མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་གནས་སྟངས་སྔར་ལས་ཛ་དྲག་རེད།

བོད་ཀྱི་དུས་བབ།
༢༠༠༩/༡༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

བཀུར་འོས་ཚོགས་གཙོ་མཆོག་དང་། བཀུར་འོས་འཐུས་མི་རྣམ་པ། སྐུ་མགྲོན་དང་གྲོགས་པོ་རྣམ་པ། ཐོག་མ་དེར་ངས་བོད་མི་ཡ་ས་དྲུག་གི་ཚབ་བྱས་ཏེ་སེམས་པའི་གཏིང་ནས་ཁྱེད་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱེད་རྣམ་པ་ཚང་མར་སྙིང་ཐག་པ་ནས་དགའ་བསུ་ཞུ་རྒྱུ་ཡིན།

ལམ་ཐག་རིང་པོའི་དཀའ་ངལ་མཐའ་དག་ལ་མ་འཛེམས་པར་ཚོགས་ཆེན་འདིའི་སྟེང་ལ་ཕེབས་མཁན་གྲོས་ཚོགས་འཐུས་མི་འདི་དག་གིས་འགྲོ་བ་མིའི་ཀུན་སྤྱོད་ཀྱི་བསམ་བློ་གཞི་ལ་བཞག་པའི་རླབས་ཆེན་སྲིད་དོན་གྱི་ལྟ་བའི་ཐོག་ནས་བོད་ཀྱི་དཀའ་རྙོག་གི་ཐད་གཡོ་བ་མེད་པའི་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱེད་པ་མཚོན་ཡོད། གལ་སྲིད་ཁྱེད་རྣམ་པའི་ཕྱོགས་ནས་འགྲོ་བ་མིའི་ཆེ་མཐོང་དང་དྲང་བདེན། རང་དབང་གི་རིན་ཐང་བཅས་ལ་ཡིད་ཆེས་བརྟན་པོ་ཞིག་མེད་པ་ཡིན་ན་དཀའ་ལས་བརྒྱབས་ཏེ་ཚོགས་ཆེན་འདིའི་ཐོག་འཛོམས་གི་མ་རེད། ཚོགས་འདུ་འདི་ནི་ཉམ་པ་མེད་པའི་སེམས་ཤུགས་ཅན་དང་། འཇིགས་པ་དང་ཧམ་པ་མེད་པར་བདེན་པ་དང་དྲང་པོའི་ཆེད་དུ་ང་ཚོའི་དུས་སྐབས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་གི་ཁ་གཏད་དུ་ལངས་མཁན་དག་གི་འདུ་འཛོམས་ཤིག་ཡིན། ང་ཚོ་ཚང་མས་ཤེས་གསལ་ལྟར་ང་ཚོར་གཉའ་གནོན་གཏོང་མཁན་དང་མི་འདྲ་བར་བོད་ཀྱིས་སྲིད་དོན་གྱི་ངོས་དང་ཕྱི་དངོས་པོའི་ཐོག་ནས་ཁྱེད་རྣམ་པ་དང་ཁྱེད་ཅག་གི་རྒྱལ་ཁབ་ལ་ཁེ་ཕན་ཅི་ཡང་འབུལ་རྒྱུ་ཡོད་པ་མ་རེད། དེར་བརྟེན་ཁྱེད་རྣམ་པ་འདིར་ཕེབས་པ་དེ་ནི་ང་ཚོ་བོད་པ་ཙམ་མ་ཡིན་པར་འགྲོ་བ་མིའི་རིགས་སྤྱི་ལ་ཆེས་གལ་ཆེན་དང་རིན་ཐང་གཞལ་དུ་མེད་པ་ཞིག་ཆགས་ཡོད། འདི་ནི་སྲིད་དོན་ཚོགས་པ་དང་རྒྱལ་ཁབ་ཅིག་གི་མི་རིགས་ལ་རྒྱབ་སྐྱོར་བྱེད་པའི་འཐབ་བྱུས་སྤྱིར་བཏང་བ་ཞིག་མིན། འདི་ནི་འཛམ་བུའི་གླིང་སྤྱི་ལ་ཀུན་སྤྱོད་དང་འཚེ་མེད་ཞི་བ། དྲང་པོ་དང་བདེན་པའི་སྟོབས་ཤུགས་ཀྱི་ནུས་པ་ཆེ་རུ་གཏོང་བའི་རྒྱབ་སྐྱོར་ཞིག་ཡིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནམ་རྒྱུན་དུ། བོད་དོན་རྒྱབ་སྐྱོར་བ་རྣམས་ནི་བོད་ཀྱི་ཕྱོགས་ནས་ལངས་མཁན་དང་རྒྱ་ནག་ལ་རྒོལ་མཁན་ཡིན་མི་དགོས། ཁོང་ཚོ་ནི་དྲང་པོ་དང་བདེན་པ། འཚེ་མེད་ཞི་བ་བཅས་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་དགོས། ཞེས་གསུང་བསྡད་ཡོད། ཚོགས་འདུ་འདིའི་སྟེང་ཕེབས་མཁན་རྣམས་ནི་འགྲོ་བ་མིའི་སྡེ་ཚན་གང་རུང་ཞིག་གིས་གཅིག་སྡུད་རིང་ལུགས་པའི་དབང་སྒྱུར་འོག་ནས་བཤུ་གཞོག་དང་གཉའ་གནོན་གྱི་སྡུག་བསྔལ་མྱོང་སྐབས་ཟུར་གནས་སུ་མི་སྡོད་པ་དག་གིས་གྲུབ་ཡོད། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ ཨེ་ལི་ ཝེ་སེལ་ ལགས་ཀྱིས། ༼བར་གནས་ཀྱིས་དྲག་གནོན་བྱེད་མཁན་ལ་རོགས་པ་བྱེད་ཀྱིན་ཡོད། དྲག་གནོན་མྱོང་མཁན་དེར་ནམ་ཡང་རོགས་པ་བྱས་མེད། ཁུ་སིམ་མེར་སྡོད་པ་དེས་སྡུག་སྦྱོང་གཏོང་མཁན་དེར་རོགས་པ་བྱེད་ཀྱིན་ཡོད། སྡུག་སྦྱོང་མྱོང་མཁན་དེར་རོགས་པ་བྱེད་ཀྱི་མེད།༽ ཅེས་གསུངས་ཡོད། ང་ཚོས་འདིར་རོམ་གྲོང་ཁྱེར་ནང་དུ་འཛམ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་ཚོགས་ཆེན་དེ་འཚོགས་ཐུབ་པ་ནི་ལྟོས་ལེགས་པོ་ཞིག་རེད། ཨི་ཊ་ལི་ནི་དམངས་གཙོ་དང་རང་དབང་། དྲང་བདེན་བཅས་ཀྱི་བསམ་བློའི་མགོ་ཁུངས་ཡང་དག་ཅིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ཁོང་ཚོ་ནམ་ཡང་རང་དབང་དང་འདྲ་མཉམ། འགྲོ་བ་མིའི་ཆེ་མཐོང་བཅས་ཀྱི་ཆེད་དུ་ལངས་ཡོད། རླབས་ཆེ་བའི་ཨི་ཊ་ལི་མི་དམངས་ཀྱིས་ག་དུས་ཡིན་ཡང་བོད་དོན་ལ་རྒྱབ་སྐྱོར་གནང་ཡོད། དེར་བརྟེན། ཚོགས་ཆེན་འདི་གོ་སྒྲིག་གནང་མཁན་དང་རྒྱབ་སྐྱོར་གནང་མཁན་དག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ནི་ང་ཚོའི་ལས་འགན་ཞིག་ཏུ་གྱུར་ཡོད།

བོད་ནང་གི་གནས་སྟངས་ནི་སྔར་ལས་ཀྱང་ཛ་དྲག་རེད། ད་ཆ་འཆར་གཞི་ཡོད་པའི་སྒོ་ནས་བོད་ཀྱི་དཔལ་ཡོན་རྩ་གཏོར་གཏོང་བ་དང་བོད་ཀྱི་རིག་གཞུང་དང་མི་རིགས་ཀྱི་ངོ་རྟགས་རྩ་མེད་བཟོ་བའི་ཡ་ང་བའི་སྲིད་བྱུས་དེ་མངོན་སུམ་གྱིས་ལག་བསྟར་བྱེད་ཀྱིན་ཡོད། མི་འབོར་རྒྱ་སྐྱེད་ཀྱི་དྲག་གནོན་དང་། རྣམ་པ་གང་ཐད་ནས་ཁྱད་གསོད་བྱེད་པའི་སྒྲུང་ལ་རྒྱུན་ཆད་མེད་པ། མནར་གཅོད་ཀྱི་རླབས་ཕྲེང་རྒྱས་བཞིན་པ། དམར་གསོད་དང་ཁྲིམས་འགལ་གྱི་བཀག་ཉར། བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཆོས་ལུགས་བཅས་རྩ་གཏོར་གྱི་རྣམ་པ་དེ་ཇེ་ཆེར་གྱུར་བ། བོད་ཀྱི་ཐོག་ལ་ཡ་ང་སྙིང་རྗེ་མེད་པ་དང་བོད་ཀྱི་ཁོར་ཡུག་ལ་མུ་མཐུད་ནས་གཏོར་སྐྱོན་གཏོང་བ་སོགས་དང་འདི་ལས་མང་བ་ཞིག་ནི་ལྷག་དོན་སྔར་ལོ་བོད་ནང་ཞི་བའི་ངོ་རྒོལ་བྱུང་བའི་རྗེས་ནས་བཟུང་ལག་བསྟར་བྱེད་བཞིན་པ་རེད།

འགྲོ་བ་མིའི་ཐོབ་ཐང་རྡོལ་རོལ་གཏོང་བཞིན་པ་དང་། རིག་གཞུང་དང་དཔལ་ཡོན་རྩ་གཏོར། ཞིབ་འཇུག་ཅི་ཡང་མེད་པར་རང་བྱུང་ཐོན་ཁུངས་སྔོག་རྐྱང་བྱེད་པ་སོགས་ཀྱི་དོན་རྐྱེན་རེ་རེ་བཞིན་བགྲངས་དགོས་པ་ཡོད་པ་མ་རེད། འདི་དག་གི་བདེན་དཔང་ནི་གང་མང་མང་ཡོད་ལ། རང་དབང་ལྡན་པའི་ཚོགས་སྡེ་ཁག་གིས་གནད་དོན་འདི་དག་གི་སྐོར་ལ་བཏོན་པའི་ཡིག་ཆའང་མང་པོ་ཡོད། ང་ཚོས་བོད་ས་ཁུལ་དུ་ཁང་བརྩེགས་དང་གཞུང་ལམ། གནམ་ཐང་། མེ་འཁོར་ལྕགས་ལམ་སོགས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ལ་དབང་སྒྱུར་བྱས་པ་ནས་བཟུང་འཛུགས་སྐྲུན་བྱེད་ཀྱིན་པ་དག་ལ་ངོས་ལེན་མ་བྱས་པ་མིན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་འཛུགས་སྐྲུན་འདི་དག་གི་སྐོར་འཛམ་བུའི་གླིང་ལ་ཁྱབ་བསྒྲགས་ཤུགས་ཆེར་བྱས་ཤིང་། ས་གནས་ས་ཐོག་ལ་དངུལ་སྒོར་ག་ཚོད་ཅིག་གཏོང་བཞིན་པའི་གྲངས་འབོར་དེ་དག་གིས་དོན་དངོས་མ་རྟོགས་པའི་མི་མང་པོ་ཞིག་ཡ་མཚན་དུ་བཅུག་ཡོད། ཐ་ན་བོད་པའི་ཐོག་ལ་ཤ ཚ་སྙིང་ཉེ་ཡོད་མཁན་དག་གིས་ཀྱང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དབང་མ་བསྒྱུར་ཚེ་འཛུགས་སྐྲུན་འདི་དག་ནི་ཡོང་ཐབས་མེད་པ་ཞིག་ཡིན་པའི་ལྟ་ཚུལ་འཛིན་གིན་ཡོད།

༼བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་འཛམ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་ཚོགས་ཆེན་ཐེངས་ལྔ་བའི་སྟེང་བསྩལ་བའི་གསུང་བཤད་ལས་དྲངས།༽

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༡༨ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༢༠ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 11

  1. getse ngodup from .be says:
    ལོ་ 16 སྔོན།

             ( རོགས་སྐྱོར་གནང་བ་ )

    ༄༄།། ད་ལམ་ཉག་ཕྲ་བའི་དུས་སྐབས་འདིར་རང་བྱུང་ཁོར་ཡུག་ལ་ས་ཡོམ་གྱི་གནོད་འཆེ༹་འོག།  འཇ༹མ་གླིང་ཕྱོགས་གང་ས་དང་ལྷག་པར་དུ་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་སྐྱེ་རྒུ་གྲོང་སྡེ་དང། རོང་པོ་  སྐར་མདའ་  འབྲོག་མདའ་   ཁྲུན་འདུ་   ནང་ཆེན་བཅས།   ས་ཕྱོགས་གང་ས་ལ་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད་པར་བརྟེན།      དཔལ་ལྡན་ར་ཉག་དགོན་ཕུན་ཆོ༹གས་ཐེག་ཆེན་གླིང་གི་ཁྲི་པ་སྐྱབས་རྗེ་ལྡན་མ་ཁམས་མགྱོགས་རིན་པོ་ཆེ་མཆོག།   ས་ཡོམ་གྱི་རྐྱེན་ངན་བྱུང་བ་གསོན་མ་ཐག་མྱུར་དུ་ Taiwan ནས་མཁའ་ལམ་རྒྱུད་ཟིར་ལིང་ལ་ཕེབས།   དེ་ནས་ཁོང་གི་ཐབས་ཤེས་རྒྱུད་དམིགས་གསལ་སྨན་པ་ཁ་ཤས་ཁྲིད་ནས་ཡུལ་ཤུལ་ས་ཁུལ་དུ་ཕེབས་འདུག་པ་མ་ཆ༹ད།   ར་ཉག་དགོན་པའི་དགེ་འདུན་པ་ ༡༧༠ དང་ལྷན་དུ་མི་རྒྱུ་གཉིས་གི་ཐོག་རོགས་རིམ་རྒྱ་ཆེར་གནང་འདུག།   ལྷག་པར་དུ་ར་ཉག་དགོན་པའི་དགེ་འདུན་པ་ཆོ༹འི་ས་འོག་ནས་བོད་རིགས་ཉིས་བརྒྱ་ལྷག་གི་ཆེ༹་སྲོག་སྐྱོབ་གནང་ཡིན་པ་རེད།   སྤྱིར་གནས་ཆུ༹ལ་གོ་དོན་ལྟར་ན།   ཁམས་མགྱོགས་རིན་པོ་ཆེ་དགོན་པ་གསར་པ་ཧ་ཅང་གི་ལེགས་གྲུབ་བྱུང་ཡོད་ཀྱང་ཡིན་ན་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད།     འོན་ཀྱང་ཁོང་གིས་གནས་ཆུ༹ལ་དེ་དག་ལ་མ་གཟིགས་ནས་རང་རིགས་སྤུན་ཟླ་ཤུལ་ལུས་རྒྱ་ཆེར་མི་དམངས་ཡོངས་ཀྱི་ཆེད་དུ་དམིགས་སྟེ།   ད་ལྟ་བར་དུ་འགྲོ་སོང་གཏོང་ཆོ༹ད་བྱས་ན།  གྲོ་འབྲས་རྒྱ་མ་༡༢༠༠༠   ཅ༹མ་པ་རྒྱ་མ་༡༥༠༠   མར་རྒྱ་མ་༡༠༠༠  ཐུག་པ་ཤོག་སྒམ་༡༠༠༠    ཉལ་ཆས་༣༠༠༠   གྱོན་ཆས་༢༥༠༠  རས་གུར་༡༠༠  དེ་མིན་ཟས་རིགས་འདྲ་མིནདང་   ཉམ་ཐག་དབུལ་པོ་ཁྱིམ་ཆ༹ང་རེ་ལ་སྒོར་༣༠༠  གནང་ཡོད།    བསྡོམས་པས་རྒྱ་སྒོར་ཁྲི་ ༢༡༥ ལྷག་གཏོང་ཟིན་ཀྱང་ད་དུང་ཡོང་མི་མཐུད་ནས་གནང་རྩིས་ཡིན་འདུག།     དེ་ཡང་མ་ཆ༹ད་རིན་པོ་ཆེ་ཁོང་གིས་ཤུལ་ལུས་ཡོངས་ཀྱི་ཆེད་དུ་དམིགས་ནས་ཕྱི་རྒྱལ་ཡུལ་གྲུ་དང་རྒྱ་ནང་གི་ཆོ༹གས་པ་ཁག་སོ་སོ་ལ་རོགས་རིམ་འབོད་བསྐུལ་གནང་འཆར་ཡིན་འདུག་པ་མ་ཆ༹ད་ཁོང་གིས་གསར་འཇུ༹གས་གནང་བ་སྨོན་ལམ་ཆོ༹གས་ཆུང་རྒྱུད།        ཆེ༹་འདས་ཡོངས་ཀྱི་ཆེད་དུ་ཉིན་ལྟར་སྐྱབས་གནས་འཕགས་པའི་དགེ་འདུན་པ་རྣམས་ཀྱི་བསྔོ་བ་སྨོན་ལམ་དང་མི་དམངས་བརྒྱ་ཕྲག་དུ་མ་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་འབུམ་ཆོ༹གས་ཆོ༹གས་ཀྱི་ཡོད་རེད་ཟེར།  གོང་གི་གནས་ཆུ༹ལ་དེ་དག་ས་གནས་དགོན་པའི་གྲ་བློ་བཟང་གི་གསུང་པ་ལྟར་བྲིས་ཡིན།  སྤྱིར་གསར་འགྱུར་རྒྱུད་ལམ་ཁག་ནས་གནས་ཆུ༹ལ་སྤེལ་བ་ལྟར་ན།    རང་ཡུལ་གངས་ཅན་ལྗོངས་ནས་ཆོལ་ཁ་སོ་སོ་དགོན་སྡེ་ཁག་དང་བླ་ཆེན་རྣམ་པ་གཅོ༹ས་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་ལ་རོགས་རིམ་རྒྱ་ཆེར་གནང་ཡོད་པ་མ་ཆ༹ད།   ཕྱི་རྒྱལ་ཡུལ་གྲུ་ཁག་སོ་སོ་དང་  སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མིན་བླ་ཆེན་རྣམ་པ་དང་དགོན་སྡེ་ཡོངས་ཀྱི་རོགས་རིམ་གནང་ཡོད་པས་འདིར་མ་བྲིས་སོ།།

    Reply
  2. thukje says:
    ལོ་ 16 སྔོན།

    སྐྱེ་རྒུ་མདོར་ས་ཡོམ་གྱི་གནོད་ཚེ་ཕོག་པར་བདེན་ཚིག་སྨོན་ལམ་འདི་ལྟར་ཞུ།།
    དེས་ན་རྗེ་བཙུན་བླ་མ་ཐུགས་རྗེ་ཅན།
    མ་གྱུར་འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་ཀུན།
    མ་ལུས་ད་ལྟ་བདག་ལ་སྨིན་པ་དང་།
    བདག་གི་བདེ་དགེ་གཞན་བཏང་བ་ཡིས།
    སྣོད་བཅུད་བདེ་དང་ལྡན་པར་བྱིན་གྱིས་རློབས།

    Reply
  3. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    ཟམ་གདོང་རིན་པོ་ཆེའི་རླབས་ཆེན་གྱི་བྱ་བཞག་ལ་ཡི་རང་ཡོད། ང་ཚོ་དབུ་ཁྲིད་ཡག་པོ་ཡོད་ཀྱང་རོགས་འདེགས་མཁན་ཉུང་དྲག་པས། མཛད་རྗེས་ལ་བར་ཆད་མི་ཉུང་བ་ཞིག་ཕྲད་དང་འཕྲད་བཞིན་པ་དངོས་ཡོད་རེད།

    Reply
  4. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    སྔོན་ཆད་ང་རང་བོད་ནས་གསར་དུ་འབྱོར་ཞིང་གསར་འབྱོར་སློབ་གྲར་ཡུན་ཙམ་བསྡད་མྱོང་། སྐབས་དེར་ང་རང་གསར་འབྱོར་སློབ་གྲའི་ཉེ་འཁོར་གྱི་ཤིང་སྡོང་རིང་པོ་ཞིག་གི་འོག་ཏུ་བསམ་བློ་ཞིག་གཏོང་ནས་སྡོད་སྐབས་ཤིང་སྡོང་རྩེ་ནས་བྱིའུ་ཞིག་གིས་ངའི་མགོ་ལ་སྐྱག་པ་ཞིག་བཏང་མྱོང་། ངའི་བསམས་པར་རྒྱ་གར་གྱི་བྱ་དང་བྱིའུ་ཚོས་ཀྱང་མི་ཉམ་ཆུང་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་ཀྱིན་འདུག་བསམས་མྱོང་། དེ་བཞིན་སྟོབས་ཆེན་རྒྱལ་ཁབ་ཚོས་བོད་དོན་དེ་བཞིན་རྒྱ་ནག་གིས་སྟོབས་འབྱོར་དང་དབང་ཤུགས་ཁོ་ནའི་གཞན་དབང་སྟབས་སྟུན་གྱིས་བོད་རིགས་ཉམ་ཆུང་ཚོ་ཁོང་ཚོའི་རྐང་རྩེད་སྤོ་ལོ་རང་རེད། ད་ནི་ང་ཚོ་ང་རང་ཚོར་སྙིང་རྗེ་བྱེད་རན་འདུག ང་ཚོ་ང་རང་ཚོར་བྱམས་པ་སྒོམ་རན་འདུག ང་ཚོ་ང་རང་ཚོ་འགུལ་རན་འདུག

    Reply
  5. ཨ་གངས་ཞེན། says:
    ལོ་ 16 སྔོན།

    སྐུ་ཉིད་ཀྱི་སྙན་རྩོམ་ཧ་ཅང་ཡག་པོ་འདུག་བསྔགས་ས་བ རྗོད་ཡོད། ཆབས་ཅིག་ཁྱེད་ལ་བཀྲ་ཤེས་བདེ་ལེགས་ཞུ།

    Reply
  6. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 16 སྔོན།

    བོད་སྤྱི་དོན་དུ་བཅོས་མིན་ལྷན་སྐྱེས་ཀྱི་སེམས་ཤུགས་རྡོ་རྗེ་ཕ་ལམ་གྱི་རི་བོ་ཆེན་པོ་དེ་དམར་པོ་མེ་ཡིས་བསྲེགས་མ་ཐུབ་ཅིང། རྣོན་པོ་མཚོན་གྱིས་གཅོད་མ་ནུས་པའི་གྲོགས་མཆོག་རྨོག་རུ་བསྟན་པ་མཆོག་ལ་ཐུགས་རྗེ་ཆེ་གྲངས་མེད་ཞུ། ཁྱེད་ཀྱིས་བསྟོད་བསྔགས་ཞུ་ས་དེ་ནོར་མི་འདུག
    ཕ་བཟང་གི་བུ།
    དེ་དང་ཆབས་ཅིག་སྐུ་ཉིད་ལ་སྙིང་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད།

    Reply
  7. གུང་རུ་འབྱོར་མཆོག says:
    ལོ་ 16 སྔོན།

    ༸གྲོགས་མཆོག་རྨོག་རུ་བསྟན་པ་ལགས་བཀྲ་ཤིས་བདེ་ལེགས།།
    སྐུ་ཉིད་ཀྱི་རྩོམས་ལ་རྗེ་སུ་ཡིད་རང་ཡོད།།ཨུ་རུ་སུ་ཨུ་ལན་ཨུ་གྲོང་ཁྱེར་པ་སངས་ནས།།

    Reply
  8. pasang says:
    ལོ་ 16 སྔོན།

    ༸གྲོགས་མཆོག་རྨོག་རུ་བསྟན་པ་ལགས་བཀྲ་ཤིས་བདེ་ལེགས།།
    སྐུ་ཉིད་ཀྱི་རྩོམས་ལ་རྗེ་སུ་ཡིད་རང་ཡོད།།ཨུ་རུ་སུ་ཨུ་ལན་ཨུ་གྲོང་ཁྱེར་པ་སངས་ནས།།

    Reply
  9. རྨོག་རུ་བསྟན་པ། says:
    ལོ་ 16 སྔོན།

    རྟ་རྫི་གདོང་ནག་གི་དགོངས་ཚུལ་ལ་ལེགས་གསོལ་ཞུ་རྒྱུ་ཡིན།

    Reply
  10. རྨོག་རུ་བསྟན་པ། says:
    ལོ་ 16 སྔོན།

    རླབས་ཆེན་དོན་བཟང་བསྒྲུབ་ལ་ཐུགས་དཔའ་ཞིང་།།
    གང་གི་བཀའ་གསུང་དམ་པའི་རྗེས་འཇུག་མཁན།།
    སྤྱི་དོན་ལྷུར་གྱིས་བཞེས་མཛད་སེམས་དཔའ་ཆེ།།
    ཟམ་གདོང་བླ་མའི་སྐུ་ཚེ་ཁྲི་ལོར་ཤོག།

    སེར་པོའི་སྒྲོ་ལོའི་སྟོབས་ཀྱིས་མ་ཁུག་ཅིང་།།
    རང་དོན་ཕྱོགས་རེས་ཙམ་ཞིག་མ་མཛད་པར།།
    ས་ཡ་དྲུག་གི་འགྲོ་དོན་མཐར་བསྐྱལ་བ།།
    ཟམ་གདོང་བླ་མའི་སྐུ་ཚེ་ཁྲི་ལོར་ཤོག།།

    མཛེས་མའི་བསླུ་ཆང་རོ་ཡིས་མ་བཟི་ཅིང་།།
    དགོན་པའི་མཐོན་པོ་ཁྲི་ལ་མ་ཆགས་པར།།
    རླབས་ཆེན་དོན་ལ་ཉིན་མཚན་དབྱེར་མེད་པ།།
    ཟམ་གདོང་བླ་མའི་སྐུ་ཚེ་ཁྲི་ལོར་ཤོག།

    ཉིད་ཀྱི་མཛད་འཕྲིན་ཉི་མའི་སྣང་བ་ཆེ།།
    ཉིད་ཀྱི་ཐུགས་བཞེད་རྒྱ་མཚོའི་རླབས་ཀྱི་ཕྲེང་།།
    གཡོ་བ་མེད་པའི་དཔལ་གྱིས་རབ་བརྒྱན་ཏེ།།
    གཞིས་བྱེས་བོད་མིའི་ཕུགས་དོན་ལྷུན་འགྲུབ་ཤོག།

    Reply
  11. རྟ་རྫི་གདོང་ནག says:
    ལོ་ 16 སྔོན།

    བོད་ནང་གི་གནས་སྟངས་ནི་སྔར་ལས་ཀྱང་ཛ་དྲག་རེད། ད་ཆ་འཆར་གཞི་ཡོད་པའི་སྒོ་ནས་བོད་ཀྱི་དཔལ་ཡོན་རྩ་གཏོར་གཏོང་བ་དང་བོད་ཀྱི་རིག་གཞུང་དང་མི་རིགས་ཀྱི་ངོ་རྟགས་རྩ་མེད་བཟོ་བའི་ཡ་ང་བའི་སྲིད་བྱུས་དེ་མངོན་སུམ་གྱིས་ལག་བསྟར་བྱེད་ཀྱིན་ཡོད། མི་འབོར་རྒྱ་སྐྱེད་ཀྱི་དྲག་གནོན་དང་། རྣམ་པ་གང་ཐད་ནས་ཁྱད་གསོད་བྱེད་པའི་སྒྲུང་ལ་རྒྱུན་ཆད་མེད་པ། མནར་གཅོད་ཀྱི་རླབས་ཕྲེང་རྒྱས་བཞིན་པ། དམར་གསོད་དང་ཁྲིམས་འགལ་གྱི་བཀག་ཉར། བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཆོས་ལུགས་བཅས་རྩ་གཏོར་གྱི་རྣམ་པ་དེ་ཇེ་ཆེར་གྱུར་བ། བོད་ཀྱི་ཐོག་ལ་ཡ་ང་སྙིང་རྗེ་མེད་པ་དང་བོད་ཀྱི་ཁོར་ཡུག་ལ་མུ་མཐུད་ནས་གཏོར་སྐྱོན་གཏོང་བ་སོགས་དང་འདི་ལས་མང་བ་ཞིག་ནི་ལྷག་དོན་སྔར་ལོ་བོད་ནང་ཞི་བའི་ངོ་རྒོལ་བྱུང་བའི་རྗེས་ནས་བཟུང་ལག་བསྟར་བྱེད་བཞིན་པ་རེད།
    བཀའ་ཁྲིའི་གསུང་བའི་དོན་འདི་དག་གཞུང་ཙམ་མ་ཡིན་པར་ང་ཚོ་མི་རེ་ངོ་རེ་ནས་འཛམ་གླིང་མི་མང་ལ་གསལ་བཤད་བྱ་རྒྱུ་ཡོལ་ཐབས་མེད་པའི་འགན་ཁྲི་ཞིག་རེད།རྒྱ་ནག་གཞུང་གི་སྐྱག་རྫུན་དེ་ཚོའི་གདོང་རིས་རྒྱལ་སྤྱིའི་མི་མང་གི་མཐོང་ཐུབ་པ་བྱ་རྒྱུ་ནི་ང་ཚོར་འཁྲི་བའི་ལས་འགན་རླབས་ཆེ་བ་དེ་མ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese