མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་ཉིད་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནས་འགྲེང་དུས། རྩོམ་སྒྲིག་པས།

བོད་ཀྱི་དུས་བབ།
༢༠༠༩/༡༡/༡༢
Share on FacebookShare on TwitterShare on EmailShare on Whatsapp
སྲིད་འཛིན་ཨོ་བྷ་མས་ཐེངས་དང་པོར་རྒྱ་ནག་ནང་གཟིགས་སྐོར་གནང་གིན་ཡོད། ཕྱོགས་གཞན་ནས་བཤད་ན། གཟིགས་སྐོར་འདི་ནི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཞིག་པེ་ཅིན་དུ་ཕེབས་པ་ཐོག་མ་དེའང་ཆགས་ཡོད།

དེང་སྐབས་སྲིད་དོན་དཔྱད་བརྗོད་པ་དག་གིས་ཨོ་བྷ་མའི་གཟིགས་སྐོར་གླེང་གི་ཡོད་རུང་། ཁོང་ཚོས་ཨ་རིའི་སྲིད་འཛིན་གྱི་འགན་བབ་མ་གཏོགས། ཁོང་ཉིད་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཞིག་ཡིན་པའི་ཆ་ནས་གླེང་གིན་མེད།

དོན་དངོས་ཐོག ད་རེབ་ཨོ་བྷ་མ་མཆོག་གིས་འགན་བབ་གཉིས་ཀྱི་ཐོག་ནས་རྒྱ་ནག་གི་དཔོན་རིགས་ཚོར་གྲོས་མོལ་བྱེད་དགོས་ལ། གཅིག་ནི། ཨ་རིའི་སྲིད་འཛིན་གྱི་ངོས་ནས་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་བའི་གནད་དོན་རིགས་ཡིན། གཞན་དེ་ནི་ཁོང་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཞིག་གི་ངོས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། དམངས་གཙོ། མི་རིགས་ཀྱི་གནད་དོན། འཛམ་གླིང་ཞི་བདེ་སོགས་ཀྱི་སྐོར་གླེང་དགོས་ལ། ལྷག་པར་དུ་བོད་ཀྱི་གནད་དོན་ཐད་ནས་སྲིད་འཛིན་ཨོ་བྷ་མས་ཨ་རིའི་གཞུང་ལས་ཀྱང་༧གོང་ས་མཆོག་གི་སྐུ་ཚབ་ལྟ་བུ་ཞིག་གི་ངོས་ནས་གླེང་དགོས། དེའི་རྒྱུ་མཚན་ནི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཚོར་ཁོང་ཚོའི་ཐུན་མོང་གི་མཚན་གནས་རྗེས་འབྲེལ་དང་མཐུན་པའི་ཐུན་མོང་གི་འགན་ཁུར་ཡོད་པའི་རྐྱེན་གྱིས་ཡིན།

ཉེ་ཆར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་དག་གིས་༧གོང་ས་མཆོག་གི་དབུ་མའི་ལམ་གྱི་དགོངས་གཞི་སྟེ། བོད་ལ་ཚད་མཐོའི་རང་སྐྱོང་རྩོད་ཀྱིན་པ་དེར་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་བ་དང་། ཁོང་ཚོས་རྒྱབ་སྐྱོར་གྱི་བསྒྲགས་གཏམ་དེར་མཚན་རྟགས་བཀོད་དེ་༧གོང་ས་མཆོག་ལ་ཕུལ་ཡོད་པ་མ་ཟད། བོད་མི་རྣམས་ལ་ཁྲིམས་མཐུན་དང་ཚད་མཐོའི་རང་སྲིད་རང་སྐྱོང་ཞིག་ཡོང་བར་རྒྱ་ནག་གི་རྩ་ཁྲིམས་འོག་ནས་ལག་བསྟར་བྱེད་ཐུབ་པའི་ཁྲིམས་གཞི་བཟོ་རོགས་ཞེས་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས་ཡོད་པ་རེད། དེར་བརྟེན་ཨོ་བྷ་མ་མཆོག་གིས་༧གོང་ས་མཆོག་གཙོས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་འདི་དག་གི་སྐུ་ཚབ་གནང་སྟེ་རྒྱ་ནག་གཞུང་ལ་ཞུ་སྐུལ་འདི་ཁ་གསལ་དོན་གསལ་ཞིག་བཤད་འོས་པར་འདོད།

ལོ་འདི་ནི་རྒྱ་ནག་དམར་ཤོག་གཞུང་གིས་མི་འབོར་དུང་ཕྱུར་ ༡༣ ལ་དབང་བསྒྱུར་ནས་ལོ་ ༦༠ འཁོར་བ་དང་། ༧གོང་ས་མཆོག་བཙན་བྱོལ་དུཕེབས་ཏེ་ལོ་ ༥༠ འཁོར་བ་དང་བོད་མི་རིགས་ཀྱིས་མནར་གཅོད་མྱངས་ནས་ལོ་ ༥༠ འཁོར་བ། དེ་བཞིན་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་གཅིག་འཁོར་བ། པེ་ཅིན་གྱི་དྲུག་བཞིའི་དོན་རྐྱེན་སྐབས་སློབ་ཕྲུག་སྟོང་ཕྲག་བརྒལ་བ་དམར་གསོད་བཏང་སྟེ་ལོ་ ༢༠ འཁོར་བ་སོགས་ལོ་ཚིགས་ཀྱི་ངོས་ནས་ཀྱང་གལ་གནད་ཆེ་ལ། ཨོ་བྷ་མ་མཆོག་པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་བརྒྱུད་ནས་ཕེབས་སྐབས་ལོ་རྒྱུས་ཀྱི་དོན་རྐྱེན་འདི་དག་ངེས་པར་དྲན་དགོས་ལ། དྲན་པ་ཙམ་དུ་མ་ཟད་འདི་དག་ཐུགས་ལ་བཟུང་ནས་རྒྱ་ནག་གི་དབུ་ཁྲིད་ཚོར་ལོ་རྒྱུས་ཀྱི་ནག་ཉེས་འདི་དག་ཞུ་དགོས།

ཐེངས་འདི་ནི་འཛམ་གླིང་མི་དམངས་ཀྱིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཞིག་གི་འགན་བབ་དང་ནུས་པ། གནོན་ཤུགས་ངོ་མ་ཅི་ཙམ་ཡིན་པ་དང་། ལྷག་པར་དུ་ཨོ་བྷ་མ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་འདི་མིང་དོན་མཚུངས་པ་ཞིག་ཡིན་མིན་གཞལ་རྒྱུའི་གོ་སྐབས་ཡག་ཤོས་ཡིན་ལ། ཨོ་བྷ་མ་མཆོག་གིས་ཀྱང་ཨ་རིའི་སྲིད་འཛིན་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཞིག དེ་བཞིན་དུ་ཡུན་རིང་འགྲོ་བ་མིའི་ཐོབ་ཐང་གི་ཐད་འཐབ་རྩོད་གནང་མཁན་སྐུ་ཞབས་མར་ཊིན་ལུ་ཐར་ཁིན་དང་མི་རིགས་ནག་པོ་དག་གི་སྐུ་ཚབ་གནང་སྟེ་ལོ་རྒྱུས་རང་བཞིན་གྱི་ཕྱག་རྗེས་འཇོག་རྒྱུའི་གོ་སྐབས་ཀྱང་ཡིན།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༣ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༣ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༤ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 14

  1. འགྱུར་མེད says:
    ལོ་ 16 སྔོན།

    རང་གི་ཤ་ཕྲག་འདྲེས་པའིའདི་རུ་ཕེབས་པའི་སྤུན་ཟླ་ལྷུན་རྒྱས་ལགས་
    ཁྱེད་རྣམས་པས་གང་འདོད་ཀྱི་ཕྱག་ལས་སོགས་ལ་གུས་པསསྙིང་ནས་ཐུགས་ཆེ་ཞུ་རྒྱུ་ཡིན་ལ་ལས་གང་བྱས་ཀྱང་བདེན་པ་ལ་འབོད་དགོས་པས་རང་སྣང་གང་ཤར་དང་རང་ལ་ཕན་ཐོག་པའི་མི་དེརང་ཉིད་ལ་ཡག་ཙམ་ཡོད་ཀྱང་མི་གཞན་དེ་ལྟ་མིན་པ་ཐག་ཆོད། ལྷག་པར་དུ་རང་གཞུང་གི་སྤྱི་འཐུས་ལྷན་ཚོགས་ཀྱིས་་ཞབས་རྗེས་ནི་རང་གི་མི་ཚེ་འདི་ལ་ཟད་ཐུབ་མེད་ཞིག་ཡིན་ལ་ དཔལ་འབྱོར་ཡ་དཔལ་འབྱོར་ཡ་ ཁྱེད་ནི་འཇིག་རྟེན་འདིས་སྙོག་འཛིན་དུའོ་།།

    Reply
  2. སྐྱ་ཀ says:
    ལོ་ 16 སྔོན།

    གཞན་ཕན་བྱམས་སྙིང་ཞལ་ནས་གསུང་ན་ཡང་།
    དོན་གནད་ཐུག་དུས་རང་ལས་སུའང་མི་གཅེས།

    གཞན་ལ་རེ་བ་བྱེད་ནས་སྡད་སྡད་ནས།
    རང་ལ་ལུས་སྨད་སོན་མཁན་ཤམ་གོས་མེད།

    Reply
  3. gongkarsem says:
    ལོ་ 16 སྔོན།

    དྲ་གྲོགས་སྨར་དི་ལགས་ནི་འོ་ཚང་བོད་གཙང་མ་གཙང་ཀྱང་ཡིན་པ་ངེས་སོ།།
    གང་ཡིན་ཞེ་ན་རེ་བ་གིས་ཁེངས་འདུག།།།།
    རྗེས་ལུས་གི་རྣམ་པར་1

    Reply
  4. gongkarsem says:
    ལོ་ 16 སྔོན།

    ཡ་བདེ་མོ་རྩོམ་བསྒྲིགས་པ་ལ།
    ང་རང་ནི་མི་ཉམས་ཆུང་ཞིག་ཡིན།
    ཁྱེད་ལ་དྲི་བ་ཞིག་ཡོད། དེ་ལ་ལན་གང་མྱུར་གནང་རོགས།
    སྔོན་ས་སྐྱ་པའི་སྲིད་དབང་ཟིན་པས་སྐབས་ཆོས་སྲིད་ཟུང་འབྲེལ་དང་ད་ལྟ་བཙན་བྱོལ་གཞུང་གི་གནང་བཞིན་པ་ཆོས་སྲིད་ཟུང་འབྲེལ་དབར་ཁྱད་པར་འདུག་གམ་མི་འདུག

    Reply
  5. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    བོད།ཤ་ཁྲག།རུས་གསུམ་ལགས་ཀྱིས་གསུངས་པ་དེ་ངོ་མ་རེད།

    Reply
  6. འཁྱམས་པོ། says:
    ལོ་ 16 སྔོན།

    རེད་འཛམ་གླིང་གི་ཡུལ་གྲུ་གང་རུང་རེ་ན་མི་འབོར་མི་ཉུང་པ་རེས་འདི་ལྟར་ཨོ་བྷ་མ་ཞེས་་་་རེ་བའི་རི་བོ་ཨུ་ཚུགས་ཀྱིས་ད་དུང་ཡང་བང་བསྡད་ཡོད་པ་བཞིན་འུ་ཅག་བོད་པ་ཚང་ཡང་དེས་གྲས་སུ་འདུག
    ཨོ་བྷ་མ་ ཁོའི་ཞི་བདེ་གཟེངས་དེ་ལ་མི་མང་ཕལ་ཆེ་བ་ཞིག་གིས་ཧང་སངས་པའི་ནམ་པ་ཐོན་ཡོད་པ་རེད་ལ་གླེང་སློང་ཡང་དེ་ཙམ་ཞིག་ཡོད་པ་རེད།
    མདོར་རྩ་བཤད་ན་ཁོ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཞིག་ལ་འདོད་མཁན་དཀོན་པོ་རེད། ངས་ཀྱང་ཁོ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཞིག་ལ་འདོད་ཀྱིན་མེད་མ་ཟད་ཁོ་ལ་རེ་རྒྱག་པ་དེའང་འདྲེ་མོར་བུ་བཅོལགྱི་དཔེ་ལས་ཡོད་པ་མ་རེད་འདོད།
    བོད་པ་ཚང་འདི་ཁེ་མཚར་འདུག་ཨ་རུ་ལ་རེ་བ་བརྒྱབ་པ་དེ་ཐེངས་དང་པོ་མ་རེད་ལ་ཨ་རུས་བོད་ཕོངས་པ་དེའང་ཐེངས་གཅིག་མིན། ད་དུང་ཡང་རྨི་ལམ་ཡག་གི་ཟེར་ནས་གཉིད་འདུག

    Reply
  7. ནོར་བུ་གླིང་ཁ། says:
    ལོ་ 16 སྔོན།

    མོན་གྷོ་གཞིས་ཆགས་དགོན་སྡེ་ཐུན་མོང་གི༎
    དམ་ཕྲུག་ས་རྟགས་ཕབ་པའི་ཞུ་ཡིག་ནང་༎
    ཁྱེད་ཀྱི་མཛད་རྗེས་སྤྱི་འཐུས་ལྷན་ཁང་བརྒྱུད༎
    རྒྱལ་ཕམ་ལྟད་མོ་རྒྱལ་ཁམས་ཡོངས་ལ་གྲགས།།
    གསེར་རྟ་ཚུལ་ཁྲིམས་འོད་ཟེར་གྱི་ཉེ་ཆར་མཛད་རྗེས་ལ་བསྔགས་པ།

    Reply
  8. ནོར་བུ་གླིང་ཁ། says:
    ལོ་ 16 སྔོན།

    དྲྭ་གྲོགས་འདོད་ལྷའི་སྲས་ལགས། ཉིན་ལྟར་དུས་བབ་ཀྱི་དྲྭ་རྒྱ་སྒོ་ཕྱེས་རྗེས་ཐོག་མར་ཁྱེད་ཀྱི་ཟིན་བྲིས་ནང་ཐེངས་རེ་འཛུལ་བཞིན་ཡོད་ཀྱང་ཁྱེད་ཀྱི་སྐད་ཆ་གསར་པ་གང་ཡང་མ་མཐོང༌། རྗེས་སུ་མིང་དོན་མཚུངས་པའི་སྐད་ཆ་སྟེ། ཀུན་གྱིས་ཁ་ནས་སྨྲོས་པར་དཀའ་ཞིང་། སེམས་ནས་རྟག་ཏུ་ཉར་བའི་གནས་ལུགས་དེ་ང་ཚོའི་མིག་སྔར་གྱེར་རོགས་ཞུ།།

    Reply
  9. རུ་དམ་ལུང་གི་བུ། says:
    ལོ་ 16 སྔོན།

    དུས་བབས་ཚགས་ཤོག དུས་བབས་དྲ་རྒྱ་ལ་བཅོས་རོགས་ཞུ།

    Reply
  10. རུ་དམ་ལུང་གི་བུ། says:
    ལོ་ 16 སྔོན།

    དྲ་བདག་ལགས། དུས་བབས་ཚགས་ཤོག་འདིར་ང་ཚོས་ཟིན་བྲིས་སམ་བསམ་ཚུལ་གང་ལྟར་སྤེལ་དགོས། ལགས།

    Reply
  11. jamyang says:
    ལོ་ 16 སྔོན།

    ད་ལེན་ཨ་རིའི་སྲིད་འཛིན་མཆོག་རྒྱ་ནག་ཏུ་ཕེབས་རྒྱུ་དེ་ནི་ཨ་རི་དང་རྒྱ་ནག་དབར་གྱི་ཚོང་འབྲེལ་དང།་་འཛམ་གླིང་གནམ་གཤིས་འགྱུར་ལྡོག་་དེ་བཞིན་འཛམ་གླིང་གི་ད་ལྟའི་དཔལ་འབྱོར་གྱི་ཛ་དྲག་སོགས་ཡར་རྒྱས་གཏོང་ཕྱོགས་ཀྱི་སྐོར་ལ་བཀའ་མོལ་གཙོ་བོ་གནང་སྟེ་རྒྱ་ནག་དང་འབྲེལ་བ་དམ་འཛིན་བྱེད་རྒྱུ་ལས།་་་་་་བོད་དང་ཤིན་བྱང་སོགས་ཀྱི་སྐོར་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་སྐོར་ལ་དེ་ཙམ་གྱི་ཤུགས་རྒྱགས་རྒྱུ་མ་རེད་སྙམས།་གལ་སྲིད་ཨ་རིའི་དཔལ་འབྱོར་གྱི་གནས་སྟངས་དང་ཁ་ཆེའི་རྒྱལ་ཁབ་ཀྱི་ནང་ལ་དམག་གི་ནུས་ཤུགས་བཏོན་དགོས་མེད་ན་རྒྱ་ནག་ལ་རྫིགས་གཏམ་ཤོད་ངེས་རེད།

    Reply
  12. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ང་ཚོས་ཁོ་ལ་བལྟས་ནས་འདུག ཉན་ནས་འདུག སྒུག་ནས་འདུག རྒྱའི་དཔོན་ངན་དེ་དག་གི་གཡོ་འོག་ནས་ཁོ་ལ་དམིགས་བསལ་གྱིས་བྱས་རྗེས་འཇོག་པའི་གོ་སྐབས་ཤིག་ཕལ་ཆེར་རེག་མི་སྲིད་ཅེས་བཤད་ཀྱང་། སྐད་ཆ་འདི་སྔ་མི་སྲིད་པ་ཡིན།

    Reply
  13. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    བདུན་ཕྲག་རྗེས་མ་ནོར་བེད་ཞི་བདེ་གཟེངས་རྟགས་བཞེས་མཁན་ཨ་རི་སྲིད་
    འཛིན་མཆོག་རྒྱ་ནག་ལ་ཕེབས་པ་དགའ་བསུ་ཞུ །
    བོད་དོན་ལ་དམིགས་གསལ་གྱི་འགུལ་སྐྱོད་ཞིག་ཐེབས་ཐུབ་པའི་རེ་བ་ཡོད་།

    Reply
  14. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    སྲིད་འཛིན་ཨོ་བྷ་མས་ཨ་རིའི་སྲིད་འཛིན་དང་ཞི་བདེའི་སྣེ་འཁྲིད་མི་སྣ་ཞིག་གི་ལྡོག་ཆ་ནས་བོད་དོན་ཐད་གླེང་སློང་བྱེད་དགོས་པ་གལ་ཆེ་ལས་༸གོང་ས་མཆོག་གི་སྐུ་ཚབ་ཀྱི་རྣམ་པ་འཛིན་རྒྱུ་འདི་ཆབ་སྲིད་ཀྱི་ཐད་ནས་གལ་ཆེན་མ་རེད། ཡིན་ན་ཡང་འགྲོ་བ་མིའི་བཟང་སྤྱོད་ཀྱི་ཐད་ནས་གལ་ཆེན་ཡིན་སྲིད།

    ལོ་རྒྱུས་ཀྱི་ཐོག་ནས་དབང་འཛིན་མི་སྣ་ཕན་ཚུན་གྱི་མཇལ་མོལ་དང་ཐུག་འཕྲད་ཀྱིས་བོད་དོན་ཐད་དོན་ཕན་ལྡན་པའི་འཕོ་འགྱུར་ཇི་བྱུང་སྐོར་རྟོག་ཞིབ་ཅིག་བྱེད་དགོས་པའི་དུས་སུ་བསླེབས་ཡོད་པ་དང་ང་ཚོས་བརྒྱུད་ལམ་འདི་འདྲའི་རིགས་ལ་རེ་སྒུག་གི་གདེངས་འཇོག་ཆེན་པོ་ཞིག་མུ་མཐུད་བྱ་རྒྱུར་འོས་བབ་ཡོད་མེད་ཐད་ལ་ཡང་བསམ་བློ་ཞིག་གཏོང་རན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese