མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐ་སྙད་གསར་པའི་དགག་ལན་དབྱངས་གྲགས་ཤ་ཀླན། ཅོ་རི་ཉི་མ།

བོད་ཀྱི་དུས་བབ།
༢༠༠༩/༡༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཅོ་རི་ཉི་མ།
ཤ་ཀླན་འཇམ་དབྱངས་གྲགས་པ་ལགས་ནས་ངའི་རྩོམ་ཆུང་དེ་མཐོང་ཆུང་དང་ཁྱད་བསད་མ་བྱས་པ་བརྟག་དཔྱད་ཀྱི་ཐོག་ནས་དགག་པ་ཞིག་བྲིས་པ་དེ་ལ་གུས་པ་ཅོ་རི་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཡིན་ཡང་མིང་བརྡ་ཡི་ཁྱབ་ཕྱོགས་དང་སྤྱི་ཚོགས་ཀྱི་ཁ་ཕྱོགས་ལ་མ་ལྟ་བ་ཉམ་ཆུང་ཁ་གཏམ་ལ་ལྟ་ནས་རྟོག་གེ་རྟགས་སྣང་གིས་སྒྲུབ་བྱེད་ཞིག་བཀོད་པ་དེ་ནི་ཤིན་ཏུ་ཡ་ང་བ་ཞིག་རེད།

ང་རྩོམ་པ་པོའི་དམ་བཅའ་དང་ཁོང་དགག་པ་པོའི་དགག་བྱ་ནི་འཛམ་གླིང་འདིའི་སྟེང་གི་གསར་ཐོན་གྱི་ཐ་སྙད་སྐོར་ལ་རེད། དཔེ་ན། དགག་པ་པོའི་ང་ལ་བཀོད་པོའི་གཏན་ཚིག་ནི། ཀམ་པུང་དྲར་ཆོས་ཅན། འདི་ལ་ཀམ་པུང་དྲར་ཞེས་དངོས་མིང་དེ་མི་བརྗོད་པ་རྒྱ་མི་སྐད་ནས་དོན་སྒྱུར་བྱུང་བའི་གློག་ཀླད་ཞེས་བོད་མིང་བཏགས་དགོས་པ་ཐལ།  མི་ལོ་སྟོང་ཕྲག་སྔོན་དུ་རང་རེའི་མེས་པོ་རྣམས་ཀྱིས་བྷུ་དྷ་ལ་རྒྱ་གར་སྐད་དུ་བྷུ་དྷ་ཞེས་ཡོད་བཞིན་དུ་བོད་མིང་སངས་རྒྱས་ཞེས་བཏགས་པའི་ཕྱིར།  ཞེས་བཀོད་ཚེ་ངའི་ངོས་ནས་ཁྱབ་པ་མ་བྱུང་ཞེས་ལན་འདེབས་ཞུ་རྒྱུ་ཡིན། དེ་འདྲ་ཡིན་དུས་གཏན་ཚིག་འདི་ནི་རྗེས་ཁྱབ་མ་གྲུབ་པའི་ཚུལ་གསུམ་རྟགས་སྣང་ཞིག་རེད།  ཡིན་ཡང་དགག་པ་པོའི་ངོ་ལ་ཚུལ་གསུམ་ཡང་དག་རེད། དེ་འདྲ་ཡིན་དུས་ངས་དགག་པ་པོ་ལ་སྒྲུབ་བྱེད་དེ་ཁ་ཕར་བསྐོར་ནས་བཀོད་རྒྱུ་ཡིན།  ཞི་དེད་དཔོན་ཆེན་པོ་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཆོས་ཅན། ཁྱེད་ལ་ཨོ་བྷ་མ་ཞེས་དངོས་མིང་ཡོད་བཞིན་དུ་བོད་མིང་ཞིག་བཏགས་དགོས་པ་ཐལ།  སྔ་ཕྱིན་མེས་པོ་རྣམས་ཀྱིས་བྷུ་དྷ་ལ་བྷ་དྷ་ཞེས་དངོས་མིང་ཡོད་བཞིན་དུ་བོད་མིང་སངས་རྒྱས་ཞེས་བཏགས་པའི་ཕྱིར།  ཞེས་དགག་པ་པོ་ལ་ཚུལ་གསུམ་བཀོད་ཚེ་ཕྱོགས་ཆོས་རྗེས་ཁྱབ་ལྡོག་ཁྱབ་གསུམ་ཀ་གྲུབ་པའི་ད་ནི་ཨ་རིའི་སྲིད་འཛིན་ལ་ཡང་བོད་མིང་བཏགས་དགོས་པ་ནི་དགག་པ་པོའི་ཁྱད་ཆོས་རེད། དེ་མ་ཟད་ས་མིང་ཆུ་མིང་ཡུལ་མིང་སོགས་ཀྱང་བོད་མིང་བཏགས་མི་ཆོག་ཅི་ཡོད་ཞེས་ངར་སྐད་བཤད་པ་ལ་ལྟོས་ན། ད་ནི་དགག་པ་པོའི་ཨ་རིའི་སྲིད་འཛིན་ལ་ཡང་བོད་མིང་ཞིག་བཏགས་ངེས་ཡིན་པའི་དགག་པ་པོ་མཆོག་ནས་ཨ་རིའི་སྲིད་འཛིན་ལ་བོད་མིང་མ་བཏགས་པའི་སྔོན་དུ་དགག་པ་པོ་རང་ཉིད་ཀྱི་ཀླད་པ་དེ་བརྟག་དཔྱད་བྱེད་ནས་རང་ཉིད་སྨྱོ་པ་མིན་པའི་ལག་ཁྱེར་ཞིག་ཐོབ་ཐབས་བྱེད་རྒྱུ་གལ་ཆེན་པོ་རེད། ཅི་ཡིན་ཞེ་ན་དགག་པ་པོ་ནས་ཨ་རིའི་སྲིད་འཛིན་ལ་བོད་མིང་ཞིག་བཏགས་ནས་བོད་སྐད་སྡེ་ཚན་གྱི་གསར་འཕྲིན་རླུང་འཕྲིན་དྲ་བའི་རྒྱུད་ལམ་ཁག་ལ་ཁྱབ་བསྒྲགས་བྱེད་སྐབས་མི་ཐམས་ཅན་གྱིས་དགག་པ་པོ་སྨྱོ་པ་རེད་ཟེར་ནས་སྨྱོ་པའི་བཙོན་ཁང་ནང་དུ་ཁྲིད་ངེས་པའི་དེ་དུས་སྨྱོ་པ་མིན་པའི་སྨན་ཁང་ལག་ཁྱེར་ཡོད་ན་ཕན་པ་ཆེ། ཧཧཧཧཧ།    ངས་ཡང་བསྐྱར་མིང་བརྡ་ཡི་ཁྱབ་ཕྱོགས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱིས་ཁ་ཕྱོགས་ག་པ་ཡིན་མིན་སྐོར་ལ་གསལ་བཤད་ཞུ་རྒྱུ་ཡིན།   དང་པོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་མིང་བརྡ་ཡི་ཁྱབ་ཆེ་ཆུང་ནི་ཤ་ཀླན་འཇམ་དབྱངས་གྲགས་པ་མཆོག་ནས་ལག་གཡོན་ལ་ཀམ་པུང་དྲར་ཡི་འདྲ་པར་ཞིག་ཁུར་ནས་བོད་ཀྱི་བུ་ཁྱིམ་སློབ་་གྲྭའི་སྒོ་ཆེན་རྩ་སྡོད་ནས་ལག་གཡས་པས་འདྲ་པར་དེ་ལ་མཛུབ་མོ་བཙུགས་ནས་འདི་ཇི་རེད་ཞེས་དྲི་སྐབས་སུ་ཀམ་པུང་དྲར་ཞེས་བརྗོད་མི་ག་ཚོད་འདུག་གློག་ཀླད་ཞེས་འབོད་མི་ཅི་ཙམ་འདུག་ཤེས་ཐུབ། ད་རུང་ཡིད་མ་ཆེས་ན་རྒྱ་གར་བལ་ཡུལ་འབྲུག་སོགས་ལ་ཡོད་གཞི་ཆག་ཁག་གི་བཀའ་དྲིན་ཆེ་བའི་ཕ་མ་རྒ་རྒན་རྣམས་ལ་འདྲི།  དེ་མིན་ན་གྲྭ་ས་སེར་འབྲས་དགེ་གསུམ་གྲྭ་མང་ལ་དྲིས་རོགས། སུ་ལ་འདྲི་ཡང་ཀམ་པུང་དྲར་ཞེས་བརྗོད་མི་བརྒྱ་ཆ་༨༠་དང་གློག་ཀླད་ཞེས་འབོད་མི་བརྒྱ་ཆ་༢༠་ཡིན་པ་མིག་མཐོང་ལག་གསལ་ཡིན་བཞིན་དུ་ཧམ་པ་མ་བཤད་ལཱོ།  གཉིས་པ་བཙན་བྱོལ་བོད་མི་སྤྱི་ཚོགས་ཀྱི་ཁ་ཕྱོགས་ནི་ཡུང་རོ་ཨ་མེ་ཀ་འབྱོར་ལྡན་རྒྱལ་ཁབ་ནང་དུ་འཁོར་ཡོད་པ་ནི་བཙན་བྱོལ་བོ་མི་བརྒྱ་ཆ་༨༠་མ་གྲོས་བསམ་པ་གཅིག་མཐུན་ཡིན་པ་ཤེས་པ་བྱ་རྒྱུ་ གལ་ཆེ། མ་འོང་བཙན་བྱོལ་བོད་གཞུང་བདག་པོ་ནི་ཁ་ནས་ཧེ་སྤམ་གཞན་གཏོང་ལུས་ལ་རབ་འབྱམས་པའི་ཆོ་ལོ་བཞེས་མཁན་རྣམས་ནི་སྤྱི་ཚོགས་རྙིང་པ་དང་རིག་གཞུང་རྙིང་པ་བེད་སྤྱོད་མ་བྱས་པ་དུས་རབས་གསར་པའི་འཛམ་གླིང་སྤྱི་ཡི་ཐ་སྙད་དང་རིག་གཞུང་དང་ཆས་གོས་དཔལ་འབྱོར་ཆབ་སྲིད་བཅས་ལ་འཇུག་བཞིན་པས་བོད་མི་རིགས་ཀྱི་སྔོན་འགྲོ་པ་རྣམས་ལ་ཁྱེད་བླ་རྒན་ཀླད་རྙིང་ཞིག་གིས་མཐོང་ཆུང་དང་རབ་འབྱམས་པའི་ཆོ་ལོ་བཞེས་མཁན་ཞེས་མིང་ལྷག་བཏགས་པ་ནི་དེ་ལས་ཀྱང་དགོད་བྲོ་བ་ཞིག་རེད།  ང་རང་ཚོའི་བོད་ཁ་བ་ཅན་གྱི་་མི་གཡང་མཁས་དབང་དགེ་འདུན་ཆོས་འཕེལ་ནས་ཀླད་རྙིང་ཤ་ཀླན་འཇམ་དབྱངས་གྲགས་པ་ལ་བཀའ་རྩོམ་པ། རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲུགས། གསར་པ་ཐམས་ཅད་བདུད་ཀྱི་ཆབ་འཕྲུལ་སེམས། ཆོས་ཀྱི་རྒྱལ་ཁབ་དྲེ་བྷོ་དྲེས་ཡི་སྲོལ། ཞེས་གསུངས་པ་བཞིན་རང་དང་ལྟ་སྤྱོད་མི་མཐུན་པའི་འཛམ་གླིང་སྤྱི་ཡི་ཐ་སྙད་དང་རིག་གནས་ལ་འཇུག་བཞིན་པའི་བུ་ཕྲུག་རྣམས་ལ་མཐོང་ཆུང་དང་ཁྱད་བསད་བྱས་པ་དེ་ནི་བོད་ཀྱི་ཆོས་དང་ རིག་གཞུང་རྒྱལ་ཁབ་ཀྱི་བདག་པོ་ངོ་ཤེས་མ་ཐུབ་པ་དེ་ཁྱེད་འཇམ་དབྱངས་གྲགས་པ་སྙིང་རྗེ།

ང་རང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་དུ་དུས་རབས་གསར་པའི་ཐ་སྙད་ཁྱབ་ཆེ་བ་དེ་བེད་སྤྱོད་བྱས་ཐུབ་པའི་རྒྱུ་མཚན་ཇི་ཡིན་ཞེ་ན།  ༡༩༥༩ལོ་ནས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་པས་བོད་མི་རྣམས་ཀྱིས་ཐོག་མ་འཛམ་གླིང་སྤྱི་ལ་ཁྱབ་པའི་སྐད་མ་ཤེས་པ་དང་དུས་རབས་གསར་པའི་རིག་གནས་ཐོག་ནས་སྲིད་འབྱོར་གཉིས་ཀྱི་ལས་དོན་སྒྲུབ་མ་ཐུབ་པ་རང་གིས་མྱོང་བའི་གྲུབ་དུས། མ་འོང་རང་གི་བུ་ཕྲུག་དེ་རང་ཉིད་ལྟར་བུ་དུས་རབས་གསར་པའི་ནང་རྗེས་སུ་ལུས་པའི་མི་ཞིག་མ་ཡིན་པ་དུས་རབས་གསར་པའི་འཛམ་གླིང་སྤྱི་ཡི་རིག་གནས་ལ་འཇུག་ཚེ་མགྱོགས་ཚད་དང་འཕུར་ཚད་ཧ་ཅང་མཐོ་བའི་དབྱིན་ཡིག་གི་གཤོག་པ་ཞིག་སྤྲོད་པ་དེ་ང་གུས་པ་ཅོ་རི་ཉི་མས་སྙིང་ཐག་པ་ནས་གཞི་ཆག་གི་ཕ་མ་རྣམས་ལ་ཐུགས་རྗེ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། གཤོག་པ་ཡོད་པའི་མི་དེ། ཤར་ནས་ནུབ་ལ་འཕུར་ཡོད། ནུབ་ལ་འཕུར་པའི་མ་ཚད།  ནུབ་ལ་རང་མགོ་ཐོན་ཡོད། རང་མགོ་ཐོན་པའི་མ་ཚད། བཞན་མགོ་སྐྱོང་ནས་སྡོད་ཡོད། ཧཧཧཧཧཧ

བོད་ནས་མཁས་དབང་ཚུལ་ཁྲིམས་བློ་གྲོས་གཙོ་བོད་འདོ་དབུས་ཁམས་གསུམ་གྱི་མཁས་དབང་རྣམས་ཀྱིས་ཐུགས་ལ་བཞག་དགོས་པ་ནི། ང་རང་ཚོའི་བཙན་བྱོལ་བུ་ཕྲུག་རྣམས་དང་བོད་ལ་ཡོད་པའི་བོད་ཕྲུག་རྣམས་ཀྱིས་བར་གོ་བརྡར་ཕྲད་ཐུབ་པའི་ཐ་སྙད་དང་འཛམ་གླིང་སྤྱི་ལ་ཁྱབ་ཆེ་བའི་མིང་ཚིག་སོགས་མི་དོར་བ་གནང་རོག་ཞུ། བཙན་བྱོལ་དུ་ཡོད་པའི་བུ་ཕྲུག་རྣམས་ནི་བོད་རིགས་མི་ཀྱི་སྔོན་འགྲོ་པ་དང་བོད་མི་ལ་དུས་རབས་གསར་པའི་རིག་གནས་ལམ་སྟོན་བྱེད་པས་བྱེད་པ་པོ་དང་བོད་རྒྱལ་ཁབ་ལ་ཞེན་པ་དཀར་བའི་རང་མི་ཡིན་ཞེས་ང་ཅོ་རིས་ཚིག་ཐག་ཆད་ནས་བཤད་ཐུབ།   མཁས་དབང་དགེ་ཆོས་གསུངས་ལས། ཨ་ཕ་ཨ་མའི་ཕྱོགས་ལ་ཞེན་པ་དང་། ཕ་རོལ་རིགས་མ་མཐུན་ལ་སྡང་བ་སོགས། བ་གླང་དང་ནི་རང་རིགས་མི་རྣམས་ཀུན། མ་བཅོས་སེམས་ཀྱི་རྒྱུད་དག་གཅིག་པ་མཐོང་།

རྩ་བ་ནི། བོད་ཁ་བ་ཅན་ལ་དགོས་མཁོ་ཡོད་པའི་དུས་རབས་གསར་རིག་གནས་དང་ལག་ཤེས་སོགས་བོད་མི་རིགས་ཀྱིས་ཤེས་ཐུབ་པ་བྱེད་དགོས་དུས། ཕྱི་ལ་ཡོད་པའི་བཙན་བྱོལ་མི་མང་ལ་བརྟེན་ནས་སློབ་སྦྱོང་བྱེད་དགོས་པ་ཞིག་ཡིན་ན་བཙན་བྱོལ་བོད་མི་དང་མཐུན་པའི་མིང་ཚིག་གི་ཐ་སྙད་བེད་སྤྱོད་བྱ་རྒྱུ་གལ་ཆེ། མི་དང་མཐུན་པའི་སྐད་ཞིག་དང། ལུས་དང་མཐུན་པའི་གོས་ཞིག་ཡོད་ན་གོས་གྱོན་པའི་མི་དེ་བྲོ་བདེ་ལ་གཏམ་བཤད་པའི་མི་དེ་ཁ་བདེ།

ད་གྲྭ་ལོག་ཅོ་རི་ཉི་མ་ནས་བྲིས་མཚམས་བཞག་རྒྱུ་ཡིན་དག་ཡིག་མཁས་པ་རྣམས་ཀྱིས་ཞི་དག་བྱེད་རོགས། དགེ་བཤེས་ཤ་ཀླན་འཇམ་དབྱངས་གྲགས་པའི་ང་གྲྭ་ལོག་ཅོ་རིའི་བུ་ཕྲུག་ལ་ཐུགས་ཁུར་བྱེད་པ་བཀའ་དྲིན་ཆེ་ཞུ།  ཤ་ཕྲག་གཅིག་བོད་རིགས་སྤུན་ཟླ་རྣམས་ལ་ཐུགས་བསམ་བཞེས་རོག་ཞུ་རྒྱུ་ཡིན། དགེའོ། མ་ཟད་ཕག་པའི་སྣ་བོ་རིན་པོ་ཆེན་ག་པ་བཞུགས་ཡོད་དམ། ཧཧཧཧ

ཡང་བསྐྱར་ཞུ་རྒྱུ། བཙན་བྱོལ་བོད་གཞུང་མ་གཏོགས་བོད་མིས་རེ་ངོ་རེས་འགན་ཁུར་ཡིན་མདོག་དང་མཁས་མདོག་བྱེད་ནས་བོད་ཀྱི་སྐད་ཡིག་གསར་བཟོ་དང་ཐ་སྙད་གསར་བཟོ་སྐད་ཡིག་གི་ལུགས་སྲོལ་གསར་བཟོ་བྱེད་ཆོག་པའི་ཐོབ་ཐང་སུ་ལ་ཡང་མེད་དོ། ཤེས་པ་བྱེད་དགོས་སོ།།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 49

  1. ཡེ་ཤེས། says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ལག
    སྤྱི་ཞེས་པའི་མཚན་ཉིད་ཅིག་ཞོག་དང་། བྱ་རྒྱའི་ཁ་དེ་ཤར་ལ་འཁོར་དུས་ཕ་བོང་ཕྱུ་ལེ་ནུབ་ལ་འཁོར་ཞེས་པ་ལ་ཁྱོད་རང་གིས་སྤྱི་འབོད་ན་མ་ཏོག་སུས་ཀྱང་མི་ཟེར་ལྭོ།

    Reply
  2. chokri nyima says:
    ལོ་ 15 སྔོན།

    མེ་ཁྱེད་ལ་ཡོད་ན་ངེད་གཉིས་ཀྱིས་ཇ་མི་འཁོལ་ཅི་རེད་སོང་ངམ

    Reply
  3. མེ་འོད། says:
    ལོ་ 15 སྔོན།

    ད་ཡིན་ན་ཅོ་རི་ལགས་ཀྱིས་རྟགས་གསལ་ཞེ་དྲག་གཏོང་ཡོང་གི་འདུག་ག
    དངོས་གནས་ཁྱོད་ལ་ལག་ཁེལ་གྱི་མི་འདུག
    སྐད་ཡིག་གནད་དོན་དེ་རིག་ལམ་གྱིས་ཐག་གཅོད་པའི་རིགས་པའི་གྲོགས་པོ་ལགས། དངོས་གནས་ཐུགས་རྗེ་ཆེ་བློ་བསྐྱེད་ཞི་དྲག་རག་ད། ད་ཡིན་ན་འུ་གཉིས་ཀྱིས་ཇ་འཁོལ་ས་མ་རེད་འགྲོ་གི་ཡིན་ད
    རྗེས་ལ་ཐུག་ཡོང། ངས་ཁྱོད་ངོ་ཤེས་ད

    Reply
  4. chokri nyima says:
    ལོ་ 15 སྔོན།

    ཡ་འགྲིག་ཨེ་ཐལ

    Reply
  5. chokri nyima says:
    ལོ་ 15 སྔོན།

    བོད་སྤྱི་པའི་ཁང་པ་ཡིན་ན་ཁྱེད་ཀྱི་ཁང་པ་ཡིན་མི་དགོས་པ་བཞིན་འཛམ་གླིང་སྤྱི་སྐད་ཡིན་ན་རྒྱ་མི་སྐད་ཡིན་དགོས་པའི་ཁྱབ་ནི་མ་རེད་ཡ

    Reply
  6. chokri nyima says:
    ལོ་ 15 སྔོན།

    བོད་སྤྱི་པའི་ཁང་པ་ཡིན་ན་ཁྱེད་ཀྱི་ཁང་པ་ཡིན་དགོས་མི་དགོས་པ་བཞིན་འཛམ་གླིང་སྤྱི་སྐད་ཡིན་ན་རྒྱ་མི་སྐད་ཡིན་དགོས་པའི་ཁྱབ་ནི་མ་རེད་ཡ

    Reply
  7. chokri nyima says:
    ལོ་ 15 སྔོན།

    སྤྱི་ཞེས་པ་ནི་གཅིག་ཀྱང་མ་ལུས་པ་ཞེས་པའི་དོན་མ་རེད་ལྭོ།

    སྤྱི་བྱ་རྒྱ་མང་མའི་ཁ་དེ་ཤར་ལ་འཁོར་དུས་སྒེར་ཕ་བོང་ཕྱུ་ལེ་ཁ་དེ་ནུབ་ལ་འཁོར་པ་དེ་ནི་ཆོས་ཉིད་རེད་ལྭོ།

    ངས་ཚིག་གི་དག་ཆ་སྦྱོང་དགོས་པ་བཞིན་ཁྱེད་ཀྱིས་རྟོག་གེ་རིག་པའི་འགྲོ་ལུགས་གཏོག་ཙམ་སྦྱོང་ལྭོ།

    Reply
  8. མེ་འོད། says:
    ལོ་ 15 སྔོན།

    ཁྱོད་ལ་འཛམ་གླིང་སྤྱི་སྐད་ཅིག་ཡོད་པ་ནི་ཤིན་ཏུ་ལེགས། ཀམ་པིར་ཊར་ལྟ་བུ་འཛམ་གླིང་སྤྱི་སྐད་ཡིན་པར་སྨྲ་བ་ལ་རྒྱ་ནག་དེ་འཛམ་གླིང་སྤྱིའི་ནང་གི་ཨེ་ཡིན་ནི་རེད། ཡིན་ན་རྒྱ་ནག་གིས་ཀམ་པིར་ཊར་མི་ཟེར་གི་ཏན་ལོ་ཟེར་གི་ཡོད་ན་ག་རེ་བྱེད་དགོས་པ་རེད།

    Reply
  9. མེ་འོད། says:
    ལོ་ 15 སྔོན།

    ད་གསལ་བཤད་འདྲ་ཨེ་ཡོད།

    Reply
  10. chokri nyima says:
    ལོ་ 15 སྔོན།

    ཡ་ཡ་ཨ་ཁུ་ལོ་ལོ། བདེ་མོ་ཕེབས་ལྭོ།

    Reply
  11. chokri nyima says:
    ལོ་ 15 སྔོན།

    རིག་གསར་གྱི་ཡོང་ཁུངས་ནུབ་གླིང་ཡིན་པ་ཙམ་གྱིས་ངེས་པར་དབྱིན་ཡིག་ལས་བསྒྱུར་དགོས་པ་དེ་འདྲ་ཡིན་རྒྱུ་མ་རེད་ཞེས་གསུངས་པ་དེ་ནི་ཁས་ལེན་མེད་པའི་དགག་པ་ཞིག་རེད།

    ངས་དབྱིན་ཡིག་ཏུ་བསྒྱུར་དགོས་ཞེས་ལབ་མྱོང་མེད། དཔེ་ན་ཀམ་པུང་དྲར་ཞེས་དངོས་མིང་འབོད་དགོས་ཞུ་པ་དང་ནོར་མི་ཉན་ལྭོ།
    ངས་ཀམ་པུང་དྲར་ཞེས་དང་ལྕོག་ཁོ་ལེ་ཁྲིས་ཞེས་པ་འདི་ལྟར་བུའི་རིགས་རྣམས་ངས་འཛམ་གླིང་སྤྱི་སྐད་དུ་འདོད་དང་དེ་ཡིན་དུས་བོད་སྐད་དུ་ཡང་འདོད་།

    དབྱིན་སྐད་ཡིན་ན་བོད་སྐད་མ་ཡིན་དགོས་ནི་མ་རེད་ཡ། ལོ་ལོ། དཔེ་ན།་གཡག་ཞེས་པའི་ཉན་བྱ་དེ་གཉིས་ཀ་རེད་མོ།

    Reply
  12. མེ་འོད། says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ལགས་ཀྱིས་ལན་ཡག་པོ་གནང་བར་ཐུགས་རྗེ་ཆེ། ངའི་མི་ཤེས་པའི་རྨོངས་པའི་མུན་ཚོགས་ལྷག་མེད་དུ་བཏང་སོང། ད་ཡིན་ན་ངས་ཀྱང་མཁས་མདོག་བསྟན་ན་ཆོག་རྒྱུ་རེད། དངོས་གནས་བོད་ནང་ལ་སློབ་སྟོན་མང་པོ་གནང་འདུག བཙན་བྱོལ་བོད་མི་འདི་ཚོ་ཡག་པོ་འདུག ངས་ཀྱང་ཐོག་མར་ཅི་ཡང་ཤེས་ཀི་མེད། བཙན་བྱོལ་ལ་ཡོང་ནས་མིག་ཅུངཙམ་ཕྱེས་པ་རེད་མོད། ད་ཐེངས་ཁྱོད་ཀྱི་ལན་དེ་མེད་རྒྱུ་ན་ང་ད་དུང་མིག་འབྱར་ནས་བསྡད་ཡོད་རྒྱུ་རེད།
    དེ་མིན་ཁྱེད་ལ་བཤད་རྒྱུ་ཀྱང་མེད་ན་འུ་གཉིས་ཀྱི་བགྲོ་གླེང་མཚམས་བྱེད་ན་འགྲིག་གི་རེད། ཁྱོད་ཀྱིས་རྩོམ་ཡིག་རེ་ཕྲིས་དང་ཡར་རྒྱས་ལ་འགྲོ་གི་རེད། གཞན་གྱིས་ཁྱོད་ཀྱིས་ཡིག་ནོར་དང་དོན་ནོར་ལ་ཐད་ཀར་འཛུམ་མོ་གཏད་ཀི་ཡོད་དུས་དགའ་དགོས་ནི་རེད། དེས་ཡར་རྒྱས་ལ་གཏོང་གི་རེད། འདི་སེམས་གཏམ་ཡིན་ད། རྗེས་ལ་མཇལ་ཡོང། གནས་སྐབས་བདེ་མོ།

    Reply
  13. chokri nyima says:
    ལོ་ 15 སྔོན།

    ད་དུང་བསླབ་རྒྱུ་ཡོད་པ་ནི། གོ་ལའི་ཆབ་སྲིད་ནང་ནས་ཕུལ་དུ་བྱུང་མང་གཙོ་ལམ་ལུགས་དང་གཅིག གཉིས་པ་ཚོར་བའི་དཀའ་བསྔལ་སེལ་ཐུབ་པའི་ཚོར་བའི་དགོས་མཁོ་སྲུང་སྐྱོབ་ཀྱི་དཔལ་འབྱོར་ཚད་ལྡན་རིག་གནས་ལ་སོགས་བསླབས་རྒྱུ་ཡོད་།

    བསླབ་རྒྱུ་ཡོད་པ་དང་བསླབ་དགོས་པ་ནི་ཧ་ཅང་མང་བའི་རེ་རེ་བཞིན་བཤད་ཚད་མེད།

    Reply
  14. chokri nyima says:
    ལོ་ 15 སྔོན།

    ཁྱེད་ཀྱི་དྲི་བ། བཙན་བྱོལ་གཞུང་དམངས་གཉིས་ནས་ཅི་ཞིག་བསླབས་སོང་། ད་དུང་ཅི་ཞིག་བསླབ་རྒྱུུ་ཡོད་ཞེས་གསུངས་པ་དེ་ལ་ཁྱེད་ངོ་མ་ཚ་ན་ངས་ལན་འདེབས་ཞུ་ཆོག

    དང་པོ། དཔེ་ན་ཁྱེད་དང་ང་ལྟར་བུ་བོད་ནས་སླེབས་པའི་གསར་འབྱོར་བ་རྣམས་ཀྱིས་འཛམ་གླིང་འདིའི་སྟེང་དུ་མིག་བྱེ་ཐུབ་པ་དང་གོ་བརྡ་འཕྲོད་ཐུབ་པ་ག་ནས་བྱུང་སོང། བོད་ནས་མཉམ་དུ་ཁུར་ནས་ཡོང་བ་ཡིན་དང་། མིན་ན་བཙན་བྱོལ་གཞུང་དམངས་གཉིས་ལ་བརྟེན་ནས་ཡིན་ནམ།

    ༡༩༥༩ལོ་བཙན་བྱོལ་དུ་ཕེབས་པའི་སྦ་ས་བླ་རྒན་རྣམས་ཀྱིས་བཀའ་དྲིན་ལ་བརྟེན་ནས་ངེད་གཉིས་ལྟར་བུ་རྣམས་ལ་བསླབ་པ་སློབ་གཉེར་གྱི་གོ་སྐབས་ཐོབ་པ་མ་ཡིན་ནམ།
    མ་ཟད་བོད་ནས་སླེབས་པའི་གསར་འབྱོར་བ་རྣམས་ཀྱིས་སློབ་སྦྱོང་གི་གོ་སྐབས་ཐོབ་ནས་མི་ལོ་བཅུ་ཕྲག་རིང་བསླབས་ཟིན་པ་རྣམས་བཙན་བྱོལ་གཞུང་དམངས་གཉིས་བཀའ་དྲིན་ཡིན་པ་ཁྱེད་ལ་ངོ་འཕྲོད་བྱེད་དུས་ཁྱེད་ངོ་མ་ཚ་ཡང་ང་ལ་ཉམ་སྣང་ཞིག་འདུག

    Reply
  15. chokri nyima says:
    ལོ་ 15 སྔོན།

    ཨེ་འབྲོག་རྒན་མེ་འོད་ལགས། སྐུ་ནིད་ནས་ངའི་རྩོམ་ཉོག་དེ་ལ་བསམ་ཚུལ་བཤད་རྒྱུ་མིན་མ་གསུངས་རོགས་ཤ་མྱི་ལོ་ལོ།
    ངས་ག་ལེ་བྱས་ནས་སྐུ་ཉིད་ཀྱི་དྲི་བ་ལ་ལན་འདེབས་ཞུ་ཆོག་པ་ཞིག

    Reply
  16. མེ་འོད། says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ལགས་ཀྱིས་ལན་གནང་བར་ཐུགས་རྗེ་ཆེ་ཞུ། ལན་་དེ་ན་དྲི་བ་དང་ཐད་ཀར་མི་འབྲེལ་བར་ཀླད་རྙིང་མཁྲེགས་འཛིན་རེད་བཤད་འདུག འགྲིག་གི་འདུག གནས་ལུགས་བཤད་པར་དེ་འདྲའི་ཤོད་སྟངས་ནི་གང་ཡིན་ཧ་གོ་མ་སོང། གོ་ལ་འགྱུར་གྱི་གནད་དོན་དེ་ནི་སུས་ཀྱང་རྟོགས་སླ་བའི་གནས་ཚུལ་ཞིག་རེད། ཐ་སྙད་གསར་བ་འདོགས་སྟངས་ཀྱི་ཐབས་ལམ་བཤད་པ་དེ་གོ་ལ་གཅིག་འགྱུར་ཁས་མི་ལེན་པའི་སྒྲུབ་བྱེད་ལ་ཇི་ལྟར་བཀོད་པ་ཡིན། དེ་ནི་བསམ་བཞིན་དུ་ཀླན་ཀ་འཚོལ་བ་ཡིན་ཙ་ན་ངས་འདི་ནས་དགག་སྒྲུབ་བྱེད་རྒྱུ་མིན། གནས་ལུགས་ཀྱི་མདུན་ན་ཨུ་ཚུགས་དང་ཀུ་རེ། ཁ་རྒྱགས་པ། ཁྲལ་ལི་ཁྲིལ་ལེ་བྱེད་ས་ཡོད་ནི་མ་རེད། གང་ལྟར་ངས་ནི་ལན་འདི་ལས་འབྲི་ཐབས་མ་བྱུང། དོན་གྱི་འབྲས་བུ་སྒྲིབ་པའི་ལོ་འདབ་ཀྱིས་ཕན་ཐོགས་ནི་མ་རེད། ངས་ཁྱོད་ལ་ལག་ཁེལ་ས་མ་རེད། དེ་རིང་ནས་ངས་ཁྱོད་ཀྱི་རྩོམ་ཉོག་འདི་ལ་བསམ་ཚུལ་བཤད་རྒྱུ་མིན། བདེ་མོ། མུ་མཐུད་དུ་རྩོམ་ཡིག་རེ་ཕྲིས་དང་ཉིན་ཞིག་རྩོམ་འབྲི་ཤེས་འགྲོ་ནི་རེད། ཡི་གེའ་ིདག་ཆའང་ཡར་རྒྱས་ལ་འགྲོ་ནི་རེད། ཚིག་གི་དག་ཆས་དོན་གྱི་གནད་འབྱིན་པ་ཞེས་པའི་ལེགས་བཤད་འདི་གལ་ཆེན་ཡིན་ནི་རེད། མུ་མཐུད་ནས་གསར་རྩོམ་པ་ཅོ་རི་ཉི་མ་ལགས་ཀྱི་རྩོམ་ཡིག་བཀླག་གི་ཡིན། རབ་ཡིན་ན་ཉིད་ཀྱིས་ཟིན་བྲིན་ཁང་མིག་ཅིག་ཉར་ཐུབ་ན་ཡག་རྒྱུ་རེད་འདོད་ཀི།

    Reply
  17. chokri nyima says:
    ལོ་ 15 སྔོན།

    ཨེ་ཧོར་བུ་ཡེ་ཤེས་ལགས།
    དག་ཆ་བཟབ་དགོས་གསུངས་པ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་མིན་བསླབ་བྱ་འདྲ་ཡོད་ན་ཡང་ཉན་འདོད་ཡོད།

    Reply
  18. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    དྲ་ལམ་འདི་ནང་ནང་འཛུལ་བྱས་མ་ཐུབ་ནས་ད་བར་ལུས་སོང་།དེ་རིང་དྲ་རོགས་རྣམས་བསྐྱར་དུ་མཇལ་བ་ལ་དང་པོ་ངས་ཁྱེད་རྣམ་པར་སྐུ་ཁམས་བཟང་ཞེས་མཚམས་འདྲིས་དང་བཅས།ཅོ་རི་ཉི་མ་ལགས་ལ་དག་ཆ་གཟོབས་ཙམ་གནང་རོགས་ཞུ་རྒྱུ།

    Reply
  19. chokri nyima says:
    ལོ་ 16 སྔོན།

    རྙིང་པ་ཐམས་ཅད་ལྷ་ལ་གསོལ་གསོལ་ནས། རང་གིས་རང་ཉིད་ལ་ཡང་རྙིང་དྲི་ཁ།
    ཀྱེ་མ་གངས་ཅན་བོད་ཀྱི་མི་རིགས་འདིས། རང་གིས་ལུས་ཁྲུས་ཤེས་པ་ག་དུས་འོང་།

    Reply
  20. chokri nyima says:
    ལོ་ 16 སྔོན།

    དངོས་པོ་ཡོངས་ལ་མིང་ལྷག་བཏགས་བཏགས་ནས། རང་གིས་རང་ཉིད་ལ་ཡང་མིང་ལྷག་བཏགས།

    ཀྱེ་མ་གངས་ཅན་བོད་ཀྱི་སྐད་ཡིག་འདི། མིང་ལྷག་མ་གཏོགས་དངོས་མིང་འབྲི་དབང་མེད།

    Reply
  21. chokri nyima says:
    ལོ་ 16 སྔོན།

    ཤ་ཀལན་འཇམ་དབྱངས་གྲགས་པ་ལགས།
    ཁྱེད་ཀྱིས་སྐད་ཆ་བཤད་སྟངས་དང་ཐ་སྙད་བེད་སྤྱོད་བྱས་སྟངས་ལ་གཞིར་ན་ངེད་གཉིས་ཕ་ཡུལ་གཅིག་པ་ཞིག་དང་ངོ་ཤེས་རྙིང་པ་ཞིག་ཡིན་པ་མ་ཟད་ཤ་ཀླན་འཇམ་དབྱངས་གྲགས་པ་ཞེས་པ་ཡང་རང་གིས་རང་ལ་བཏགས་པའི་མིང་ལྷག་ཞིག་ཡིན་པ་འདྲ།

    མཁས་པ་རྣམས་ཀྱིས་རང་ཉིད་སྤྱི་ཚོགས་ཀྱི་མདུན་དུ་ཕྱི་གསལ་ནང་གསལ་ཡོང་ཐབས་བྱས་རྒྱུ་དང་བླུན་པོ་རྣམས་ཀྱིས་རང་གིས་རང་ཉིད་ལ་མིང་ལྷག་བཏགས་ནས་རང་ཉིད་གབ་ཐབས་དང་རང་གི་ནོར་འཁྲུལ་སྤྱི་ཚོགས་མདུན་དུ་སྦས་ཐབས་བྱས་པ་དེ་ནི་རྒྱ་ནག་དམར་པོའི་སྲུད་གཞུང་དང་གཅིག་མཚུངས་ཡིན་ཅི་མི་དགའ།

    དེ་ལས་འཇུག་རྟེན་གྱི་ཁ་རྒྱུན་ལ། ཁ་ཡག་རེ་དེ་མ་བཤད་ན་མི་ངོ་རེ་དུ་མི་ལེན་ཁུ། ལྐོག་འབར་རེ་དེ་མ་བྱས་ན་རང་སེམས་རེ་དུ་མི་དག་ཁུ།
    ཞེས་པ་ནང་བཞིན་སྐུ་ཉིད་ནས་ཀྱང་རྡ་ས་མི་དྲག་སྐུ་དྲག་རྣམས་ལ་ཁ་ཡག་རེ་དང་ང་ཉམ་ཆུང་ཅོ་རི་ལ་སྨད་འབོད་མ་བྱས་ན་ཁྱེད་ལ་མདུན་ལམ་མེད་ངས་ཤེས་ཁུ་མོ་ཧཧཧཧཧ
    དེ་ལས་སྔོན་མ་ངེད་གཉིས་ངོ་ཤེས་ཡིན་དུས་ཀྱི་དངོས་མིང་དེ་ང་ལ་གཅིག་གསུངས་ན་ང་སྐྱིད་ཁུ་ཡ

    Reply
  22. chokri nyima says:
    ལོ་ 16 སྔོན།

    མེ་འོད་ལགས། ངས་ཁྱེད་ལ་ཡང་བསྐྱར་གོ་བ་རེ་སྤྲོད་ཐུབ་པའི་རེ་བ་བྱེད་རྒྱུ་ཡིན། ཅི་ཡིན་ཞེ་ན་སྐུ་ཉིད་ནི་རང་རིགས་ལ་ཞེན་པ་དཀར་བའི་མི་ཞིག་ཡིན་བཟོ་འདུག་པ་མ་ཟད་འཇམ་དབྱངས་གྲགས་པ་ནང་བཞིན་ཀླད་རྙིང་ཞིག་ཀྱང་ཡིན་པ་འདྲ།

    གོ་ལ་འདིར་གཅིག་འགྱུར་མང་བའི་ནང་ནས་ཐ་སྙད་གཅིག་འགྱུར་དང་རིག་གཞུང་གཅིག་འགྱུར་ཆས་གོས་གཅིག་འགྱུར་ཡོང་བཞིན་པ་འདི་ནི་ཀླད་རྙིང་རྣམས་ཀྱིས་མི་འདོད་པའི་རྩ་བ་ཞིག་རེད། ཡིན་ཡང་དབྱར་གྱི་གནམ་ཆུ་བཞིན་དུ་བཀག་ཀྱང་འགོག་ཐབས་མེད་པ་ཞིག་ཡིན་པ་ནི་མངོན་སུམ་གྱིས་གྲུབ་ཐུབ།

    བོད་མི་རིགས་འདི་ཡང་འཛམ་གླིང་སྤྱི་ཡི་རིག་གནས་དང་དཔལ་འབྱོར་ཆབ་སྲིད་ཆས་གོས་ལུགས་སྲོལ་རྣམས་ལ་འཇུག་ཚེ་མགྱོགས་ཚད་ལྡན་པ་ཞིག་བྱུང་ན་བསམ་པའི་རེ་བ་བྱེད་བཞིན་ཡོད།

    སྐུ་ཉིད་ནས་ཁ་མ་ཡིན་དོན་ཡིན་ན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནང་གླེང་མོ་རེ་བྱ་འདོད་ན་ངེད་གཉིས་ནས་དུས་ཚོད་རེ་བཟོ་ན་ག་འདྲ་འདུག

    Reply
  23. chokri nyima says:
    ལོ་ 16 སྔོན།

    སྨྱོ་པ་མིན་པའི་ལག་ཁྱེར་ཡོད་ན་ཡང་གཟབ་མ་གཏོགས་ཨ་རི་ཀའི་སྲིད་འཛིན་ལ་མིང་ལྷག་བཏགས་ན་ས་ལྡམ་མུ་སིན་ནང་བཞིན་ས་ཁུང་ནང་དུ་སྡོད་དུས་འགྱོད་པ་སྐྱེ་ཡོང་།

    Reply
  24. chokri nyima says:
    ལོ་ 16 སྔོན།

    ཡ་ཡ་། ཤ་ཀླན་མཆོག་ནས་ཨོ་བྷ་མ་ལ་མིང་བཏགས་ཀྱིས་ཡིན་ཞེས་ཧམ་པ་ཆེ་ལུགས་དེར་གཞི་ན་སྨན་ཁང་ནས་སྨྱོ་པ་མིན་པའི་ལག་ཐོབ་འདྲ།

    Reply
  25. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 16 སྔོན།

    དེང་སང་འདི་གར་ཡིག་རྒྱུགས་འཁེལ་བས་ཁོ་བོ་བྲེལ་བའི་ནང་ཚུད་ཡོད་པས་དྲ་བར་འཇུག་ཚད་ཉུང་དུ་བཏང་ཚར་ལ་ཕལ་ཆེར་ཡོང་གི་མེད་ཟེར་ཡང་མི་ཆོག་རྒྱུ་མེད། ཡིན་ཡང་དེ་རིང་སློབ་གྲོགས་ཤིག་གི་ངག་ནས་ཅོ་རི་ཉི་མ་ལགས་ཀྱིས་ངའི་དེ་སྔོན་བྲིས་པའི་རྩོམ་ཡིག་དེ་ལ་དགག་བཞག་བྱས་འདུག་སྐད་ཐོས་པས་མི་ཞིག་གིས་གཟའ་འཁོར་གསུམ་ཙམ་གྱི་རིང་དཀའ་ལས་རྒྱབ་པའི་འབྲས་བུ་སྟོར་བརླག་བཏང་མི་ཉན་པ་བསམ་ནས་གསེར་འདྲ་བའི་དུས་ཚོད་བཏང་སྟེ་འདིར་ཁོ་བོ་བཅར་བ་ལགས།
    ཅོ་རི་ཉི་མ་ལགས་ཀྱིས་ནི་ཐ་སྙད་གསར་བར་བསྒྱུར་བས་མ་ཚད་ཡིད་བརྙན་ཡང་གསར་བར་བསྒྱུར་དགོས་པ་དགོངས་པ་འདྲ་སྟེ་དབྱངས་གྲགས་ཤ་ཀླན་ལྟ་བུའི་ཡིད་བརྙན་ཞིག་བཀོལ་འདུག དེ་ནི་དོན་གྲུབ་རྒྱལ་དང་ལྗང་བུ་སོགས་ཀྱིས་ཡིད་བརྙན་གསར་བ་རྦབ་ཆུ་དང་ལྕི་བ་སོགས་བཀོལ་བ་ལྟ་བུ་རེད། ཡིན་ཡང་དབྱངས་གྲགས་ཤ་ཀླན་ནི་ཅི་ཡང་མི་ཤེས་པའི་མི་གླེན་པ་ཞིག་གམ་སྨྱོན་པ་ཞིག་ཡིན་པས་ཁོང་གི་ཡིད་བརྙན་དེ་ཁྱད་ཆོས་དང་མཚོན་དོན་ཅི་ཡང་མེད་པ་ཞིག་འགྱུར་བར་གདོན་མི་ཟ། དེ་ལས་སྙན་ཞིང་སྐད་གྲགས་ཆོད་པ་ཞིག་དགོས་ན་མའི་ཁལ་ཇེག་སིན་ལྟ་བུ་དང་སེང་གེ་སྲབ་མེད་གནམ་ལ་འཆོང་བ་ལྟ་བུ་ཞིག་དགོས་ན་ཨེ་ལེ་ཟན་ཌར་ལྟ་བུ། ཡིད་དུ་འོང་ཞིང་སྙིང་དུ་སྡུག་པ་ཞིག་དགོས་ན་བསོད་ནམས་དཔལ་སྐྱིད་(མིང་གཞན་སུད་སི་བུ་མོ)་ལྟ་བུ་བཀོལ་ན་ཅི་འདྲ་རེད། ཨ་ལ་ཀུ་རེ་ཡིན་མོད་ཁོང་གི་རྩོམ་ཡིག་དང་ཕྲན་གཉིས་བསྡུར་ན་ངོ་མ་ཡིད་བརྙན་དེ་འགྲིག་འདུག

    ངའི་རྩོམ་ཡིག་འདི་བཀླགས་རྗེས་ཅོ་རི་ཉི་མ་ལགས་གྲྭ་ལོག་ཅིག་ཡིན་པའི་ངེས་ཤེས་རྙེད་མ་སོང་། གང་ལགས་ཤེ་ན་གྲྭ་ལོག་ཅིག་ཡིན་ན་དམའ་མཐའ་ཡང་ཚོགས་ཆོས་འགྲིམ་པའི་ཞག་རྩི་ཞིག་ཡོད་པར་ཁོ་བོས་འདོད་བཞིན་ཡོད། ཡང་ཁོང་གིས་ཀ་ཁ་ཙམ་ནི་མཁྱེན་གྱིན་འདུག་པས་གྲྭ་ལོག་ཅིག་ཡིན་ཡང་སྲིད་དེ་དེང་སང་དཀའ་དྲིན་ཆེ་བའི་གཞིས་ཆགས་ཁག་གི་བུ་ཕྲུག་ཚོ་ལ་ཀ་ཁའི་དྲི་མ་བགོས་མི་ཉན་ཡ། གང་ལྟར་ཀྱང་གྲྭ་ལོག་ཡིན་ན་དམན་པ་ཡིན་པའི་ལྟ་ཚུལ་ནི་ཁོ་བོར་མེད་པས་ཁྱད་མི་འདུག
    ཁོ་བོ་ནི་ཁྲོ་ཐུང་ངང་ཐུང་ཅི་ཡང་མི་ཉན་པ། ཅི་ཡང་མི་འཇོན་པ། བྱས་རྗེས་ཅི་ཡང་མེད་མཁན། རྩོད་པ་ལ་དགའ་མཁན། སོ་སོའི་ལྟོ་གོས་ཀྱང་ཐག་ཆད་མེད་མཁན་སོགས་མདོར་ན་སྡུག་དགུ་བརྩེགས་ཀྱང་མི་ཆོག་རྒྱུ་མེད་པའི་མི་ཐ་ཤལ་ཞིག་ཡིན་པས་ཅོ་རི་ལགས་ཀྱིས་ཅི་ཙམ་སྨད་ཀྱང་ཁྱད་མེད་མོད། ཡིན་ཡང་བོད་གཞིས་བྱེས་གཉིས་ལ་བྱས་རྗེས་མི་དམན་པ་ཡོད་མཁན་དང་འུ་ཚོ་ལ་ཤ་ཚ་བའི་མི་ཚོ་ལ་ཁྱེད་ཀྱིས་ཅི་བསམ་སྨྲ་བའི་འོས་མ་ཡིན་ལ་བརྒྱ་ལ་བསྲན་མ་ཚུགས་ན་རང་གི་འཁོར་ཚོགས་ལ་བསྒྲགས་པ་མ་གཏོགས་ཨ་རིའི་རྡུལ་ཕྲན་མཚོན་ཆ་བཞིན་བོད་སྤྱི་ཚོགས་ཀྱི་ཧེ་རོ་ཤི་མ་ལ་འཕེན་མི་རུང༌།
    ད་དུང་ཅོ་རི་ལགས་ནི་སྤོ་དགྱེ་དགྱེ་དང་མཐོང་ཆུང་གི་མིག་ཟུང་རང་རིགས་ལ་གཡོ་བར་དགའ་བའི་མི་ཞིག་ཀྱང་ཡིན་ཚོད་འདུག་པས་དགེ་ཆོས་ལགས་བཞུགས་ཡོད་ཚེ་ཁོང་ལ་གསར་བ་ཐམས་ཅད་ལྷ་ཡི་སྲོལ་དུ་སྒྲོག་མཁན་ཞེས་མི་མི་སྟོད་པར་བླུན་པོ་ནོར་རྐྱལ་ཁུར་བ་ཞེས་སྨད་ཚོད་རེད། ད་དུང་། རང་རིགས་དར་ཚེ་དྲུང་དུ་འདུར་རུ་རུ་རྒྱུག་ཅིང་༎ རང་རིགས་རྒུད་ཚེ་རིང་ནས་འཛུམ་ཀེར་གྱིས་འཕྱར་བ༎ མ་གཞི་ཅོ་རི་འདྲ་བའི་མི་ངན་གྱི་གཤིས་ལ༎ ཁོ་བོ་སྔོན་ནས་ཡིད་ཀྱི་རྟིང་ཐག་དེ་ཆད་ཡོད༎ ཟེར་བ་ལྟ་བུའི་སྙན་ཚིག་འགའ་ཤར་མར་འབྲི་ཚོད་རེད། ཧཧཧཧཧ། ཨ་ལ་ཀུ་རེ་ཡིན། ངོ་མ་དེ་སྙན་ངག་ཅིག་ཡིན་མི་སྲིད་ཀྱང་ངས་ལེགས་པོ་ཞིག་འཁྱོངས་སོང༌།

    ཡང་ཅོ་རི་ལགས་ཀྱིས་གློག་ཀླད་ཀྱི་བརྙན་པར་ཞིག་ཁུར་ནས་བོད་ཀྱི་བུ་ཕྲུག་དག་ལ་བསྟན་ན་ཀམ་པུང་ཊར་རེད་ཟེར་འོང་ཟེར། དེ་ལྟར་ཡིན་ན་བོད་ཀྱི་བུ་ཕྲུག་དེ་དག་ཅི་འདྲའི་བླུན་ཨང༌། ངའི་སྲིང་ཆུང་མ་སློབ་ཕྲུག་དེ་དག་གི་དཀྱིལ་དུ་ཡོད་ཚེ་མོས་ཚོམ་ཚོམ་མེད་པར་”དེ་ནི་ངའི་ཕུ་བོ་འཇམ་དབྱངས་གྲགས་པ་དང་ཁྱེད་གཉིས་ཀྱིས་མིང་འདོགས་སྟངས་རྩོད་བཞིན་པའི་གློག་ཀླད་ཀྱི་པར་རིས་རེད”ཅེས་ཟེར་སྲིད། གང་ལགས་ཤེ་ན་མོའི་ཨ་མས་མོ་ལ་དངོས་དང་འདྲ་རིས་གཉིས་ཀྱི་ཁྱད་པར་གསལ་ཐག་ཆོད་པར་བསླབས་ཟིན།
    ཅོ་རི་དང་ཁོ་ཚོའི་ཕྱོགས་གཏོགས་རྣམས་ལ་གཞན་གྱི་དེ་མཆོག་དང་རང་གི་དེ་དམན་པ་འཛིན་པའི་འདུ་ཤེས་ཤིན་ཏུ་ཟབ། དེ་བས་ཨོ་བྷ་མ་ལ་བོད་མིང་གཏགས་མི་ཆོག གཏགས་ན་སྨྱོན་པ་རེད།ཅེས་ངར་སྐད་བསྒྲགས་པ་རེད། ཨོ་བྷ་མ་ལ་གཏགས་དགོས་དོན་མི་འདུག་ཀྱང་གཏགས་དགོས་བྱུང་ཚེ་གཏགས་མི་ཆོག་པ་ཅི་ཡོད། མི་རིགས་གཞན་གྱིས་འུ་ཚོའི་དབུ་ཁྲིད་ལ་ཏཱ་ལའི་བླ་མ་ཞེས་བཏགས་པས་སྨྱོན་པ་རེད་ཅེས་མ་བརྗོད་ས་ནས་འུ་ཚོས་ཁོ་ཚོའི་དབུ་ཁྲིད་ལ་བོད་མིང་སྙན་པོ་ཞིག་བཏགས་ན་སྨྱོན་པ་རེད་ཅེས་འབོད་མི་སྲིད།གཙོ་བོ་བོད་མིང་འདོགས་དུས་རྩམ་དྲི་ཡལ་མི་ཉན་བ་དེ་རེད། དེ་བས་དགོས་གལ་བྱུང་ཚེ་ཁྱེད་ཅོ་རི་ཉི་མས་སྦྱིན་བདག་མཛད་དེ་ཕྲན་འཇམ་དབྱངས་གྲགས་པས་ཞབས་ཕྱིར་བྱས་ནས་རང་རེའི་དབུ་ཁྲིད་༸གོང་ས་མཆོག་དང་ཨོ་བྷ་མ་གཉིས་ལྷན་འཛོམ་གྱི་སྐལ་བཟང་དེར་བག་དྲོ་ཨོ་བྷ་མ་ཟེར་བ་ལྟ་བུའི་དབུས་གཙང་གྱི་མིང་ཞིག་གམ། ཨོ་བྷ་རྒྱལ་ཟེར་བ་ལྟ་བུའི་ཨ་མདོའི་མིང་ཞིག་ཡང་ན་ཨོ་དགའ་ཟེར་བ་ལྟ་བུའི་ཁམས་ཀྱི་མིང་ཞིག དེ་མིན་གཡུང་དྲུང་ཨོ་བྷ་མ་ཟེར་བའི་བོན་གྱི་མིང་ཞིག་དང་། ཨོ་རྒྱན་ཨོ་བྷ་མ་ཟེར་བའི་རྙིང་མའི་མིང་ཞིག ཀརྨ་ཨོ་བྷ་མ་ཟེར་བའི་བཀའ་བརྒྱུད་པའི་མིང་ཞིག ཀུན་དགའ་ཨོ་བྷ་མ་ཟེར་བའི་ས་སྐྱའི་མིང་ཞིག བློ་བཟང་ཨོ་བྷ་མ་ཟེར་བའི་དགེ་ལུགས་པའི་མིང་བཅས་གདམ་ང་བྱས་ནས་འདོག་པའམ་ཡང་མིན་ན་ངའི་མིང་ཟུར་ནས་དྲས་ཏེ་འཇམ་དབྱངས་ཨོ་བྷ་འཇིག་རྟེན་སྐྱོང་མགོན་རྒྱ་བོད་དབྱིན་གྱི་མང་བཀུར་ཞི་བདེའི་དེད་དཔོན་མི་དབང་ཆེན་མོ་ཟེར་བ་ལྟ་བུ་དང་ཁྱེད་ཀྱི་མིང་ཟུང་ནས་དྲས་ཏེ་ཨོ་བྷ་ཅོ་རི་ཉི་མ་བོད་དང་བཅས་པས་འགྲོ་བ་ཡོངས་ཀྱིས་སྤྱི་བོར་བཀུར་བ་གནམ་བསྐོས་ཨ་རིའི་གཞུང་གི་མི་འཇིག་སྲིད་ཁྲིར་འཁོད་པའི་མི་ཡི་སྲས་པོ་ཟེར་བ་ལྟ་བུའི་མིང་ངོ་མཚར་ཅན་ཞིག་གཏགས་ན་སྨྱོན་པ་རེད་ཟེར་རྒྱུའི་ཚབ་ལ་དགའ་མགུ་ཡི་རང་གིས་དགའ་བསུ་ཞུ་རྒྱུར་མ་ཟད་འཛམ་གླིང་གི་གསར་ཁང་ཡོད་ཚད་ཀྱིས་ངེད་གཉིས་བདའ་འོང་སྟེ་མིང་དེ་ཇི་ལྟར་གཏགས་ཚུལ་དྲི་བ་གཅིག་རྗེས་གཉིས་མཐུད་དུ་འདྲི་ཡོང་བ་གདོན་མི་ཟ། དེ་དུས་ཁྱེད་ཀྱིས་བརྗེད་མི་ཉན་པ་ནི་དུས་བབ་ཚང་རེད། ངེད་གཉིས་ཀྱིས་སྤོ་དགྱེ་དགྱེ་བྱས་ཏེ་དུས་བབ་རྩོམ་སྒྲིག་པ་ལུང་རིགས་གཅིག་པུར་ཁ་ཕྱོགས་ནས་བོད་སྐད་ཀྱིས་ཤར་མར་མིང་དེའི་གོ་རིམ་དང་དགོས་པ། དེའི་རྒྱབ་ཀྱི་རིག་གནས་གཅེས་འཛིན་བཅས་བཤད་དགོས།
    ཨོ་ཨོ་ཡིག་ཚོགས་མང་སོང་། ད་མང་པོ་མི་བཤད། ཀུ་རེ་ལྟ་བུའི་གཏམ་འདྲ་བྱུང་རྒྱལ་སྨྲ་རྒྱུ་དེ་དོན་ཕན་ཅན་གྱི་རིག་གཞུང་བགྲོ་གླེང་ལ་མི་འཚམ་ཡང་ཁོ་བོ་རང་གཤིས་ཚ་དྲགས་པས་དང་ཁ་མང་དྲགས་པས་འདི་ལྟ་བུ་ཐལ་བར་བཟོད་གསོལ་ཞུ། ད་དུང་མང་པོ་ཞིག་ལྷག་འདུག་མོད་ཁོ་བོ་ལས་མེད་སྤྲང་འཁྱམ་པ་ལའང་མཚམས་ལན་རེར་ལས་བྲེལ་ཟེར་བ་ལྟ་བུ་ཡོང་རྒྱུ་འདུག་པས་ཁྱེད་ནུབ་གླིང་དག་པའི་ཞིང་ཁམས་སུ་གནས་མཁན་ཚོར་དང་ལས་བྲེལ་ཆེ་བ་བཤད་མ་དགོས་པས་ང་ལ་འབྲི་ཁོམ་ཡོད་ཀྱང་ཁྱེད་ཚོ་ཀློག་ཁོམ་ཡོད་མི་སྲིད། བདེ་མོ།

    Reply
  26. མེ་འོད། says:
    ལོ་ 16 སྔོན།

    ཅོ་རི་ལགས།ཉིད་ཀྱིས་འདི་འདྲ་ཞིག་གསུངས་འདུག ཧཧཧཧཧ།་ ང་ཚོ་འབྲས་བློ་གླིང་མཁས་དབང་རྣམས་ཀྱིས་ཁ་རྒྱུན་ལ། ཚིག་ལ་མ་ལྟ་དོན་ལ་ལྟོས།ཞེས་པ་འདིའི་དོན་གོ་རྒྱུ་དཀའ་སེ་རེད་འདུག སྤྱིར་ནང་བའི་སངས་རྒྱས་པའི་རིང་ལུགས་ལ་རྟོན་བཞི་ཟེར་བའི་རྣམ་གཞག་གལ་ཆེན་ཞིག་ཡོད་པ་རེད། གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ཚིག་ལ་མི་རྟོན་ལ་རྟོན། དྲང་དོན་ལ་མི་རྟོན་ངེས་་དོན་ལ་རྟོན། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་ཟེར་བའི་རིང་ལུགས་དྲི་མ་མེད་པ་ཞིག་ཡོད། ཁྱོད་ཀྱིས་བཤད་པའི་ཚིག་ལ་མ་ལྟ་དོན་ལ་ལྟོས་ཞེས་པའི་དོན་ཅི་ཞིག་ཡིན་ནམ། འདི་ནི་གོང་གི་བརྗོད་གཞི་དང་འབྲེལ་བ་མེད་པས་དེ་ཙམ་རང་ཞུས་པ་ཡིན།

    Reply
  27. མེ་འོད། says:
    ལོ་ 16 སྔོན།

    རིག་གསར་གྱི་ཡོང་ཁུངས་ནུབ་གླིང་ཡིན་པ་ཙམ་གྱིས་ངེས་པར་དབྱིན་ཡིག་ལས་བསྒྱུར་དགོས་པ་དེ་འདྲ་ཡིན་རྒྱུ་མ་རེད། ནུབ་ཕྱོགས་མཚན་ཉིད་རིག་པའི་གཞུང་ལུགས་མང་པོ་དབྱིན་ཡིག་ཡོད་ཀྱང་ཐོག་མར་ལ་ཏན་གྱི་སྐད་ཡིག་ནང་ལ་ཡོད་པ་མང་པོ་ཡོད། མ་ིགཞི་ནས་རིག་གཞུང་དེ་ཚོ་ལོ་ཙཱ་དང་ཡིག་བསྒྱུར་ལ་བརྟེན་དགོས་པའི་གནས་ལུགས་འདི་ངེས་པར་ཤེས་་དགོས། ནང་ཆོས་ཐོག་མར་རྒྱ་གར་གྱི་སྐད་ཡིག་ནང་ལ་ཡོད་པ་རེད། དེ་ནས་བོད་ཀྱི་སྐད་ཡིག་ནང་ལ་བསྒྱུར་བ་རེད། ད་ལྟ་བོད་ཀྱི་སྐད་ཡིག་ལས་དབྱིན་ཡིག་སོགས་ལ་མང་པོ་བསྒྱུར་གི་ཡོད་ནི་རེད། འོ་ན་དེ་ཚོ་མ་དག་པ་ཡིན་རྒྱུ་རེད། དེ་འདྲ་ཡིན་ན་སྔོན་གྱི་བོད་ཀྱི་ལོ་ཆེན་རྣམས་ལ་ཁ་བཏང་བ་རེད། རྒྱ་ཡིག་དང་འཇར་པན་གྱི་སྐད་ཡིག་ལ་རིག་གསར་སྐོར་མང་པོ་བསྒྱུར་ནས་ཁོ་ཚོས་དེ་ལྟར་གོ་བརྡ་རྙེད་བསྡད་ཡོད་དུས། ང་ཚོས་རིག་གསར་བསྒྱུར་བ་ལ་ངེས་པར་དབྱིན་ཡིག་དགོས་པའི་ངེས་པ་དེ་ཙམ་མེད་པར་མཁྱེན་་དགོས། ངས་གསལ་བོ་བཤད་ཡོད། བོད་ནས་ཐ་སྙད་གསར་བ་བཟོས་ཤིང་གཏན་འཇགས་སུ་སོང་བ་རྣམས་དོན་གྱི་གོ་བ་སྤྲོད་པའི་དཀའ་ངལ་མེད་ན་དེ་ག་ཡང་བཞག་ན་ལེགས་པར་འདོད་པའི་ལྟ་ཚུལ་བཏོན་པ་ཡིན། གལ་སྲིད་ནོར་བསྡད་ཡོད་པ་དེ་འདྲ་ཡོད་ན་བཟོས་བཅོས་བྱས་ན་དེ་ལས་ཡག་པ་ཞིག་གང་ནས་ཡོད། ཁྱོད་ཀྱིས་འདི་འདྲ་བཤད་པར་བདེན་ལུགས་འདུག བཙན་བྱོལ་གཞུང་མང་གཉིས་ཀྱིས་བོད་ནང་ལ་ཕར་ལ་མང་པོ་བསླབ་དགོས་པ་རེད་ཟེར་འདི་རེད། ཡིན་ནའང་ང་ཚོས་ད་བར་དུ་ཅི་ཞིག་བསླབས་སོང། ད་་དུང་ང་ཚོ་ལ་བསླབ་རྒྱུ་ཅི་ཞིག་ཡོད་ཀི། ང་ཚོས་མང་པོ་ཞིག་བོད་ནང་གཞི་མི་འཛིན་རང་འཛིན་ཆགས་བསྡད་པའི་གནས་ལུགས་འདི་་ངེས་པར་ཤེས་་དགོས་པ་རེད།

    Reply
  28. chokri nyima says:
    ལོ་ 16 སྔོན།

    chocolate་་་་་་་་་་་་་་་ལྕོག་ལེ།
    pepsi་་་་་་་་་་་་་་་་་་་་་་ལྦུ་སིབ་ཁུ་ནག
    hamberger་་་་་་་་་་་ཧེམ་བག
    ཞེས་འདི་འདྲ་བའི་རིགས་རྣམས་ནི་ཨ་མ་མ་གཏོགས་མཐོང་མ་མྱོང་བ་དང་ཤར་ཕྱོགས་པའི་སྐད་ཡིག་ཙམ་མ་གཏོགས་མི་ཤེས་པའི་མཁས་དབང་རྣམས་ཀྱིས་བཟོས་པ་དེ་སྙིང་རྗེ།

    Reply
  29. chokri nyima says:
    ལོ་ 16 སྔོན།

    ཕྱི་རྒྱལ་བ་རྣམས་ཀྱིས་གཡག་ལ་yak ཞེས་དང་ལྷ་ས་ལ་lhasaཞེསདངོས་མིང་འབོད་བཞིན་འདུག་ཀྱང་གོ་བརྡ་མ་ཕྲོད་པ་མི་འདུག

    དེ་ལས་དངོས་པོ་གསར་པ་རེ་ལ་མིང་ལྷག་རེ་བཏགས་ནས་སྡོད་པ་ཡིན་ན་བོད་ཕྱི་ནང་གཉིས་གོ་བརྡ་མི་ཕྲོད་པ་ཡོང་རྒྱུ་གདན་མ་ཟ

    Reply
  30. chokri nyima says:
    ལོ་ 16 སྔོན།

    ཧེ་ཧེ་སྤྲུལ་སྐུ་གྲགས་པ་རྒྱལ་མཚོ་ལགས།

    བོད་ནས་བསྒྱུར་བའི་ཁོལ་ཁོལ་ཁུ་ནག་ཞེས་པ་དང་སྦི་རག་ཞེས་འདི་ཚོ་ག་རེ་རེད།

    Reply
  31. གྲགས་པ་རྒྱ་མཚོ། says:
    ལོ་ 16 སྔོན།

    ཅོ་རི་ཉི་མས་གསུང་པའི་ཚིག་དོན་ལེགས་པར་བརྟགས་ཟིན་ཀྱང་། དངོས་བདེན་ཞིག་གང་ཡང་མ་མཐོང་། དཔེར་ན་དབྱིན་སྐད་དུ་ཀམ་པུ་ཊར་དང་། རྒྱ་ནག་སྐད་དུ་དན་ལོང་ཟེར། བོད་ཀྱི་མཁས་པ་རྣམས་ཀྱིས་གློག་ཀླད་དུ་བསྒྱུར་ཏེ། དེང་སང་བོད་ཕྱི་ནང་གང་སར་གློག་ཀླད་བྲིས་པ་ཧ་ཅང་མང་། དེ་མིན་ཡུལ་སྐད་སོ་སོར་བྲིས་དགོས་ན་མཐའ་མ་གོ་བརྡ་མ་ཕྲོད་པའི་སྐྱོན་དུ་འགྱུར་སྲིད།

    Reply
  32. chokri nyima says:
    ལོ་ 16 སྔོན།

    བོད་ལ་ཡོད་པའི་བོད་མི་རྣམས་ཀྱིས་ང་ཚང་བཙན་འབྱོར་གཞུང་དམངས་གཉིས་ཀྱི་རྩ་ནས་སློབ་སྦྱོང་བྱ་དགོས་དུས་བཙན་འབྱོར་མི་མང་གིས་བེད་སྤྱོད་བྱེད་པའི་ཐ་སྙད་རྣམས་གཞིར་འཛིན་རྒྱུ་གལ་ཆེ།

    Reply
  33. chokri nyima says:
    ལོ་ 16 སྔོན།

    མེ་འོད་ལགས།
    སྐུ་ཉིད་ནས་བོད་ནང་བོད་པ་མང་བའི་རྒྱུ་མཚན་གྱིས་ཐ་སྙད་གསར་པ་དེ་ཚོ་བོད་ནས་འབོད་པ་གཞིར་བཟུང་ནས་བེད་སྤྱོད་བྱ་དགོས་གསུངས་པ་ལ་རྒྱུ་མཚན་འདུག
    ཡིན་ཡང་དུས་རབས་གསར་པའི་རིག་གནས་དང་མང་གཙོ་རིག་གནས་དང་དཔལ་འབྱོར་ལྐོག་ཟ་བྱས་པའི་དཔོན་ངན་ཟ་ཧམ་ཅན་གྱི་ཟ་ནད་བཅོས་ཐུབ་པའི་དཔལ་འབྱོར་ཚད་ལྡན་རིག་གནས་ཐམས་ཅད་ཡོང་ཁུངས་ག་པ་ཡིན་མིན་ཤེས་པ་བྱེད་དུས། ནུབ་ནས་ཤར་ལ་དར་རྒྱས་འགྲོ་དགོས་པ་མ་གཏོགས་ང་ཚོ་བཙན་བྱོལ་གཞུང་དམངས་གཉིས་ནས་རིག་གནས་དེ་ཚོ་བོད་ལ་ཡོད་པའི་བོད་མི་རྣམས་ལ་ཕར་སློབ་དགོས་པ་ལས་ཚར་སློབ་དགོས་པ་ཞིག་མ་རེད་ལྭོ། དེས་སྐོར་ལ་ཐུགས་བསམ་ཞེས་རོགས་ཞུ།

    Reply
  34. chokri nyima says:
    ལོ་ 16 སྔོན།

    ཤ་ཁྲག་རུས་གསུམ་ལགས། ལད་ཟློས་ནི་མིང་གཞི་ཡིན་ཡང་། སྲོག་ཤིང་གཏན་ནས་མིན་ཞེས་གསུངས་པ་དེ་ལ་འགྲེལ་བཤད་ཞིག་གནང་རོགས་ཞུ།

    Reply
  35. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ལད་ཟློས་ནི་མིང་གཞི་ཡིན་ཡང་། སྲོག་ཤིང་གཏན་ནས་མིན་པ་སྤུན་ཟླ་ཡོངས་ཀྱི་ཐུགས་སུ་འཛིན་རོགས་ཞུ།

    Reply
  36. chokri nyima says:
    ལོ་ 16 སྔོན།

    ཨ་ཁ་ཡང་གཅིག་ནོར་བ་ནི་ཚེ་རིང་ལགས་ནས་ང་ཚོས་མི་མང་ཆེ་བའི་འབོད་པ་དེ་འབོད་དགོས་སམ་ཞེས་པའི་དོན་ཡིན།་
    དགོངས་དག་ཞུ་རྒྱུ་ཡིན། མ་ཟད་ངས་ནོར་པ་དེ་ཚོ་ལ་བཅོས་འགྱུར་ཞིག་བྲིས་རོགས།

    Reply
  37. chokri nyima says:
    ལོ་ 16 སྔོན།

    ཧ་མི་གོ་བ་དེ་ཧམ་པ་ཆེ། གཉིད་མི་ཁུག་བ་དེ་ནམ་ཐག་རིང། ཞེས་གསུངས་པ་བཞིན་དངོས་སྟོབས་རིག་པའི་སྒྲུབ་བྱེད་མེད་ན་སྐྱོན་བརྗོད་ཡིན་ཁུལ་མ་བྱས་རོགས

    Reply
  38. chokri nyima says:
    ལོ་ 16 སྔོན།

    ཧཧཧཧ། མ་ཟད་ཚེ་རིང་ལགས་ནས་གསུངས་དོན། ང་ཚོས་ཀྱང་མི་མང་ཆེ་བའི་འབོད་དགོས་སམ་ཞེས་བཀོད་འདུག།།།།།།།།

    རེད་ང་ཚོས་མི་མང་ཆེ་བའི་འབོད་པ་འབོད་མི་རུང་ང་ཚོས་འཛམ་གླིང་སྤྱི་ཡི་ཐ་སྙད་འབོད་མི་རུང་ལོག་སྐད་ཞིག་རྒྱག་ནས་རི་ཁུག་ཁུག་ལ་སྡོད་ན་མདུན་ལམ་ཡག་པོ་ཡོད། སྔོན་མ་ནང་བཞིན་ང་རང་ཚོ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་དུ་ཡང་འཛུལ་མི་རུང།
    དེ་ལས་ཁུ་ཀྱང་སྡོད་ན་ཕན་པ་ཆེ་ཧ་ཧ་ཧ་་ཧཧ་ཧ་ཧ་་ཧ

    Reply
  39. chokri nyima says:
    ལོ་ 16 སྔོན།

    མེ་འོད་ལགས། ནུབ་ཕྱོགས་ཕྱི་གླིང་པ་རྣམས་ཀྱིས་ཁ་རྒྱུན་ལ་མ་འོང་གོ་ལ་འདི་རིག་གཞུང་གཅིག་འགྱུར་ཞིག་དང་སྐད་ཡིག་གཅིག་འགྱུར་ཡོང་གི་རེད་ཟེར་བ་བཞིན་ད་ལྟར་ང་རང་ཚོས་མདུན་ལ་འཛམ་གླིང་འདིའི་མི་རྣམས་ཀྱིས་ཆས་གོས་དང་ཟས་ཆ་ལག་ཤེས་དང་རིག་གསར་ཐམས་ཅད་བརྒྱ་ཆ་༦༥་ཐམ་པ་གཅིག་གྱུར་ཡིན་པ་མཐོང་བཞིན་དུ་ང་རང་ཚོའི་བོད་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་ཐུན་མོང་མ་ཡིན་པའི་རིག་གཞུང་མ་གཏོགས་མེད་ཞེས་གསུངས་མི་རུང།

    Reply
  40. chokri nyima says:
    ལོ་ 16 སྔོན།

    ལྷོ་ཕྲུག་ལགས། ཁྱེད་ཉིད་ནས་དུས་རྒྱན་དུ་བོད་མི་ལ་མདུན་ལམ་མེད་པ་དང་བོད་ཡིག་ལ་དེ་བཞིན་གསུངས་པ་དེ་ཀླད་རྙིང་རྣམས་ཀྱིས་འདོད་པ་ནང་བཞིན་བོད་མི་ལ་མདུན་ལམ་མེད་པ་དངོས་སུ་གྲུབ་ཐུབ། ཡིན་ཡང་མདུན་ལམ་རྩ་བ་ནས་མེད་པ་དེ་འདྲ་ག་ན་ཡིན། གལ་ཆེ་ཤོས་ང་རང་ཚོས་སྤྱི་ཚོགས་ཀྱི་ཁ་ཕྱོགས་ལ་བརྟེན་ནས་ལས་ཀ་བྱེད་ཐུབ་པ་ཡིན་ན་ང་ཚོ་ལ་མདུན་ལམ་ཡོད་ཞེས་ང་ཅོ་རིས་ཚིག་ཐག་བཅད་ནས་བཤད་ཐུབ།

    Reply
  41. chokri nyima says:
    ལོ་ 16 སྔོན།

    རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུ། ངས་དང་པོ་རྩོམ་འབྲི་དུས་ནས་ང་རང་བོད་སྐད་ཡག་པོ་མི་ཤེས་པའི་བོད་མི་དཀྱུལ་མ་བ་ཞིག་ཡིན་ཞུ་ཡོད།

    ཁྱེད་རྣམ་པས་ཚིག་གི་དག་ཆ་ནོར་འདུག་གསུངས་པ་དེ་ང་ཅོ་རི་ལགས་ཞུ་རྒྱུ་ཡིན། དེ་མིན་དོན་ལ་འཁྲུལ་འདུག་ཟེར་ན་དངོས་སྟོབས་རིག་པའི་སྒྲུབ་བྱེད་མ་ཁས་ལན་རྒྱུ་མིན།

    དེ་བརྟེན་ཚེ་རིང་ལྟ་བུ་ཨོ་བྷ་མ་ཆོས་ཅན་ཇི་འདྲ་ཡིན་མིན་ཧ་མ་ན་རྟོག་གེ་རིག་པའི་འགྲོ་ལུགས་མི་ཤེས་པ་དངོས་སུ་རེད། དེ་འདྲ་ཡིན་དུས་ང་ཁྱེད་ལ་སྐྲག

    Reply
  42. chokri nyima says:
    ལོ་ 16 སྔོན།

    དབུས་ཕྲུག་ལགས། ཁྱེད་ཉིད་ཀྱིས་མ་་མཐོང་ན་མེད་དགོས་ལེ་མ་རེད་ཧ་ཧ་ཧ་ཧ་། ཁྱེད་ལ་དེ་ཙམ་ལས་མེད

    Reply
  43. chokri nyima says:
    ལོ་ 16 སྔོན།

    ཧཧཧཧཧ།་ ང་ཚོ་འབྲས་བློ་གླིང་མཁས་དབང་རྣམས་ཀྱིས་ཁ་རྒྱུན་ལ། ཚིག་ལ་མ་ལྟ་དོན་ལ་ལྟོས།

    Reply
  44. མེ་འོད། says:
    ལོ་ 16 སྔོན།

    སྔོན་མ་ཞིག་ལ་དགེ་བཤེས་ལྷག་རྡོར་ང་ཚོའི་སློབ་གྲྭར་ཕེབས་ནས་ལོ་ཙཱའི་སྐོར་གྱི་གསུང་བཤད་གནང་སོང། སྐབས་དེར་ཁོང་གིས་གློག་ཀླད་ཟེར་ན་ཁ་ནང་ལ་མི་བདེ་བས་ཀམ་པི་ཊར་ཞེས་བརྗོད་ན་ཁ་ལ་བདེ་བོ་ཡོད་ཚུལ་གསུངས་སོང། ངས་བསམ་བློ་ཞིག་བཏང་བ་ཡིན། བོད་ཕྱི་ནང་གཉིས་ལས་ཅ་དངོས་གསར་བའི་མིང་གསར་བཟོ་དང་ཡོངས་ཁྱབ་བྱེད་སྤྱོད་བྱེད་ཤུགས་ཆེ་བ་ནི་བོད་ནང་རེད། མི་གྲངས་ཀྱི་ཆ་ནས་བཤད་ན་བོད་ནང་མང་ཤོས་རེད། དེ་བས་བོད་དུ་སྒྱ་བསྒྱུར་དང་དོན་བསྒྱུར། ཡང་ན་ཐད་ཀར་མིང་གསར་བ་རེ་བཏགས་པའི་ཐ་སྙད་གསར་བ་བཟོས་ཟིན་པ་དང་ཡོངས་ཁྱབ་བེད་སྤྱོད་གཏོང་བཞིན་པ་དག་རྒྱ་གར་དུ་བཟོས་བཅོས་ཀྱིས་མི་མང་ལ་མགོ་རྨོངས་མ་འཇུག་ན་བསམ་སོང། གློག་ཀླད་ཀྱི་ཐད་ནས་ཀྱང་དེ་འདྲ་རེད། དོན་བསྒྱུར་དང་སྒྲ་བསྒྱུར་གྱི་ཁྱད་པར་ཙམ་རེད་མ་གཏོགས་གོ་རྒྱུ་གཅིག་པ་རེད། གློག་ཀླད་ཅེས་པའི་ནོར་སོང་བ་དང་ཀམ་པི་ཊར་ཟེར་བའི་དག་སོང་བ་དེ་འདྲའི་ཁྱད་པར་མི་འདུག དེས་ན་བོད་དུ་ཡོངས་ཁྱབ་བེད་སྤྱོད་དུ་སོང་བའི་རིགས་འདི་ནས་བཅོས་བསྒྱུར་མ་བྱེད་ན་འདོད་ཀི། དུས་ཡུན་གྱི་ཆ་ནས་དང་བེད་སྤྱོད་བྱེད་མཁན་གྱི་མི་གྲངས་ཀྱི་ཆ་གང་ནས་བོད་ནས་ཤུགས་ཆེན་པོ་ཡོད་པས་ཡིན། འདི་ན་བོད་དུ་ཐ་སྙད་བཏགས་མེད་པའི་དངོས་གསར་གྱི་རིགས་ལ་མིང་གསར་བ་བཟོ་བ་ཐུབ་ན་དགེ་མཚན་ཆེ་བར་མཐོང། ཤེས་རིག་གི་གསར་བཟོ་བྱས་པའི་ཐ་སྙད་གསར་བའི་དེབ་ཀྱི་མགོ་བརྗོད་དུ་དབྱིན་ཡིག་མ་བྲིས་པར་ཚབ་ཏུ་གཞན་ཞིག་བྲིས་འདུག དེ་འདྲ་ལ་སྙིང་པོ་ཡོད་པར་མཐོང་མ་སོང། ཡོངས་ཁྱབ་དང་གཏན་འཇགས་སུ་སོང་བའི་ཐ་སྙད་ཅིག་ལ་འགྱུར་བ་གཏོང་རྒྱུ་ནི་གནད་འགག་ཅིག་ཡིན་པར་མཐོང་གི་མེད། བརྡོ་དོན་ཏག་ཏག་ཅིག་སྤྲོད་མི་ཐུབ་ན་གནས་ཚུལ་གཞན་ཞིག་རེད་མོད། དེ་འདྲ་ནི་མ་རེད། འདི་ནི་བསམ་ཚུལ་ཙམ་ཡིན། ཅོ་རི་ཉི་མ་ལགས་ཀྱི་རྩོམ་ཡིག་ལས་ཡིག་ནོར་ཅུང་མང་བས་དོན་གོ་བར་སྒྲིབ་གཡོག་བཟོས་འདུག་པའི་ཚོར་བ་འདུག

    Reply
  45. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    དངོས་ཉིད་མཁས་པའི་བགྲོ་གླིང་ཟེར་བ་འདི་ལྟར་ཡིན་གདའ་ད་དུང་འདི་ནང་ལ་བཀོད་པའི་རྩོམ་ཡིག་རྣམས་ལ་རྒྱུ་མཚན་མེད་པ་ཅིག་ཀྱང་མི་འདུག །གཟི་བརྗེད་ཆེ།

    Reply
  46. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ལྷོ་ཕྲུག་སྣ་བོ་ཆེ་ལགས་ཀྱིས་བཤད་པ་ལྟར་རེད། ངས་ནི་དག་ཡིག་ཆེ་ཆུང་མང་པོ་ཞིག་འཁྲིས་ལ་ཉར་ཉར་བ་ཡིིན། མི་ཤེས་བཞིན་དུ་ནོར་ནས་འབྲི་བའི་ངོ་ཚ་ལས་མི་ཤེས་པ་གང་ཡིན་པ་དག་ཡིག་ནང་ནས་བཙལ་ཏེ་དག་མོ་ཞིག་བྲིས་ན་དེ་ལ་གཟི་བརྗིད་ཅིག་ཡོད་རྒྱུ་རེད་འདོད། གཙོ་བོ་ནི་མི་རྣམས་ལེ་ལོ་དང་སྒྱིད་ལུག་གིས་ཁྱེར་ཏེ་དག་ཡིག་བསྔོག་མི་འདོད་པ་དེ་རེད།

    Reply
  47. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    འཛམ་རེ་ཞེས་པ་མཚམས་རེ་ཞེས་པར་བཅོས།

    Reply
  48. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    ཕག་པའི་སྣ་ཅན་བསླེབས་ཡོད།
    ཐོན་གསར་རིག་གནས་དང་དངོས་པོ་ཡོད་དོ་ཅོག་ཐོག་མར་གསར་བསྐྲུན་གྱི་བྱེད་པོ་བོད་པ་མིན་པ་འདི་དང་ཐ་སྙད་གསར་པ་གཏན་འབེབ་དང་བོད་བརྡ་གསར་པ་སྤྱོད་པའི་སྤྱི་ཚོགས་ཀྱི་གོམ་འགྲོས་དལ་དྲགས་པ་དང་དེང་རབས་གསར་པའི་དཔལ་ཡོན་གྱི་རྒྱུ་ཚད་མགྱོགས་དྲགས་པའི་གནས་སྟངས་ལས་ད་ལྟ་ཚང་མས་གླེང་བཞིན་པའི་དཀའ་ངལ་འདི་བྱུང་བ་ཡིན།

    བོད་པའི་གནས་བབ་དང་དེའི་འགལ་ཟླའི་སྟོབས་ཤུགས་ཀྱི་གནས་བབ་ལ་བལྟས་ན་དཀའ་ངལ་འདི་དཀའ་ངལ་ཡིན་པའི་གནས་སྟངས་ཤིག་གི་ཐོག་ནས་མཇུག་བསྡུ་བྱ་རྒྱུ་ཙམ་མ་གཏོགས་སྲིད་པའི་དཔལ་ཡོན་ཐམས་ཅད་ཕར་བཞག་ནས་ཉིན་རེའི་འཚོ་བའི་དགོས་མཁོར་རྒྱུར་པའི་དངོས་པོ་ཕྲན་ཚེགས་ཀྱི་རིགས་ལ་ཡང་བོད་བརྡས་ཁྱབ་མ་ཐུབ་པའི་གནས་སྟངས་འདི་ཇེ་སྡུག་ཏུ་འགྲོ་རྒྱུ་ལས་རེ་བ་ཡོད་པའི་ཕྱོགས་སུ་འཕོ་འགྱུར་འོང་རྒྱུ་རྨི་ལམ་ཙམ་ཡིན། སྤྱིར་སྟངས་ངོས་རང་བོད་པའི་སྐད་ཡིག་ཙམ་མིན་པར་བོད་མི་རིགས་ཁོ་རང་ལ་མདུན་ལམ་ཡོད་པར་མཐོང་མཁན་ཞིག་མིན།

    གང་ལྟར་ཡང་ཐ་སྙད་གསར་པ་གཏན་འབེབ་དང་དེ་འབྲེལ་བོད་ཀྱི་སྐད་ཡིག་དར་སྤེལ་ཐད་སྐད་ཆ་ཤོད་མཁན་ཞིག་གིས་མ་མཐའ་ཡང་སོ་སོ་རང་ཉིད་ཀྱི་འཚོ་བའི་ནང་བོད་སྐད་དང་བོད་བརྡ་གང་ཐུབ་ཀྱིས་བེད་སྤྱོད་དང་དེ་བཞིན་རྩོམ་ཡིག་ཚིག་རྐང་གཅིག་ལས་འབྲི་ཡི་མེད་ཀྱང་དེ་ཉིད་དག་ནོར་མེད་པ་དང་སྡེབ་ནོར་མེད་པའི་སྤུས་གཙང་ཞིག་འབྲི་ཐབས་བྱ་རྒྱུ་ནི་འགན་འཁྲི་ཨང་དང་པོ་དེར་ངོས་འཛིན་ཞུ་ཡིན་ཡོད།

    དེར་བརྟེན་ཅོ་རི་ཁྱེད་ནས་ཀྱང་གཞན་ལ་བོད་པའི་ཐ་སྙད་དང་འབྲེལ་བའི་སྐད་ཆ་བཤད་པ་ནང་བཞིན་ཁྱེད་རང་རང་ངོས་ནས་ཀྱང་འདིའི་ཐད་ཐུགས་གཟབ་གནང་དགོས་པའི་ཆ་ཧ་ཅང་མང་པོ་འདུག་ཞུ་རྒྱུ་ཡིན།
    དྲ་རྒྱའི་ནང་རྕོམ་ཡིག་ཅིག་འབྲི་ཡི་ཡོད་པའི་དབང་དུ་བཏང་ན་ངེས་པར་རང་གི་ཉེ་འཁྲིས་སུ་དག་ཡིག་གསར་བསྒྲིགས་ཤིག་འབྲལ་སྤངས་ལྟ་བུར་རྒྱུན་ཉར་བྱེད་ཐུབ་ན་དགེ་མཚན་ཧ་ཅང་ཆེན་པོ་ཡོད།

    ཁ་ཤས་ཀྱིས་དག་ཡིག་སྔས་འཁྲིས་སུ་ཉར་རྒྱུར་ངོ་ཚ་བྱེད་མཁན་དེ་འདྲ་ཡང་འདུག འདི་ནི་ངོ་ཚ་བྱེད་སྟངས་མ་ཤེས་པ་རང་རེད། ཁྱེད་ནས་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི་སྐུ་པར་ཞིག་མཇལ་མྱོང་ཡོད་ཀྱི་རེད། སྐུ་པར་དེའི་ནང་ཁོང་གི་སྐུ་མདུན་གྱི་ཅོག་རྩེ་དེའི་སྟེང་དག་ཡིག་གསར་བསྒྲིགས་ཤིག་མཐོང་དུ་ཡོད། བོད་ཀྱི་དོན་དམ་གྱི་མཁས་པ་ཁོང་ལྟ་བུ་ཞིག་གིས་ཀྱང་དག་ཡིག་ལ་འདི་ལྟར་གཙིགས་ཆེན་གྱིས་གཅེས་ཉར་གནང་གི་ཡོད་ན་འུ་ཚོ་འདྲ་བས་འདི་ལྟར་མི་བྱེད་པ་ནི་དངོས་གནས་ཁྱད་མཚར་རང་ཡིན།
    ཁྱེད་ནས་འདི་ལྟའི་རྩོམ་ཡིག་ཅིག་བྲིས་པར་དགའ་གུས་ཡོད། འོན་ཀྱང་ངའི་རེ་འདུན་ཁག་བཅོས་མིན་གྱི་སྐད་ཆ་ཞིག་ལས་ཁྱེད་ལ་དོན་མེད་ཀྱི་རྙོག་གྲ་བཟོ་ཆེད་དུ་མིན་པ་འདི་ངས་གསལ་བཤད་ཞུ་མི་དགོས་པ་ཁྱེད་ནས་དགོངས་ཆུབ་ཡོད་ཤག་ཡིན།
    དྲ་ཐོག་ཏུ་སླར་ཡང་མཇལ་བར་དགའ་པོ་བྱུང་།
    འཛམ་རེ་གཏན་གླེང་འདྲ་བྱ་རྒྱུ་མ་བརྗེད་པ་བགྱིས།

    Reply
  49. དབུས་ཕྲུག་ཚེ་རིང་། says:
    ལོ་ 16 སྔོན།

    ཅོ་རི་ལགས་ཀྱིས་གསུངས་པར་རྒྱུ་མཚན་ཅི་ཡང་མཐོང་མ་སོང༌། གལ་ཏེ་ཅོ་རི་ལགས་ཀྱི་དགོངས་ཚུལ་ལྟར་ན་དེང་རབས་ཀྱི་བྱ་དངོས་གསར་པ་བརྒྱ་ཆ་བརྒྱ་ཙམ་ཕྱི་ལོགས་ནས་བཟོ་བསྐྲུན་བྱེད་ཀྱི་ཡོད་ལ། དེ་བཞིན་ཕྱི་ལོགས་ནས་བཏགས་པའི་ཐ་སྙད་དེ་ཚོ་ཡང་རང་འཇགས་ང་ཚོས་བེད་སྤྱོད་བྱེད་དགོས་ཟེར། དེ་ལྟར་ན་འདི་ནས་བརྩིས་པའི་དུས་རབས་ཕྱེད་ཙམ་ནང་བོད་ཀྱི་སྐད་ཡིག་ནང་གི་མིང་ཚིག་གི་གོ་ས་བརྒྱ་ཆ་ཕྱེད་ལྷག་ཙམ་ཕྱི་རྒྱལ་གྱི་སྐད་ཡིག་གིས་འཛིན་རྒྱུ་རེད། དེས་ན་བོད་ཀྱི་སྐད་ཡིག་ཐོག་བསམ་བློ་རྣལ་མ་ཞིག་གཏོང་མཁན་ཡིན་ན། ད་ལྟ་བོད་ནང་གི་མཁས་དབང་དང་རྩོམ་པ་པོ། ཤེས་ལྡན་པ་རྣམས་ཀྱིས་ཉིན་མཚན་དུས་དྲུག་ཏུ་ངལ་བ་འཛེམས་མེད་ཀྱི་ཐོག་ནས་དེང་རབས་ཀྱི་ཅ་དངོས་གསར་པའི་ཐ་སྙད་ཁག་བོད་བསྒྱུར་གནང་གིན་ཡོད་པ་བཞིན་ང་ཚོས་ཀྱང་དེ་བཞིན་དང་ལེན་བརྒྱ་ཆ་བརྒྱ་བྱེད་དགོས་ངེས་རེད། འོན་ཀྱང་ཁོང་གིས་ཟུར་ཟ་དང་སྦྲགས་ཆོ་མེད་པའི་ལབ་གླེང་འགའ་གནང་འདུག དཔེར་ན། ཨོ་བྷ་མའི་མིང་བོད་བསྒྱུར་བྱེད་དགོས་རབས་རྣམས་ཡིན། གལ་སྲིད་ཐ་སྙད་བེད་སྤྱོད་བྱེད་ཆོག་མིན་དེ་མི་མང་ཉུང་ལ་ལྟ་གི་ཡོད་ན། རྒྱ་མཚོ་དང་རི་དང༌། རི་ལི་དང་སྨྱུ་གུ་སོགས་ཀྱི་ཐ་སྙད་རྣམས་ཀྱང་དབྱིན་སྐད་ཐོག་བེད་སྤྱོད་བྱེད་མི་རྦད་དེ་ང་ཚོ་ལས་མང་བ་ཡོད་པས། ང་ཚོས་ཀྱང་མི་མང་ཆེ་བས་འབོད་པ་ལྟར་འབོད་དགོས་སམ། གང་ལྟར་ཅོ་རི་ལགས་ཀྱིས་གནས་ཚུལ་དེའི་ཐོག་བསམ་བློ་གཏིང་ཟབ་པ་ཞིག་བཏང་མི་འདུག་ཅེས་ཞུ་རྒྱུ་ཡིན། ད་དུང་དག་ཡིག་ཐོག་ཅུང་གཟབ་དགོས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese