མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་གི་ཁུངས་སྣེ་ལ་འཇུ་རོགས། ཨི་ལིའོ་ཊ་ སྤེར་ལིང་།

བོད་ཀྱི་དུས་བབ།
༢༠༠༩/༡༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

བོད་རང་གི་ཁུངས་སྣེ་ལ་འཇུ་རོགས།

ཨི་ལིའོ་ཊ་ སྤེར་ལིང་། ལུང་རིགས་ཀྱིས་བསྒྱུར།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། མཁས་དབང་སུ་ནེ་ཇཱ། མཁས་དབང་ངག་དབང་བསམ་གཏན། མཁས་དབང་པེན་ཊལ། བཀུར་འོས་ལས་རོགས་རྣམ་པ་དང་སྐུ་མགྲོན་རྣམ་པ།

འདས་པའི་ཉིན་གསུམ་གྱི་རིང་ལ་ང་ཚོས་བརྗོད་གཞི་མང་པོ་ཞིག་གི་སྐོར་གླེང་བ་རེད། བོད་ཀྱིས་རང་གི་ས་འབྲེལ་དང་ས་འབྲེལ་མིན་པའི་ཁྱིམ་མཚེས་རྣམས་ལ་འབྲེལ་འདྲིས་ཅི་བྱས་ཀྱི་ཐད་བགྲོ་གླེང་བྱས་པ་ནི་དོན་སྙིང་ཆེན་པོ་རེད་ལ། དམིགས་བསལ་དུས་ཡུན་རིང་པོར་ཁེར་བཅད་དུ་བསྡད་པར་འདོད་པའི་རྒྱལ་ཁབ་ཅིག་དང་དེའི་རིག་གཞུང་འདི་རྒྱལ་ཁབ་ཅིག་གི་རིག་གཞུང་ལས་མི་རིགས་ཤིག་གི་རིག་གཞུང་ལ་ངོས་འཛིན་བྱེད་ཀྱིན་པ་༼བརྗོད་ཚིག་འདི་ལ་ཐ་ན་བཙན་བྱོལ་སྤྱི་ཚོགས་ནང་གི་དབུ་ཁྲིད་རྣམ་པས་ཀྱང་ངོ་རྒོལ་བྱེད་ཀྱིན་མེད།༽འདིའི་སྐོར་ལ། སྐོར་ཁག་འདིས་བགྲོ་གླེང་བྱས་པའི་བརྗོད་དོན་རྣམས་ནི་གཅིག་ལ་གཅིག་ལྟོས་ཀྱི་སྒོ་ནས་གནད་ཆེན་པོ་རེད།

ངས་འདི་ནས་ཕྱོགས་སྡོམ་རྒྱག་རྒྱུ་མིན་ལ། ཚོགས་འདུ་འདིའི་ལོ་རྒྱུས་སྡེ་ཚན་ནས་གོ་བའི་ཞིབ་འཇུག་ཆེད་རྩོམ་རེ་རེའི་ཐོག་ནས་གླེང་རྒྱུ་མིན་པར། འདི་དག་ལ་སྤྱིར་བཏང་གི་མཐོང་ཚུལ་ཁག་ཅིག་དཀྱུས་གཅིག་ཏུ་འབུལ་འདོད་བྱུང་། ཚོགས་འདུ་འདིའི་བརྒྱུད་རིམ་ཁྲོད་ཀྱི་གཏམ་བཤད་དང་ཞིབ་འཇུག་སྙན་ཐོོ་ཁག་ནས་ང་ཚོས་བོད་ཀྱི་རིག་གཞུང་གི་མངའ་ཁོངས་དེ་རྒྱ་གར་དང་བོད་ཀྱི་འབྲེལ་བ་ཙམ་དུ་མ་ཟད། བོད་ཀྱི་ས་མཚམས་ཁག་ན་ཡོད་པའི་ལ་དྭགས་དང་འབྲས་ལྗོངས་གཉིས་ཚུད་པའི་ཧི་མ་ལ་ཡའི་ཕ་རོལ་གྱི་ས་ཁུལ་གཞན་དག་ཏུ་ཤུགས་རྐྱེན་བྱུང་བ་རྣམས་མཐོང་ཐོས་བྱུང་བ་རེད། བོད་ཀྱི་ལོ་རྒྱུས་རང་བཞིན་གྱི་རྒྱ་ནག་གི་འབྲེལ་བ་སྟེ། ཆབ་སྲིད་ཙམ་མིན་པར་སྤྱི་ཚོགས་དང་དཔལ་འབྱོར་གྱི་འབྲེལ་བ་ཡང་འདི་ནས་དོན་དངོས་ཀྱིས་ཕན་ཐོགས་པ་ཞིག་གླེང་ཐུབ་སོང་། ཆེད་རྩོམ་ཁག་ཅིག་ནི་དུས་རབས་བཅུ་དགུ་པ་དང་ཉི་ཤུ་བའི་སྐབས་ཀྱི་སྲིད་དོན་སྟོབས་ཤུགས་ཀྱི་འོག་གི་བོད་ཀྱི་གནས་བབ་གཞིར་བཟུང་ནས་ཞིབ་འཇུག་བྱས་འདུག་ལ། འགའ་ཤས་ནི་ཡོན་རྒྱལ་རབས་ཀྱི་གོང་མ་དང་པོ་སེ་ཆེན་རྒྱལ་བོའམ་ཧུ་བི་ལི་ནས་བཟུང་བོད་སོག་ཆིངས་ཡིག་བཞག་པའི་བར་གྱི་སོག་པོའི་ལོ་རྒྱུས་ནང་བྱུང་བའི་བོད་ཀྱི་གནས་བབ་གཞིར་བཟུང་ནས་བྲིས་འདུག དོན་དངོས་ཐོག ཞིབ་འཇུག་ཆེད་རྩོམ་འདི་དག་གིས་བོད་སོག་གཉིས་བར་གྱི་ཆབ་སྲིད་དང་ཆོས་ལུགས་ཀྱི་འབྲེལ་བ་ཉེ་བོ་དེ་ཇེ་གསལ་དུ་བཏང་ཡོད་ལ། འབྲེལ་བ་འདི་དག་ལ་བརྟེན་ནས་ང་ཚོར་དུས་རབས་ ༡༧ པ་ནས་ ༡༨ པའི་བར་དང་དེའི་ཡར་སྔོན་གྱི་བོད་སོག་གི་འབྲེལ་བ་ཞེས་པའི་བརྗོད་ཚིག་འདི་གྲུབ་པ་ནི་གསལ་བོ་རེད། ཡིན་ཡང་། འདི་ནས་མཚམས་བཞག་ཡོད་པ་མ་རེད། ཆིན་རྒྱལ་རབས་འཛུགས་མཁན་གྱི་མན་ཇུའི་དབང་སྒྱུར་བ་ཚོར་ཡང་འདིའི་ཐོག་འབྲེལ་བ་ཡོད་པ་རེད།

ང་ཚོས་འདིར་ཞིབ་འཇུག་གི་གྲུབ་དོན་གསར་པ་དང་འགྲེལ་སྟངས་གསར་པ་དེ་འདྲ་གོ་རྒྱུ་བྱུང་ལ། འདི་དག་གིས་ཐེངས་འདིའི་ཚོགས་འདུ་འདི་ནི་ནམ་རྒྱུན་བོད་རིག་པའི་ཚོགས་འདུ་དག་ལ་མིག་ལྟོས་ཧ་ཅང་ལེགས་པོ་ཞིག་ཆགས་ཡོད། ལོ་རྒྱུས་ཀྱི་སྡེ་ཚན་ནང་དུ་ང་ཚོས་ལོ་རྒྱུས་ཀྱི་ཆེད་རྩོམ་ཁག་ཕུལ་ཡོད་ལ། ཆེད་རྩོམ་འདི་དག་ནི་ཆབ་སྲིད་དང་། ཆོས་ལུགས་དང་ཆབ་སྲིད་ཀྱི་འབྲེལ་བ། སྲིད་གཞུང་། ལོ་རྒྱུས་ཀྱི་རིག་དངོས་སོགས་དེ་ལས་མང་པོར་འབྲེལ་ཡོད། འདི་དག་ཚང་མའི་རིན་ཐང་ཇི་ལྟར་གཞལ་དགོས་སམ། དེ་ལ་ང་ཚོར་བོད་ཀྱི་ལྗིད་ཚད་དང་ཚད་གཞི་གཞལ་སྟངས་ཀྱི་ཞིབ་འཇུག་རྩོམ་ཡིག་ཁྱད་དུ་འཕགས་པ་ཞིག་ཀྱང་བྱུང་།

འདི་དག་ཚང་མ་ལས། བོད་རང་གི་ཁུངས་སྣེ་དེ་རྒྱ་ཆེ་རུ་གཏོང་རྒྱུ་ནི་གལ་ཆེན་པོ་ཆགས་ཡོད་པ་གསལ་བོར་བསྟན་འདུག བོད་པ་རང་གིས་སྔོན་ཆད་དང་དེང་སང་གི་དེབ་དང་ཡིག་ཆ། ཡང་ན་ངག་ཐོག་ནས་བསྒྲགས་གཏམ་སྤེལ་བ་དེ་དག་ནི་ང་ཚོས་གང་སྒྲུབ་རྒྱུའི་དོན་སྙིང་ཡིན། བོད་ཡིག་གི་ལམ་ནས་ལས་ཀ་བྱེད་རྒྱུའི་ནུས་པ་མེད་ཚེ་བོད་དོན་ཞིབ་འཇུག་ནི་ཡོང་ཐབས་མེད་པ་ཞིག་རེད། རྒྱ་གར་ལ་མཚོན་ན་འདི་ནི་བོད་དོན་ཞིབ་འཇུག་པ་སྐུ་ཞབས་ སཱ་རཱ་ཊ། ཅནྡྲ་ དཱ་ས་ ལགས་ཀྱི་སྔོན་ནས་བྱུང་འདུག་ལ། དེ་ནི་དེང་སྐབས་ཀྱང་དངོས་ཡོད་ཆགས་འདུག ཐེངས་འདིའི་ཚོགས་ཆེན་གྱིས་འདི་གསལ་བོ་བཟོས་སོང་། དེར་བརྟེན་ངས་ཚོགས་འདུའི་གོ་སྒྲིག་པ་ལྡི་ལི་གཙུག་ལག་སློབ་གཉེར་ཁང་དང་ཝར་ཎ་མཐོ་སློབ་གཉིས་ལ་ཚོགས་འདུ་འདི་བརྒྱུད་དེ་གནས་སྟངས་འདི་དག་གསལ་བོ་བཟོས་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ལོ་རྒྱུས་སྡེ་ཚན་གྱི་ཕྱག་རྩོམ་དག་གིས་ད་དུང་བསྟན་པ་གཅིག་ནི། བོད་དོན་ཞིབ་འཇུག་ཡིན་དགོས་ན་ངེས་པར་ཏུ་ནང་ཆོས་ཞིབ་འཇུག་ཡིན་མི་དགོས་པ་དེ་རེད། འདི་ནི་ནང་ཆོས་ཞིབ་འཇུག་བྱེད་མཁན་ནམ་ཡང་ན་ང་ཚོའི་ལས་དོན་ཁྲོད་དུ་དེས་གོ་གནས་གང་འདྲ་ཞིག་བཟུང་ཡོད་པ་དེར་སྐྱོན་བརྗོད་བྱས་པ་མིན་པར། བོད་དོན་ཞིབ་འཇུག་པ་རྣལ་མ་ཞིག་ཡིན་དགོས་ན་ནང་ཆོས་རིག་པ་བ་ཞིག་ཡིན་མི་དགོས་པ་དེ་བསྟན་པ་ཡིན། བོད་དང་བོད་མི་རིགས་ཀྱིས་རྒྱལ་ཁབ་གཞན་དང་མི་རིགས་གཞན་པ་ཇི་བཞིན་རང་གི་སྲོལ་རྒྱུན་དེ་ཚན་རིག་དང་སྒྱུ་རྩལ། ཤེས་ཡོན་བཅས་ཀྱི་ལམ་ནས་ཡར་རྒྱས་བཏང་ཡོད་པ་ནི་ང་ཚོས་མཐོང་གསལ་ལྟར་རེད།

དེ་རིང་འདིར་སློབ་ཕྲུག་དང་ཟུར་ཉན་པ། ལས་བྱེད་གང་ཡིན་ལ་མ་ལྟོས་པར་བོད་རིགས་གཞོན་སྐྱེས་རྣམས་འཛོམས་བསྡད་པ་མཐོང་བས་ང་རང་དགའ་བོ་བྱུང་། འདི་ནས་བཟུང་ངས་བཤད་རྒྱུའི་དོན་དག་རྣམས་ནི་ཐད་ཀར་དུ་ཁྱེད་རྣམས་ལ་དམིགས་ཡོད། ངས་བོད་མིའི་ཤེས་ཡོན་དང་བོད་རང་གི་ཁུངས་སྣེ་ལ་འཇུ་དགོས་པར་བཤད་པ་ཐམས་ཅད་ནི་ཁྱེད་ཅག་གི་ཤུལ་བཞག་རིག་དངོས་ལ་འབྲེལ་ཡོད། བོད་པ་མ་ཡིན་པ་རྣམས་བོད་དོན་ཞིབ་འཇུག་ལ་དོན་གཉེར་ཇི་ཙམ་ཆེ་ནའང་འདི་ནི་ང་ཚོའི་ཕ་ཤུལ་གྱི་རིག་དངོས་མ་རེད། འདི་ནི་ཁྱེད་ཅག་གི་རེད། ཁྱེད་ཚོས་བོད་ཀྱི་སྔོན་བྱོན་མཁས་པ་དག་དང་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ཁྱོད་ཚོར་བཞག་པའི་བོད་ཡིག་གི་དཔེ་དེབ་རྣམས་བྲང་ཁར་ཉར་དགོས་པ་རེད། དེ་དག་ཀློག་དང་ཁོང་ཚོས་ཁྱོད་ཚོར་ཐད་ཀར་སྐད་ཆ་བཤད་དེ། བོད་ཅེས་པ་དེ་གང་འདྲ་ཞིག་ཡིན་པའི་སྐོར་ལ་བོད་དོན་རྒྱབ་སྐྱོར་བའི་ལས་འགུལ་ལས་བྱུང་བའི་དབྱིན་ཡིག་གི་སྟབས་བདེའི་ཡིག་ཆ་དག་ལས་མི་རག་པ་མང་པོ་ཞིག་རག་གི་རེད། ཁྱེད་རང་ཚོའི་ཤུལ་བཞག་རིག་གནས་ཕྱུག་པོ་དེར་བདག་གཅེས་བྱེད་པའམ་ཡང་ན་རུལ་ཏུ་འཇུག་མིན་ནི་ད་ལྟའི་མི་རབས་ཁྱོད་ཚོར་ཐུག་ཡོད་པ་རེད། བོད་ནི་ངེས་པ་དོན་གྱི་རྒྱལ་ཁབ་ཅིག་རེད། བོད་མི་རིགས་ནི་ངེས་པ་དོན་གྱི་མི་རིགས་ཤིག་རེད། ཁོང་ཚོ་ནི་རྒྱལ་ཁབ་གཞན་པ་དང་མི་རིགས་གཞན་པའི་གྲས་ནས་ལངས་ཏེ་རྒྱལ་ཁབ་གཞན་དག་དང་མི་རིགས་གཞན་དག་མཉམ་དུ་འབྲེལ་བ་བཙུགས་ཡོད་པ་རེད། བོད་ནི་དག་ཞིང་སྒོམ་རྒྱུའི་དུས་ཚོད་ཡོད་མཁན་དང་ཡང་ན་དེ་ལྟར་ཡོད་པར་འདོད་པ་དག་གི་ཆེད་དུ་བཞག་པའི་དག་ཞིང་ཞིག་(world soul)མ་རེད།

དེང་རབས་ཀྱི་བོད་ཀྱི་གནད་དོན་ནི་ང་ཚོས་འདིར་གླེང་བཞིན་པའི་གནད་དོན་འདི་དག་གི་ཐོག་འཁོར་བཞིན་ཡོད། དེ་ནི་དངོས་ཡོད་གསོན་པོ་ཞིག་རེད། ངས་ལན་གཅིག་ཙམ་མིན་པར་མ་བརྗོད་ཐབས་མེད་ཀྱི་དོན་དག་གཅིག་ཡོད་པ་ནི། བོད་དོན་གྱི་གཡུལ་སའི་ཁོངས་ཀྱི་གཅིག་ནི་ལོ་རྒྱུས་རེད།  ཉེ་བའི་ཆ་ལ་མཚོན་ནའང་ ༢༠༠༨ ལོ་ནས་བཟུང་། རྒྱ་ནག་ཏུ་བོད་ཀྱི་གནས་བབ་ཐད་བསྐྱར་བཅོས་ཀྱི་འགྲེལ་བཤད་ཅིག་བཀྲམས་བཞིན་པ་མཐོང་ཞིང་། དེ་ནི་ བོད་འདི་སོག་པོའི་དུས་སྐབས་ནས་བཟུང་རྒྱ་ནག་གི་ཆ་ཤས་ཆགས་པ་མ་རེད། བོད་ནི་འགྲོ་བ་མིའི་འགུལ་སྐྱོད་མགོ་བཙུགས་པ་ནས་བཟུང་རྒྱ་ནག་གི་ཆ་ཤས་ཤིག་རེད། ལྷ་བཙན་པོའི་རྒྱལ་བརྒྱུད་ཡང་ད་ནི་རྒྱ་ནག་གི་རྒྱལ་བརྒྱུད་རེད། ལིའོ་དང་ཇིན་རྒྱལ་ཁབ་རྣམས་སུང་རྒྱལ་ཁབ་དང་མཉམ་གནས་སུ་བསྡད་པ་ལྟར། ལྷ་བཙན་པོའི་རྒྱལ་བརྒྱུད་འདི་ཡང་ཐང་རྒྱལ་རབས་དང་མཉམ་གནས་སུ་ཡོད་ཅེས་ཟེར།
ངས་དོན་དངོས་དང་སྦྱོར་གང་ཐུབ་བྱེད་ཀྱིན་ཡོད། འདི་དག་ནི་འགྲེལ་སྟངས་ཙམ་ཞིག་མ་རེད། འདི་དག་ནི་དོན་དངོས་རེད། ཡིན་ཡང་འདི་དག་ལ་གཏུགས་ཏེ་གོ་རྟོགས་ཐེབས་རྒྱུ་ནི་རྫོགས་མཐའ་མེད་པའི་ལས་ཀ་རེད། དེར་བརྟེན་འདི་ནས་མི་འགའ་ཤས་ངའི་སར་ཡོང་སྟེ་ཁྱོད་ཀྱིས་འདི་ནས་རང་བཙན་གྱི་སྐོར་ལ་སྐད་ཆ་བཤད་རོགས་ཟེར།
 རེད། (ད་ནི་ངས་ངའི་ཚབ་བྱས་ནས་བཤད་པ་མ་གཏོགས་ཁང་པ་འདིའི་ནང་གི་མི་སུ་གཅིག་གི་ཆེད་དུའང་བཤད་ཀྱིན་མེད།) ངས་བོད་ནི་ལོ་རྒྱུས་ཐོག་རྒྱ་ནག་ ལས ་རང་བཙན་རྒྱལ་ཁབ་ཅིག་ཡིན་པར་བསམས་པ་རེད་དམ། ལོས་ཡོད། འདིའི་ཕྱོགས་ཀྱི་ལོ་རྒྱུས་ལ་ང་རང་ངེས་ཐག་ཆོད་ཡོད། དེར་བརྟེན་ངས་ད་ལྟ་བོད་ཀྱི་གནས་སྟངས་འདི་རྒྱ་ནག་གི་འོག་ཏུ་ཡོད་པ་ནི་ལོ་རྒྱུས་འདི་ལ་ཁྱད་གསོད་བྱས་པར་བསམ་དགོས་པ་རེད་དམ། ལན་ནི་གཅིག་པ་རེད། དེ་ལས་ཀྱང་ངས་རྟོག་དཔྱོད་བྱས་པར་བཙན་བྱོལ་བོད་མིའི་དབུ་ཁྲིད་དག་གིས་ལག་ལེན་དང་དངོས་ཡོད་ལ་བསྟུན་ཏེ་བདམས་པའི་ལམ་ཁ་དེ་ད་ནི་ལག་ལེན་ལ་མི་ཡོང་བ་དང་དངོས་ཡོད་ལ་མི་འཚམ་པ་གསལ་བོར་གྱུར་འདུག དེར་བརྟེན་ང་ལ་རང་བཙན་གྱི་སྐོར་བཤད་རོགས་ལབ་པ་རེད། ག་རེ་བྱས་ནས་ང་ཡིན་དགོས་པ་རེད། འོ་ན་ཁྱོད། ལྷག་པར་དུ་དབུ་ཁྲིད་དག་དང་མཉམ་དུ་སྡོད་མཁན་ཚོར་ལབ་ཀྱིན་ཡོད། ད་ནི་ཁྱོད་ཚོས་བཤད་དགོས་པའི་དུས་རེད། དབང་འཛིན་ཤོག་ཁག་གི་ཕྱི་དང་ནང་གང་དུ་ཡོད་རུང་། མགོ་ཁྲིད་ཚོར་ “ལགས། ལགས་སོ་” དང་བླ་མ་ཚོར་”སྐྱབས་སུ་མཆི་” ཟེར་བ་སོགས་སེམས་ལ་གང་ཤར་བ་དང་ཁ་ནས་གང་ཐོན་པ་གཉིས་ཁ་ཁ་མིན་པར་ཁ་གྲག་དགོས་པ་རེད། ཡང་ན་དེ་ལས་སྡུག་པ་ཞིག་ལ།  “ཤེས་ཡོན་པ་འདི་དག་ཚང་མ་སྐོང་། ཁོ་ཚོར་དངོས་ཤུགས་གང་རུང་བརྒྱུད་ནས་རང་བཙན་ལ་རྒྱབ་སྐྱོར་གྱི་སྐད་ཆ་རྣམས་བཤད་དུ་བཅུག་རྗེས། བློ་དོགས་ཆེན་པོ་ཞིག་གི་ངང་ནས། ལྟོས་དང་ང་ཚོ་ནི་ཇི་འདྲའི་ཞི་འཇམ་དང་ལག་ལེན་ལ་འཁེལ་བ། དངོས་ཡོད་ལ་བསྟུན་མཁས་ཤིག་རེད་ཨང་ཅེས་ཤེས་ཡོན་པ་དག་གིས་གནད་དོན་གང་གི་སྟེང་བཤད་པ་དག་འབྲེལ་མེད་དུ་བཟོ་གི་རེད།” ངས་ནི་རང་གི་རྩོམ་ཡིག་དག་ཁག་ཅིག་གིས་བེད་སྤྱོད་བྱེད་འདོད་པ་བཞིན་གཞན་ལ་ཚོང་གཏམ་བྱེད་ཀྱི་ལག་ཆར་བཀོལ་རྒྱུར་དགག་བྱ་བྱེད་གི་ཡོད། འདི་ནས་དེ་ཡིན་ལ་གཞན་ནས་ཀྱང་དེ་ག་རང་ཡིན།

འདི་ན་མ་འཛིང་བའི་སེམས་ཤུགས་ཀྱི་དྲ་བ་ཞིག་ཡོད་ལ། དེ་ནི་ངས་གོང་དུ་བཤད་པ་ལྟར། ཁྱེད་ཚོས་རང་གི་ཕ་མེས་ཀྱི་ཤུལ་བཞག་རིག་དངོས་ཕྱུག་པོ་དེ་དག་ཉར་ཞིང་། གྲངས་མེད་པའི་དཔེ་ཆ་དེ་དག་གི་ཁ་ཕྱེ་བ་ཡིན་ན་དུས་རབས་རེ་རེའི་ནང་གི་དོན་དངོས་དག་ཁྱོད་ཚོར་ཁ་ཐུག་ཏུ་བཤད་གི་རེད། ཁྱོད་ཀྱི་རིག་གཞུང་གི་ཤུལ་བཞག་དང་རྒྱལ་ཁབ་ཀྱི་ཤུལ་བཞག་དེ་ཉར་རྒྱུ་ཡིན་ནམ་བརླག་འཇུག་རྒྱུ་གང་ཡིན་ནི་ཁྱོད་ཚོར་ཐུག་ཡོད་པ་རེད། གལ་སྲིད་ཕྱི་མ་དེ་ཡིན་ཚེ། ཕྱིས་སུ་མ་མཐར་ཡང་གཞན་གྱིས་བོད་ལ་རྒྱབ་སྐྱོར་བྱས་མ་སོང་ཞེས་སྡུག་ཡུས་མི་འདོན་པར་ཞུ།
འདི་ནས་ངས་ཐུགས་རྗེ་ལེགས་གསོལ་གྱི་ཚིག་འགའ་བཤད་འདོད་བྱུང་། ངས་མི་སྒེར་རེ་རེ་ལ་ཐུགས་རྗེ་ཆེ་ཞུ་དགོས་སའི་ལས་བྱེད་མང་པོ་ཞིག་ཡོད། ཁོང་རྣམ་པའི་ལས་ཀ་ནི་ཡིད་དུ་འོང་པ་ཞིག་རེད་ལ། ང་ཚོར་ལྟ་སྐྱོང་དཔེ་མེད་པ་ཞིག་གནང་བྱུང་། འདིར་ཁྱད་པར་དུ་ཐུགས་རྗེ་འབུལ་དགོས་ས་ཡོད་རུང་ངས་འདི་ནས་རེ་རེ་བཞིན་མིང་འདོན་རྒྱུ་མིན། ཡིན་ཡང་། ངས་ལྡི་ལི་གཙུག་ལག་སློབ་གཉེར་ཁང་དང་ཝར་ཎ་མཐོ་སློབ་གཉིས་ཀྱི་མཁས་དབང་སྐུ་ཞབས་ དི་པཱག་ པེན་ཊལ་མཆོག་དང་ངག་དབང་བསམ་གཏན་རྣམ་གཉིས་ཀྱི་མིང་འབོད་དགོས་བྱུང་སོང་ལ། ཁོང་གཉིས་ཀྱི་མཐུན་འགྱུར་རོགས་རམ་ལ་བརྟེན་ནས་ཚོགས་ཆེན་འདི་འཚོགས་ཐུབ་སོང་། ང་ཚོ་ཚང་མས་འདུ་འཛོམས་འདིའི་ཕྱོགས་ནས་ཁྱེད་རྣམ་པ་གཉིས་ལ་བཀའ་དྲིན་ཞུ་དགོས་ཡོད། དེ་ནས་ངས་ཚོགས་འདུ་འདིའི་ཐད་ཚང་མར་གློག་འཕྲིན་གྱི་འབྲེལ་བ་འཛིན་མཁན་སྒྲོལ་མ་ལགས་ལ་ཐུགས་རྗེ་ཆེ་ཞུ། མཐའ་མ་དེར་ང་ཚོ་མང་པོ་ཞིག་གི་གྲོགས་པོ་རྙིང་པ་མཁས་དབང་བྱམས་པ་བསམ་གཏན་ལགས་རེད། ཁོང་གིས་སཱ་ར་ན་ཋ་ནས་ཞིབ་འཇུག་དང་ཕྱག་འགན་གྱི་ཞོར་དུ་ཚོགས་ཆེན་འདིའི་དོན་དུ་ཕྱག་ལས་རྒྱ་ཆེན་པོ་གནང་ཡོད། ཁོང་གིས་ལྡི་ལི་ནས་དགའ་བསུ་ཞུས་པར་སྙིང་ཐག་པ་ནས་དགའ་བོ་བྱུང་ལ། ཁོང་གིས་ཀྱང་རང་གི་ཕྱག་ལས་དེ་དོན་ཕན་སོང་ཡོད་པ་ཚོར་རྒྱུའི་རེ་བ་ཡོད། ངས་ནི་དེ་ལྟར་དུ་ཚོར་ཡོད།
༼གཏམ་བཤད་འདི་༧གོང་ས་མཆོག་དབུ་བཞུགས་སྐབས་ཀྱི་མཇུག་སྡོམ་གསུང་བཤད་དུ་སྤེལ་བ་ཞིག་རེད།༽

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༡༨ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༢༠ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 9

  1. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཨེ་ཕག་སྣ་ཁྱེད་དེ་རིང་ཡང་མ་སླེབས་པ་ཁྱེད་ག་ན་སོང་། དེ་རིང་ཉིན་གཅིག་ནང་དུ་ངས་ཉུང་ཚད་བྱས་ན་ཐོན་བཅུ་བལྟས་པ་ཡིན། ཁྱེད་ཡོང་རྒྱུ་མེད་ལུགས་འདིར་བལྟས་ན་ཁྱེད་ཀྱི་སྣ་བོ་རིང་པོ་དེར་འཇིག་རྟེན་འཁོར་བའི་དྲི་ངན་ཞིག་ཁ་བ་འདྲ།

    ཤ་ཁྲག་རུས་ལགས་བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ང་ཚོར་བཞག་པའི་དཔེ་དེབ་བྲང་ལ་ཉར་ནས་སྡོད་སྡོད་པ་ཡིན་ལྟོ་གོས་གནམ་ནས་བབས་ཡོང་གིན་རེད་དམ།
    མ་ཟད་བརྗོད་གཞི་གཙོ་བོ་རིག་གཞུང་ཡིན་པའི་བོད་ཡིག་གི་དེབ་ཞིག་ངོ་སྤྲོད་གནང་རོགས་ཞུ།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    རྒྱལ་ཞེན་ཅན་གྱི་བོད་རིགས་སྤུན་ཟླ་

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ཁྱེད་ཚོས་བོད་ཀྱི་སྔོན་བྱོན་མཁས་པ་དག་དང་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ཁྱོད་ཚོར་བཞག་པའི་བོད་ཡིག་གི་དཔེ་དེབ་རྣམས་བྲང་ཁར་ཉར་དགོས་པ་རེད། དེ་དག་ཀློག་དང་ཁོང་ཚོས་ཁྱོད་ཚོར་ཐད་ཀར་སྐད་ཆ་བཤད་དེ། བོད་ཅེས་པ་དེ་གང་འདྲ་ཞིག་ཡིན་པའི་སྐོར་ལ་བོད་དོན་རྒྱབ་སྐྱོར་བའི་ལས་འགུལ་ལས་བྱུང་བའི་དབྱིན་ཡིག་གི་སྟབས་བདེའི་ཡིག་ཆ་དག་ལས་མི་རག་པ་མང་པོ་ཞིག་རག་གི་རེད། ཁྱེད་རང་ཚོའི་ཤུལ་བཞག་རིག་གནས་ཕྱུག་པོ་དེར་བདག་གཅེས་བྱེད་པའམ་ཡང་ན་རུལ་ཏུ་འཇུག་མིན་ནི་ད་ལྟའི་མི་རབས་ཁྱོད་ཚོར་ཐུག་ཡོད་པ་རེད། བོད་ནི་ངེས་པ་དོན་གྱི་རྒྱལ་ཁབ་ཅིག་རེད། བོད་མི་རིགས་ནི་ངེས་པ་དོན་གྱི་མི་རིགས་ཤིག་རེད། ཁོང་ཚོ་ནི་རྒྱལ་ཁབ་གཞན་པ་དང་མི་རིགས་གཞན་པའི་གྲས་ནས་ལངས་ཏེ་རྒྱལ་ཁབ་གཞན་དག་དང་མི་རིགས་གཞན་དག་མཉམ་དུ་འབྲེལ་བ་བཙུགས་ཡོད་པ་རེད། བོད་ནི་དག་ཞིང་སྒོམ་རྒྱུའི་དུས་ཚོད་ཡོད་མཁན་དང་ཡང་ན་དེ་ལྟར་ཡོད་པར་འདོད་པ་དག་གི་ཆེད་དུ་བཞག་པའི་དག་ཞིང་ཞིག་(world soul)མ་རེད།

    དབྱིན་ཡིག་ཁོ་ན་ལས་གང་ཞིག་རྙེད་འདོད་བྱེད་མཁན་གྱི་དེང་རབས་བོད་ཀྱི་རྒྱལ་ཞེན་ཅག་དག་གིས་ཁོས་གསུངས་པའི་གོང་གི་སྐད་ཆ་འདི་དག་ལ་དངོས་ནས་བསམ་བློ་ཞིབ་མོ་ཞིག་གཏོང་རོགས་གནོང་། དེ་མིན་མིང་དང་སྙན་གྲགས་མེད་མཁན་ང་ལྟ་བུ་ཞིག་གིས་སྐད་ཆ་འདིའི་རིགས་ག་ཚོད་ཞུས་ཀྱང་སྤུན་ཟླ་རེ་ཟུང་གི་རྣ་བར་འཛུལ་སྲིད་ཀྱང་། མང་ཤོས་ཀྱིས་ཁྲེལ་དགོད་བྱེད་པ་ལས་མེད་དུས། གོང་གི་འདི་ནི་སྙན་གྲགས་ཅན་གྱི་མི་སྣ་ཞིག་གི་གསུངས་པ་ཡིན་དུས། དེ་མཚུངས་ཀྱི་དོན་སྣང་ཞིག་ཀྱང་བྱེད་སྲིད་པ་ཡིན།

    Reply
  4. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ང་ལ་ཡང་དེ་འདྲ་མང་པོ་བྱུང་མྱོང་སོང་དེ་ཡིན་ན་ངོ་མ་དཀའ་ལས་ཁ་པོ་ཞིག་རེད། བྲིས་བྲིས་ཚར་དུས་ཡར་འཇུག་མི་ཐུབ་དུས་ཁོང་ཁྲོ་མེ་འབར་ནས་ཀམ་པུང་དྲར་འདི་ཡང་མར་ཅག་བྱ་དགོས་ས་རེད་དྲན་གྱིན་འདུག་
    ལྷོ་ཕྲུག་ལགས་ཁྱེད་དཀའ་ལས་རྒྱག་ཡོད་པ་ཐུགས་རྗེ་ཆེ་ཡིན་ཡང་འབྲས་བུ་ཐོན་མ་ཐུབ་པ་ཕམ་པོ་རེད། སང་ཉིན་ངས་སྒུག་སྡོད་ཀྱི་ཡིན།

    Reply
  5. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    གྲོགས་ཅོ་རི་ཁྱོད་ཀྱིས་དྲིས་པ་ལྟར་རིག་གཞུང་གི་གོ་བའི་ཐད་བསམ་ཚུལ་རིང་ཐག་ཆོད་ཅིག་བྲིས་ཏེ་བློ་ཁ་ཚིམས་མདོག་གིས་ཡར་འཇུག་ཅིག་བྱས་པས་དྲ་ཐོག་ཏུ་ཤར་རྒྱུ་ཞིག་མ་བྱུང་བའི་ཐོག་མཆན་འདེབས་ཀྱི་དྲ་སྒོ་དེ་ཡང་ཡང་བསྐྱར་ཕྱེ་དགོས་པ་ཞིག་ཆགས་འདུག

    གྲུབ་འབྲས་མེད་པའི་དཀའ་ངལ་ལ་ང་དངོས་གནས་སུན་གི་ཡོད།

    རྩོམ་སྒྲིག་པ་དང་འབྲེལ་ཡོད་རྣམ་པ་ལགས།

    དུས་བབ་ཚང་གི་དྲ་བའི་ཆུ་ཚད་འདི་འདི་འདྲའི་སྟབས་བདེ་མེད་པ་ཞིག་ཏུ་ལོ་ཟླ་བསྐྱལ་མི་དགོས་པ་ཞིག་ལ་ཁྱེད་ཚོས་འབད་པ་ཞིག་བྱེད་རོགས།

    Reply
  6. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཟས་ཀྱི་སྐོར་ནི། རྩམ་པ་དང་མོག་མོག་ ཐུག་པ་དང་བག་ལེ དེ་མིན་བོད་མི་རིགས་ཀྱི་ལག་ཤེས་ལ་བརྟེན་ནས་བྱུང་བའི་རིག་གཞུང་རྣམས་ནི་དེང་སང་འཛམ་གླིང་ཐོག་སྒོར་མོ་བཟོ་ཐུབ་པའི་རིག་གཞུང་ཞིག་མ་རེད། ནང་པ་སངས་རྒྱས་པའི་ཚེ་འདི་སེམས་པ་སྐྱིད་པོ་ཡོང་རྐྱེན་དངསྐྱེ་བ་ཕྱི་མ་བདེ་བ་ཐོབ་པའི་རིག་གཞུང་འདིས་ང་ཚོར་སྒོར་མི་སྤྲོད་ཁུ། དུས་རབས་ཉེར་གཅིག་ནང་བོད་མི་རིགས་ཀྱིས་སྒོར་མོ་བཟོ་ཐུབ་པའི་བོད་ཀྱི་རིག་གཞུང་ཞིག་ཡོད་དམ།
    དེ་མིན་སྐད་ཡིག་ཞིག་ཡོད་པ་དེ་ནི་མི་ལོ་ལྔ་བཅུའི་རིང་ཉལ་སར་ལྷུང་བའི་ནད་པ་རེད། ངས་བསམ་ཚུལ་བཤད་ན་ང་རང་ཚོའི་རིག་གཞུང་གསར་བརྗེ་དང་སྒོར་མོ་བཟོ་ཐུབ་པའི་ལག་ཤེས་གསར་པ་སློང་སྦྱོང་བྱེད་དགོས་པའི་དུས་རེད་དྲན་གྱིན་འདུག
    ནང་ཆོས་མིན་པའི་རིག་གཞུང་ཞིག་ང་རང་ཚོར་དགོས་མཁོ་ཡོད་པ་ག་རེ་ཡོད་དམ།

    Reply
  7. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ལྷོ་ཕྲུག་སྣ་བོ་རིན་པོ་ཆེ་མཆོག་གི་སྣ་བོའི་དྲུང་དུ་ཞུ་རྒྱུ།
    བོད་ཀྱི་རིག་གཞུང་ཞེས་ཁ་ཡོད་ཚད་ཐམས་ཅད་ཀྱིས་བཤད་བཞིན་པའི་རིག་གཞུང་ཞེས་པའི་ཚིག་འདི་གཉིས་ལ་འགྲེལ་བཤད་ཞིག་དང་བསམ་ཚུལ་དྲི་ཀྱིན་ཡིན། བོད་མི་རིགས་ཀྱི་རིག་པའི་གཞུང་ལུགས་ལ་བརྟེན་ནས་བྱུང་བའི་རིག་གནས་དེ་བོད་ཀྱི་རིག་གཞུང་ཞེས་འདོད་ཀྱིན་ཡོད།
    དཔེ་ན་རྩམ་པ་བཟོ་བྱེད་ཆུ་འཐག་དང་མེ་བཏང་བྱེད་ཀྱི་མེ་ལྕགས་དང་གོས་ལྷམ་ལ་བཤད་ན་སྣམ་བུ་དང་པག་རྩག་བོད་ལྷམ་རྐང་པ་གཡས་གཡོན་གཉིས་ཀ་གང་ལ་གྱོན་ན་འགྲིག་པའི་ལྷམ་ནི་ང་རང་ཚོ་བོད་ལ་མ་གཏོགས་མེད་པ་འདྲ་ཧཧཧཧཧ།

    Reply
  8. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    རྒྱ་གཞུང་གིས་བལ་ཡུལ་དུ་བོད་དོན་ལས་འགུལ་བཀག་འགོག་ཆེད་གོ་མཚོན་ཁོ་ནའི་ཆེད་དུ་ཧིན་སྒོར་ས་ཡ་བརྒྱ་ཡི་རོགས་དངུལ་བྱས་པ་དང་། འབྱུང་འགྱུར་ལོ་རེའི་ནང་ཧིན་སྒོར་ས་ཡ་༡༦༠༠ རོགས་རམ་བྱ་རྒྱུའི་གྲོས་འཆམ་བྱུང་ཡོད་པ་མ་ཟད། བལ་བོད་གཉིས་ཀྱི་ས་མཚམས་སུ་དམག་དཔུང་འཕར་སྣོན་སོགས་ཀྱིས་དམ་དྲག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པ་རེད་ཅེས་བོད་ཀྱི་བང་ཆེན་ལས་བཤུས་པ་ཡིན། ད་ནི་ང་ཚོས་ཀྱང་གྲ་སྒྲིག་ཅིག་བྱ་དགོས་པའི་དུས་ལ་བབས་ཡོད་པ་འདྲ། གལ་ཏེ་ང་ལ་དམག་འཐབ་བྱ་རྒྱུའི་དྲག་རྩལ་གྱི་སྦྱོང་བརྡར་ཞིག་ཡོད་པ་ཡིན་ན་བལ་ཡུལ་གྱི་རྒྱལ་ས་ཀ་ཐན་མན་ཀྲུ་རྩ་མེད་དུ་གཏོང་འདོད་པ་ཡིན། ཡིན་ན་ཡང་གོ་སྐབས་ཤིག་བྱུང་ན་ཟིང་འཁྲུག་ཐེངས་ཤིག་གིས་འཇིགས་སྐུལ་དྲག་སྤྱོད་ཚོགས་པར་རེ་སྐུལ་ཞིག་མ་ཞུ་ཀ་མེད་ཡིན། ནེ་པ་ལི་ཐལ་བའི་རྡུལ་བཞིན་བརླགས་བར་སྨོན།

    Reply
  9. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    བོད་ཕྲུག་གཞོན་སྐྱེས་ཚོས་སོ་སོའི་རིག་དངོས་དང་རྩ་ཆེའི་ཤུལ་བཞག་གི་ཁྱད་ནོར་ངོས་འཛིན་ཐུབ་དགོས་པའི་རེ་འདུན་འདི་དེང་སང་ཕྱི་རྒྱལ་ཚོས་ཚུར་འདོན་གྱིན་ཡོད་པ་རེད།
    སྐབས་རེ་ཁོང་ཚོར་ངོ་གནོང་དགོས་པའི་སྐབས་ཤིན་ཏུ་མང་།

    ཉེ་ཆར་གསར་འགོད་པ་དོན་གྲུབ་བཀྲ་ཤིས་ལགས་ནས་ལྡི་ལིར་འཚོགས་པའི་ཚོགས་འདུ་འདིའི་སྟེང་༸གོང་ས་མཆོག་གིས་བསྩལ་བའི་བཀའ་སློབ་ཞིག་ལུང་འདྲེན་བྱས་པའི་ནང་ཏུར་ཀི་སི་ཐན་ནས་མི་སྣ་འགས་བོད་པའི་གནའ་དུས་ཀྱི་རིག་དངོས་རྙིང་པ་ཁག་ཅིག་རྙེད་རབས་གསུངས་སྐོར་བཀོད་པ་རེད། ངས་དེའི་གཤམ་དུ་མཆན་ཞིག་བཀོད་དེ་དྲྭ་གྲོགས་སུ་ལ་གནས་ཚུལ་དེའི་ཐད་རྒྱུས་མངའ་བྱུང་ཚེ་གསལ་བཤད་དགོས་པའི་རེ་འདུན་ཞུས་ཡོད།

    འོན་ཀྱང་གསལ་བཤད་གནང་མཁན་ཞིག་མ་བྱུང་། ཡིན་ནའང་༸གོང་ས་མཆོག་ནས་སྤྱི་ཚེས་༢༤ཉིན་གྱི་ར་ཤི་ཡའི་གསུང་ཆོས་དབུ་འཛུགས་ཀྱི་ཐོག་མའི་ནང་ཆོས་ཀྱི་སྤྱི་བཤད་གནང་སྐབས་འབྲེལ་ཡོད་ར་ཤི་ཡ་དང་སོག་པོ་སོགས་སུ་ལོ་རྒྱུས་ཀྱི་སྟེང་ནས་འབྲེལ་བ་ཡོད་པའི་སྐོར་ཞིག་གསུངས་པ་དང་། སྐབས་དེར་ཉེ་དུས་ཁོང་ལ་དཔྱད་ཞིབ་མཁས་པ་འགའ་ཐུག་སྟེ་བོད་ཀྱི་ནུབ་ཕྱོགས་སུ་ཆགས་པའི་་་་་Kyrgyzstan་་་་་ནས་གནའ་བོའི་བོད་ཡིག་ཐོག་གི་མ་ནི་ཡིག་དྲུག་གསལ་བའི་གནའ་རྫས་དེ་འདྲ་རྙེད་སྐོར་གསན་འདེབས་བྱུང་བ་གསུངས་ཏེ་ལོ་རྒྱུས་ཀྱི་ཐོག་ནས་ཡུལ་ལུང་དེ་དག་དང་བོད་དབར་འབྲེལ་བ་བྱུང་སྐོར་ཞིག་གསུངས་སོང་།

    ངའི་བསམ་པར་དོན་གྲུབ་བཀྲ་ཤིས་ལགས་ནས་གསར་འགོད་གནང་བའི་ཏུར་ཀི་སི་ཐན་ཟེར་བ་དེ་ད་ལན་༸གོང་ས་མཆོག་གིས་གསུངས་པའི་ཁིར་གི་སི་ཐན་འདི་མིན་ནམ་བསམས།

    ཁིར་གི་སི་ཐན་ནི་གནའ་དུས་ར་ཤི་ཡའི་དམར་ཤོག་ཚོགས་པའི་འོག་ལོ་ངོ་མང་དག་ཅིག་བསྡད་ཅིང་༡༩༩༡ལོར་ར་ཤི་ཡའི་དམར་ཤོག་གཞུང་མགོ་གཏིང་ལོག་རྗེས་རང་བཙན་ཐོབ་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཤིན་ཅང་དང་ས་འབྲེལ་དུ་གནས་ཡོད།
    རྒྱལ་ཁབ་ཀྱི་མི་འབོར་གྱི་བརྒྱ་ཆ་༧༥ཙམ་ཁ་ཆེའི་རྗེས་འཇུག་པ་ཡིན་སྐོར་གསལ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese