མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕ་སྐད་གཏམ་གླེང།

བོད་ཀྱི་དུས་བབ།
༢༠༠༩/༡༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཐེམ་ཆེན་རྫོང་གི་བོད་མི་རྣམས་ཀྱིས། མ་འོངས་པར་མི་རིགས་རང་ལ་ཡོད་པའི་དྭངས་གཙང་གི་ཕ་སྐད་འདི་ཉིད་རྒྱུད་འཛིན་དང་ཡུན་གནས་བྱ་ཆེད་བགྲོ་གླེང་ཚོགས་འདུ་ཞིག་སྐོང་འཚོགས་གནང་ཡོད་འདུག

ཟླ་འདིའི་ཚེས་ ༨ ཉིན་བོད་ཀྱི་དྲ་བའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་མཚོ་སྔོན་པོ་ནས་ཡིན་པའི་དགེ་འདུན་པ་ཤེས་རབ་ལགས་དང་ཐེམ་ཆེན་རྫོང་གི་ན་གཞོན་བུད་མེད་གདུགས་དཀར་མཚོ་ལགས་བཅས་བོད་ཀྱི་ཕ་སྐད་རྒྱུད་འཛིན་ལ་ཐུགས་ཁུར་དང་དོ་སྣང་ཡོད་པའི་མི་སྣ་སྐོར་ཞིག་གིས་གོ་སྒྲིག་འོག མཚོ་སྔོན་ཞིང་ཆེན་མཚོ་ནུབ་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་དུ་དམངས་ཁྲོད་རང་བཞིན་གྱི་བགྲོ་གླེང་ཚོགས་འདུ་ཞིག་སྐོང་འཚོགས་གནང་སྟེ། བོད་རང་གི་ཕ་སྐད་གཙང་མ་འདི་ཉིད་རྒྱུན་འཛིན་དང་ཡུན་གནས་བྱ་ཐབས་སོགས་ཀྱི་སྐོར་ལ་བགྲོ་གླེང་ཚོགས་འདུ་ཞིག་སྐོང་ཚོགས་གནང་འདུག་ལ།   ཚོགས་འདུའི་སྟེང་ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་དང་སློབ་འབྲིང་གི་དགེ་སློབ་རྣམ་པ་དང་། གཞུང་ཞབས་ལས་བྱེད། ཁྱིམ་བདག དེ་མིན་སྤྱི་ཚོགས་སྟེང་གི་རིག་གཞུང་ལ་དོ་སྣང་ཡོད་མཁན་གྱི་གཞོན་སྐྱེས་སོགས་མི་སྣ་ ༡༢༠ ལྷག་འདུ་འཛོམས་བྱས་ཏེ། མ་འོངས་བོད་མི་རིགས་ཀྱི་མི་ལོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་ཆོས་དང་རིག་གཞུང་གཙོས་པའི་བོད་ཀྱི་ཕ་སྐད་འདི་ཉིད་བསྲེས་ལྷད་ཅི་ཡང་མེད་པའི་ཐོག་བེད་སྤྱོད་དང་མི་ཉམས་རྒྱུད་འཛིན། ཉམས་པ་སླར་གསོ་བྱ་རྒྱུའི་ཐད་བགྲོ་གླེང་གོ་བསྡུར་གནང་ཡོད་འདུག

ཐེངས་འདིའི་ཚོགས་འདུའི་སྟེང་གནད་ཡོད་མི་སྣ་ ༢༠ ལྷག་གིས་རང་ཉིད་ཀྱི་ཕ་སྐད་ལ་བཅངས་བའི་བརྩེ་བ་དང་མ་འོངས་ཛ་དྲག་སྤྱི་ཚོགས་ལ་འདི་ལ་ཁ་གཏད་པའི་ཕ་སྐད་འདི་ཉིད་མི་ཉམས་རྒྱུད་འཛིན་བྱ་ཐབས་སོགས་ཀྱི་ཐད་བསམ་ཚུལ་བརྗེ་རེས་བྱས་ཡོད་པ་མ་ཟད། ད་ལྟའི་སྤྱི་ཚོགས་དང་བོད་ཀྱི་དངོས་ཡོད་གནས་སྟངས་གཞིགས་ཏེ་སློབ་གྲྭའི་སློབ་གསོ་དང་། ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་སློབ་གསོ་སོགས་ཀྱི་བོད་དྭངས་གཙང་གི་ཕ་སྐད་ལ་གནོད་པ་གང་འདྲ་ཞིག་ཐེབས་ཀྱིན་ཡོད་མེད།  དེ་དག་ལ་ཁ་གཏད་དེ་ཕ་སྐད་དང་སྐད་ཡིག་རྒྱུད་འཛིན་བྱ་ཐབས་སོགས་ཀྱི་ཐད་བགྲོ་གླེང་གོ་བསྡུར་བསམ་ཚུལ་བརྗེ་རེས་གནང་ཡོད་འདུག་ལ། ཐེངས་འདིའི་ཚོགས་འདུ་བརྒྱུད་མ་འོངས་བོད་ཀྱིི་སློབ་གྲྭ་ཁག་གི་དགེ་རྒན་དང་ཁྱིམ་བདག གཞུང་ཞབས་ལས་བྱེད། སློབ་ཆེན་སློབ་མ་སོགས་ཀྱིས་ཕ་སྐད་གཙང་མ་སྣེ་ཁྲིད་ཀྱི་ནུས་པ་འདོན་རྒྱུ་ཙམ་དུ་མ་ཟད། བེད་སྤྱོད་དང་ཡུན་གནས་ཐད་ནུས་པ་གང་ཡོད་བཏོན་པའི་འབོད་སྐུལ་ཡང་གནང་ཡོད་འདུག
གནས་ཚུལ་འདིའི་ཐད་བགྲོ་གླེང་གོ་སྒྲིག་གནང་མཁན་གདུགས་དཀར་མཚོ་ལགས་ཀྱིས་གསར་འགོད་པར་བརྗོད་དོན། འདས་པའི་མི་ལོ་ ༣༠ དང་བསྡུར་ན་ཐེམ་ཆེན་རྫོང་གི་བོད་ཕ་སྐད་བེད་སྤྱོད་དང་སྐད་ཡིག་གི་གནས་སྟངས་ཧ་ཅང་སྐྱོ་རུ་ཕྱིན་འདུག ང་རང་ལ་མཚོན་ན་སློབ་གྲྭའི་སྒོ་ཐེམ་ལ་གོམ་པ་སྤོས་མྱོང་མཁན་ཞིག་མིན་ལ་གཏན་འཁེལ་གྱི་ལས་སྣེ་ཅི་ཡང་མེད། ཡིན་ཡང། ནམ་རྒྱུན་ངས་མི་ལ་ཁ་བརྡ་བྱེད་སྐབས་ཕ་སྐད་དག་མ་ཡིན་མིན་ལ་དོ་སྣང་དང་རང་གིས་བསྲེས་ལྷད་མེད་པའི་ཕ་སྐད་གཙང་མ་ཞིག་བེད་སྤྱོད་གཏོང་བར་འབད་པ་བྱས་པ་ཡིན། ཅེས་དང་། ཡང་ཁོང་གིས། ང་རང་སྐུ་འབུམ་དགོན་པའི་ནང་གོ་སྒྲིག་གནང་བའི་ཕ་སྐད་ཀྱི་བགྲོ་གླེང་ཐོག་མ་བརྗོད་གཞི་ཁྱེད་ཀྱིས་ཕ་སྐད་གཙང་མ་ཞིག་བཤད་རོགས་ཅེས་པའི་བགྲོ་གླེང་ཚོགས་འདུའི་ཟུར་ཞུགས་ལ་འཛུལ་བའི་གོ་སྐབས་བྱུང་བ་དང་། དུས་དེ་ནས་བཟུང་ཁོང་ལ་རང་ཡུལ་ནས་འདི་འདྲའི་ལས་འགུལ་སྤེལ་བའི་སྐུལ་སློང་གནང་མཐར་ཁོ་མོ་གཙོས་པའི་མི་སྣ་ཁག་ཅིག་གིས་ཐེངས་འདིའི་བགྲོ་གླེང་གོ་སྒྲིག་གནང་ཚུལ་བརྗོད་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Lobga Rangzen
Mobile App

བཙན་བྱོལ་བོད་མི་བློ་དགའ་རང་བཙན་ལགས་ཀྱིས་ཨ་རིར་སྐུ་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་ལ་ངོ་རྒོལ་གནང་ཡོད།

༢༠༢༦/༠༧/༠༤
ཨོ་གླིང་གྲོས་ཚོགས་འཐུས་རྣམས་ཀྱིས་རྒྱ་ནག་གི་ཁྲིམས་གསར་པར་སྐྱོན་བརྗོད་གནང་། 
Mobile App

ཨོ་གླིང་གྲོས་ཚོགས་འཐུས་རྣམས་ཀྱིས་རྒྱ་ནག་གི་ཁྲིམས་གསར་པར་སྐྱོན་བརྗོད་གནང་། 

༢༠༢༦/༠༧/༠༤
བསམ་ཚུལ།

ཁྱེད་བཞུད་ཤུལ་ན།

༢༠༢༦/༠༧/༠༤
དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

༢༠༢༦/༠༧/༠༣
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

༢༠༢༦/༠༧/༠༣
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢

མཆན། 10

  1. ལྷག་པ་ཚེ་རིང༌། says:
    ལོ་ 17 སྔོན།

    ང་ཚོས་ཀྱང་ལས་འགུལ་དེ་འདྲ་བྱ་ཐུབ་ན་དགའ་བ་ཨང༌།

    Reply
  2. སྨར་དྷི་ཟེར། says:
    ལོ་ 17 སྔོན།

    དངོས་ཉིད་འདི་འདྲའི་གོ་སྒྲིག་གནང་མཁན་རྒྱལ་གཅེས་པ་འདི་ཚོ་ལ་སེམས་སྟེང་ནས་་གུས་སྟོད་ཞུ།

    Reply
  3. ནད་པ says:
    ལོ་ 17 སྔོན།

    དཀྲོག་དཀྲོག་ཤར་བའི་འགྲོ་སྟངས་དགའ་བ་ལ། །རང་མིང་འབྲི་ཀློག་མི་ཤེས་སྐྱོ་བ་ལ། །ཕ་ཡུལ་གངས་ཅན་ཡིན་པས་དགའ་བ་ལ། །ཕ་སྐད་ངོམ་རྒྱུ་མེད་པས་སྐྱོ་བ་ལ།།

    Reply
  4. chokri nyima says:
    ལོ་ 17 སྔོན།

    ཨ་མེ་རི་ཀ་ཞེས་ཡིན

    Reply
  5. chokri nyima says:
    ལོ་ 17 སྔོན།

    ངས་མི་ཡུལ་ས་མཐའ་ནས་འབད་བརྩོན་བྱ་རྒྱུ་ནི་ང་རང་ཚོའི་ཕ་མ་སྤུན་ཆེད་ཚོ་ལ་ཨ་མེ་ཀའི་མི་རིགས་དམར་པོའི་གནས་སྟངས་ནང་བཞིན་མི་ཡོང་བྱེད་རྒྱུ་དེ་ཡིན། དེ་ཡིན་དུས་རང་རིགས་ལ་བསམ་པ་དཀར་བའི་བོད་མི་རྣམས་ཀྱིས་ཐུགས་བསམ་ཞེས་རོགས་ཞུ།

    Reply
  6. chokri nyima says:
    ལོ་ 17 སྔོན།

    ཕ་སྐད་གཙང་མ་ལ་འབད་བརྩོན་བྱས་པའི་མཁས་དབང་རྣམས་ཀྱིས་མང་གཙོ་ཆབ་སྲིད་ཀྱི་རིག་གནས་དང་དཔལ་འབྱོར་ལྐོག་ཟ་བྱས་པའི་དཔོན་ངན་ཟ་ཧམ་ཅན་གྱི་ཟ་ནད་བཅོས་ཐུབ་པའི་དཔལ་འབྱོར་ཚད་ལྡན་རིག་གནས་མ་ཟད་ང་རང་ཚོ་ཁ་བ་རི་པ་ལ་དགོས་མཁོ་ཡོད་པའི་དུས་རབས་གསར་པའི་རིག་གནས་དེ་ཚོ་འབྱུང་ཁུངས་ག་པ་ཡིན་མིན་ཤེས་པ་བྱ་རྒྱུ་གལ་ཆེ།

    Reply
  7. དགུ་ཚིགས་སྐྱ་མོ། says:
    ལོ་ 17 སྔོན།

    ཀ་ཡེ་ཆོལ་གསུམ་གདོང་དམར་བོད་རིགས་རྣམས། །
    ཁ་ཚིག་ཐ་སྙད་བོད་མའི་སྐད་ཡིག་འདི། །
    ག་རེ་མ་ཟེར་སློབ་གཉེར་རྒྱུན་དུ་མཛོད། །
    ང་ཚོ་བོད་མའི་སྲོག་གི་ཀ་བ་ཡིན། །

    Reply
  8. སེམས་བཟང་། says:
    ལོ་ 17 སྔོན།

    བོད་མི་རིགས་འཚོ་གནས་ཀྱི་བླ་སྲོག་དེ་ཕ་སྐད་གཙང་མ་ཡིན་པའི་དངོས་ར་འཕྲོད་ནས། སོ་སོའི་རང་སྲོག་ཚུན་བློས་གཏོང་གིས་འབད་འབུངས་བྱ་མཁན་འདི་ཚོ་ནི་ང་ཚོའི་མི་རིགས་ཀྱི་སྲོག་ཤིང་ངོ་མ་དེ་ཡིན་ཕྱིར། ཁོང་རྣམ་པའི་བསམ་དོན་ལྷུན་འགྲུབ་ཡོང་བའི་སྨོན་ལམ་ཡོད།

    Reply
  9. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 17 སྔོན།

    ཕ་ས་ཤོར་བའི་གངས་ཅན་པའི།།
    ཕ་སྐད་གཙང་མ་མ་བརླགས་པར།།
    ཕ་ཤུལ་བུས་འཛིན་བྱེད་ནུས་ན།།
    ཕ་མར་བུ་སྐྱེས་དགོས་དོན་ཆེ།།

    Reply
  10. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    བོད་ནང་ཁུལ་ནས་རྒྱ་མའི་གནོད་ཤུགས་དང་གྲངས་མང་མི་རིགས་ཀྱི་ཤུགས་་རྐྱེན་ལ་གདོང་ལེན་སྣ་ཚོགས་བྱ་ཐབས་བྱ་བཞིན་ཡོད་རེད། བཙན་བྱོལ་ནང་གི་བོད་པ་ཚོར་དེ་འདྲའི་སེམས་ཤུགས་ཡོད་རྒྱུ་ན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese