མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དང་ཨུ་རུ་སུའི་འབྲེལ་ལམ་བཟང་དུ་ཕྱིན་ཡོད།

བོད་ཀྱི་དུས་བབ།
༢༠༠༩/༡༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་དང་ཨུ་རུ་སུ་གཉིས་ཀྱིས་ལོ་ངོ་བརྒྱ་ཕྲག་མང་པོའི་འབྲེལ་བ་རྒྱུན་མཐུད་བྱེད་ཐུབ་ཡོད་པ་མ་ཟད། ཏྭ་ལའི་བླ་མ་དང་འབྲེལ་བ་དམ་ཟབ་ཡོད་ལ། སྔར་ཡོད་ཀྱི་འབྲེལ་ལམ་དེ་ལ་བརྟེན་ནས་ད་ལྟའི་དུས་འདིར་ཡང་ང་ཚོའི་འབྲེལ་ལམ་རྒྱུན་མཐུད་བྱེད་ཐུབ་པ་བྱུང་ཡོད།ཅེས་༧གོང་ས་མཆོག་གིས་གསུངས་ཡོད།

དེ་རིང་ཞོགས་པའི་ཆུ་ཚོད་ ༩ དང་ཕྱེད་ཀའི་སྟེང་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབས་པ་བཞིན། ༧གོང་ས་མཆོག་བཞུགས་སྒར་ཕོ་བྲང་ནས་ཆིབས་བསྒྱུར་གནང་སྟེ་ཨུ་རུ་སུའི་དད་ལྡན་པ་གཙོས། ཀོ་རི་ཡ་དང་ཉི་ཧོང། དེ་བཞིན་ནུབ་ཕྱོགས་ཀྱི་དད་ལྡན་པ་དང་བཞུགས་སྒར་དུ་གནས་སྡོད་སེར་སྐྱ་མང་ཚོགས་བཅས་མི་གྲངས་ ༡༠༠༠ བརྒལ་བར་རྗེ་རིན་པོ་ཆེའི་གསུང་ལམ་གཙོ་རྣམ་གསུམ་དང་རྟེན་འབྲེལ་བསྟོད་པའི་གསུང་ཆོས་དབུ་འཛུགས་གནང་སོང་ལ། སྐབས་དེར།  ༧གོང་ས་མཆོག་གིས་ཨུ་རུ་སུའི་ཆོས་ཞུ་བ་གཙོས་དད་ལྡན་པ་ཡོངས་ལ་བཀའ་སློབ་གནང་དོན། དེ་རིང་གསུང་ཆོས་གནང་ས་གཙོ་བོ་དེ་ཨུ་རུ་སུའི་དད་ལྡན་པ་ཁྱེད་རང་ཚོ་ཆགས་ཡོད་ལ།  ཁྱེད་རང་ཚོ་ས་ཐག་རིང་པོ་ནས་འདིར་ཕེབས་པར་ངོས་རང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། སྤྱིར་ནང་པའི་ཆོས་ལ་རྒྱལ་མཚམས་དབྱེ་བ་མེད་པ་ལྟར། ནང་པའི་ཆོས་དེ་ཉིད་ཐོག་མར་ཨེ་ཤ་ཡའི་ནང་དར་བ་དང་རྗེས་སུ་ཨུ་རུ་སུའི་ལུང་པ་མང་པོ་ཞིག་ཀྱང་ཨེ་ཤ་ཡའི་ཁྱབ་ཁོངས་སུ་གནས་ཡོད་སྟབས།  ཁྱེད་ཚོའི་ལུང་པ་དེ་དག་ཏུ་ནང་པའི་ཆོས་དེ་དུས་རབས་མང་པོའི་སྔོན་ནས་དར་ཁྱབ་ཆེན་པོ་བྱུང་བ་དང་ནང་པའི་ཆོས་ཀྱི་བསྟི་གནས་ཤིག་ཆགས་ཡོད། དེ་བཞིན་མཁར་མུག་དང་ཐོའུ་བ། སྤི་རེ་ཡཱ་བཅས་ལུང་པ་ཁག་གི་ནང་པའི་ཆོས་ཀྱང་རྒྱ་གར་ནས་བོད་ལ་དར་བ་དང་རྗེས་སུ་ལུང་པ་དེ་དག་ལ་དར་ཁྱབ་ཏུ་ཕྱིན་པ་རེད།  ༡༩༧༩ ལོར་ངོས་རང་ཐོག་མར་སྤི་རེ་ཡཱ་དང་ཨོ་མ་ཝ་དེ། སོག་པོ་བཅས་སུ་ཕྱིན་པ་ཡིན། སྐབས་དེར་ཁོང་ཚོ་དམར་ཕྱོགས་རིང་ལུགས་པའི་དབང་བསྒྱུར་འོག་གནས་ཡོད་པའི་དབང་གིས་ཆོས་བྱེད་པར་བཀག་སྡོམ་བྱེད་ཀྱིན་ཡོད་འདུག་ལ། དེར་ཡོད་ཀྱི་གྲྭ་པ་ཚོར་འབྲེལ་འདྲིས་བྱས་སྐབས་ཀྱང་ཕན་ཚུན་གྱི་སྐད་ཆ་དེ་ཡི་གེར་བཀོད་དེ་བརྡ་སྤྲོད་དགོས་པའི་དཀའ་ངལ་བྱུང་བ་རེད།  སྐབས་དེ་དག་ཏུ་བོད་དང་ཨུ་རུ་སུའི་ནང་ཆོས་དར་ཡུལ་གྱི་ལུང་པའི་བར་གྱི་འབྲེལ་ལམ་ཆད་སོང་བ་ལྟ་བུ་ཆགས་ཡོད། དེ་ལྟ་ནའང་། ལོ་ངོ་བརྒྱ་ཕྲག་མང་པོའི་འབྲེལ་བ་ཟབ་མོ་ཡོད་པ་མ་ཟད། ཏྭ་ལའི་བླ་མ་དང་འབྲེལ་བ་དམ་ཟབ་ཡོད་པ་རེད། ཏྭ་ལའི་བླ་མའི་མཚན་དེ་ཡང་ཐོག་མར་སོག་པོས་རྒྱལ་དབང་སྐུ་ཕྲེང་གསུམ་པ་མཆོག་ལ་བཏགས་པའི་མཚན་ཞིག་ཡིན་པ་སོགས་ང་ཚོའི་བར་གྱི་སྔར་ཡོད་ཀྱི་འབྲེལ་ལམ་བཟང་བོ་དེ་ལ་བརྟེན་ནས་ད་ལྟའི་དུས་འདིར་ཡང་ང་ཚོའི་འབྲེལ་བ་རྒྱུན་མཐུད་བྱེད་ཐུབ་པ་བྱུང་ཡོད།  ཅེས་གསུངས་བྱུང་ལ། ཡང་༧གོང་ས་མཆོག་གིས། ད་ལྟ་དུས་རབས་ཉེར་གཅིག་པའི་དུས་སུ་སླེབས་ཡོད་པ་རེད། ཕྱིའི་དངོས་པོ་ཡར་རྒྱས་སུ་ཕྱིན་དང་འགྲོ་མུས་སུ་ཡིན་ནའང་། ནང་སེམས་པ་བདེ་བོ་དང་སྐྱིད་པོ་ཞིག་ཡོང་ཐུབ་ཀྱིན་མེད་པ་རེད། ནུབ་ཕྱོགས་རྒྱལ་ཁབ་ཁག་དང་ཉི་ཧོང་། བྱང་ཨ་རི་སོགས་སུ་ཕྱི་དངོས་པོ་ཡར་རྒྱས་སུ་ཕྱིན་ཡོད་ཀྱང་ནང་སེམས་པ་མ་སྐྱིད་པ་དང་སྡུག་བསྔལ། ཁེར་རྐྱང་གི་ཚོར་བ་སླེབས་ཏེ་རང་ཤི་རྒྱག་པའི་གནས་ཚུལ་དེ་འདྲ་འབྱུང་གིན་ཡོད་པ་ལྟར། དེང་སང་ཚན་རིག་པ་དག་གིས་ཀྱང་ཕྱི་དངོས་པོ་ཁོ་ནས་མི་ལ་བདེ་སྐྱིད་སྦྱིན་ཐུབ་ཀྱིན་མེད་སྟབས། གང་འདྲ་བྱས་ཏེ་བདེ་སྐྱིད་ཡོང་ཐབས་སོགས་ལ་དོ་སྣང་བྱེད་ཀྱིན་ཡོད་པ་ལྟར། ཨུ་རུ་སུའི་ནང་ཁུལ་ཏུའང་མིའི་སེམས་ལ་བདེ་སྐྱིད་གང་འདྲ་བྱས་ཏེ་སྐྲུན་ཐུབ་ཀྱི་ཡོད་མེད་སྐོར་ལ་དོ་སྣང་ཤུགས་ཆེར་སླེབས་ཀྱིན་འདུག ཅེས་སློབ་གནང་སོང་།

ཐེངས་འདིའི་ཉིན་གསུམ་རིང་གི་གསུང་ཆོས་ཐོག་ཨུ་རུ་སུའི་ནང་པའི་ས་ཁུལ་སྤི་རེ་ཡཱ་དང་ཐོའུ་བ། ཁལ་མིག་བཅས་ནས་ཆོས་ཞུ་བ་ ༦༦༢ ལྷག་དང་། སོག་པོ་མི་གྲངས་ ༣༢། ཁ་ཛག་སི་ཐན་དང་ཡཱ་ཁོ་ཚི། ཐེ་ཅི་ཁི་སི་ཐན། ཡུག་རེན། ཨུ་ཛུ་བྷེ་ཁི་སི་ཐན་བཅས་ནང་པ་མིན་པའི་ས་ཁུལ་དེ་དག་ནས་ཆོས་ཞུ་བ་ ༢༦༢ བཅས་ཡོང་ཡོད་པ་དང་། གསུང་ཆོས་ཀྱི་ཉིན་ཐ་མ་དེར་༧གོང་ས་མཆོག་གིས་ཆོས་ཞུ་བ་ཡོངས་ལ་འཇིགས་བྱེད་ཀྱི་དབང་བསྐུར་རྒྱུ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

Those who refuse to provide their phone passwords could be punished
Mobile App

ཧོང་ཀོང་ཉེན་རྟོག་པས་མི་མང་གི་ཁ་པར་གསང་གྲངས་ཐད་ཀར་ལེན་ཆོག་པར་བཟོས།

ཆུ་ཚོད་ ༡༠ སྔོན་ལ།
Senators Jacky Rosen (D-NV) and John Curtis (R-UT)
Mobile App

ཨ་རིའི་བོད་དོན་དང་འབྲེལ་བའི་སྲིད་ཇུས་ཁག་ལག་བསྟར་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༢ སྔོན་ལ།
TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༢༣
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

༢༠༢༦/༠༣/༢༣
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡

མཆན། 6

  1. Bugig says:
    ལོ་ 16 སྔོན།

    དྲ་གྲོགས་གཅན་བཟོད་ལགས། མ་བརྟག་གཡམ་རྒྱུགས་བྱས་པ་གཏན་ནས་མིན། སྐུ་སྒེར་ཡིག་ཚང་ནས་གསལ་བསྒྲགས་དེ་འདྲ་ཞིག་བྱས་ཡོད་པ་རེད། ང་ཚོས་གསལ་བསྒྲགས་དེ་གཞན་དང་མི་འདྲ་བ་ཞིག་ཡིན་ཙང་དུ་རྒྱུན་དུ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། གསུང་ཆོས་མ་གནང་བའི་ཉིན་གཅིག་སྔོན་རང་ལ་འགྱུར་བ་ཕྱིན་སོང་ཞེས་བསྐྱར་དུ་གསལ་བསྒྲགས་འཕར་མ་ཞིག་བསྐྱངས་ཡོད་པ་ཡིན་ཙང་གུས་པས་དེ་མ་མཐོང་བའི་རྐྱེན་གྱིས་དེ་ལྟར་བྱུང་བ་རེད། སྐྱོན་དང་ནོར་འཁྲུལ་ཁས་ལེན་མི་ཕོད་མཁན་དེ་འདྲ་མིན། ཕུ་དུང་འོག་ལ་དུས་ནམ་ཡང་སྐྱོན་འགེབས་ནས་འགྲོ་ཡི་མིན་གྲོགས་པོ།

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    བྱས་ཙང་ཁྱོད་འདི་མ་བརྟག་གཡམ་རྒྱུགས་བྱེད་རྒྱུར་དགའ་བ་འདྲ་ཞིག་རེད་མོ། འོན་ཀྱང་རང་ནོར་ངོས་ལེན་བྱས་ཏེ་དགོངས་དྭངས་ཞུས་བ་བཟང་གི ཡ་རབས་ཀྱི་བྱ་སྤྱོད་ཅིག་རེད། ཁྱོད་བཟང་ཐལ།

    Reply
  3. Bugig says:
    ལོ་ 16 སྔོན།

    དུས་བབ་ཚང་ལ་དགོངས་དག་ཞུ། སྐུ་སྒེར་ཡིག་ཚང་གིས་གསལ་བསྒྲགས་ལ་ཡང་བལྟ་རྒྱུ་མེད་པ་འདྲ།

    Reply
  4. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    དྲ་གྲོགས་དབྱིན་ཡིག་ཅན་ལགས། ཐོག་མར་མིང་དེ་དངོས་མིང་ངམ་བོད་ཡིག་ཅིག་འབྲི་རོགས་ཞུ། གཉིས་ནས་དེ་རིང་གསུང་ཆོས་ནས་བཀྲམས་པའི་དཔེ་དེབ་སེར་པོ་དེའི་ནང་དུ་ལམ་གཙོ་རྣམ་གསུམ་དང་རྟེན་བསྟོད་གཉིས་བོད་བོད་དབྱིན་ཨུ་རུ་སསའི་ཡི་གེ་གསུམ་ཅན་རེ་བཀྲམས་སོང་། ལམ་གཙོ་མེད་ན་ཏེངས་འདིའི་གསུང་ཆོས་ཀྱི་དཔེ་དེབ་ནང་དུ་བཀོད་དོན་མེད་ཀི་བསམ། ད་སྡུག་སྐད་མང་པོ་མ་འདོན་རོགས། ཀོ་ཇུ་ཨེ་ཀོ

    Reply
  5. Bugig says:
    ལོ་ 16 སྔོན།

    ཐེངས་གཅིག་ཐེངས་གཉིས་མ་ཡིན་པ་རྒྱུན་མཐུད་ནས་གསར་འགྱུར་བརྫུན་བཟོ་མ་གནང་རོགས་ཞུ་རྒྱུ་ཡིན། དེ་རིང་ངས་བྱང་ཆུབ་ལམ་སྒྲོན་དང་རྟེན་འབྲེལ་བསྟོད་པ་ཟེར་བ་ཞིག་ལས་ལམ་གཙོ་རྣམ་གསུམ་གྱི་གསུང་ཆོས་གནང་གི་ཡོད་པ་གོ་མ་སོངས། འདྲི་འདྲ་བྱས་བསྡད་ན་དུས་བབ་ཚང་ཡིད་ཆེས་རྩ་བརླག་ལ་འགྲོ་བཞིན་འདུག་ལགས།

    Reply
  6. གྲགས་པ་རྒྱ་མཚོ། says:
    ལོ་ 16 སྔོན།

    རྒྱལ་ཁབ་མང་པོ་ཞིག་དང་འབྲེལ་ལམ་ཡོད་ན་ཡག་པོ་ལོས་ཡིན། འོན་ཀྱང་བོད་དོན་གྱི་སྐོར་ཇི་ཞན་ཇི་སྡུག་ཡིན་པར་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese