་ཐད་ཉེ་ཆར་དགག་རྒྱག་ཁ་རྡུང་ཅི་ཡང་བཏང་མེད་མོད། ཨོ་སི་ཊོ་ལི་ཡའི་སྲིད་བློན་ཁེ་བིན་རོ་ཌི་  Kevin Rudd ཡིས་ཐེངས་འདིར་གོང་ས་མཆོག་དང་མཇལ་འཕྲན་གནང་གི་མེད་སྐོར་བརྗོད་ཡོད་པ་རེད། ཡིན་ནའང་། ཁུལ་དེར་གནས་སྡོད་བོད་རིགས་དང་རྒྱ་རིགས་ཚོགས་པ་དག་གིས་༧གོང་ས་མཆོག་གི་ཆིབས་བསྒྱུར་ལ་སྟ་གོན་གཟབ་རྒྱས་གནང་གིན་ཡོད་འདུག    
༧གོང་ས་མཆོག་ཕྱི་ཟླ་ ༡༢ པའི་ཚེས་ ༡ ནས་ ༣ པར་ཨོ་སི་ཊོ་ལི་ཡའི་རྒྱལ་ས་སེ་ཌི་ནེའུ་ Sydney རུ་ཆིབས་བསྒྱུར་མཛད་འཆར་སྐྱོང་རྒྱུ་ཡིན་པ་དང་། ༧གོང་ས་མཆོག་གི་ཆིབས་སྒྱུར་གྲ་སྒྲིག་གནང་མཁན་ཚོས་ཕྱི་ཟླ་ ༡༠ པ་ནས་བཟུང་རྒྱལ་ས་སེ་ཌི་ནེའུ་གྲོང་ཁྱེར་གྱི་སྐད་གྲགས་ཅན་གྱི་ས་གནས་སྒྲ་ལིན་ཧར་བྷོར་ Darling Harbor གཙོས་པའི་མྱུར་བསྒྲོད་གཞུང་ལམ་ཁག་ཏུ་ཐེངས་འདིའི་མཛད་འཆར་དང་འབྲེལ་བའི་༧གོང་ས་མཆོག་གི་སྐུ་པར་བཀོད་པའི་གསལ་བསྒྲགས་སྣ་ཚོགས་སྤེལ་ཡོད་པ་མ་ཟད། སྤྱི་སྤྱོད་རླངས་འཁོར་ ༣༠ ལྷག་གི་སྟེང་དུའང་གཅིག་མཚུངས་ཀྱི་གསལ་བསྒྲགས་དེ་སྦྱར་ཡོད་འདུག དེ་བཞིན་སེ་ཌི་ནེའུ་གྲོང་ཁྱེར་དུ་ཡོད་པའི་བོད་རིགས་དང་རྒྱ་རིགས་ཚོགས་པ་ཁག་ནས་༧གོང་ས་མཆོག་གི་ཆིབས་བསྒྱུར་ལ་གྲ་སྒྲིག་བྱེད་བཞིན་ཡོད་འདུག སེ་ཌི་ནེའུ་གྲོང་ཁྱེར་དུ་ཡོད་པའི་བོད་རྒྱ་མཐུན་ཚོགས་དང་རྒྱ་ནག་དམངས་གཙོ་འབྲེལ་མཐུད་ཚོགས་པ་གཉིས་ཀྱིས་མཉམ་འབྲེལ་ཐོག་ཐེངས་འདིར་༧གོང་ས་མཆོག་གིས་རྒྱ་རིགས་ཕྱི་སྡོད་པ་རྣམས་ལ་མཇལ་འཕྲད་གནང་ཡུལ་གྱི་ས་གནས་ཁག་ཡོངས་ཁྱབ་གསལ་བསྒྲགས་ཀྱང་སྤེལ་ཡོད་པ་རེད།
ཨོ་སི་ཊོ་ལི་ཡར་གནས་སྡོད་རྒྱ་ནག་དམངས་གཙོ་འབྲེལ་མཐུད་ཚོགས་པའི་ཡན་ལག་ཚོགས་གཙོ་ཆིན་ཅིན་གྱིས་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་དོན། ང་ཚོས་གོ་སྒྲིག་གནང་བཞིན་པའི་༧གོང་ས་ཏཱ་ལའི་བླ་མཆོག་གི་མཛད་འཆར་དང་འབྲེལ་བའི་བྱ་འགུལ་ཁག་གི་དམིགས་ཡུལ་གཙོ་བོ་ནི། བོད་རྒྱ་མི་རིགས་བར་གྱི་ལོ་རྒྱུས་དང་རིག་གནས། ཆོས་ལུགས། འཚོ་བའི་གོམས་གཤིས་སོགས་ཕན་ཚུན་རྒྱུས་ལོན་ཡོང་བར་རོགས་ཕན་སྒྲུབ་རྒྱུ་དེ་ཡིན། ཅེས་དང་། དེ་སྔ་ཕྱི་སྡོད་རྒྱ་རིགས་རྣམས་ཀྱིས་བོད་ཀྱི་གནད་དོན་ཐད་རྣམ་འགྱུར་གྲང་མོ་ཞིག་བཟུང་ནས་བསྡད་ཡོད་པ་རེད། ངས་སྔོན་ཆད་ཚོགས་པའི་མགོ་ཁྲིད་ནས་བཙན་བྱོལ་བོད་གཞུང་གི་བསྟི་གནས་རྡ་རམ་ས་ལར་འཚམས་གཟིགས་ལ་བསྐྱོད་མྱོང་ཡོད་ལ། དེ་བཞིན་ཏཱ་ལའི་བླ་མ་མཆོག་གིས་ཀྱང་ཨོ་སི་ཁྲི་རུ་ཡར་ཆིབས་བསྒྱུར་གནང་ཐེངས་རེ་ལ་རྒྱ་རིགས་རྣམས་དང་ཐད་ཀར་བཀའ་མོལ་གནང་གིན་ཡོད་པ་རེད། དེ་ལྟའི་བཀའ་མོལ་གྱིས་ཕྱི་སྡོད་རྒྱ་རིགས་ཚོས་བོད་ཀྱི་གནད་དོན་རྒྱུས་ལོན་ཡོང་པར་རོགས་ཕན་ཆེན་པོ་འདུག་ཅེས་བརྗོད་ཡོད་པ་རེད།
ཡང་ཁོང་གིས་བརྗོད་དོན། སྔོན་ཆད་ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་གཞུང་དང་བཀའ་མོལ་གྱི་ལམ་བུ་ཞིག་བཏོད་ཏེ་རྒྱ་ནག་དཔོན་རིགས་ཚོའི་བར་ཕན་ཚུན་བཀའ་མོལ་རིམ་པར་མཛད་ཡོད་པ་རེད།  ད་ལྟ་ཁོང་གིས་ལམ་གསར་བ་ཞིག་བཏོད་ཡོད་པ་རེད། ལམ་གསར་བ་དེ་ནི་རྒྱ་ནག་མི་དམངས་དང་ཐད་ཀར་འབྲེལ་མོལ་གནང་རྒྱུ་དེ་རེད། ང་རང་ངོས་ནས་ཀྱང་འདི་ནི་ཏཱ་ལའི་བླ་མཆོག་རྐང་པ་གཉིས་ལ་བརྟེན་དེ་མདུན་དུ་བསྐྱོད་ཐབས་ཀྱི་ཐབས་ལམ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། ཏཱ་ལའི་བླ་མ་མཆོག་གིས་ ༡༩༧༠ ལོ་ནས་བཟུང་བོད་རང་བཙན་བརྩོད་ཀྱིན་མེད་པ་དེ་ཡོངས་ཁྱབ་ཕྱིར་བསྒྲགས་གནང་ཡོད་པ་རེད། དེ་བས། བོད་རང་བཙན་ཞེས་པའི་གླེང་གཞི་འདི་ནི་རྒྱ་ནག་གཞུང་གིས་ཁོང་ལ་བསྙོན་འདོགས་བྱས་པ་ཞིག་དང་། དེ་བཞིན་རྒྱ་ནག་མི་དམངས་ལའང་བསླུ་བྲིད་མགོ་སྐོར་བཏང་བ་ཞིག་རེད། འདི་ནི་རྒྱ་ནག་གཞུང་གིས་མཐའ་གཅིག་ཏུ་རྒྱ་ནག་མི་དམངས་ལ་རྫུན་སྒྲོག་བྱེད་བཞིན་པའི་གླེང་གཞི་དེ་རེད། ཅེས་བརྗོད་ཡོད་པ་རེད།
དུས་རྒྱུན་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གིས་བོད་རང་བཙན་འཐབ་བརྩོད་མཚམས་འཇོག་མྱོང་མེད་པའི་ཉེས་འདོགས་དང་། ༧གོང་ས་མཆོག་ཕྱིའི་རྒྱལ་ཁབ་ཁག་ཏུ་ཆིབས་བསྒྱུར་སྐབས་མཐའ་གཅིག་ཏུ་ངོ་རྒོལ་ཁ་རྡུང་གཏོང་བཞིན་ཡོད་པ་རེད། ཡིན་ནའང་། ཉེ་ཆར་རྒྱ་ནག་གཞུང་གིས་༧གོང་མཆོག་གི་ཨོ་སི་ཊོ་ལི་ཡའི་ཆིབས་བསྒྱུར་ཐད་སྐྱོན་བརྗོད་ཁ་རྡུང་ཅི་ཡང་བྱས་མེད་པ་རེད། ཡིན་ནའང་། ཨོ་སི་ཊཔ་ལི་ཡའི་སྲིད་བློན་ཁེ་བིན་རོ་ཌི་ཡིས་ཐེངས་འདིའི་གོང་ས་མཆོག་ཆིབས་བསྒྱུར་སྐབས་མཇལ་འཕྲད་གནང་གི་མིན་སྐོར་བརྗོད་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

ཆུ་ཚོད་ ༢༡ སྔོན་ལ།
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡
ཆོས་རིག་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ།

༢༠༢༦/༠༩/༠༡
Russian President Vladimir Putin and Chinese President Xi Jinping  in Bishkek, Kyrgyzstan, on Monday. | SPUTNIK / VIA REUTERS
གསར་འགྱུར།

ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག

༢༠༢༦/༠༩/༠༡
མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

༢༠༢༦/༠༨/༣༡

མཆན། 2

  1. འཁྱམས་པོ། says:
    ལོ་ 17 སྔོན།

    ངས་འདི་ལྟར་ བཤད་ན། ཕལ་ཆེར་མི་ཚོས་ང་ལ་རྣམ་རྟོག་ཆེ་པར་འདོད་མོད། ཡིན་རྒྱུ་དེ་ངས་རང་ལ་ཡོད་པས་ཆེས་མཆོག་གྱུར་གྱི་ནོར་བུ་རིན་པོ་ཆེ་དེར་དུངས་ཞེན་ཆེ་པས་ཡིན། ང་གཅིག་བུ་མིན་པར་བོད་མི་ཡོངས་ལ་དེ་འདྲ་ཡིན་རྒྱུ་རེད།
    དེའི་ཕྱིར་ཐེངས་འདིར་བོད་གཞུང་དང་སྐུ་སྲུང་པ་གང་གི་ཐད་ནས་ཡིན་ནའང་ཧ་ཅང་གཟབ་གཟབ་བྱེད་རྒྱུ་གལ་ཆེན་པོ་རེད། རྒྱ་བོད་མི་རིགས་ཀྱི་འབྲེལ་པ་དེ་གལ་ཆེན་ཡིན་དང་ཡིན་་འོན་ཀྱང་ཀུང་ཁྲན་ཏང་གི་གཡོ་རྒྱུ་ལ་རྫོགས་མཐའ་མེད། སྤྱིར་ཨོ་སི་ཊི་ལི་ཡའི་རྒྱ་རིགས་དེ་ཚོ་གོ་ཚོད་ལ་ཡག་པོ་འདུག་ལྷག་པར་དུ་རྒྱ་རིགས་དམངས་གཙོ་དོན་གཉེར་ཚོགས་པ་དེ་ཚོ་འཛམ་གླིང་རྒྱལ་ཁབ་གང་དང་གང་དུའང་ཡག་པོ་མཐོང་གིན་འདུག འོན་ཀྱང་དེ་དག་ཡོད་ཚད་སེམས་པ་རྣམ་དག་རེད་ཅེས་སུ་ཡིས་ཤོད་ཐུབ།

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    སྐབས་དེར་ཡང་མི་དམངས་ཚོས་ས་འགུལ་གནམ་འགུལ་འདྲ་ཞིག་ལོས་བྱེད་རེ། ད་དངོས་གནས་བོད་ལ་འདི་ལྟར་ཕེབས་རན་མི་འདུག་གེ བཀའ་འགྱུར་འདོན་བོད་ལ་འདི་ལྟར་གཅིག་ཕེབས་རྒྱུ། ཆོལ་ཁ་གསུམ་གྱི་ས་ཆུ་རི་བྲག་ཅིག་འདར་ནི་མ་རེད་ན།
    དེང་སང་ད་བོད་མི་ཚོ་བསོད་ནམས་ཟད་ནས་ཕྱི་གླིང་མགོ་སེར་ཚོར་མི་དོ་ག བོད་མི་ཚོའི་སྡུག་འདི་ཅི་ཡིན་ནེ་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese