མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྲ་རིང་ཚོ་བློ་མ་ཐུང༌། གངས་ལྷ་མོ།

བོད་ཀྱི་དུས་བབ།
༢༠༠༩/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཉེ་དུས་དུས་བབ་དྲ་ལམ་དུ་རྩོམ་པ་མོ་ཆུ་སྐྱེས་སྒྲོལ་མས་ཆུ་དཀྲོགས་ནས་མར་མི་ལོན་ཞེས་པའི་རྩོམ་ནང་གཙོ་བོ་ཡུལ་གྱར་བུད་མེད་ཚོར་རང་དབང་གང་ཡོད་པ་དེར་དམ་འཛིན་བྱ་དགོས་སྐོར་བརྗོད་ཅིང༌། དེར་ཕོ་ཚོས་ཀྱང་བསམ་ཚུལ་གང་ལེགས་གླེང་འདུག་པ་དངོས་གནས་བཟང་ངོ་སྙམ། དེ་མཚུངས་སུ་གུས་མོས་ཀྱང་དེའི་སྐོར་སྒེར་གྱི་རྨོངས་འཆར་འགའ་གླེང་བར་སྤྲོ།
 
གླེང་གཞི།
ཐོག་མར་རྒྱལ་ཁབ་དང་མི་རིགས། སྤྱི་ཚོགས་གང་རུང་ཞིག་ནང་རང་དབང་ཆ་ཚང་ཡོད་སྐོར་བཤད་འོང་དུས་མིའི་རིགས་འཚོ་བསྡོད་བྱེད་ས་གོ་ལ་ཧྲིལ་པོ་འདིའི་ཐོག་རང་དབང་དང་དམངས་གཙོ་རྩེ་ཕུད་དུ་ཡོད་རབས་བཤད་བཞིན་པ་ནི་ཨ་རི་རྒྱལ་ཁབ་ཡིན་ཚོད།འོན་ཀྱང་དེའང་དགོད་བྲོ་བའི་གནས་སུ་གྱར་ཉེན་འདུགགང་ཡིན་ཟེར་ན།  ༢༠༠༨ ལོར་ཨ་རིའི་སྲིད་འཛིན་གྱི་གོ་གནས་ལ་འགྲན་ཡ་ལངས་མྱོང་བའི་མཁྱེན་ལྡན་མ་ཧེ་ལ་རིས་མོ་རང་དང་ད་ཡོད་མི་ནག་སྲིད་འཛིན་གཉིས་གང་ཅིའི་ཐད་ནས་འགྲན་བསྡུར་གྱི་ཤེས་ཚད་དོ་མཉམ་ཞིང༌། དེ་བས་མོ་ལ་ཕ་རོལ་པོ་ལས་ལས་དོན་སྒྲུབ་པའི་ཉམས་མྱོང་ཆེ་བའི་དངོས་ཡོད་གནས་སྟངས་ཡོད་མུས་སུ།མཐར་མི་རྣམས་ཀྱིས་མོ་རང་བུད་མེད་ཅིག་ཡིན་པར་ཁོ་ནར་དམིགས་ཏེ་སྲིད་འཛིན་གྱི་འགྲན་རྩོད་ནས་ཕམ་ཁར་ལྷུང་ཚུལ་སྐོར་མངོན་ཐབས་བྱས་ཡོད་པ་རེད།རང ་དབང་དང་ཆབ་སྲིད་དམངས་གཙོའི་ཚད་མཐོ་བའི་ཨ་རི་རྒྱལ་ཁབ་ནང་དུའང་བུད་མེད་ལ་ཐོབ་ཐང་དགོས་ངེས་རག་ཁག་པོ་ཡིན་ན། ད་དུང་ཡང་རྙིང་ཞེན་གྱི་དྲི་ངན་གཙང་དག་མ་བྱུང་བའི་རང་དབང་ལ་ཁ་ཕྱོགས་འགོ་བརྩམས་པ་ཙམ་གྱི་གོ་རིམ་ནང་བགྲོད་བཞིན་པའི་ང་ཚོའི་ཡུལ་གྱར་སྤྱི་ཚོགས་སུ་བུད་མེད་ཚོར་རང་དབང་ཆ་ཚང་ཡོད་རབས་ཟེར་བ་ལས་ཕོ་མོ་འདྲ་མཉམ་མེད་པའི་ཕྱོགས་གཞན་དང་བསྡུར་ན་བུ ད་མེད་ལ་རང་དབང་གི་འདྲ་མཉམ་གང་མཚམས་ཡོད་ཟེར་ན་འོས་ཤིང་འཚམས་པར་མཐོང༌།
དེ་བཞིན་ཡུལ་གྱར་བུད་མེད་ཚོས་ཕོ་མོ་འདྲ་མཉམ་དང་བུད་མེད་ཀྱི་ཐོབ་ཐང་རྩོད་པར་ཡང་ངེས་པར་དུ་དགོས་དམིགས་ངེས་ཅན་འཛིན་དགོས་པ་དང༌། བོད་ཕྱི་ནང་གཉིས་ཀྱི་མ་ཡུམ་ཚོར་འགན་གཙོ་བོར་ཡོད་པའི་ཐོག་ནས་བུད་མེད་ཐོག་འདྲ་མཉམ་དང་རང་དབང་གི་དགོས་འདུན་བཏོན་ན་ལུགས་མཐུན་གྱི་བྱ་བཟང་ཞིག་ཡིན་ཕྱིར། གཤམ་དུ་ཚང་མར་དེའི་སྐོར་དྲན་བསློང་ཚུལ་གྱི་དོན་ཚན་འགའ་སྤེལ་ན་སྙམ།

གཅིག
 ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱི་མིག་བལྟ་བ་ནི་མ་འོངས་ཡར་རྒྱས་ཀྱི་གོམས་སྟབས་དང་པོ་ཡིན་ཟེར་བ་བཞིན། རྒྱལ་ཁབ་གཞན་དང་བསྡུར་ན་བོད་ཀྱི་བུད་མེད་ལ་མཐོང་ཆུང་གི་མནར་གཅོད་ཚད་བརྒལ་བའི་དཔེ་མཚོན་དབེན་ནའང། བོད་པའི་རྒྱལ་རབས་ལོ་རྒྱུས་སུ་བུད་མེད་ཚོས་འཇོན་ནུས་ངེས་ཅན་སྤེལ་ཡོད་ཀྱང༌།ཕོ་དང་གཅིག་མཚུངས་ཀྱི་ཆབ་སྲིད་ཀྱི་གོ་དབང་འདྲ་མཉམ་རག་མེད་པ་ནི་རྒྱལ་མོ་ཁྲི་མ་ལོད་ཀྱི་གནས་སྟངས་དང༌། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་མགུར་རྩོམ་སོགས་ནས་གསལ་པོ་རྟོགས་ཐུབ། དེ་བས་གཞན་དང་བསྡུར་ན་བོད་ཀྱི་བུད་མེད་ཚོར་མཐོང་ཆུང་གིས་གཉའ་གནོན་ཚད་བརྒལ་བ་བྱས་མྱོང་མེད་སྨྲ་བ་ལས་ཕོ་མོ་འདྲ་མཉམ་དང༌། བུད་མེད་ལ་རང་དབང་ཆ་ཚང་བའི་འཇུག་སྒོ་ཡོངས་སུ་ཐོབ་ཐང་ཡོད་རབས་བཤད་པ་ནི་བུད་མེད་འཐུས་ཚབ་ཡོངས་སུ་རྫོགས་པ་ནས་བགྲོ་གླེང་རྒྱས་པོ་ཞིག་གིས་བུད་མེད་མང་ཆེར་གྱི་འདོད་དོན་དངོས་ལ་གཞིགས་དགོས་པ་ལས། བུད་མེད་སྒེར་ངོས་ནས་ང་ཚོར་རང་དབང་ཆ་ཚང་ཡོད་རབས་ནམ་ཡང་སྨྲ་མི་སྤོབས་སོ།
གཉིས།
རང་དབང་གི་དམིགས་ཚད་ངེས་ཅན་ལ་སྟབས་བསྟུན་པའི་སྒོ་ནས་ལུགས་མཐུན་གྱི་ཡར་ཐོན་རྒྱལ་ཁབ་གང་ཡིན་རུང་སྐྱེས་པ་ཚོས་དཔུང་པའི་ངར་ཤུགས་ངོམས་ཏེ་བུད་མེད་ཀྱི་ལུས་གཟུགས་ལ་མནར་གཅོད་གཏོང་བ་ནི་མི་ཆོས་ཀྱི་རྨང་གཞི་དང་རྩ་འགལ་ཡིན་པར་བརྩིས་ནས། དཔེར་ན་རྒྱ་གར་སོགས་ནས་ཁྲིམས་སྒོའི་ཐོག་ནས་དེར་བཀའ་སྡོམ་ལེགས་པོ་གནང་ཡོད་པ་ལྟར་ང་ཚོ་བོད་ཀྱི་རྩ་ཁྲིམས་ནང་དུའང་བུད་མེད་ལ་བཅར་རྡུང་བྱེད་མཁན་ཚོར་ཁྲིམས་ཀྱིས་སྟངས་འཛིན་ངེས་པར་དུ་དགོས་པ་ནི། བོད་ཕྱི་ནང་གཉིས་ཀྱི་བུད་མེད་ཚོར་གཙོ་བོར་དམིགས་པའི་དགོས་འདུན་ཐོག་མ་ཡིན།
 གསུམ།
གལ་ཏེ་ཡུལ་གྱར་སྤྱི་ཚོགས་སུ་བུད་མེད་ཚོར་འདྲ་མཉམ་དང་རང་དབང་ཆ་ཚང་ཡོད་ན་།བུད་མེད་ཚོ་ཕོ་དང་གཅིག་མཚུངས་ཀྱིས་གོ་དབང་འགྲན་རྩོད་དང་བྱས་རྗེས་དཔྱད་བསྡུར། ཕོ་ཚོའི་འཇོན་ཡོད་ཟེར་ས་ཞིག་ཏུ་གཅིག་མཚུངས་ཀྱི་སླེབས་མ་ཐུབ་དེ་བུད་མེད་རང་ངོས་ཀྱི་སྐྱོན་ཆ་ཁོ་ན་ག་ལ་ཡིན། དེ་ནི་ཕོ་མོ་གཉིས་ཀྱི་གྲངས་འབོར་གྱི་བསྡུར་ཚད་ཐོག་ནས་ཀྱང་ཤེས་འཇོན་ལྡན་པའི་བུ ད་མེད་ཚོར་འདྲ་མཉམ་གྱི་རྩོད་ལེན་གྱི་ཁོར་ཡུག་དང་གོ་སྐབས་འཐུས་ཚང་མ་འབྱུང་བ་གསལ་པོ་ཡིན། གནད་དོན་འདིའི་ཐོག་ད་དུང་དཔྱད་རྒྱུ་མང་པོ་བསྡད་ཡོད།

བཞི།
ད་ལྟའི་ཆར་བཙན་བྱོལ་ཡུལ་དུ་ཕྱི་གླིང་བའི་ཕོ་མོ་དབར་གྱི་ཐོབ་ཐང་རྩོད་སྟངས་དེ་ཡིན་མིན་གང་ལྟར་ཡང༌། ༸བླ་མ་ཁོང་གིས་ཡུལ་གྱར་སྤྱི་ཚོགས་སུ་བག་ཡངས་དང་རང་དབང་གི་ཁོར་ཡུག་ལ་རྩ་བའི་ཁྲིམས་ཀྱི་སྣེ་ཤེན་ཡོད་པའི་ཐོགསྒེར་ངོས་ནས་ད་ཆ་ཡུལ་གྱར་བུད་མེད་ཚོས་ཕོ་མོ་འདྲ་མཉམ་ཡོང་ཐབས་རྩོད་གླེང་འགོ་བརྩམས་པ་ཙམ་ལས། བུད་མེད་ཀྱི་ཐོབ་ཐང་རྩོད་པའི་གནས་སུ་ད་དུང་ཡང་ལེ་ཝར་གྱང་རིང་གིས་ཆོད་ཡོད་པར་ངོས་འཛིན་གྱི་ཡོད། དེར་བརྟེན། འདྲ་མཉམ་ཡོང་ཐབས་སུ་ཐོག་མར་བུད་མེད་རང་ངོས་ནས་རྩོད་ལེན་གྱི་སྙིང་རུས་དང་སྤུས་ཚད། དེ་བཞིན་རང་གཞན་ཕྱོགས་གཉིས་ནས་འབྱུང་བཞིན་པའི་ཁོར་ཡུག་གི་གནོན་ཤུགས་སེལ་ཐབས་བཅས་སོགས་ནས་འགོ་བརྩམས་ཏེ་བུད་མེད་ཚོར་གཅིག་མཚུངས་ཀྱི་བརྩི་མཐོང་སྤྲད་ནས་བཟུང༌། ལས་དོན་མང་པོར་བུད་མེད་རང་ངོས་ནས་གཅིག་གྱུར་གྱི་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་ལྷག་ཡོད་དོ།
ལྔ།
སྤྱི་ཚོགས་གང་རུང་གི་སྐྱོན་ཆ་ཕྱིར་བཏོན་ནས་ལེགས་བཅོས་ཡོང་ཐབས་ལ་ཁ་ཕྱོགས་དགོས་པ་བཞིན་ཐོག་མ་ཉིད་ནས་བུད་མེད་དང་འབྲེལ་བའི་དཀའ་ངལ་དང་སྐྱོན་ཆ་རིགས་མཐའ་དག་ལ་རྒྱུན་དུ་སེམས་འཁུར་དང་དོ་སྣང་བྱེད་མཁན་གྱི་འཐུས་ཚབ་བམ་བུད་མེད་ཀྱི་གནད་དོན་ཐག་གཅོད་ཡོང་ཐབས་ལ་རམ་འདེགས་དང་རྒྱབ་སྐྱོར་བྱེད་མཁན་ཚོགས་པ་དང་སྒེར་བཅས་དམིགས་བཙུགས་ཆེད་ལས་སྡེ་ཚན་ང ེས་པར་དུ་གང་མགྱོགས་མྱུར་དུ་ཡོང་ཐབས་བྱ་དགོས། དེ་ནི་བོད་ཕྱི་ནང་གཉིས་སུ་བུད་མེད་ཀྱི་གནད་དོན་ཐད་ཉམས་ཞིབ་དང༌། བུད་མེད་རང་གཞན་ཕྱོགས་གཉིས་ནས་དཀའ་ངལ་སེལ་ཐབས་དངོས་ལ་ཕན་པའི་རྟོགས་དཔྱོད་། དཀའ་ངལ་སེལ་ཐབས་ཀྱི་སྔོན་འགྲོའི་ལས་གྲ་སྒྲིག་པ་ཡིན།

དྲུག
བུད་མེད་ཀྱི་བྱ་བར་སེམས་འཁུར་ཡོད་མཁན་གཞུང་དང་ཚོགས་པ།སྒེར་སོགས་མི་མང་ཚོས་ཐོག་མར་ཤེས་དགོས་པ་ཞིག་ནི་བུད་མེད་ཀྱི་གནད་དོན་ཞེས་གླེང་དུས་ཐོག་མར་བུད་མེད་བྱེ་བྲག་པ་འགར་དམིགས་ནས་བཤད་ན་ནོར་འཁྲུལ་རེད། བུད་མེད་ལ་ལོ་ཚོད་ཀྱི་དབྱེ་སྟངས་ལྟར་ན། བུ་མོ།གཞོན་ནུ་མ་། དར་གཞོན་མ། རྨོ་བོ། བཅས་དབྱེ་མཚམས་དང༌། དེ་མིན་ལས་གནས་སམ་འཇུག་སྒོ་ཁག་ཕོ་དང་སྤྱི་ མཚུངས་ལྟར་སྣ་ཚོགས་ཡོད་པ་གང་ལའང་མཉམ་ཞུགས་ཡོད་པའི་བུད་མེད་རྣམས། དེ་མིན་པའི་ཕོ་དང་གཅིག་མཚུངས་ཀྱིས་ལས་སྒོ་གང་ལའང་མི་ཚུད་པས་སྤུན་མཆེད་ཚོས་དངུལ་སྒོར་སྤྱོད་ཅིང༌།རང་ཁ་རང་གསོ་ཙམ་མ་ཐུབ་པའི་རེ་འགའ། དེ་མིན་གཞོན་ནུ་མ་དུས་ནས་ཟླ་མཚན་འབབ་བའི་སྐབས་དང༌། དེ་རྗེས་སྦྲུམ་མ་གྱུར་རྗེས་བུད་མེད་ཀྱི་ཆེད་ལས་གཙང་སྦྲ་དང་འཕྲོད་བསྟན་སོགས། དེ་དག་ཡོངས་རྫོགས་བུད་མེད་དང་དམ་དུ་འབྲེལ་བའི་གནད་དོན་ཤ་སྟག་ཡིན་པར་ཤེས་དགོས་སོ།
 
བདུན།
སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནི་ངེད་བོད་པའི་ཡུལ་གྱར་བའི་རྨང་གཞིའི་སློབ་གསོ་འགོ་བཙུགས་སའི་གནས་གལ་ཆེན་ནང་གི་དོན་ཆེན་ཡིན་པ་བཞིན། ཤེས་ཡོན་རྭ་བར་གནས་པའི་གཞོན་ནུ་མ་ཚོའི་ཤེས་ཡོན་སྦྱང་བརྩོན་དང༌། ལུས་སེམས་གཉིས་ཀྱི་འཕྲོད་བསྟན། དེ་བཞིན་ཁོར་ཡུག་གི་སྡོམ་རྒྱའི་གནོན་ཤུགས་ཡོད་མེད། ད་ལྟའི་ཆར་སློབ་མ་བུ་མོ་མང་ཆེར་ཆེད་ལས་ཀྱི་སློབ་ཆེན་དུ་འཛུལ་ཞུགས་མ་ཐུབ་པའི་གནད་དོན་ཡོངས་ཀྱི་འགག་རྡོ་དེ་དག་བརྒལ་ནས་མ་འོངས་མི་ཚེའི་མདུན་ལམ་ནང་ཤེས་འཇོན་གྱི་ཚད་དང་ལྡན་ཞིང༌། མོའི་ཚེ་གཅིག་ནང་གལ་ཆེ་བའི་བརྩེ་དུང་གི་ལྟ་བ་ཡང་དག་འཛིན་ཐབས་ནས་འགོ་བརྩམས་པའི་གཞོན་ནུ་མ་ཚོར་ཆེད་དམིགས་ཀྱི་ལས་གཞི་མང་དག་ཅིག་ད་དུང་ཡང་སྟོང་ཆ་ལྟར་ལུས་ཡོད་པ་ནི་ཁྱོད་དང་ངའི་མིག་སྔར་མཐོང་བཞིན་པའི་གནས་སྟངས་འདིའོ།
 
བརྒྱད།
ཚང་མས་ཤེས་དགོས་པ་ཞིག་ལ་བོད་གཞིས་ཀྱི་སྤུན་ཟླ་རྣམས་དང་མ་ཡུམ་ཚོར་དྲག་གཞུང་གི་མནར་གཅོད་འོག་རང་ལུས་རང་ལ་དབང་བའི་རང་དབང་དངོས་ཀྱི་ཁོར་ཡུག་ཤིན་ཏུ་དོག་མོ་ཡིན་ལ།ཡུལ་གྱར་དུ་རང་དབང་ཅུང་ཙམ་གྱི་མྱོང་བྱ་ཡོད་པའི་བུད་མེད་གང་ན་སུ་ཡོད་ཀྱིས་གནད་དོན་ཐག་གཅོད་ཡོང་བའི་གནས་སུ་སླེབས་དུས། བུད་མེད་ཉུང་ཤོས་ཁོ་ནར་དམིགས་ནས་འུར་སྒྲོག་བྱེད་རྒྱུར་ཡིད་གཟབ་ནན་ཏན་དགོས། དེ་མིན་བོད་སྲོལ་རྒྱུན་གྱི་རྙིང་ཞེན་དང་གང་ཟག་སྒེར་རེ་རེ་ནས་བཟུང་རུལ་སུངས་ཀྱི་དྲི་ངན་དག་ཁྲིམས་སྒོ་ནས་སྟངས་འཛིན་མ་འབྱུང་བར་དུ།བུད་མེད་སྨྱུག་ཐོག་པ་རེ་གཉིས་ཡོད་པ་ཚོས་ག་དུས་ཡིན་ཡང༌བུད་མེད་རང་ངོས་ཀྱི་དཀའ་ངལ་སེལ་ཐབས་ཕུད།སྤྱི་ཚོགས་གང་སར་མོ་མགོ་རྡུང་རྒྱུར་དགའ་མཁན་ཚོའི་སྐྱོན་ཆ་མངོན་ཐབས་བྱ་བ་དེ་ནི་ང་ཚོའི་སྤྱི་ཚོགས་ཡོངས་ཀྱི་ལོག་ལྟ་འག ོག་ཆེད་ཀྱང་ཡིན་པས།བུད་མེད་རང་ངོས་ནས་དོར་ཐབས་མེད་པའི་འགན་འཁྲི་དང་སྤོབས་པ་ཡིན་དགོས་སོ། 

དགུ།
ད་བར་བོད་ནང་གི་བུད་མེད་ཉུང་ཤོས་ཀྱིས་འཇོན་ཐང་ངེས་ཅན་སྤེལ་ཡོད་ཀྱང༌།ད་དུང་གཉའ་གནོན་འདྲ་བྱུང་ན་རྒྱ་གཞུང་གི་དྲག་པོའི་སྲིད་ཇུས་དང་སྡོམ་རྒྱ་ལ་ཁ་གཡར་ཆོག་ཀྱང༌།བོད་ཡུལ་གྱར་སྤྱི་ཚོགས་སུ་སྒེར་གྱི་རྒྱབ་ལྗོངས་དང་རོགས་འདེགས་ལ་བརྟེན་ནས་བྱུང་བའི་གྲུབ་འབྲས་རེ་ཟུང་ཡོད་མཁན་ཆེ་གེ་མོ་འགས་གཙོས་ང་ཚོའི་སྤྱི་ཚོགས་འདིར་རང་དབང་ཡོད་ཟེར་བའི་ཁོར ་ཡུག་ནང་།སྤྱི་ཚོགས་འདིའི་བུད་མེད་ཚོས་དམིགས་དཔེར་འོས་པའི་ཡོངས་གྲགས་སུ་མངོན་མཚན་ཅན་གྱི་ཨ་མ་བཟང་མོ་རེ་ཟུང་ཙམ་གྱི་གཟུགས་བརྙེན་ལེགས་པོ་ཅིག་ཀྱང་བསྐྲུན་ཐུབ་མེད་པ་མ་ཟད།གཞན་ནུ་མ་མང་ཆེར་ཁྱོད་ཀྱིས་དམིགས་དཔེར་འོས་པའི་ད་ཡོད་བོད་ཀྱི་བུད་མེད་སུ་ཡིན་ནམ་ཞེས་དྲིས་ན།སྒྲོན་མའི་ཕྱོགས་གཅིག་ལ་ཏོག་ཙམ་ཡག་ནའང་།གཞན་ཕྱོགས་ཀྱི་ནོར་འཕྲུལ་དེ་ནི་སེམས་ས ྐྱོ་བྱེད་ཅིག་རེད།ཡང་གཡང་འཛོམས་ཏོག་ཙམ་ཡག་རབས་ཡོད་ཀྱང་མོས་སྔར་བགྱིས་པའི་སྐྱོན་ཆེན་འདི་འདྲ་ཞིག་རྒུན་གསབ་དཀའ་བའི་ནག་ཉེས་ལས་དག་ཐབས་མེད་ཟེར་བ་ལྟ་བུ་ལས།ཁ་ཞེ་གཉིས་མེད་ཀྱིས་དམིགས་དཔེ་དང་རྗེས་སུ་ཡིད་རང་འོས་པའི་རང་དབང་ལུང་པའི་ནང་གི་ཆེ་གེ་མོ་ཞིག་ད་དུང་ཡང་སྐུ་འཁྲུངས་རྒྱུ་ཡིན་ཚོད་འདིའང་རང་གཞན་ཕྱོགས་གཉིས་ནས་བྱུང་བའི་གནད་དོན་ཡིན་པར་ཚང་མ ས་ཤེས་གསལ་རེད།

བཅུ།
བུད་མེད་ཀྱི་ལས་སྒོ་འཐུས་ཚང་འབྱུང་ན་སྤྱི་ཚོགས་ཡོངས་ཀྱི་ལས་སྒོའི་ཕྱེད་ལ་འཐུས་སྒོ་ཚང་བ་ཡིན་སྟབས། ཐོག་མར་ཕོ་མོ་བརྩེ་ཞེན་ཐོག་ཕྱོགས་གཉིས་ནས་ལོག་ལྟ་འཛིན་སྟངས་། བུད་མེད་ཚོའི་ལས་སྒོ་ཁག་གི་སྟོང་ཆའམ་སྐྱོན་ཆ་ལ་དག་ཐེར་དང༌།ཁྱིམ་ཚང་ཨ་མར་བརྩི་མཐོང་སྤྲད་སྟངས་ནས་འགོ་བརྩམས་ནས་བཟུང༌།སྤྱི་ཚོགས་ཀྱི་གནད་དོན་འདྲ་མིན་ནང་བུད་མེད་གཙོ་བོར་གྱུར་བའི་རྩ་བའི་ཁྱིམ་གཞི་འཆམ་མཐུན་དང་བུ་ཕྲུག་གསོ་སྐྱོང་གི་སྤྱི་ཚོགས་རྨང་གཞིའི་སྤུས་ཚད་དང་འབྲེལ་བའི་གལ་ཆེའི་བུད་མེད་ཀྱི་ཤེས་སྤྱོད་གཉིས་ལ་ཡར་རྒྱས་གཏོང་ཕྱོགས་ལ་རོགས་ སྐྱོར་དགོས་ངེས་ལ།མ་གཞིས་བོད་ལས་ཀྱང་རང་དབང་གི་རྨང་གཞི་ཅུང་ཆེ་བའི་ང་ཚོའི་ཡུལ་གྱར་གྱི་ཁོར་ཡུག་གང་སར་ཡང་བུད་མེད་ཀྱི་བརྩོན་འགྲུས་དང་ལེགས་སྐྱེས།བུད་མེད་ཀྱི་བྱམས་བརྩེ་དང་སྙིང་རྗེ།བུད་མེད་ཀྱི་དགོད་སྒྲ་དང་མཛེས་ཆོས།བུད་མེད་ཚོས་བོད་ཀྱི་སྤྱི་ཚོགས་འདིར་མཉམ་ལས་དང་རོགས་ཕན་མེད་གྱུར་ན།ཡུལ་གྱར་བོད་ཀྱི་འཇིག་རྟེན་པའི་སྤྱི་ཚོགས་འདི་ནི་གང་འདྲ འི་འཇིགས་སུ་རུང་བ་ཞིག་ཡིན་པ་དཔྱོད་ལྡན་ཚོས་མཁྱེན་ངེས་ཡིན་ནོ།
 
སེམས་འདུན་དང་མས་གཟུགས་སུ་བཀོད་པ་འདི།
རིགས་མཐུན་ཉམས་ཆུང་བུད་མེད་ལུས་བརྟེན་ཀུན།
སྐྱོ་ངལ་འགག་འཕྲང་གཏོར་ནས་བདེ་དོན་ཕྱིར།
རང་དབང་སྙིང་པོར་བརྩོན་པའི་རྒྱུར་གྱུར་ཞིག།

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༨ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༡༩ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 41

  1. lobsang says:
    ལོ་ 15 སྔོན།

    གངས་ལྷ་མོ། བུད་མེད་ཚོ་ལ་བདག་ཅག་གི་སྟོན་པ་ཞལ་བཞུགས་པའི་སྐབས་ནས་གོ་གནས་ངེས་ཅན་ཞིག་མེད། ཀུན་དགའ་བོས་སྐྱེ་དགུའི་བདག་མོ་ལ་སོགས་པའི་བུད་མེད་ལྔ་བརྒྱ་ཙམ་སྙེན་པར་རྫོགས་པར་ནན་གྱིས་ཞུས་པས། བསྟན་པ་ལོ་བདུན་སྟོང་གནས་པ་ལ་ལྔ་སྟོང་དུ་བྲི་བ་ནི་ཀུན་དགའ་བོས་ཉེས་པ་བརྒྱད་བསགས་པའི་དང་པོ་ཡིན་པ་དང༌། ཕོ་མོ་འདྲ་མཉམ་ཡིན་ན་ཀུན་དགའ་བོས་ཉེས་པ་དེ་ལྟར་བསགས་དགོས་དོན་མེད་སྙམ།

    Reply
  2. lobsang says:
    ལོ་ 15 སྔོན།

    གངས་ལྷ་མོ་ལགས། ཁྱེད་རང་གིས་ཕོ་མོ་འདྲ་མཉམ་ཡིན་ཟེར་ན་དེ་ནི་གང་ཅིའི་ཆ་ནས་ཡོང་ཐབས་མེད་པ་ཞིག་རེད། དེའི་སྐོར་མ་གླེང་ན་ཡག་གི་རེད།

    Reply
  3. གངས་མྱུག says:
    ལོ་ 15 སྔོན།

    རྩོམ་པ་པོ་ཆུ་སྐྱེས་སྒྲོལ་མ་ལགས། བོད་ཀྱི་བུད་མེད་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས་ཁྱེད་ལ་ཡི་རངས་བསྔགས་བརྗོད་ཞུ་བཞིན་ཡོད། མུ་མཐུད་ཤུགས་སྐྱོན་རོགས། ཁྱེད་ཀྱིས་བོད་ཀྱི་བུད་མེད་ཚོའི་གནས་སྟངས་ཕྱོགས་གཅིག་མཐོང་མི་འདུག ཞིབ་དཔྱོད་བྱེད་པར་འཚལ། བོད་ཀྱི་བུད་མེད་ལ་ཐོབ་ཐང་ཆེན་པོ་ཞིག་རེག་གིན་མེད། ཁྱོ་ག་རེག་གིན་མེད། ཁྱེད་ཅག་ཁྱོ་ག་ཡོད་པ་ཚོས་དཀའ་ངལ་འདི་མཐོང་གིན་མེད། དཔྱོད་དང་ཤེས།

    Reply
  4. ཁྲ་གླག་སྤྱང་གསུམ། says:
    ལོ་ 15 སྔོན།

    ཨ་ལ་ལ། དེ་དེ་བཞིན་ནོ། །མིས་ཚོས་ངེད་གཉིས་ཀྱིས་ཕན་ཚུན་སྦྱང་བཤད་བྱེད་སྟངས་ལ་གཟིགས་ངེས།

    Reply
  5. གཉན་མདང་ཕོ་ཉ། says:
    ལོ་ 15 སྔོན།

    ཁྱེད་ཀྱིས་གཞན་གྱིས་གང་འབྲི་བཞིན་པ་དག་ལ་དོ་སྣང་གནང་བཞིན་པར་དགའ་བསུ་ཞུ།
    རེད་དེ་བོད་པའི་སྤྱི་ཚོགས་ནང་ཕོ་འདྲ་རྩོད་དགོས་པའི་གནད་སྟངས་སྐྱོ་བོ་དེ་འདྲ་མེད་པ་མ་ཟད་
    མ་ཡུམ་ཚོས་འགན་ཁྱེར་དགོས་པའི་དུས་ཚོད་འགག་འཁྲང་ཅན་ཞིག་ལ་སླེབས་ཡོད་པའི་ཚོར་སྣང་ཡོད།

    གཞན་ཞིག་ཁ་སང་བུད་མེད་ཚཽགས་པའི་གོ་སྒྲིག་འོག་བགྲོ་གླེང་ཐོག་ཁྱེད་ཀྱིས་གཙོ་སྐྱོང་བ་སྐབས་ཐག་ཆཽད་པོས་ཤན་འབྱེད་གནང་སྟངས་ཤིག་དང་།
    ཁ་ཐུག་གི་གཏམ་གླེང་བྱེད་སྟངས་ཤིག་མཐོང་སོང་བས་དགའ་བོ་བྱུང་།

    རྗེས་ཕྱོགས་མཇའ་ཡོང་དེ་ཙམ་ཡིན།

    Reply
  6. ཨ་ལ་ལ says:
    ལོ་ 15 སྔོན།

    ཁྲ་སྤྱང་ལགས། ཁྱེད་ཀྱིས་ང་ལ་རྩོད་པ་རྒྱག་དགོས་དོན་མི་འདུག ཐ་ན་ཁྱེད་ཀྱིས་བུད་ཅེས་པའི་ཚིག་དེའི་གོ་བ་ཙམ་ཡང་ལོན་མི་འདུག བུད་ཅེས་པ་ནི་འགྲོ་ཞེས་པའི་དོན་གང་ནས་ཡིན། ཚིག་འདི་འདྲའི་སྤྱིར་བཏང་བ་ཞིག་གི་གོ་བ་ཡང་ལོན་གྱི་མེད་ན་ང་ལ་ང་རྒྱལ་གྱིས་རྩོད་པ་དང་རྒོལ་བ་བྱེད་ཀྱི་འོས་པོ་མིན་པ་ཤེས་དགོས་ཀྱང་དེ་ཡང་མགོ་འཐོམ་ནས་ཁ་ནས་ཅི་བཤད་དང་ལག་ནས་ཅི་འབྲི་མེད་པར་བླ་རྡོལ་གྱི་ཚིག་འདྲ་བརྗོད་བཞིན་པ་ནི་ང་ལ་མཚོན་ན་ཐོག་མར་དགོད་བྲོ་ཞིང་དེ་ནས་སྙིང་རྗེ་སྐྱེ་བ་ཞིག་རེད། ངས་ཁྱེད་ལ་ཅི་བཤད་ཀྱང་ཁྱེད་ཀྱི་རང་གཅེས་འཛིན་གྱི་ང་རྒྱལ་དེས་ཁྱེད་ཀྱི་རྣ་བར་འགྲོ་དཀའ། དེའི་རྐྱེན་གྱིས་ཁྱེད་ཀྱི་བློ་དོགས་དེ་བསལ་ཕྱིར་དུ་ངས་བཤད་པའི་བུད་མེད་དང་སྐྱེས་དམན་གྱི་གོ་དོན་དེ་དང་ཁྱེད་ཀྱིས་བཏོན་པའི་གོ་དོན་དེ་གཉིས་ཡང་སྙིང་གང་ཡིན་དཔྱད་གཞིའི་ཐད་དུ་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འདྲི་གཞི་འདི་ཉིད་བསྟར་འབུལ་བྱོས་དང་ངེད་ཀྱིས་ཁྱེད་ལ་རྩོད་པ་བྱེད་མི་དགོས་པར་དྲང་བདེན་ལ་དགའ་ཞིང་ཤེས་ཡོན་གྱི་སྤྱན་དཀྱུས་རིང་བའི་གཟུར་གནས་དག་གིས་གང་ཡིན་བདེན་རྫུན་ཤན་འབྱེད་ཀྱིས་ལན་བསྐྱོན་པའི་ཡིད་ཆེས་ང་ལ་ཡོད།

    Reply
  7. མདའ་ཚན་ཚེ་རིང་། says:
    ལོ་ 15 སྔོན།

    གངས་ལྷ་མོ་ལགས། འདི་འདྲ་ཞིག་གླེང་གི་མེད་དམ་བསམ་པ་ལས་གཞན་ཅི་ཡང་གོ་མི་ཐུབ་པས། འབྲི་རྩོམ་གྱི་ཕྱོགས་ལ་ད་དུང་རྒྱང་ཐག་ཧ་ཅང་རིང་གི་ཟེར་རྒྱུ། ལྷག་པར་དེང་སང་ཕོ་མོ་འདྲ་མཉམ་ཞེས་གླེང་བཞིན་ཡོད་པས་དམིགས་བསལ་མེད། དེ་བས་འབྲི་རྩོམ་གྱི་ཕྱོགས་ལ་གང་ཡོང་ཡོང་ཅིག་བརྩོན་རོགས། ངོ་མ་ཅོ་རི་ཉི་མ་ཞེས་པ་དེ་དང་འདྲ་བོ་ཞིག་བྲིས་འདུག

    Reply
  8. ཁྲ་གླག་སྤྱང་གསུམ། says:
    ལོ་ 15 སྔོན།

    ད་དུང་ཨ་ལ་ལ་ལ་འདྲི་བ་ཞིག་ཡོད། གོར་རྒན་ཟེར་ན་སུ་ཡི་མིང་རེད། གོ་ཨེ་མྱོང༌།

    Reply
  9. ཁྲ་གླག་སྤྱང་གསུམ། says:
    ལོ་ 15 སྔོན།

    ནོར་བཅོས། མཚན་མ་ཕྱི་ལ་ནར་མ་ནར་

    Reply
  10. ཁྲ་གླག་སྤྱང་གསུམ། says:
    ལོ་ 15 སྔོན།

    ཨ་ལ་ལ། བུད་མེད་ཀྱི་མིང་ཚིག་འདི་ལ་འགྲེལ་ལོག་ཅིག་ཁྱོད་ཀྱིས་བརྒྱབས་འདུག དེ་འདྲ་མ་རེད། དེ་ལ་འགྲེལ་བཤད་མང་པོ་མེད། ཕོ་ཡི་མཚན་མ་ཕྱི་ལ་བུད་ཡོད་པ་དང་མོ་ཡི་མཚན་མ་ནང་ལ་ཡོད་པ་ག་དུས་ཤེས་པ་རེད། བུད་མེད་ཟེར་བའི་མིང་དེ་ག་དུས་བྱུང་བ་རེད། ངས་བལྟས་ན་མཚན་མ་ཕྱི་ནང་གི་བཤད་པ་དེ་དེང་སང་གི་སྐད་ཆ་རེད། བུད་མེད་ཟེར་བ་དེ་གནའ་སྔ་མོ་ནས་འབོད་སྲོལ་ཡོད་པ་རེད། དེ་མི་རིགས་ག་རེའི་སྐད་རེད། མི་རིགས་དེའི་གོམས་སྲོལ་ག་འདྲ་ཞིག་ཡོད་རེད། དེ་ཚོ་ལྟ་དགོས་པ་རེད།

    བོད་རིགས་ནི་དེ་འདྲའི་ཐད་ངོ་ཚ་སྨིན་པོ་ཡིན་པས། མཚན་ལ་ཕྱི་ལ་ནར་མ་ནར་ཟེར་བའི་མིང་དེ་འདྲ་བཏགས་ཀྱི་མ་རེད། མདོར་དོན། མིང་ག་རེ་ཡིན་ཀྱང༌། མི་རིགས་དེའི་གོམས་སྲོལ་དང་མིང་འདོགས་སྲོལ་ལ་ཐུགས་བསམ་བཞེས་དགོས་པ་གལ་ཆེན་པོ་རེད།

    འགྲོ་སྡོད་ལ་ལྟོས་ནས་མིང་བཏགས་པ་མང་པོ་རེད། དཔེར་ན། ས་རྡོ་རི་བྲག་སོགས་ལ་ལྟོས་ནས། ང་ཚོ་ལ་འགྲོ་བ་ཞེས་བཏགས་པ་རེད། འགྲོ་བ་སེམས་ཅན་ཞེས་པ་དེ་གནས་གཅིག་ནས་གཅིག་ཏུ་འགྲོ་ཡི་ཡོད་པས་ན་རེད། ཤེས་སོང་ངམ།

    Reply
  11. མེ་འོད། says:
    ལོ་ 15 སྔོན།

    གནམ་ལྕགས་ཀྱིས་ཨ་ཅག་གངས་ལྷ་མོ་ལ་གདེང་འཇོག་མཐོན་པོ་བྱས་འདུག
    ཨ་ཅག་གངས་ལྷས་ཀྱང་ཤུགས་རྒྱག་དགོས་ཀྱི་རེད་བསམ་སོང། རྩོམ་ཡིག་འདི་ལ་ཡག་བཙོག་གི་དབྱེ་བ་བཤད་ས་མི་འདུག ནམ་རྒྱུན་བཤད་ཀི་ཡོད་པའི་སྐད་ཆ་འགའ་ཕྱོགས་བསྡུས་བྱས་པ་ཙམ་རེད།་

    Reply
  12. གནམ་ལྕགས། says:
    ལོ་ 15 སྔོན།

    ཨ་ཅག་གངས་ལྷ་མོ་ལ་རེ་བ་ཆེན་པོ་ཡོད།ཁོང་མོ་ནི་ལོ་ངོ་དུ་མའི་ཡར་སྔོན་ནས་ངས་ངོ་ཤེས་ཀྱི་ཡོད།བཤད་ཕོད་པ་དང་སྒྲུབ་ཕོད་པའི་བུད་མེད་ཅིག་ཡོད་པ་ནི་གངས་ལྷ་མོ་ཡིན།མུ་མཐུད་དུ་བསམ་ཚུལ་འདིའི་རིགས་བྲིས་ན་ལེགས།གངས་ལྷ་མོ་ནི་རླབས་ཆེ་བའི་ཆབ་སྲིད་བཙོན་པ་བློ་བཟང་བསྟན་འཛིན་གྱི་སློབ་གྲོགས་ཡིན་ལ།རང་རེའི་རླབས་ཆེ་བའི་དཔའ་བོ་ཁོང་གི་ཤུགས་རྐྱེན་ཞིག་ཏག་ཏག་ཁོང་མོའི་སྟེང་ན་ཡོད་པ་འདྲ།

    Reply
  13. blackman says:
    ལོ་ 15 སྔོན།

    གངས་ལྷ་མོས་དེང་སང་རྩོམ་ཡིག་འབྲི་་གི་འདུག ཡར་རྒྱས་ལ་སོང་ཡོད་རྒྱུ་རེད། གང་ལྟར་མོ་འུད་ཤོབ་ལ་ཞེ་དྲག་དགའ་གི་རེད། ཨུ་ཚུགས་དེ་ལས་ཆེ་གི་རེད། མོའི་སེམས་ཁམས་དེ་འགྲན་སེམས་ཀྱིས་འཚུག་བསྡད་ཡོད་ནི་རེད།
    ང་རྒྱལ་དང་ཞེ་སྡང་ཆེ་ནོ་ཨ་ཧ་ཞིག་ཡིན་ནི་རེད། ད་ལྟའི་རྩོམ་ཡིག་འདིའི་ནང་ལ་སྐད་ཆ་གསར་བ་དང་གནས་ཚུལ་དགོས་མཁོ་ཅན་དེ་འདྲ་མེད་ཀི གངས་ལྷ་མོ་འགྲིག་འདུག འདི་འདྲ་ཞིག་བྲིས་ཀི་ད་བྲིས་ཀི་བསྡད་ན་གོ་སྐབས་རེ་རེག་གི་འདུག་ནི་རེད། རྒྱ་རི་སྒྲོལ་མ་དང་ཁྱེད་གཉིས་ངུ་ཞོར་དགོད་ཞོར། བོད་སྐད་ཆག་འཕྲོ་རེ་བཤད་ནས་གླེང་སྟེགས་དེ་འདྲ་མང་པོ་ན་མཐོང་རྒྱུ་འདུག
    ནམ་རྒྱུན་བུད་མེད་ཀྱི་ཐོབ་ཐབ་དང་གནས་བབ་ལ་སྐད་ཆ་འདྲ་བཤད་བསྡད་པ་རེད་མ་གཏོགས་གཞན་ཅི་གང་ཡང་མཐོང་གི་ཡོད་ས་མ་རེད། ང་རང་ངོས་ནས་ཁྱེད་ལ་རྟེན་འབྲེལ་ཞུ་་གི་ཡོད། རྩོམ་ཡིག་རེ་བྲིས་ཀི་བསྡད་ནོ་ཧྲ་གི ཡར་མར་གང་སར་རྒྱུག་ད་གོ་སྐབས་ཡག་པོ་རེ་རེག་ན་ཐང།
    བོད་ཀྱི་དུས་བབ་ཚང་གི་རྩོམ་ཡིག་གི་སྤུས་ཀ་དེ་ཉམ་ཆག་ལ་འགྲོ་གི་འདུག
    ཅོ་རི་ཉི་མའི་རྩོམ་ཡིག་དང་ད་ལྟའི་རྩོམ་ཡིག་འདི་འདྲ་མང་པོ་བཀོད་ན་ཀློག་པ་པོའི་ཀློག་འདོད་དེ་ཤོར་འགྲོ་ས་རེད།

    Reply
  14. ཟླ་ཞུན། says:
    ལོ་ 15 སྔོན།

    ངེད་ཚང་གི་ཁ་མིག་ཡར་ལྟ་བྱེད་སའི་གངས་ལྷ་མོ་དང་ཆུ་སྐྱེས་སྒྲོལ་མས་ཀྱང་འདི་ལྟ་བུ་མ་གཏོགས་འབྲི་མི་ཤེས་ན་དངོས་གནས་ཐབས་རྡུགས་རེད་ཡ།
    ད་ང་སེམས་ཤུགས་ཆགས་སོང༌། བུད་མེད་ལ་འདི་མ་གཏོགས་མེད་པ་རེད་དམ།
    མཚམས་མཚམས་ངས་རང་ཉིད་བུད་མེད་ཅིག་ཡིན་ན་སྙམ་གྱིན་ཡོད། བུད་མེད་རྣམས་ཀྱི་མགོ་ཁྲིད་ནས་འཇོན་ཐང་རི་བོའི་གཏོས་ལྟར་ཆེ་བ་མང་པོ་གསོ་སྐྱོང་བྱས་ནས་གནས་ལུགས་དོན་གྱིས་སྟོན་འདོད།

    ཁ་སྟོང་ནང་གི་ཚིག་སྟོང་རེ་བཤད་ནས་ཕན་ཐོགས་ནི་མ་རེད།
    ཐོབ་ཐང་མ་བརྩད་སྔོན་ལ་འཇོན་ཐང་དེ་གཅིག་སྟོན་རོགས། བདག་གིས་བུད་མེད་ཀྱི་ཐོབ་ཐང་རྩོད་པར་སྐད་པའི་བུད་མེད་དག་ལ་བརྗོན་ཀྱིན་ཡོད། དཔེར་ན། གངས་ལྷ་མོ་དང་ཆུ་སྐྱེས་སྒྲོལ་མ། ད་དུང་ཚེ་རིང་སྐྱིད་སོགས་ལའང་བཤད་ཀྱིན་ཡོད།

    Reply
  15. ཨ་ལ་ལ says:
    ལོ་ 15 སྔོན།

    ད་དུང་སྐྱེས་དམན་ཞེས་པ་དེ་་ཡང་ལུས་རྟེན་ཀྱི་ནུས་པ་ཞིག་ལ་མི་བཤད་དེ།དེ་ཡང་མཚན་མ་ཕྱིར་སྐྱེ་བ་ནི་སྐྱེས་པ་ཕོ་ལས་དམན་པས་ན་སྐྱེས་པ་ཕོ་ལས་དམན་ཞེས་པ་དེ་བསྡུས་ཏེ་སྐྱེས་དམན་ཞེས་བཏགས་པ་ཞིག་ལས་གཞན་འགྲེལ་བཤད་ཉ་ཉོག་མང་པོ་མེད་དོ། །ཆགས་པའི་གནས་སྐབས་སུ་བུད་མེད་ཀྱི་རིགས་གང་ཡིན་ཡང་མཚན་མའི་རྣམ་པ་སྔར་ཚུལ་ལས་འགྱུར་ཏེ་བྱ་ལེ་ཅུང་ཟད་ཕྱིར་སྐྱེ་རྒྱུ་ཡོད་པ་ནི་དགེ་ཆོས་ཀྱི་འདོད་པའི་བསྟན་བཅོས་སུ་ཁོང་གིས་དཔྱད་ཞིབ་བྱས་པའི་ཉམས་མྱོང་གསུངས་འདུག་ག

    Reply
  16. ཨ་ལ་ལ says:
    ལོ་ 15 སྔོན།

    ཁྲག་སྤྱང་གིས་བུད་མེད་ཀྱི་མིང་ཚིག་འདི་ལ་འགྲེལ་ལོག་ཅིག་བརྒྱབས་འདུག དེ་འདྲ་མ་རེད། དེ་ལ་འགྲེལ་བཤད་མང་པོ་མེད། ཕོ་ཡི་མཚན་མ་ཕྱི་ལ་བུད་ཡོད་པ་དང་མོ་ཡི་མཚན་མ་བུ་ནང་བཞིན་ཕྱི་ལ་བུད་མེད་པས་ན་རྟགས་མཚན་དེའི་དབང་གིས་མིང་དེ་ལྟར་བཏགས་པ་ཞིག་ལས་ཉ་ཉོག་མང་པོ་ཞིག་བཤད་ཡོད་པ་དེ་འདྲ་མ་རེད།་

    Reply
  17. ཀླུ་མཁར་བྱམས། says:
    ལོ་ 15 སྔོན།

    གངས་ལྷ་མོའི་སྐྲ་རིང་བའི་སྐབས་སུ་བློ་ཡང་རིང་།
    བོད་ནང་གི་སྐད་ཆ་ཡིན།
    གངས་ལྷ་མོ་སྐྲ་ཐུང་བའི་སྐབས་སུ་བློ་ཡང་ཐུང་རུ་འགྲོ་སྲིད།
    ཁོར་ཡུག་འདི་ལ་མཚོན་ན།
    ཡིན་ནའང་།
    ད་སྐབས་གངས་ལྷ་མོའི་སྐྲ་ལོ་རིང་སྐྱོན་མེད་པ་བཞིན། ཁོང་མོའི་རྩོམ་ཡིག་འདིར་བལྟས་ན། བློ་ལའང་ཞེ་དྲགས་ཐུང་སྐྱོན་ཡོད་པ་ཞིག་ངས་ནི་མཐོང་མ་སོང་།
    ད་དུང་སྐྲ་ལོ་རིང་ཐུང་ཅི་རིགས་པའི་བུད་མེད་ཚོ་་་་་་་་་་་་་

    Reply
  18. གསང་གཏོར། says:
    ལོ་ 15 སྔོན།

    གངས་ལྷ་མོ་ཟེར་བ་འདི་ཉེ་སྔོན་བཀའ་བློན་ཁྲཱི་པའི་དྲ་རྒྱ་ཟེར་བ་ནང་༢༠༡༡་ལོར་བཀའ་ཁྲི་འོས་ནང་འཛུལ་ཞུགས་བྱས་འདུག་་དེས་བཀའ་ཁྲི་འོས་གཞི་ཚང་མ་རིན་ཐང་མེད་པ་ཆགས་སོང།་མོས་དེ་ནི་བཀའ་བློན་ཁྲི་པ་དེ་ཕོ་མོའི་ཐོབ་ཐང་བརྩོད་ས་འདྲ་པོ་ངོས་འཛིན་བྱས་པ་ཡིན་པ་འདྲ།་་གཞན་མོ་བཀའ་བློན་ཁྲི་པ་མི་དགོས་ནི་བོད་གཞུང་ཡིག་གད་གྲས་སུ་ཚུད་ཁག་པོ་རེད།་ཧ་ཧ་ཧ་ཧ་

    Reply
  19. ངྷ་སའི་ཟ་ལེ་རྒྱལ། says:
    ལོ་ 15 སྔོན།

    གངས་ལྷ་མོ་ལགས། གོང་གི་རྩོམ་དེ་ཁྱེད་ཀྱིས་བྲིས་པ་ངོ་མ་ཡིན་ཚེ་རེ་བ་ཆེན་པོ་འདུག། ད་དུང་མུ་མཐུད་དང་ 2011གི་བཀའ་བློན་ཁྲི་པར་རེ་བ་འདུག།

    Reply
  20. གྲགས་པ་རྒྱ་མཚོ། says:
    ལོ་ 15 སྔོན།

    དྲྭ་གྲོགས་ཡེ་ཤེས་ལགས། ཕོ་མོའི་ཐོབ་ཐང་འདྲ་མཉམ་ཡིན་ན་བུ་མེད་སྤྲུལ་སྐུ་མེད་དོན་ཅི་རེད། ཞེས་པ་ཁྱོད་རང་གིས་བྲིས་པ་ཡིན་ན་མ་གཏོགས། དེ་འདྲ་བ་ཞིག་ཕྲན་གྱི་ཚིག་འབྲུ་གཅིག་ཀྱང་བྲིས་མེད་། དེ་འདྲ་བྲིས་དགོས་པའི་རྒྱུ་མཚན་གང་ཡང་མ་མཐོང་། བུད་མེད་སྤྲུལ་སྐུ་ཡང་མང་པོ་ཡོད།

    Reply
  21. ཨ་རུ་ར། says:
    ལོ་ 15 སྔོན།

    གངས་ལྷ་མོ་ལགས། ཁྱེད་རང་གཅིག་བུའི་ཐོང་ཐང་མིན་པར་བུད་མེད་སྤྱིའི་ཐོང་ཐང་སྐོར་བཤད་པ་ཤིན་ཏུ་ལེགས། རྒན་མོ་དེ་འདྲ་སོ་སོ་གཅིག་བུ་ལས་གཞན་མི་མཐོང་མཁན་ཁ་ཤས་ཡོད། མུ་མཐུད་ནས་དངོས་ཡོད་ཀྱི་གནས་སྟངས་བཤད་རྒྱུ།

    Reply
  22. ཨ་རུ་ར། says:
    ལོ་ 15 སྔོན།

    གངས་ལྷ་མོ་ལགས། ཁྱེད་རང་གཅིག་བུའི་ཐོང་ཐང་མིན་པར་བུད་མེད་སྤྱིའི་ཐོང་ཐང་སྐོར་བཤད་པ་ཤིན་ཏུ་ལེགས། རྒན་མོ་དེ་འདྲ་སོ་སོ་གཅིག་བུ་ལས་གཞན་མི་མཐོང་མཁན་ཁ་ཤས་ཡོད། མུ་མཐུད་ནས་དངོས་ཡོད་ཀྱི་གནས་སྟངས་བཤད་རྒྱུ།

    Reply
  23. ཨ་རུ་ར། says:
    ལོ་ 15 སྔོན།

    གངས་ལྷ་མོ་ལགས། ཁྱེད་རང་གཅིག་བུའི་ཐོང་ཐང་མིན་པར་བུད་མེད་སྤྱིའི་ཐོང་ཐང་སྐོར་བཤད་པ་ཤིན་ཏུ་ལེགས། རྒན་མོ་དེ་འདྲ་སོ་སོ་གཅིག་བུ་ལས་གཞན་མི་མཐོང་མཁན་ཁ་ཤས་ཡོད། མུ་མཐུད་ནས་དངོས་ཡོད་ཀྱི་གནས་སྟངས་བཤད་རྒྱུ།

    Reply
  24. འཁྱམས་པོ། says:
    ལོ་ 15 སྔོན།

    ཡག་པོ་རེད། བུད་མེད་ཚོས་ཤུགས་རྒྱག་གིན་འདུག དེ་ནི་འུ་ཅག་སྤྱི་ཚོཊ་ལ་ཡར་རྒྱས་ཀྱི་རྣམ་པའི་ཆ་ཤས་ཤིག་རེད།

    Reply
  25. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    བུ་མོ་གངས་ལྷ་མོ་ཟེར་བ་འདི་ངས་ངོ་མི་ཤེས་ཀྱང་། ཉེ་ཆར་རྩོམ་པ་པོའི་མཐུན་ཚོགས་སྐབས་མོས་སྤོབས་པ་མཐོ་པོའི་སྒོ་ནས་སྐད་ཆ་རིན་ཐང་ཅན་འགའ་ཤས་བཤད་པས་རེ་བ་ཅན་གྱི་བུ་མོ་ཞིག་རེད་དྲན།

    Reply
  26. ཡེ་ཤེས། says:
    ལོ་ 15 སྔོན།

    ཧེ་ཧེ། ཕོ་མོའི་ཐོབ་ཐང་འདྲ་མཉམ་ཡིན་ན་བུ་མེད་སྤྲུལ་སྐུ་མེད་དོན་ཅི་རེད། སོ་སོའི་འཇོན་ཐང་དང་ཤེས་ཡོན་ལ་བརྟེན་ནས་གོང་དུ་འགྲོ་དགོས་པ་ལས། ཤེས་འཇོན་གང་ཡང་མེད་པའི་མི་ཞིག་གོང་དུ་བཀུར་བ་དེ་ནི་བླུན་པོའམ་ཐབས་སྡུག་གི་བྱ་བ་མ་ཡིན་ནམ། ཞེས་པའི་གཏམ་འདི་གྲགས་པ་རྒྱ་མཚོ་ཁྱེད་ཀྱིས་སུ་ལ་བརྗོད་པ་ཡིན། བོད་ཀྱི་ཆོས་ལུགས་ཀྱི་བླ་ཆེན་རྣམས་ཟེར་ཡིན་འགྲོ།

    Reply
  27. ཆུ་སྐྱེས་སྒྲོལ་མ། says:
    ལོ་ 15 སྔོན།

    གྲོགས་གངས་ལྷ་མོ་ལགས། ཁྱེད་ཀྱིས་གསུངས་པ་བཞིན་རྩོམ་ཡིག་འདི་དྲ་ཐོག་ལ་བཀོད་པར་ཐུགས་རྗེ་ཆེ།
    ངེད་གཉིས་བཀའ་མོལ་བྱུང་བ་བཞིན། རྩོན་ཡིག་དེ་བཞིན་འགག་ཕྱོགས་དང་སྒྲུབ་ཕྱོགས་གང་ཞིག་ནས་གླེང་བྱེད་ཀྱི་ཡོད་ནའང་། རྩ་བའི་ངེད་གཉིས་ཀྱི་དམིགས་ཡུལ་ནི། བུད་མེད་ཚོའི་གནས་སྟངས་གླེང་སློང་དང་དཀའ་ངལ་སེལ་ཐབས་ལ་འབད་རྒྱུ་གཅིག་མཚུངས་ཡིན་པས་དུས་ནམ་ཡང་དཔའ་མི་ཞུམ་པར་ཕེབས་ཤོག་ཨང་།
    ངས་ཀྱང་དེ་ལྟར་འབད་ངེས་ཡིན།

    Reply
  28. གྲགས་པ་རྒྱ་མཚོ། says:
    ལོ་ 15 སྔོན།

    ཐོབ་ཐང་གི་ལས་དོན་འདི་ལ་ཁྲིམས་རྩོད་པ་ཡིན་དགོས་དོན་གང་ཡངམེད་པར་སྙམ། སོ་སོའི་འཇོན་ཐང་དང་ཤེས་ཡོན་ལ་བརྟེན་ནས་གོང་དུ་འགྲོ་དགོས་པ་ལས། ཤེས་འཇོན་གང་ཡང་མེད་པའི་མི་ཞིག་གོང་དུ་བཀུར་བ་དེ་ནི་བླུན་པོའམ་ཐབས་སྡུག་གི་བྱ་བ་མ་ཡིན་ནམ། མི་རིགས་འདིར་ཕོ་མོ་འཇོན་ཐང་ཅན་སུ་ཡོད་ཀྱང་དགོས་པའི་དུས་ལ་བབས་ཡོད། ཕོ་མོའི་ཐོབ་ཐང་འདྲ་བ་ཡིན་མ་འོངས་པར་བཀའ་བློན་ཁྲི་པར་ཕེབས་རོགས་གནོངས།

    Reply
  29. ཁྲ་གླག་སྤྱང་གསུམ། says:
    ལོ་ 15 སྔོན།

    ནོར་བཅོས། རོགས་པ་བྱེད་ཐུབ་པའི་དོན།

    Reply
  30. ཁྲ་གླག་སྤྱང་གསུམ། says:
    ལོ་ 15 སྔོན།

    བུད་མེད་ཀྱི་དོན། བུད་ནི་འགྲོ་བའི་དོན་དང༌། བུད་མེད་པ་ནི་འགྲོ་བ་མེད་པའམ་མི་འགྲོ་བའོ། །གང་དུ་མི་འགྲོ་ན་ཁྱིམ་ལས་བྱེད་དེ་སྡོད་པ་ལས། སྐྱེས་པ་ལྟར་ཐག་རིང་མི་འགྲོ་བའོ། །འདིའི་ནང༌དམག་དང་ཚོང་དང་རི་དག་གཤོལ་བ་སོགས་ཚུད་ཡོད།

    སྐྱེས་སྨན་ཀྱི་དོན། སྐྱེས་སྨན་ཟེར་ན། སྐྱེས་པ་ཕོ་ལ་སྨན་པར་བྱེད་པ། ཕན་ཐོགས་པ། རོགས་པ་བྱེད་པ་ཐུབ་པའི་དོན་ཡིན། སྐྱེ་དམན་ཟེར་བ་མ་དག་པ་སྟེ། སྨན་བུ་མོ་མཚོ་ཁའི་མེ་ཏོག་རེད༎ སྟག་ཤར་པ་མཚོ་ནང་ནོར་བུ་རེད༎ སྨན་ཆུང་བུ་མོ་རྒྱན་ཆ་ཞེས་སོགས་ལས་ཤེས་ཐུབ་ཀྱི་རེད།

    ཕོ་མོ་ཟེར་བ་ནི་རྒྱུ་མཚན་གང་ཡང་མེད་པ་འདོད་རྒྱལ་རང་རེད།

    Reply
  31. མདོ་ཁང་བསྟན་འཛིན་ཡོན་ཏན། says:
    ལོ་ 15 སྔོན།

    ད་ལྟ་བར་དུ་གངས་ལྷ་མོས་བྲིས་བའི་རྩོམ་ཡིག་ཁ་ཤས་ཞིབ་ཚགས་པོའི་སྒོ་ནས་བྐླགས་མྱོང་། འོན་ཀྱང་། རྩོམ་འདི་དང་རྩོམ་ཡིག་སྔ་མ་རྣམས་ཀྱི་དབར་ན་ཧེ་བག་ཆེན་པོ་ཞིག་ཤོར་ནས་འདུག ཚིག་གི་སྦྱོར་བ་དང་དོན་གྱི་འབབ་སྟངས་གཉིས་ཀ་ལ་ཁྱད་པར་ཤོར་འདུག རྩོམ་འདི་འབྲི་མཁན་ངོ་མ་དེ་གངས་ལྷ་མོ་རེད་དམ། ང་ལ་དོགས་པ་ཡོད།
    ཁྱེད་ཚོས་ཤེས་དགོས་བ་གཅིག་ལ་བུད་མེད་ལ་ཐོབ་ཐང་ཡོད་མེད་ཀྱི་སྐོར་དེ་ཁྲིམས་ཀྱི་སྐད་ཆ་རེད། ཐོབ་ཐང་འདུག་དང་མི་འདུག་ཟེར་བ་དེ་ཁྲིམས་ཀྱི་སྒང་ནས་ཐག་གཅོད་དགོས་ཀྱི་ཡོད་པ་རེད། ཐོབ་ཐང་མེད་ན་ཁྲིམས་ཁང་ལ་གཏུགས་དགོས་རེད་ལ་ཁྲིམས་རྩོད་ཀྱང་རྒྱག་དགོས་རེད། བོད་གཞུང་གི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས་དགོས་རེད། དེ་ལས་རྒྱ་ཆེ་ནས་རྒྱ་གར་གྱི་ས་གནས་ཁྲིམས་ཁང་དང་དབུས་ཁྲིམས་ཁང་སོགས་ལ་གཏུགས་དགོས་རེད། འོན་ཀྱང་། བུད་མེད་ཀྱི་ཐོབ་ཐང་གླེང་མཁན་ཁྱེད་ཚོའི་གཅིག་གིས་ཀྱང་གནད་དོན་འདི་ཚོ་མཁྱེན་གྱི་མི་འདུག གངས་ལྷ་མོ་སོགས་བུད་མེད་ཀྱི་ཐོབ་ཐང་སྐོར་ལ་སྐད་ཆ་བཤད་མཁན་ཚོས་ཁྲིམས་ཀྱི་སྐོར་ལ་སློབ་སྦྱོང་ཅུང་ཙམ་བྱེད་རོགས་གནང། རྩོམ་ཡིག་འདི་ཚིག་སྦྱོར་ཡག་པོ་ཡོད་མཁན་ཞིག་གིས་བྲིས་འདུག་མ་གཏོགས་དོན་དག་ཅང་མི་འདུག

    Reply
  32. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    ང་ཚོས་ད་ལྟའི་སྤྱི་འཐུས་རྒན་མོ་དག་གི་ཚབ་ཏུ་ལང་ཚོའི་མེ་ཏོག་དར་ལ་བབ་པའི་ཨ་ཅག་གངས་ལྷ་མོ་དང་། ཆུ་སྐྱེས་སྒྲོལ་མ་སོགས་སྤྱི་འཐུས་སླེབས་མིན་ལ་བསམ་བློ་གཏོང་རན་འདུག ད་དུང་མཛེས་མ་ཚེ་རིང་སྐྱིད་ཟེར་བ་ཞིག་ཡོད་རུང་། ཁོ་མོར་མཛེས་མའི་མིང་ཞིག་ཐོབ་བ་དང་། ཨ་རིར་འཕུར་བའི་གཤོག་པ་གསར་པ་ཞིག་ཀྱང་དུས་མཉམ་དུ་སྐྱེས་ཏེ་ད་ཆར་ཨ་རིར་ལྡིང་སྐོར་རྒྱག་བཞིན་ཡོད་པ་འདྲ། ཨ་ཅག་གངས་ལྷ་མོ་དང་ཆུ་སྐྱེས་སྒྲོལ་མ་གཉིས་ལ་རེ་བ་ཧ་ཅང་ཆེ། མུ་མཐུད་ནས་བོད་ཀྱི་བུད་མེད་ཚོའི་ཐོབ་ཐང་དང་འགྲོ་བ་མིའི་ཐོབ་ཐང་སོགས་ལ་ཤུགས་རྒྱབ་རོགས།

    Reply
  33. phonya says:
    ལོ་ 15 སྔོན།

    རྩོམ་ཡིག་འབྲི་ཐུབ་པར་དགའ་བསུ་ཞུ། དོན་དག་ཆེར་མ་མཐོང་།

    Reply
  34. སྨར་དྷི་ཟེར། says:
    ལོ་ 15 སྔོན།

    བུད་མེད་ཐོག་འོས་མེད་བྱོས་རྟོགས་བྱེད་ནས་འདོད་ཀྱི་མེད་

    Reply
  35. གྲགས་པ་རྒྱ་མཚོ། says:
    ལོ་ 15 སྔོན།

    བོད་ཀྱི་བུ་མོ་ཞིག་གིས་འདི་འདྲ་རྩོམ་ཡིག་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བགྱི་ཡིན། འོན་ཀྱང་རྒྱུ་མཚན་ཡོད་པ་ཞིག་མི་མཐོང་བས། བསམ་འཆར་ད་སྐབས་དབེན།

    Reply
  36. ནོར་བུ་རྒྱལ་མཚན། says:
    ལོ་ 15 སྔོན།

    བོད་ཀྱི་བུད་མེད་ཚོའི་ཐོབ་ཐང་གླེང་བ་དགའ་སུ་ཡོད། ཡིན་ཡང་བསམ་འཆར་འདོན་རྒྱུ་བྱུང་མ་སོང་། དགོང་དག་ཞུ།

    Reply
  37. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    གངས་ལྷ་མོ་ལགས། ཉིད་ཀྱིས་མཐའ་གཅིག་དུ་བྱེས་ཀྱི་བུད་མེད་དག་གིས་བྱེད་དགོས་པའི་གལ་གནད་ཀྱི་གནད་དོན་དངོས་ཤིག་རྩོམ་ཡིག་འདིའི་ནང་དུ་རིག་རྒྱུ་མི་འདུག་ན། ཉིད་ཀྱིས་དགོངས་ཚུལ་ཡིན་ན། བྱེས་ཀྱི་བུད་མེད་དག་ལ་ཆེས་གཡོལ་དུ་འགན་འཁྲི་ནི་གང་ཞིག་ཡིན་པ་དང་། ངེས་པར་དུ་བྱེད་དགོས་པའི་གནད་འགག་ནི་གང་ཞིག་གཟིགས་ཀྱི་ཡོད་དམ་ལགས།

    Reply
  38. ཨ་ཆགས་ཚེ་རྡོར།་ says:
    ལོ་ 15 སྔོན།

    གངས་ལྷ་མོ་ལགས།ཁྱེད་ཀྱིས་བུད་མེད་སྐོར་ཤོད་ཀྱི་ཡོད་པ་ལས་ཇི་ལྟར་བཤད་ཀྱི་ཡོད་པོ་ཁྱོན་མགོ་ཚོས་མ་སོང་ན།་བསམ་འཆར་ཡང་འདོན་ཐུབ་མ་སོང་དགོངས་དག

    Reply
  39. ནད་པ says:
    ལོ་ 15 སྔོན།

    གངས་ལྷ་མོས་བུད་མེད་ལ་ཐོབ་ཐང་མེད་རབས་ཤིག་ཨ་རིའི་སྲིད་འཛིན་ཨ་བྷ་མ་དང་ལྕམ་ཧེ་ལེ་རི་གཉིས་ཀྱི་སྐོར་གསུངས་པ་དེས་སྟོབས་ཆེན་ཨ་རིའི་ནང་ལ་ཕོ་མོ་འདྲ་མཉམ་ཡིན་པའི་ཐོག་ནས་འགྲན་རྩོད་ལ་ཞུགས་ཐུབ་ཀྱང་མི་དམངས་ཀྱིས་ཨོ་བྷ་མ་བདམས་ཐོན་བྱུང་བ་དེ་ཨ་རིའི་མི་དམངས་ཀྱི་རང་དབང་མཚོན་ཐུབ་ཡོད།

    ད་དུང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྐོར་ལ་ཟུར་ཙམ་ཞིག་བརྗོད་པ་ལྟར་ན་བོད་གནའ་རབས་ཀྱི་དུས་སུ་ནང་ཆོས་ཀྱི་ཐོག་ནས་མ་གཅིག་ལབ་ཀྱི་སྒྲོལ་མ་དང་། གསང་ལྡིང་རྡོ་རྗེ་འཕགས་མོ། ཤུགས་གསེབ་རྗེ་བཙུན་མ་སོགས་ཕོ་མོ་འདྲ་མཉམ་གྱི་ཐོག་ནས་མཚན་སྙན་རྒྱས་ཤིང་སྐྱེ་བོ་ཁྲི་སྟོང་མང་པོས་གུས་བཀུར་ཚད་མེད་ཅིག་ཐོབ་ཡོད་པ་རེད།
    གཞན་ཡང་ཡུལ་གྱར་བོད་ཀྱི་འཇིག་རྟེན་འདི་ཇི་འདྲའི་འཇིགས་སུ་རུང་བ་ཞེས་བཤད་ཀྱང་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་འདིར་མཚོན་ན་དེ་བས་ཀྱང་ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་ཞིག་ཡོད་པ་སྟེ། དཔེར་ན་ཁཀའ་ཟུར་རྗེ་བཙུན་པདྨ་དང་། བཀའ་ཟུར་རིན་ཆེན་མཁའ་འགྲོ། སྤྱི་འཐུས་རྒྱ་རི་སྒྲོལ་མ་སོགས་ཕོ་མོ་འདྲ་མཉམ་གྱི་ཐོག་ནས་གནས་བབ་ཆེན་པོ་བཟུང་ཐུབ་ཡོད་སྟབས་སོ་སོས་འཇོན་ན་མ་འོངས་༢༠༡༡ ལོའི་བཀའ་ཁྲི་ལའང་ཕོ་མོ་འདྲ་མཉམ་གྱི་གོ་སྐབས་གཅིག་མཚུངས་སུ་ཡོད་པ་རེད།

    དེར་བརྟེན་བོད་ཀྱི་བུད་མེད་ཚོས་སོ་སོའི་གནས་བབ་དེ་ཤེས་པའི་ཐོག་ནས་མ་འོངས་བོད་གསར་པའི་ཐོག་ལ་ལེགས་སྐྱེས་གང་ལེགས་ཞིག་འབུལ་ཐུབ་པའི་རང་དབང་དང་གོ་སྐབས་བེད་སྤྱད་དེ་སེམས་ཤུགས་ཧུར་བརྩོན་བྱེད་གལ་ཆེ་བ་ཡིན།

    Reply
  40. བདེ་བ་ཅན། says:
    ལོ་ 15 སྔོན།

    གངས་ལྷ་མོ་ལགས། ཕོ་མོ་འདྲ་མཉམ་དང༌། བོུས་གནམ་ཕྱེད་ཀ་བཀྱགས་པ་ཟེར་བ་དེས་ངས་ཡུན་རིང་ནས་གོ་མྱོང་ཡོད། ཡིན་ནའང་ང་རང་སྐྱེས་པ་ནས་ད་ལྟ་ལོ་ངོ་ལྔ་བཅུ་ཙམ་འགྲོ་བའི་རིང་ང་རང་གི་དུས་སྐབས་དྲན་གསོས་པ་ནས་བཟུང་དངོས་སུ་མཐོང་བའི་ནང་ལས་དོན་གང་ཞིག་ཡིན་ཀྱང་དེར་མང་ཆེ་བ་ཕོ་མང་ཆེ་བ་ལྟ་བུ་མཐོང་སྣང་བྱུང༌། ལྟ་སྟངས་དེའི་ཐོག་ནས་ང་ཚོ་བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་ཁྲོད་མི་འབོར་གྱི་གནས་སྟངས་ཆ་ནས་བུད་མེད་ཉུང་བ་ཡོད་པར་ངོས་འཛིན་གནང་གི་ཡོད་དམ།
    ཡང་ན་བུད་མེད་ཚོས་གོམས་གཤིས་དང་ལ་རྒྱ་བཅངས་ཏེ་བོད་ཀྱི་ཕོ་གཞོན་ཚོ་སྔོན་དུ་གཏོང་གི་ཡོད་པ་རེད་དམ།

    Reply
  41. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    བསམ་ཚུལ་ཞིག་ཤོད་ན་འདོད་རུང་། ངའི་བསམ་བློ་རིང་ཡང་སྐྲ་ཐུང་ཐུང་ལས་མེད། སྐྱེས་བ་རྗེས་མར་མཇལ་ཡོང། ཧཧཧཧ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese