དེ་རིང་དྲ་གྲོགས་རྣམས་ལ་བསམ་ཚུལ་ཞུ་འདོད་པ་ནི་ང་རང་དེ་རིང་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་སྐད་འབོད་ཕྱིན་པ་ཡིན། དེ་དུས་ང་རང་ལ་ཚོར་སྣང་བྱུང་བ་རྣམས་ཞུ་རྒྱུ་ཡིན།
ས་གནས་སུད་སི་བོད་རིགས་མི་མང་བཞི་བརྒྱ་ཙམ་གྱིས་ལག་ཏུ་བོད་ཀྱི་རྒྱལ་དར་དང་ཁ་ནས་སྡུག་འབོད་རྒྱག་གི་འདུག ཡིན་ཡང་དེ་ནི་རྒྱུན་ལྡན་གྱི་ལས་ཀ་འདྲ་བ་ཙམ་མ་གཏོགས་གཞན་བོད་ལ་ཡོད་པའི་བོད་མི་རྣམས་ཀྱི་སྲོག་བསྐྱབ་ཐུབ་པའི་ལས་དོན་གཅིག་མཐོང་མ་སོང། ཅི་ཡིན་ཞེ་ན། དང་པོ་ང་ཚོ་འགྲོ་བ་མིའི་ཐོབ་ཐང་གི་ལས་ཁུངས་ཀྱི་མདུན་དུ་སྐད་འབོད་རྒྱག་ཏུ་འབྱོར་དུས། འགྲོ་བ་མིའི་ཐོབ་ཐང་གི་ལས་ཁུངས་ཀྱི་སྒེའུ་ཁུང་གཅིག་སྒོ་ཕྱེ་འདུག དེ་ནས་ང་ཚོ་ཚང་མས་སྐད་འབོད་ཤུགས་ཆེན་པོ་རྒྱག་དུས་སྒེའུ་ཁུང་དེ་སྒོ་བརྒྱབས་སོང། དེ་དུས་ངའི་སེམས་ལ། ཨོ། ལས་ཁུངས་ནང་གི་ལས་མི་དེ་ཚོས་བོད་མི་ཉམ་ཐག་རྣམས་ཀྱི་དཀའ་ངལ་ཉན་འདོད་མེད་ནས་སྒེའུ་ཁུང་བརྒྱབས་སོང་བསམ་པ་མ་ཟད། ཁྲིམས་ལུགས་ལ་སྐྱབས་བཅོལ་ས་ཞིག་ཡོད་པ་དེ་ཡང་དོན་དངོས་ཐོག་འདི་འདྲ་ཞིག་མ་གཏོགས་མི་འདུག་པ་ཤེས་དགོས་པ་ཞིག་ཆགས་སོང།
དེ་ནས་ང་ཚོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་སྐད་འབོད་རྒྱག་ཏུ་ཕྱིན་པ་ཡིན། དེ་དུས་རྒྱལ་ཁབ་གཞན་གྱི་མི་རིགས་ཁ་ཅིག་གིས་ཡང་སྐད་འབོད་རྒྱག་བཞིན་འདུག ང་ཚོ་འབྱོར་མཚམས་ཁོང་ཚོ་འགྲོ་སོང་། དེ་ནས་ང་ཚོས་ཁ་ཡར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོ་ལ་འཁོར་ནས་སྡུག་འབོད་བྱས་པ་ཡིན།
དེ་དུས་ངས་མཐོང་བ་ཞིག་ལ་འཛམ་བུ་གླིང་གི་རྒྱལ་ཁབ་ཚོའི་རྒྱལ་དར་རྣམས་རུ་སྒྲིག་ནས་བཙུགས་འདུག་པ་དང་། རྒྱལ་ཁབ་སོ་སོའི་རྒྱལ་དར་རྣམས་རྗིས་ནི་ཝའི་མཚོ་རླུང་གྲང་མོས་དགུང་དུ་གཡོ་བཞིན་འདུག ང་རང་ཚོའི་རྒྱལ་དར་སེང་གེ་ཁ་སྤྲོད་མ་དེ་ནི་ང་ཚོ་བོད་མི་ཉམ་ཐག་ཚོས་ལག་ན་འདུག་པ་མ་གཏོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་དར་རུ་སྒྲིག་ནང་དུ་མཐོང་རྒྱུ་མི་འདུག
མཚོ་རླུང་གི་གྲང་ངར་ཆེ་བ་དང་སེམས་པར་སྡུག་བསྔལ་ཆེ་བ། རང་མི་སྲོག་འགོ་མ་ཐོན་པའི་གནས་ཚུལ་རྣམས་དྲན་དུས་རང་དབང་མེད་པར་མིག་ཆུ་སེམས་ལ་ལྷུང་ཡོང་བ་ཞིག་དང་། ང་ཚོའི་རྒྱལ་དར་འདི་རུ་སྒྲིག་འདིའི་ནང་ཇི་ལྟར་བྱས་ནས་འཛུགས་ཐུབ་པ་བྱ་དགོས་བསམ་པའི་བསམ་བློ་ཞིག་སླེབས་ཡོང་བ་ནི་རང་གཅེས་འཛིན་གྱི་འདུན་པ་ཞིག་ཡིན་པ་འདྲ།
རིམ་བཞིན་ས་གནས་བོད་ཀྱི་འགོ་པ་ཚོས་བཀའ་སློབ་གནང་སོང་། དེ་དུས་ང་ཚོ་ལ་སྲུང་སྐྱོབ་དམག་མི་ཞིག་གིས་བརྡ་གཏོང་རྒྱུར། ཁྱེད་ཚོའི་དུས་ཚོད་རྫོགས་སོང་། ད་ཕེབས་ན་མ་གཏོགས་རྒྱལ་ཁབ་གཞན་དག་གིས་སྐད་འབོད་རྒྱག་དགོས་པ་རེད་ཟེར། ས་གནས་སུད་སིའི་བོད་ཀྱི་འགོ་བ་ཚོས་ད་ང་ཚོས་མགྱོགས་ཙམ་བྱས་ནས་འགྲོ་ན་མ་གཏོགས་ང་ཚོའི་དུས་ཚོད་རྫོགས་ཟིན་པ་རེད་ཅེས་གསུངས་པ་དང་དེ་ནས་མི་དམངས་ཀྱང་སོ་སོར་ཕྱིན་སོང་།
སྤྱིར་སྟངས་སྐད་འབོད་དང་ཞི་རྒོལ་བྱས་པ་དེ་ཕན་ནུས་ཡོད་པ་ཞིག་ཡིན་གྱི་རེད། ཡིན་ཡང་འདི་ནི་ངས་མཐོང་སྟངས་ལ་སྤྱིར་སྟངས་ཀྱི་འགྲོ་ལུགས་ཙམ་མ་གཏོགས་བོད་ལ་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ཀྱི་སྲོག་སྐྱོབ་ཐུབ་པའི་རེ་བ་མི་འདུག་སྙམ། གཞིས་ལུས་བོད་མི་རྣམས་ཀྱིས་སེམས་ལ་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་རྒྱ་ནག་དམར་པོས་བོད་མི་ལ་མནར་གཅོད་བྱས་པ་ཤེས་ན་བོད་མི་ཉམ་ཐག་ལ་རྒྱབ་སྐྱོབ་བྱ་གི་རེད་བསམ་པ་དེ་ནོར་ཡོད་པ་ཤེས་པ་བྱ་རྒྱུ་གལ་ཆེན་པོ་རེད་དྲན་སོང་།
མཉམ་འབྲེལ་རྒྱལ་ཚོགས་མདུན་གྱི་ཐང་ཆེན་དུ་ཤིང་གི་རྐུབ་སྟེགས་ཆེན་པོ་ཁྲི་ཙི་ ༣༠ ཙམ་ཡོད་པ་ཞིག་ཁ་ཡར་མཉམ་འབྲེལ་རྒྱལ་ཚོགས་ལ་སྐོར་ནས་བཞག་འདུག ཡིན་ཡང་། རྐུབ་སྟེགས་དེར་རྐང་པ་གསུམ་མ་གཏོགས་མི་འདུག རྐང་པ་ཡ་གཅིག་ཆག་ཚར་འདུག དེ་འདྲ་ཡིན་དུས་ང་ཚོས་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་པ་དེ་ཚོ་རྐུབ་སྟེགས་ཆག་རོའི་སྟེང་གི་དཔོན་པོ་ཞིག་ཡིན་པ་ངོ་ཤེས་དགོས་པ་ཞེས་དང་དྲན་གྱིན་འདུག་ལ། ཨུ་ཐུག་དུས་རྐུབ་སྟེགས་ཆག་རོའི་སྟེང་གི་དཔོན་པོ་ཚོས་མི་རིགས་ཉམ་ཐག་རྣམས་ཀྱི་ཚེ་སྲོག་བཅད་མ་ཡོང་ན་ཡང་ཚེ་སྲོག་སྐྱོབ་མི་ཐུབ་པ་དེ་དངོས་ཡོད་ཀྱི་གནས་སྟངས་ཞིག་རེད་དྲན་གྱིན་འདུག
ང་ཚོར་དགོས་པ་ནི་དཔལ་འབྱོར་རེད་མ་གཏོགས་དཔལ་འབྱོར་མེད་ན་འཛམ་གླིང་འདིར་ཅི་ཡང་བྱེད་མི་ཐུབ་ཅིང་། ཁྲིམས་ལུགས་ལ་ཡང་སྐྱབས་བཅོལ་ཐུབ་ས་མ་རེད་དྲན་གྱིན་འདུག
ང་རང་ཚོ་བོད་མི་རྣམས་ལ་འཛམ་གླིང་འདིའི་སྟེང་དུ་སྐྱབས་བཅོལ་ས་ཞིག་ཡོད་པ་ནི་ཁྲིམས་ལུགས་ཡིན་ཡང་ཁྲིམས་ལུགས་ལ་སྐྱབས་བཅོལ་བ་ལ། ཡང་ན་རང་གིས་ཁྲིམས་རྩོད་ཐུབ་དགོས་པ་དང་། དེ་མིན་ན་ཁྲིམས་རྩོད་པ་དངུལ་གྱིས་ཉོ་ཐུབ་དགོས་ཀྱི་འདུག དེ་གཉིས་ཀྱི་གང་ཡང་མེད་ན་འཛམ་གླིང་འདིར་ཁྲིམས་ཞིག་མི་འདུག་སྙམ།
གུས་ཤིས་བརྩེ་བའི་རྐུན་མ་ཉི་མའམ་ཅོ་རི་ཉི་མ་ལགས། མ་མཇལ་ཡུན་རིང་། སྐུ་གཟུགས་བདེ་པོ་ཨ་ཡིན། ང་ཡང་དུས་ཡུན་ཙམ་གྱི་རིང་དྲ་བར་འཛུལ་ཞུགས་བྱེད་ཐུབ་མ་སོང་། ཡིན་ཡང་སྔར་བཞིན་སེམས་རང་ཆས་སུ་གནས་པ་ལས། ཁྱོད་འདྲ་བའི་ལྐུག་པ་གཡང་ལ་སྒྲིལ་བ་ལྟ་བུ་རང་ཆགས་མེད། དགོངས་དག་སེམས་ལ་མ་བཞག་རོགས།
འོད་ཚང་གི་ཉི་མ་ལགས། གོང་དུ་ཁྱོད་ཀྱིས་(ང་ཁྱེད་དང་མཉམ་དུ་རྩོད་པ་རྒྱག་དུས་སྔོན་མ་ཆོས་གྲྭ་ནང་གི་རྩོད་པ་རེ་རེ་དྲིན་གྱི་འདུག)ཅེས་བྲིས་འདུག་ཀྱང་། ངས་བལྟས་ན་སྔོན་མ་ཁྱོད་ཀྱིས་ཆོས་རྭ་ནང་བསྟན་པ་བཤིག་ཡ་དེ་ཚོ་དྲན་བ་ཡིན་གྱི་རེད་མ་གཏོགས། རྩོད་པ་རྩོད་ཡ་དྲིན་རྒྱུ་གང་ཡང་ཡོད་ས་མ་རེད། གང་ཡིན་ཟེར་ན། གོང་དུ་ཁྱོད་ཀྱིས་རྒྱུ་མཚན་འབྲངས་སྟངས་དང་། སྒྲུབ་བྱེད་བཀོད་སྟངས་གང་ལ་བལྟས་ཀྱང་། ཁྱབ་མ་ཁྱབ་ཀྱི་འགྲོ་སྟངས་ཙམ་ཡང་ཆགས་མེད་པའི་བཟོ་འདྲ་པོ་ཞིག་འདུག གཅིག་བྱས་ན་དུས་ཡུན་རིང་པོར་རྩོད་པ་མ་རྒྱག་ཙང་དྲན་པ་བརྗེད་བ་ཡིན་འགྲོ ཨ་རྐྱང་རྩེད་མོ་ཡིན། དགོངས་པ་མ་ཚོམས་རོགས། ངས་ཁྱོད་ལ་ཕྲག་དོགས་དང་འགྲན་སེམས་བྱེད་དགོས་ཡ་གང་ཡང་མེད་ལ། ཕ་ཡུལ་གཅིག་པ་འཇོན་པོ་དང་། སློབ་སྦྱོང་ཡག་པོ་ག་ཚོད་ཡོད་ནའང་དགའ་བསུ་ཞུ་ཡ་ཡིན།
དྲྭ་གྲོགས་ཉི་མ་ལགས། ཁྱོད་ཀྱིས་ཕ་ཡུལ་(ལྕོག་རི)ཟེར་བའི་ཚབ་དུ་(ཅོ་རི་)འབྲི་དགོས་པའི་རྒྱུ་མཚན་མང་དག་ཞིག་བྲིས་ཁུལ་བྱས་པར།
༡༽ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱི་མཚན་ཟུར་གཅིག་བཏགས་པ་དང་།
༢༽རྒྱ་གར་སྐད་དུ་རྐུན་མ་ལ་ཅོ་རི་ལབ་ཙང་སྒྲ་དང་མཐུན་པ་ཅོ་རི་འབྲི་དགོས་རེད། ཅེས་སོགས་བཤད་འདུག་ཀྱང་བློ་དང་ལྡན་པ་ཞིག་གི་བལྟས་ཚེ་བཞད་གད་ཤོར་བའི་གནས་སུ་མཐོང་གིན་འདུག
མ་ཚད་ཁྱོད་ཀྱིས་སྟོད་རྒྱ་གར་ཡུལ་གྱི་སྐད་ཅིག་སྨད་མདོ་ཁམས་སུ་སླེབས་པ་རེད།
རྒྱུ་མཚན་གང་ལ་ཟེར་ན།
གོང་དུ་བཤད་པ་བཞིན་ཅོག་རོ་བ་ཀླུའི་རྒྱལ་མཚན་གྱི་མཚན་ཟུར་གཅིག་ལྕོག་རི་དགོན་པར་བཏགས་པ་རེད། ཅེས་བཤད་འདུག་པ་དེ་ལས་རྒྱུ་མཚན་གང་ཡང་མི་འདུག ཅོག་རོ་བ་ཀླུའི་རྒྱལ་མཚན་ནི་བོད་པ་གཙང་མ་ཞིག་ཡིན་པ་ལས་རྒྱ་གར་བ་ཞིག་གཏན་ནས་མིན།
གལ་སྲིད་ཅོག་རོ་བ་ཀླུའི་རྒྱལ་མཚན་གྱི་མཚན་ཟུར་ཞིག་ལྕོག་རི་དགོན་པར་ཐོག་པ་ཡིན་པའི་དབང་དུ་བཏང་ཀྱང་། ཅོག་རོ་དགོན་པ་དང་ཅོག་རོ་བ། ཅོག་རོ་ཉི་མ། ཞེས་འབྲི་དགོས་པ་ལས། (ཅོ་རི)ཞེས་འབྲི་དགོས་པའི་རྒྱུ་མཚན་གང་ཡང་མི་འདུག
ཡང་ཁྱོད་ཀྱིས་རྒྱུ་མཚན་གཉིས་པར། ༼སྟོད་རྒྱ་གར་ཡུལ་གྱི་སྐད་ལ་ཅོ་རི་ཞེས་པའི་དོན་ཅི་ཡིན་ཞེ་ན། རྐུ་མའི་མིང་ལ་རྒྱ་གར་བས་ཅོ་རི་ཟེར་བ་དང་། རྒྱ་གར་བས་སྒྲ་གདངས་ལ་དཔྱོད་ན་ཡང་ཅོ་རི་ཞེས་པ་འདི་སྒྲ་གདངས་དང་མཐུན་པ་ཡོད་པ་མ་གཏོགས་ལྕོག་རི་དང་ཅོག་རི་ཞེས་པ་འདི་དེ་ཙམ་མཐུན་པ་མི་འདུག༽ཅེས་བྲིས་འདུག་པ།
འོ་ན་ཁྱོད་ཀྱིས་གོང་དུ་བྲིས་པ་བཞིན་མདོ་ཁམས་ཕྱོགས་སུ་ཀྲིང་མོག་ལའང་སྒོང་ལབ་དགོས་པར་ཐལ། བལ་བོའི་ཡུལ་དུ་སྐྱག་པ་ལ་སྒོང་ལབ་པའི་ཕྱིར། ཟེར་ན་གོ་རྒྱུ་ག་རེ་འདུག
གལ་ཏེ་ཁྱོད་ཀྱིས་གོ་རྒྱུ་གང་ཡང་མི་འདུག་ཅེས་ལབ་ན།
འོ་ན་ཁྱོད་ཀྱིས་ལྕོག་རི་ཟེར་བའི་ཚབ་དུ་ཅོ་རི་འབྲི་དགོས་ཏེ། རྒྱ་གར་གྱི་སྐད་ལ་རྐུན་མ་ལ་ཅོ་རི་ལབ་པའི་ཕྱིར་ཟེར་ནའང་གོ་རྒྱུ་གང་ཡང་མེད་པ་གཅིག་མཚུངས་རེད།
ཡང་གཤམ་དུ་ཁྱོད་ཀྱིས། ལྕོག་རི་དགོན་པ་ཟེར་བའི་ལྕོག་དང་། རྒྱ་གར་སྐད་ཀྱི་རྐུན་མ་ཟེར་བའི་ཅོ་གཉིས་སྒྲ་གཅིག་དགོས་པ་ལས། དོན་གཅིག་མི་དགོས་པའི་བཟོ་འདྲ་པོ་ཞིག་བྲིས་འདུག་པ་དེར་བལྟས་ན།
འོ་ན་ངས་ཀྱང་དུང་དཀར་ཚིག་མཛོད་ཆེན་མོ་དང་། བོད་རྒྱ་ཚིག་མཛོད་ཆེན་མོ་སོགས་སུ་གསལ་བ་བཞིན། བོད་ཀྱི་རི་ཆེན་བཞིའི་ཡ་གྱལ་ལྷ་ས་རྩེ་ཕོ་བྲང་གི་འཁྲིས་ལྷོ་ནུབ་ཏུ་ཡོད་པའི་ལྕགས་པོ་རིའི་མིང་བསྡུས་ཏེ་ལྕོག་རི་ཞེས་པའི་སྒྲ་དང་མཐུན་པ་འབྲི་དགོས་རེད། ཅེས་ལབ་ན་ཁྱོད་ལ་མི་འགྲིག་པའི་རྒྱུ་མཚན་ཅི་ཡོད།? ཁྱོད་ལ་སྒྲ་གཅིག་པ་ཙམ་གྱི་འགྲིག་པ་ལས། ལོ་རྒྱུས་ཀྱི་དེབ་ཐེར་སོགས་གང་ལའང་ཁུངས་བཏུག་དགོས་ཀྱིན་མི་འདུག
བསྐྱར་དུ་ངས་ཁྱོད་ལ་དྲི་བ་ཞུ་འདྲི་རྒྱུར། ལྕོག་རི་དགོན་པ་ཞེས་པའི་ལྕོག་དང་། ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་ཞེས་པའི་ཅོག དེ་བཞིན་གླིང་སྒྲུང་ནང་གི་ཅོ་རི་ཞེས་པ་དེ་གསུམ་ལ་འབྲེལ་བ་གང་ཞིག་མཆིས་སམ།?
གྲོགས་པོ་ལགས་དེ་རིང་ངེད་ཆོས་གྲྭ་ཚོགས་རྒྱུ་མེད་པས། ང་ཁྱེད་དང་མཉམ་དུ་རྩོད་པ་རྒྱག་དུས་སྔོན་མ་ཆོས་གྲྭ་ནང་གི་རྩོད་པ་རེ་རེ་དྲི་གྱི་འདུག
སང་ཉིན་ཕེབས་ཤོག་ལས་ལྭོ།
ཁ་བ་རི་པའི་གཏམ་དཔེར་ཧ་མི་གོ་མཁན་དེ་ཧམ་པ་ཚ་གཉིད་མི་ཁུག་མཁན་ལ་ནམ་ཐག་རིང་ཟེར་སྲོལ་ཡོད་བཞིན་དུ་ཧམ་པས་ས་རྒྱ་ཆོད་ལུགས་མེད།
ཁུངས་དང་ལུང་རིག་པའི་རྒྱབ་བརྟེན་ཚང་མ་ཁྱེད་ལ་ལབ་ཟིན་ཡང་བསྐྱར་དྲི་ཡང་དྲི་འདི་འདྲ་ག་རེ་རེད། རྩོད་པ་རྒྱག་འདོད་ན་གོང་དུ་ཅི་བཤད་འདུག་ལྟས
ཨོ་ཧཧཧཧ་དྲ་གྲོགས་དཀོན་མཆོག་དོན་གྲུབ་ལགས། རྒྱ་གར་ཡུལ་དུ་ཅོ་རི་ཞེས་པའི་ཐ་སྙད་དེ་རྐུ་མ་ལ་འཇུག་ཀྱང་བོད་མདོ་ཁམས་ཡུལ་དུ་ཅོ་རི་ཞེས་པའི་ཐ་སྙད་དེའི་བརྗོད་བྱ་རྐུ་མ་ཡིན་ག་ལ་དགོས། དཔེ་ན། བལ་པོའི་ཡུལ་དུ་སྒོང་ཞེས་པའི་ཐ་སྙད་དེའི་བརྗོད་བྱ་སྐྱག་པ་ཡིན་ཡང་བོད་མདོ་ཁམས་ཡུལ་དུ་སྒོང་ཞེས་པའི་ཐ་སྙད་དེའི་བརྗོད་བྱ་ཟན་སྒོང་ཡིན་པ་བཞིན་ནོ། སྟོད་རྒྱ་གར་ཡུལ་དུ་ཅོ་རི་ཡིན་ཟེར་ན་རྒྱ་གར་པས་རྐུ་མ་ཡིན་ཟེར་བར་གོ་ཀྱང་བོད་མདོ་ཁམས་ཡུལ་དུ་ཅོ་རི་ཡིན་ཟེར་ན་བོད་པ་ཚོས་རྐུ་མ་ཡིན་ཟེར་བར་མི་གོ་བ་ཙམ་ཡང་མ་ཤེས་ན་རིག་པ་རྐང་ཆག་ཞིག་ཁུར་ནས་རང་གི་མི་གཙང་ལག་པ་དེ་ང་ཉི་མའི་མགོ་ལ་བྱི་ག་ལ་ཐུབ། སྟོད་རྒྱ་གར་ཡུལ་དུ་ཅོ་རི་ཞེས་པའི་ཐ་སྙད་དེ་རྐུ་མར་འཇུག་ཀྱང་དེ་ཙམ་གྱིས་ང་ཅོ་རི་ཉི་མ་རྐུ་མ་ཉི་མ་ཡིན་པས་སྒྲུབ་བྱེད་དུ་མི་འགྲོ དེ་ལས་ཁྱེད་གྲྭ་ས་བཞུགས་མྱོང་མི་ཞིག་གིས་ང་གྲྭ་ལོག་ཞིག་གི་ཤེས་པ་ཙམ་ཡང་མི་ཤེས་འདུག་པས་སྒྲ་རྟོག་ཡུལ་ལ་འཇུག་ཚུལ་ལོ་གསུམ་སྦྱོང་ནས་ཤོག བྱང་ཆུབ་གྲོ་ལྡན་ཡུལ་དུ་མིག་ལ་རྣ་བ་དང་རྣ་བ་ལ་མིག་འབོད་ཀྱི་ཡོད་པའི་ཐོག་ནས་རྟགས་བསལ་འདྲ་གཏོང་མྱོང་མེད་པས།ཧཧཧཧཧཧཧ
དྲྭ་གྲོགས་ཅོ་རི་ཉི་མ་ལགས། ཁྱོད་ཀྱིས་ཅོ་རི་ཞེས་པའི་ཐ་སྙད་དེ་སྟོད་རྒྱ་གར་ཡུལ་གྱི་ཐ་སྙད། སྨད་མདོ་ཁམས་སྒང་དྲུག་ཡུལ་གྱི་ལུང་ཆུང་ཞིག་ལ་སླེབས་པའི་རྒྱུ་མཚན་ནི། ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱི་མིང་ཟུར་དགོན་པར་ཐོག་པ་དང་། ལྕོག་རི་དགོན་པའི་མངའ་འོག་གི་ཡུལ་མི་རྣམས་ལ་དགོན་པའི་མིང་ཟུར་བཏགས་ཏེ་ཅོ་རི་བ་འབོད་པ་ཡིན་ཞེས་འགྲེལ་བཤད་བྱས་འདུག ཁྱོད་དབང་རྣོན་དངོས་སྟོབས་རིག་པའི་རྗེས་འབྲངས་ཀྱིས་དཔྱད་ལུགས་ལྟ་ན། ལྕོག་རི་བ་ཞེས་པ་དེ་རྐུན་མ་བ་ཞེས་དཔྱད་འདུག་ལ། ལྕོག་རི་དགོན་པ་ལ་རྐུན་མའི་མིང་ཟུར་ཐོག་པ་དང་། ད་དུང་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་ལ་རྐུན་མའི་མིང་སྦྱར་པ་སོགས་གང་ལ་བལྟས་ནའང་། རྡོ་ཡར་ཀྱག་སྟེ་རང་གི་རྐང་པར་གནོན་པ་དང་གཉིས་སུ་མ་མཆིས། གང་ལ་ཞེ་ན། ཆུང་ས་ནས་རང་གི་ཡུལ་ལུང་ལ་རྐུན་མའི་ལུང་པ་ཞེས་སེམས་ལྡན་སུ་ཞིག་གིས་ཀྱང་སྨྲ་འདོད་མེད་ལ། རང་གི་ཡུལ་དགོན་ལ་རྐུན་མའི་དགོན་པ་ཞེས་དེ་བས་སྨྲ་འདོད་ག་ལ་ཡོད། ད་དུང་དུས་རབས་བརྒྱད་པར་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་སྐ་ཅོག་ཞང་གསུམ་གྱི་ཡ་གྱལ་ཡོངས་སུ་གྲགས་པའི་ལོ་ཙཱ་བ་ཆེན་པོ་ཅོག་རོ་ཀླུའི་རྒྱལ་མཚན། སྒྱུར་ཆོས་ལ་བསམ་ནའང་། དགོངས་པ་ངེས་འགྲེལ་གྱི་རྒྱ་ཆེན་འགྲེལ་བ་བམ་པོ་བཞི་བཅུ་དང་། ངེས་པའི་དོན་དབུ་མ། ཤེར་ཕྱིན་མདོར་བསྡུས། ཆོས་གཏན་ལ་དབབ་པ་སོགས་སྒྱུར་གནང་མཁན་ཁོང་ལའང་ཁྱོད་ཀྱིས་རིག་པས་དཔྱད་དེ་རྐུན་མ་སྒྲུབ་འདུག བློ་གྲོས་དང་ལྡན་པའི་དབང་རྣོན་ཞིག་གིས་སྨྲས་པ་ཡིན་ན། ཤེས་པ་རང་བཞིན་དུ་མི་གནས་པའི་དུས་ཤིག་ཡིན་པ་ཐག་ཆོད།
བསམ་བཞིན་དུ་ཁྱོད་ཀྱི་སེམས་རྣལ་ལ་ཕབ་སྟེ་རྐུན་མ་བཀྲལ་བ་ཡིན་ན། ལོ་ཙཱ་བ་དེ་སངས་རྒྱས་ཀྱི་བསྟན་པར་བྱ་བ་བྱེད་ལུགས་ལ་བལྟས་ན། བྱང་ཆུབ་སེམས་དཔའ་ཞིག་ཡིན་པ་སྨོས་ཅི་ལ་དགོས། དེ་ལྟར་ཡིན་ན།
སྤྱོད་འཇུག་ཆེན་མོ་ལས།
གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ།། གལ་ཏེ་ངན་སེམས་སྐྱེད་བ་བྱེད་པ་དེ།། ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པར་ནི།། དམྱལ་བ་གནས་པ་འགྱུར་ཞེས་ཐུབ་པས་གསུངས།། གང་དག་བསམ་བཞིན་དུ་དམྱལ་བའི་རྒྱུ་སྒྲུབ་པའི་སེམས་ཡོད་སྐྱེ་བུ་སུ་ཞིག་མཆིས། སྔོན་བྱོན་གྱི་སྐྱེས་མཆོག་ལོ་ཙཱ་བ་པ་ཚབ་ཉི་གྲགས་ཀྱིས། བེ་རོ་ཙཱ་ན་གནམ་མཁའི་མཐའ་དང་མཉམ།། སྐ་ཅོག་ཞང་གསུམ་ཉི་ཟླ་སྐར་གསུམ་བཞིན།། རིན་ཆེན་བཟང་པོ་ཐོ་རེངས་སྐར་ཆེན་འདྲ།།
ཁོ་བོ་དེ་དྲུང་སྲིན་པོ་མི་འཁྱེར་བཞིན།། ཞེས་གླིང་བཞི་སྐོར་བའི་ཟླ་བ་དང་མཉམ་པའི་ཆེ་བསྟོད་བྱས་པ་དེ། ཁྱོད་ཀྱིས་ཅོ་རི་ཞེས་པའི་ཐ་སྙད་དག་བྱེད་དུ་རྐུན་མ་སྒྲུབ་སྟངས་ལ་བལྟས་ན། ས་སྐྱ་ལེགས་བཤད་ལས།
ཁྭ་ཏས་མི་གཙང་ཟོས་པའི་ཆུ།།
ས་གཙང་གཞན་ལ་འབད་ནས་ཕྱིས།།
ཞེས་པ་དེ་བདེན་པ་ཡིན་པ་དེ་རིང་མཐོང་།
ཁྱོད་ཀྱིས་ཀྱང་། རང་ཡུལ་ལྕོག་རི་དེ་རྐུན་མ་སྒྲུབ་འདོད་ག་ལ་ཡོད། འཇིག་རྟེན་གྱི་ཁ་དཔེར།
བསྟོད་མི་ཤེས་མཁན་གྱིས་བསྟོད་པ་ལས།།
སྨོད་མི་ཤེས་མཁན་གྱིས་སྨད་ན་དགའ།། ཟེར་བའི་དཔེ་བཞིན་ད་ཆར་ཁྱོད་ཀྱིས་རྐུན་མ་ངང་གི་སྒྲུབ་འདུག ད་དུང་ཁྱོད་ལ་བཤད་རྒྱུ་ཞིག་ལ། ལོ་ཙཱ་བའི་མཚན་ལ་ཅོག་རོ་ཀླུའི་རྒྱལ་མཚན་ཡིན་པ་ལས། ཅོ་རི་ཀླུ་ཡི་རྒྱལ་མཚན་གང་དུ་གསལ།? ལྕོག་རི་ཞེས་པ་འདི། དོན་སྒྱུར་བྱས་ཏེ་ཁྱོད་ཀྱིས་བོད་སྐད་དུ་རྐུན་མར་སྒྲུབ་ན། བོད་སྐད་དུ་ཁྱོད་ལ་རྐུན་མ་ཉི་མ་ཞེས་འབོད་དགོས་སམ།?
དྲྭ་གྲོགས་ལགས། མ་ཟད་གོང་དུ་ཁྱོད་ཀྱིས་དྲི་བ་འདིར་ལན་སྔོན་དུ་གསལ་བ་ཁྱོད་ཀྱིས་མ་མཐོང་ངམ།? ལྕོག་རི་ཞེས་པའི་ལ་མགོ་འདི་ཕྱི་ལོ་ ༡༦༠༠ ནང་གསར་དུ་ཁ་སྣོན་རྒྱག་པ་གོང་དུ་བཤད་ཟིན་ལ། དེའི་གོང་དུ་ཅོག་རི་ཞེས་ཐ་སྙད་མ་ཐོག་ན་ལ་མགོ་གཅིག་པོ་སྣོན་ཏེ་ལྕོག་རི་ཞེས་པ་གྲུབ་ག་ལ་སྲིད། གལ་ཏེ་ཁྱོད་ལྟར་ནའང་ལོ་ཙཱ་བ་ཆེན་པོ་ཅོག་རོ་ཀླུའི་རྒྱལ་མཚན་གྱི་མཚན་ཟུར་ནས་ཐོག་ན། ལོ་ཙཱ་ཁོང་དུས་རབས་བརྒྱད་པའི་ནང་བྱོན་པ་ཁྱོད་ཀྱིས་མི་ཤེས་སམ།?
ད་དུང་ངས་ཁྱོད་ལ་དྲི་བ་ཞིག་འདྲི་རྒྱུར། ལྕོག་རི་དགོན་པ་ཞེས་པའི་ལྕོག་དང་། ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་ཞེས་པའི་ཅོག གླིང་སྒྲུང་ནང་གི་ཅོ་རི་བ་ཞེས་པ་དེ་གསུམ་ལ་འབྲེལ་བ་གང་ཞིག་མཆིས་སམ།?
ཡ་ཡ་གྲོགས་པོ་ཆུ་ཕྱེད་ཀ་སོང་ན་དོན་ཕྱེད་ཀ་ཤེས་ཟེར་སྲོལ་ཡོད་པར་བཞིན་དུ་ངས་ཀྱང་ཁྱེད་ཀྱི་ཟུར་ཙམ་ཚོད་དཔག་ཐུབ་སོང།
ཅོ་རི་ཞེས་པ་འདིར་ཁུངས་ལུང་དང་རིག་པའི་རྒྱབ་བརྟེན་བྱས་ས་མེད་པ་ཞིག་རྩ་བ་ནས་མིན།
ཅོ་རི་ཞེས་པའི་ཐ་སྙད་འདི་ནི་བོད་ཀྱི་ཐ་སྙད་ཤིག་མིན་འདི་ནི་རྒྱ་གར་གྱི་ཐ་སྙད་ཤིག་ཡིན། སྟོད་རྒྱ་གར་ཡུལ་གྱི་ཐ་སྙད་ཤིག་སྨད་མདོ་ཁམས་སྒང་དྲུག་ཡུལ་གྱི་ལུང་ཆུང་ཞིག་ལ་ཇི་ལྟར་སླེབས་སོང་ཞེ་ན།
ཅོ་རི་ཞེས་ཐ་སྙད་འདི་ནི་ལོ་ཙྭ་བ་ཅོ་རི་པ་ཀླུ་ཡི་རྒྱལ་མཚན་གྱི་མིང་ཟུར་དགོན་པར་བཏགས་པ་དང་ཅོ་རི་དགོན་པའི་མངའ་འོག་གི་ཡུལ་མི་རྣམས་ལ་ཅོ་རི་བ་ཞེས་བཏགས་པ་རེད། ལོ་ཙྭ་བ་ཅོ་རི་པ་ཀླུ་ཡི་རྒྱལ་མཚན་ཁོང་ནི་སྟོད་རྒྱ་གར་གྱི་མི་ཞིག་ཡིན་པ་དང་མ་ཟད་རྗེས་སུ་བོད་ལ་ཕེབས་ནས་ནང་ཆོས་བོད་བསྒྱུར་བྱས་མཁན་ཞིག་ཡིན་པ་སྲིད་དོན་རྒྱལ་རབས་སོགས་སུ་གསལ་ཡོད་པ་མ་ཟད་སྲིད་དོན་རྒྱལ་རབས་ནང་དུ་ལོ་ཙྭ་བ་ཅོ་རི་ཀླུ་ཡི་རྒྱལ་མཚན་ཞེས་བྲིས་ཡོད་པ་མ་གཏོགས་ལྕོག་རི་བ་ཀླུ་ཡི་རྒྱལ་མཚན་ཞེས་བྲིས་མེད།
ངས་ཁུངས་སྟུད་སའི་གཞུང་སྲིད་དོན་རྒྱལ་རབས་ཡིན། མ་ཟད་གླིང་གེ་སའི་སྒྲུང་གྲུའུ་གླིང་ནང་དུ་ཡང་ཅོ་རི་པ་ཞེས་བྲིས་ཡོད།
གཉིས་པ།
རིག་པས་དཔྱད་ཕྱོགས་ནི་སྟོད་རྒྱ་གར་ཡུལ་གྱི་སྐད་ལ་ཅོ་རི་ཞེས་པའི་དོན་ཅི་ཡིན་ཞེ་ན། རྐུ་མའི་མིང་ལ་རྒྱ་གར་པས་ཅོ་རི་ཟེར་བ་དང་རྒྱ་གར་པས་སྒྲ་གདངས་ལ་དཔྱོད་ན་ཡང་ཅོ་རི་ཞེས་པ་འདི་སྒྲ་གདངས་དང་མཐུན་པ་ཡོད་པ་མ་གཏོགས་ལྕོག་རི་དང་ཅོག་རི་ཞེས་པ་འདི་དེ་ཙམ་མཐུན་པ་མི་འདུག་སྙམ།
ངས་ཁྱེད་ལ་དྲི་བ་གཅིག་རང་གཅིག་བཀོད་ཀྱི་ཡིན་ཕྱི་ལོ་༡༦༠༠་སྔོན་དུ་ཅོ་རི་བའི་མིང་ལ་ཇི་ཟེར་རམ།
ཡ་ཡ་ཕར་ཕྱོགས་སོང་ན་བེ་རིའི་མིང་གི་ཐོག་ཏུ་རྩོད་པ་རྒྱག་ཚུར་ཕྱོགས་སླེབས་ན་ངའི་མིང་གི་ཐོག་ཏུ་རྩོད་རྒྱག
དང་པོ་ཁྱོད་ཀྱིས་ཁྱོད་རང་གི་དངོས་མིང་དེ་མ་བཤད་ན་ངས་ཁྱོད་ལ་རྩོད་པ་རྒྱག་རྒྱུ་མིན་ནོ།
དྲྭ་གྲོགས་ཉི་མ་ལགས། སྐུ་ཁམས་བཟང་། ཁྱོད་ཀྱིས་གོང་དུ་དྲུང་ཡིག་རྟ་མགྲིན་ཚེ་དབང་གིས་་་་་ལྕོག་རི་དང་། དམར་རྒྱལ་ཉིན་ཆུང་གིས་་་་་ཅོག་རི། ཆུ་མཁའི་འོད་ཚང་གི་ཉི་མས་་་་་ཅོ་རི། ཞེས་བྲིས་འདུག་པ་ནས། དང་པོ་གཉིས་ལ་མི་འགྲིག་པ་མི་འདུག་ཀྱང་། ཁྱོད་ཅོ་རི་ཉི་མས་འབྲི་སྟངས་འདི་ལ་ཁུངས་ལུང་གང་ཡང་མི་འདུག་སྙམ། དང་པོ་གཉིས་ལ་མི་འགྲིག་པ་མེད་པའི་རྒྱུ་མཚན་གང་ལ་ཟེར་ན། དེ་སྔ་ཕྱི་ལོ་ཆིག་སྟོང་དྲུག་བརྒྱའི་ནང་ཧོར་དགོན་སྡེ་བཅུ་གསུམ་ཕྱག་བཏབ་པ་ནས་བཟུང་། ཅོག་རི་དགའ་ལྡན་བཤད་སྒྲུབ་འཕེལ་རྒྱས་གླིང་དགོན་གྱི་(ཅོག་རི་)ཟེར་བ་ཡིག་སྒྱུར་གྱིས་ལ་མགོ་ཞིག་བཏགས་ཏེ། ལྕོགས་རི་ཞེས་འབྲི་རྒྱུ་བྱས་པའི་ལོ་རྒྱུས་རྣམས། ལོ་རྒྱུས་ཀྱི་དེབ་ཐེར་སོགས་སུ་གསལ་བ་ཁྱོད་ཀྱིས་གཟིགས་མ་སོང་ངམ། ལོ་རྒྱུས་ཀྱི་རྒྱབ་བརྟེན་དང་རིག་པའི་གཞུང་ལུགས་གང་ལའང་མ་ལྟོས་པ། རང་ངོ་ནས་རྟོག་བཟོ་ཤ་སྟག་འབྲི་ན་འགྲིག་གིན་མེད་པ་ཤེས་པ་བྱེད་རོགས། ཁྱོད་ཀྱིས་ཅོ་རི་ཞེས་བྲིས་འདུག་པ་དེར་རྒྱབ་བརྟེན་ཚད་མ་དང་། ལོ་རྒྱུས་ཀྱི་དེབ་ཐེར་གང་དུ་གསལ་འདུག
ཡང་ཁྱོད་ཀྱིས་ << དེ་རིང་ཕ་ཡུལ་གཅིག་པ་ཞིག་དུས་བབ་དྲ་ཐོག་ཕེབས་པ་དགའ་པོ་བྱུང་།>> ཞེས་དང་། << ཁྱོད་ཀྱིས་ངའི་མིང་ལ་འགྲེལ་བཤད་རྒྱག་ལུགས་ལ་ལྟས་ན་དངོས་ནས་ཕ་ཡུལ་གཅིག་པ་རང་རེད།>> ཅེས་བྲིས་འདུག་པ། ཁྱོད་ལ་ང་ཕ་ཡུལ་གཅིག་པ་ཞིག་ཡིན་པའི་རྒྱུ་མཚན་ཅི་ཡོད། གལ་ཏེ་ལྕོག་རི་ཟེར་བའི་ཡུལ་ལུང་ཆུང་ངུ་དེ་ངོ་ཤེས་པའི་རྒྱུ་མཚན་གྱི་ཡིན་ན། འོ་ན་ལྕོག་རི་ངོ་ཤེས་ན་ལྕོག་རི་བ་ཡིན་དགོས་པ་ཐལ། འདོད་ན། ཨ་རི་ངོ་ཤེས་ན་ཨ་རི་བ་དང་། བོད་པ་ངོ་ཤེས་ན་བོད་མི་ཡིན་དགོས་པ་ཐལ། འདོད་པའི་ཕྱིར། འདོད་ན། འོད་ཟེར་ལགས་ཀྱི་གཟའ་ཟླ་ཝང་ལཱིང་ཤུང་ཡང་བོད་མི་ཡིན་པ་མི་འདོད་བཞིན་དུ་ཁས་ལེན་བྱེད་དགོས་བྱུང་བ་ཁྱོད་ཀྱིས་ཨེ་ཤེས། གལ་ཏེ་ཁོང་བོད་མི་ཡིན་པ་འདོད་ན། ཁྱོད་ཀྱི་རྩ་བའི་དམ་བཅའ་ཚར་མ་སོང་ངམ། ཧཧཧཧཧཧཧཧཧ
སྐབས་རེ་ཤ་ཀླན་འཇམ་དབྱངས་གྲགས་པ་སྐབས་རེ་konchok dhondupཁྱོད་སྙིང་རྗེ་མི་གཅིག་ལ་མིང་ལྷག་བརྒྱ་བཏགས་ཡང་དོན་ཁྱོད་རང་རང་རེད།
བྱས་སྟངས་འདི་རྒྱ་གར་པག་འགོ་ལུང་པའི་བྱས་སྟངས་རང་རེད།
ཁྱོད་ང་ལ་སྐྲག་དགོས་དོན་ཡོད་ནི་མ་རེད་དེ་ལས་དངོས་མིང་ཐོག་ནས་ཤོག
ང་ནང་བཞིན་དངོས་མིང་མི་དགོས་ཡུལ་མིང་ཀྱང་མཉམ་དུ་ཡོད་པ་བྱས་ནས་ཤོག་དང་དེ་ནས་སུ་དྲང་སུ་བདེན་གྱི་སྐད་ཆ་བྱེད་ཆོག
དཀོན་མཆོག་དོན་གྲུབ་ལགས་ཁྱོད་སུ་ཡིན་ནམ། གྲོང་ཚོ་ག་ནས་ཡིན་ནམ། མི་ཚང་མིང་ལ་ཅི་ཡིན་ནམ། ཁྱོད་བཞུགས་ས་ག་པ་ཡིན་ནམ།
ཁྱོད་ཀྱིས་ངའི་མིང་ལ་འགྲེལ་བཤད་རྒྱག་ལུགས་ལ་ལྟས་ན་དངོས་ནས་ཕ་ཡུལ་གཅིག་པ་རང་རེད།་་་་་་་་་་་་གསུངས་དང་
ཁྱོད་ཀྱིས་ཕྲག་དོག་བྱས་ནས་ཞེས་བཅོས་དགོས།
konchok dhondup ལགས་དེ་རིང་ཕ་ཡུལ་གཅིག་པ་ཞིག་དུས་བབ་དྲ་ཐོག་ཕེབས་པ་དགའ་པོ་བྱུང་། ཡིན་ཡང་གཏམ་ཚིག་གཅིག་འགོ་བཙུགས་དུས་ནས་ཁྱོད་ཀྱི་ཕྲག་དོག་བྱས་ནས་སླེབས་ཡོང་བ་དེར་བློ་ཕམ་ཡོད།
ཁྱོད་ཀྱིས་ངའི་མིང་ནོར་འདུག་གསུངས་པར་རྒྱུ་མཚན་ཅི་ཞིག་བཤད་རྒྱུ་ཡོད་དམ།
དྲུང་ཡིག་རྟ་མགྲོན་ཚེ་དབང་གིས་་་་་་་་་་ལྕོག་རི།
དམར་རྒྱལ་ཉི་ཆུང་གིས་་་་་་་་་་་་་་་་་་་་་་་་ཅོག་རི།
ང་ཆུ་མཁའ་འོད་ཚང་གིས་་་་་་་་་་་་་་་་་་་་ཅོ་རི།
ཞེས་བྲིས་པ་རྣམས་ནང་ནས་ལྕོག་རི་ཞེས་པ་དེ་འགྲིག་པའི་རྒྱུ་མཚན་ཅི་ཞིག་བཤད་རྒྱུ་ཡོད་དམ།
དང་པོ་ཁྱོད་ཀྱིས་རྒྱུ་མཚན་ཞིག་གསུངས་དང་དེ་ནས་ངས་ཁྱོད་ལ་ཐ་སྙད་དེ་གསུམ་གྱི་འགྲེལ་བཤད་ཞུ་ཆོག
ཁྱོད་ཀྱིས་ཅོ་རི་ཞེས་པའི་ཐ་སྙད་འདི་ཡོང་ཁུངས་ག་ནས་ཡིན་པ་ཧ་གོ་སོང་ངམ།
ཧཧཧཧཧཧ
ལྕོག་རི་ཉི་མ་ལགས། ཁྱོད་ཀྱིས་གོང་བྲིས་པའི་ནང་<< དེ་གཉིས་ཀྱི་གང་ཡང་མེད་ན་འཛམ་གླིང་འདིར་ཁྲིམས་ཞིག་མི་འདུག་སྙམ། >> ཟེར་བ་ཞིག་བྲིས་འདུག་པ་དེ་ངེད་ཅག་ནས་ཀློག་ཤེས་ཀྱིན་མིན་འདུག ངས་བསམཔར་<< དེ་གཉིས་ཀྱི་ནང་ནས་གང་མེད་ན་>> ཞེས་འབྲི་དགོས་ཀྱི་རེད་བསམ་གྱིན་འདུག
ཅོག་རི་ཉི་མ་ལགས། ཁྱོད་ཀྱིས་རང་གིས་ཕ་ཡུལ་གྱི་མིང་ཡང་ཡག་པོ་འབྲི་མི་ཤེས་པ། ད་དུང་ཉིན་རྟག་ཅིག་རྩོམ་འདྲ་ཞིག་དང་། བསམ་ཚུལ་འདྲ་ཞིག་བྲིས་ཁུལ་བྱས་པར་ངོ་མི་ཚར་རོ། ཁྱོད་ཀྱིས་ཕྲག་དོག་དང་འགྲན་སེམས་མ་བྱེད་རྗེས་སུ་ནོར་བཅོས་ཀྱི་༼ཅོག་རི་ལ་-ལྕོག་རི་ཞེས་འབྲི་རོགས།༽
དགོངས་སེལ་ཞུ།
འབྲོག་ཕྲུག་ཚོ་གསུངས་དང་ཁྱེད་ཀྱི་རང་ཁྱིམ་དེ་ཤེས་ཀྱི་མེད་པས
དྲ་གྲོགས་ནད་མེད་ལགས་ཁྱེད་ཀྱིས་གསུངས་པ་ལྟར་མའོ་ཡི་ཆབ་སྲིད་དང་དཔལ་འབྱོར་འཛུགས་བསྐྲུན་སྐོར་རུ་མང་པོ་མི་ཤེས་སྟེ་མའོ་ཡི་མཚན་ཉིད་རིག་པའི་གསུངས་རྩོམ་ལྟ་མྱོང་ཡོད། སྤྱི་སྟངས་བཤད་ན་མའོ་ཡི་ལྟ་གྲུབ་དེ་སྤྱི་ཚོགས་ནང་དུ་ཁྱབ་བསྒྲགས་བྱེད་དུས་སྐྱེ་བོ་ཀུན་གྱིས་ཡིད་དུ་འོང་བ་ཞིག་དང་ཉམ་ཐག་རྣམས་ཀྱིས་རང་ཉིད་ལ་ཁེ་ཕན་ཐོབ་པའི་རེ་བ་དང་ཡིད་ཆེས་ཞིག་སླེབས་ཡོང་བ་འདི་ནི་མའོ་ཡི་ལྟ་གྲུབ་ནུས་པ་རེད། ཡིན་ཡང་འགོ་སྲིད་འཛིན་ནས་མཐའ་ཞིང་པ་མི་སེར་བར་དུ་སྐྱིད་སྡུག་འདྲ་མཉམ་དང་དཔལ་འབྱོར་འདྲ་མཉམ་བྱས་ཀྱི་ཡིན་ཞེས་པའི་ལྟ་གྲུབ་དེ་སྤྱི་ཚོགས་ནང་དུ་ལག་ལེན་སྟར་དུས་ལག་ལེན་ཐོག་ཡོང་ཡོད་མེད་ནི།
ད་ལྟའི་མའོ་སྐྱེ་ཡུལ་གྱི་ཞིང་པ་མི་སེར་རྣམས་ཀྱི་འཚོ་བའི་སྐྱིད་སྡུག་ལ་གཟིགས་ན་རྟོགས་ཐུབ་པ་མ་ཟད་དེ་ལས་ལྡོག་སྟེ་མའོ་ལྟ་གྲུབ་དེ་སྤྱི་ཚོགས་ནང་དུ་ལག་ལེན་སྟར་སྐབས་སུ་མི་གསོད་ཁྲག་སྦྱར་ཇི་འདྲ་ཡོང་གི་ཡོད་མེད་ནི་མི་རིགས་༥༦་གིས་མྱོང་བའི་ཐོག་ནས་ཤེས་ཐུབ།
མའོ་ལྟ་བ་དེ་ཡག་ཀྱང་སྡུག་ཀྱང་གཞི་ལུས་བོད་སྤུན་ཟླ་རྣམས་མའོ་ཡི་ལྟ་གྲུབ་འོག་ཏུ་ལུས་ཡོད། དེ་འདྲ་ཡིན་དུས་མའོ་མཚན་ཉིད་རིག་པའི་གསུངས་ནང་དུ་ཡོད་པའི་གནད་དོན་གཅིག་ཁུ་རེ་ཞིག་ཞུ་འདོད་པ་ནི། མའོ་ཡི་གསུངས་རྩོམ་དེ་ཀླད་རྨོངས་ངའི་ཆེད་དུ་དོན་གོ་ཁ་པོ་འདུག་ཡིན་ཡང་དོན་ཅུང་ཟད་གོ་བ་ཞིག་ལ་འགལ་ཟླའི་སྐོར་ཡིན། འགལ་ཟླ་ལ་དགྲ་ཕྱོགས་ཀྱི་འགལ་ཟླ་དང་ནང་ཁུལ་གྱི་འགལ་ཟླ་གཉིས་གསུངས་འདུག་མི་དམངས་ནང་ཁུལ་གྱི་འགལ་ཟླ་དེ་གྲོས་མོ་ཡི་རྒྱུད་ནས་སེལ་དགོས་པ་དང་དགྲ་ཕྱོགས་ཀྱི་འགལ་ཟླ་དེ་དྲག་རྒོལ་གྱི་རྒྱུད་ནས་སེལ་དགོས་ཞེས་གསུངས་འདུག་སྙམ། མི་རིགས་༥༦་ནང་ནས་སུ་རྒྱ་ནག་རྒྱལ་ནང་ནས་ཁ་བྲལ་བྱེད་ན་དེ་དགྲ་བོ་དང་དགྲ་ཕྱོགས་ཀྱི་འགལ་ཟླ་ངོས་འཛིན་ཐོག་ནས་དྲག་རྒོལ་བྱེད་ཀྱི་རེད། དེང་སང་གཞི་ལུས་བོད་མི་རྣམས་རྒྱ་ནག་གི་མི་སེར་ཡིན་པ་རྒྱ་ནག་གིས་ངོས་ལེན་ཡོད་བཞིན་དུ་བོད་མི་རིགས་ཀྱི་འགལ་ཟླ་དེ་ནང་ཕྱོགས་ཀྱི་འགལ་ཟླ་ལ་ངོས་ལེན་མེད་པ་དགྲ་ཕྱོགས་ཀྱི་འགལ་ཟླ་ཡིན་པའི་ཐོག་ནས་དྲག་རྒོལ་བྱེད་བཞིན་པ་འདི་རེད།
སྤྱི་སྟངས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དེ་མི་ཁྲམ་ཞིག་གི་སྐད་ཆ་ནང་བཞིན་ཡར་འཐེན་ན་ཡང་འཐེན་ཡ་ཡོད་པ་མར་འཐེན་ན་ཡང་འཐེན་ཡ་ཡོད་པ་ཞིག་རེད་འདུག་སྙམ།
དཔེ་ན་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ་ས་གོང་ཁྲ་ཏང་གི་ཡིན་གནམ་གོང་ཁྲ་ཏང་གི་ཡིན་བཀོད་ཡོད།
བོད་རང་སྐྱོང་ལྗོངས་ཀྱི་བཅའ་ཁྲིམས་ནང་དུ་བོད་མི་རང་ཁྱིམ་རང་བདག་ཡིན་ཞེས་བཀོད་ཡོད། གནད་དོན་འདིའི་ཐོག་ནས་བསམ་བློ་གཏོང་ན་འབྲོག་པ་རྣམས་ལ་རང་ཁྱིམ་རང་བདག་ཡིན་ཞེས་པའི་རང་ཁྱིམ་དེ་སྦྲ་གུར་ཕབ་ས་དེ་ཡིན་ནམ། སྦྲ་གུར་དེ་ཡིན་ནམ། ཡང་ན་འབྲོག་པའི་རྩྭ་ཐང་ཡིན་ནམ། འོ་ན་དེ་མིན་རང་ཁྱིམ་རང་བདག་ཞེས་པའི་རང་ཁྱིམ་དེ་ག་འདྲ་ཞིག་ལ་ཟེར་བ་རེད་དམ།
འབྲོག་པའི་རྩྭ་ཐང་དེ་འབྲོག་པ་ལ་རང་བདག་ཡིན་ན་ས་གོང་ཁྲ་ཏང་གི་ཡིན་ཞེས་པའི་ས་དེ་གང་ཡིན་ནམ།
འབྲོག་ཕྲུག་ལོ་ལོ་ཚོ་གཅིག་གསུངས་དང།།།།།།།།།།།།།།།།།།།།།།།།།།།།།།
དྲ་གྲོགས་མེད་དང་མགར་གདོང་བཙན་གཙོ་དྲ་གྲོགས་ལྷན་རྒྱས་ལགས།
གྲོགས་ནད་མེད་ཁྱེད་ཀྱིས་གསུངས་པ་ལྟར་རང་གིས་རང་ལ་དྲི་བ་རེ་གཏོང་དུས་ང་ཅོ་རིའི་རྨོངས་ཀླད་ནང་དུ་འཆར་ཡོང་བ་ནི། རེད་རེད་བདེན་པ་རེད་རྒྱ་གར་སྲིད་བློན་ནིས་རོ་ཡིས་གསུངས་པ་ལྟར་ཨ་རི་སྲིད་འཛིན་ཀན་ལན་དན་གྱིས་ཀྱང་༡༩༩༧་ལོར་དབྱིན་ལན་གྱིས་ཧོང་ཀོང་དེ་ཕར་རྒྱ་ནག་ལ་སྤྲོད་པའི་ལོ་དང་སྐབས་ཁེལ་ཡོད་སྟབས་བོད་མི་རྣམས་ཀྱིས་དེར་དུས་རྒྱ་ནག་གི་ཆབ་སྲིད་ལ་འགྱུར་བ་ཆེན་པོ་འགྲོ་བའི་རེ་བ་དང།
སྲིད་འཛིན་ཀན་ལན་དན་རྒྱ་ནག་ལ་མཚམས་གཟིགས་ཕེབས་སྐབས་སུ་བོད་དོན་གླེང་མོ་དང་བཟང་ཕྱོགས་ཤིག་གླེང་པས་རེ་བ་དང་རང་བཙན་རྒྱལ་ཁབ་ཤིག་ངོས་ལེན་ཡོད་པའི་ཐོག་ནས་གླེང་པས་རེ་བ་བྱ་ཁུ་ཡི་གནམ་ཆུ་དགུག་པ་བཞིན་དུ་སྡོད་ཡོད།
ཡིན་ཡང་ཨ་རི་སྲིད་ཀས་ལན་དན་གྱིས་བོད་དེ་རྒྱ་ཁུངས་ཡིན་པ་ངོས་ལེན་ཡོད་པའི་ཐོག་ནས་བོད་དོན་ཚོང་ལ་བསྒྱུར་ནས་གླེང་ཁུལ་བྱས་མྱོང་ཡོད་རེད།
སུད་སི་ཡིས་ཀྱང་བོད་པའི་སྐྱབས་བའི་ལག་ཁྱེར་ཐོག་ཏུ་ང་ཚོ་རྒྱ་ནག་མི་སེར་ཡིན་པ་ངོས་ལེན་ཡོད་པས་ཐོག་ནས་སྐྱབས་བཅོལ་ལག་ཁྱེར་ཐོག་ཏུ་རྒྱ་ནག་ཞེས་པའི་མིང་ཚིག་བཀོད་ཡོད།
༢༠༠༠ལོར་ངས་སུད་སི་སྐྱབས་བཅོལ་ལས་ཁུངས་དུ་ང་ཚོའི་ལག་ཁྱེར་ཐོག་ཏུ་རྒྱ་ནག་ཞེས་པའི་མིང་ཚིག་འདི་འགྲིག་གི་མི་འདུག་ཞེས་དང་བོད་རྒྱལ་ཁབ་འདི་ལམ་རྒྱུས་ཐོག་ནས་རང་བཙན་རྒྱལ་ཁབ་ཤིག་ཡིན་ཞེས་ཨུ་ཚུགས་ཀྱིས་ཞུ་བ་ཡང་ཡང་ཕུལ་བ་ཡིན།
དེར་དུས་སུད་སི་ལས་བྱེད་པ་དེས་ང་ལ་གསུངས་དོན་དུ་བོད་རྒྱ་ནག་གིས་ཟས་པ་རེད་ང་ཚོ་ལ་ཐབས་ཤེས་མི་འདུག་དེ་ལས་ཕོ་གསར་ཁྱེད་རང་ཨུ་ཚུགས་མ་བྱེད་ཕེབས་རྒྱུག་གསུངས་བྱུང།
འཛམ་གླིང་འདིའི་སྟེང་གི་རྒྱལ་ཁབ་མང་ཆེ་བས་བོད་དེ་རྒྱ་ཁུངས་མིན་པ་ཤེས་བཞིན་དུ་ཨུ་ཚུགས་ཀྱིས་ཐོག་ནས་བོད་རྒྱ་ཁུངས་ངོས་ལེན་བྱས་པར་གཞི་ན།
ང་རང་ཚོའི་བདེན་མཐའ་གསལ་ཐུབ་མིན་དང་བདེན་པ་ཡིན་མིན་ཐག་བཅད་བྱེད་པས་བྱེད་པ་པོ་དེ་སུ་ཡིན་མིན་ཞིག་བཙལ་དུས།
མཁས་དབང་དགེ་ཆོས་ཀྱི་གསུངས་ལས།
ཡོད་མེད་ཡིན་མིན་བདེན་རྫུན་ལ་སོགས་པ། རྩོད་པས་འུ་སྒྲ་སྒྲོག་པའི་འཇིག་རྟེན་འདིར།
མི་མང་གང་ལ་དགའ་དེ་བདེན་པ་དང། ཁ་མང་གང་ལ་མཐུན་དེ་གྲུབ་མཐའ་སྣང།
ཞེས་གསུངས་པར་གཞི་ན་རྒྱལ་ཁབ་མང་ཆེ་བས་རྒྱ་ཁུངས་རེད་ཟེར་ན་རྒྱ་ཁུངས་དང་མང་ཆེ་བས་བོད་ཁུངས་རེད་ཟེར་ན་བོད་ཁུངས་མིན་འགྲོ་སྙམ། མ་རེད་དམ།
དྲ་གྲོགས་ཅོ་རི་ཉི་མ་ལགས། བོད་རང་བཙན་ནི་ཤེལ་སྒོའི་ནང་གི་མོག་མོག་དང་འདྲ་བའི་བསམ་ཚུལ་ང་ལ་མེད། ཡིན་ན་ཡང་ཤེལ་ཕོར་ནང་གི་མོག་མོག་དང་འདྲ་པོ་མི་འདུག་གམ། བོད་མི་རེ་ངོ་རེས་ལས་འགུལ་ཞིག་སྤེལ་དང་། ང་ཚོ་དགའ་བའི་མོག་མོག་རྒྱ་མིའི་ཅོག་ཙེའི་ཐོག་ནས་མི་ལེན་ནམ།
གུས་པར་བཀུར་བའི་བསེ་བྱམས་མཆོག་ངས་ལོ་ཚིགས་འདི་གསུམ་ཆེད་དུ་བེད་སྤྱད་སྟབས་གོ་བ་རྣལ་མ་ཞིག་ལེན་ཐུབ་པའི་རེ་བ་ཡོད།
འདས་པའི་ལོ་རྒྱུས་ཐོག་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པ་དེ་ལོ་རྒྱུས་ཐོག་བོད་ལ་རྒྱུས་མངའ་ཆེ་ཤོས་ཀྱི་རྒྱལ་ཁབ་དབྱིན་ཇི་དང་། རྒྱ་གར་། རྒྱ་ནག བལ་ཡུལ། སོག་པོ། ཨ་རི་སོགས་འཛམ་གླིང་མང་ཆེ་བས་ཤེས་ཀྱིན་ཡོད་པ་རེད།
འདས་པའི་ལོ་རྒྱུས་གང་ཡིན་ལ་མ་ལྟོས་པར་ ༡༩༥༩ ལོར་བོད་རྒྱ་ནག་གིས་བཙན་འཛུལ་བྱས་རྗེས་སུ་མི་ལོ་སྟོང་ཕྲག་མང་པོའི་རིང་བོད་དང་རྒྱ་གར་གྱི་འབྲེལ་ལམ་ཇི་འདྲ་ཡིན་མིན་ལ་མ་ལྟོས་པར་རྒྱ་གར་གྱི་སྲིད་བློན་དམ་པ་ཇོ་ཧ་ལ་ནི་རུས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་ངོས་ལེན་བྱས་པ་རེད།
ཉེ་དུས་འཛམ་གླིང་སྟེང་སྙན་གྲགས་ཆེ་བའི་སྟོབས་ཆེན་ཨ་རིའི་སྲིད་འཛིན་ཨོ་བྷ་མས་རྒྱ་ནག་ཏུ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་རི་སྲིད་གཞུང་གིས་ངོས་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་ཅེས་འདས་པའི་ལོ་རྒྱུས་ཤེས་བཞིན་དུ་སྐད་ཆ་དེ་བཤད་པ་རེད།
གནད་དོན་འདིས་གསལ་བཤད་གང་ཞིག་བྱེད་དམ་ཞེས་ཅོ་རི་ཉི་མ་ལགས་ཀྱི་གཙོས་ང་ཚོའི་བོད་རིགས་ཡོངས་ཀྱིས་རང་གིས་རང་ཉིད་ལ་དྲི་བ་ཞིག་བཏོན་ནས་བསམ་བློ་གཏོང་ཐུབ་པ་བྱེད་དགོས།
དུས་རབས་ཉི་ཤུའི་ནང་འཛམ་གླིང་སྟེང་ཆབ་སྲིད་ཀྱིས་ཤུགས་རྐྱེན་དང་བག་ཆགས་གཏིང་ཟབ་ཅིག་འཇོག་ཐུབ་མཁན་གྱི་མི་སྣ་གཙོ་བོ་གཅིག་ནི་རྒྱ་ནག་གི་མེས་པོ་མའོ་ཙེ་ཏུང་ཡིན་ལ་ཁོང་ནི་རྒྱ་ནག་ཧུའུ་ནན་ཞིང་ཆེན་ནང་ཞིང་པའི་ཁྱིམ་ཚང་ཞིག་གི་བུ་ཕྲུག་དཀྱུས་མ་གཅིག་རྣོ་ངར་ཆེ་བའི་འཐབ་རྩོད་འཁྲོད་དུ་སྲིད་དོན་གྱི་ལྟ་གྲུབ་བེད་སྤྱད་དེ་རྒྱལ་ཁ་བསླངས་ཡོད་ལ་མཐར་མ་ཤི་བར་དུ་སྲིད་དབང་བཟུང་ཏེ་རྒྱ་ནག་རྒྱལ་ཁབ་དང། རྒྱ་མི་རིགས་དེ་འཛམ་གླིང་སྟེང་ཡར་ལངས་ཐུབ་པ་བྱུང་་བ་དེའང་མའོ་ཡིས་བཀའ་དྲིན་ཡིན་སྟབས་ངས་ཁོང་ནི་དུས་རབས་ཉི་ཤུའི་ནང་གི་ཆབ་སྲིད་མཁས་ཅན་ཆེ་ཤོས་གཅིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་པར་བརྟེན་རླབས་ཆེན་མའོ་ཙེ་ཏུང་ཞེས་བཤད་ཀྱིན་ཡོད།
ང་ཚོའི་བོད་རྒྱལ་ཁབ་དང་བོད་མི་རིགས་ཟེར་བ་དེ་ཡང་མའོ་ཡིས་ཆབ་སྲིད་འོག་ཏུ་འགྱེལ་ནས་ལུས་ཡོད་སྟབས་ང་ཚོས་མའོ་ཙེ་ཏུང་ཟེར་བ་དེ་བདུད་དང་། བསྟན་བཤིག དགྲ་བོ་གཅིག་ཏུ་མ་རྩིས་པར་ཁོང་ཉིད་འགྲོ་བ་མིའི་ནང་གི་ཆབ་སྲིད་ཐད་ཀྱི་མཁས་དབང་དང་རླབས་ཆེན་གྱི་ཤེས་རིག་བཀྲ་བའི་མི་སྣ་ཞིག་ཡིན་པར་ངོས་འཛིན་བྱས་ཏེ་ཁོང་གི་སྲིད་དོན་དང་ཤེས་རིག་ལ་སློབ་སྦྱོང་བྱས་ཏེ་མཐར་ང་ཚོའི་བོད་རྒྱ་ཁབ་དང་བོད་མི་རིགས་ཟེར་བ་དེ་ཡང་མར་འགྱེལ་ས་དེ་ནས་ཡར་ལངས་ཐུབ་པར་སློབ་སྦྱོང་དང། འབད་བརྩོན། ཡིད་ཆེས་བཅས་བྱེད་དགོས།
ང་ཚོ་བོད་རིགས་ཚོར་མཚོན་ན་དུས་རབས་ཉི་ཤུ་དང་ཉེར་གཅིག་འདིའི་ནང་དུ་འཛམ་གླིང་སྟེང་དུ་འགྲོ་བ་སེམས་ཅན་ཡོངས་ཀྱི་ཤེས་རྒྱུད་དུ་ཡོད་པའི་ཀུན་ཁྱབ་བྱམས་བརྩེའི་རང་བཞིན་གྱི་འགྲོ་བ་མིའི་ཡ་རབས་ཤེས་སྤྱོད་གོང་འཕེལ་དང་།
འཛམ་གླིང་དུ་དམ་པ་ལྷ་ཡི་ཆོས་ལུགས་དང་འཇིག་རྟེན་མི་ཡི་ཆོས་ལུགས་རིས་མེད་སྤྱི་ལ་ཕན་པའི་མཛའ་མཐུན་གོང་མཐོར་གཏོང་མཁན། སྒོས་སུ་བོད་རྒྱལ་ཁབ་དང་བོད་མི་རིགས་འདིར་གཞིགས་ན་སྟོང་གསུམ་གསེར་གྱིས་བཀང་ཏེ་བསྐལ་པའི་མཐར་རུ་ཕུལ་ཡང་བཀའ་དྲིན་གཞལ་དུ་མེད་པའི་༸ བོད་མིའི་བླ་ན་མེད་པའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྐྱབས་མགོན་ཡིད་བཞིན་ནོར་བུ་གང་ཉིད་ནི་ཡ་རབས་བཟང་སྤྱོད་དང་གཞན་ཕན་ཞི་བདེའི་ཐད་ལ་འཛམ་གླིང་གོ་ལཧྲིལ་པོར་ཤུགས་རྐྱེན་དང་བག་ཆགས་གཏིང་གཟབ་གཅིག་འཇོག་ཐུབ་མཁན་གྱི་རླབས་ཆེན་གྱི་མི་སྣ་གཙོ་བོ་ཞིག་ཡིན་སྟབས་ང་ཚོ་བོད་རིགས་མཚོན་ན་འཛམ་གླིང་འདིར་ངོ་གནོམ་མི་དགོས་པའི་མི་རིགས་ཞིག་ཆགས་ཡོད་སྟབས་ང་ཚོར་འདས་པའི་དུས་ཀྱི་ལོ་ཟླ་འཁོར་མོའི་ནང་འཕངས་ཉེས་ཀྱི་ཉིན་ཞིག་བྱུང་ཀྱང་འབྱུང་འགྱུར་དུས་ཀྱི་ལོ་ཟླ་འཁོར་མོའི་ནང་དུ་རྒྱལ་ཁའི་ཉིན་གཅིག་་ཡོང་བ་ཡང་ཆོས་ཉིད་ཀྱི་ངེས་གཏན་ཡིན།
འདས་པའི་ལོ་རྒྱུས་གང་ཡིན་ལ་མ་ལྟོས་པར་ ༡༩༥༩ ལོར་བོད་རྒྱ་ནག་གིས་བཙན་འཛུལ་བྱས་རྗེས་སུ་མི་ལོ་སྟོང་ཕྲག་མང་པོའི་རིང་བོད་དང་རྒྱ་གར་གྱི་འབྲེལ་ལམ་ཇི་འདྲ་ཡིན་མིན་ལ་མ་ལྟོས་པར་རྒྱ་གར་གྱི་སྲིད་བློན་དམ་པ་ཇོ་ཧ་ལ་ནི་རུས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་ངོས་ལེན་བྱས་པ་རེད།
ཉེ་དུས་འཛམ་གླིང་སྟེང་སྙན་གྲགས་ཆེ་བའི་སྟོབས་ཆེན་ཨ་རིའི་སྲིད་འཛིན་ཨོ་བྷ་མས་རྒྱ་ནག་ཏུ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་རི་སྲིད་གཞུང་གིས་ངོས་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་ཅེས་འདས་པའི་ལོ་རྒྱུས་ཤེས་བཞིན་དུ་སྐད་ཆ་དེ་བཤད་པ་རེད།
གནད་དོན་འདིས་གསལ་བཤད་གང་ཞིག་བྱེད་དམ་ཞེས་ཅོ་རི་ཉི་མ་ལགས་ཀྱི་གཙོས་ང་ཚོའི་བོད་རིགས་ཡོངས་ཀྱིས་རང་གིས་རང་ཉིད་ལ་དྲི་བ་ཞིག་བཏོན་ནས་བསམ་བློ་གཏོང་ཐུབ་པ་བྱེད་དགོས།
དུས་རབས་ཉི་ཤུའི་ནང་འཛམ་གླིང་སྟེང་ཆབ་སྲིད་ཀྱིས་ཤུགས་རྐྱེན་དང་བག་ཆགས་གཏིང་ཟབ་ཅིག་འཇོག་ཐུབ་མཁན་གྱི་མི་སྣ་གཙོ་བོ་གཅིག་ནི་རྒྱ་ནག་གི་མེས་པོ་མའོ་ཙེ་ཏུང་ཡིན་ལ་ཁོང་ནི་རྒྱ་ནག་ཧུའུ་ནན་ཞིང་ཆེན་ནང་ཞིང་པའི་ཁྱིམ་ཚང་ཞིག་གི་བུ་ཕྲུག་དཀྱུས་མ་གཅིག་རྣོ་ངར་ཆེ་བའི་འཐབ་རྩོད་འཁྲོད་དུ་སྲིད་དོན་གྱི་ལྟ་གྲུབ་བེད་སྤྱད་དེ་རྒྱལ་ཁ་བསླངས་ཡོད་ལ་མཐར་མ་ཤི་བར་དུ་སྲིད་དབང་བཟུང་ཏེ་རྒྱ་ནག་རྒྱལ་ཁབ་དང། རྒྱ་མི་རིགས་དེ་འཛམ་གླིང་སྟེང་ཡར་ལངས་ཐུབ་པ་བྱུང་་བ་དེའང་མའོ་ཡིས་བཀའ་དྲིན་ཡིན་སྟབས་ངས་ཁོང་ནི་དུས་རབས་ཉི་ཤུའི་ནང་གི་ཆབ་སྲིད་མཁས་ཅན་ཆེ་ཤོས་གཅིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་པར་བརྟེན་རླབས་ཆེན་མའོ་ཙེ་ཏུང་ཞེས་བཤད་ཀྱིན་ཡོད།
ང་ཚོའི་བོད་རྒྱལ་ཁབ་དང་བོད་མི་རིགས་ཟེར་བ་དེ་ཡང་མའོ་ཡིས་ཆབ་སྲིད་འོག་ཏུ་འགྱེལ་ནས་ལུས་ཡོད་སྟབས་ང་ཚོས་མའོ་ཙེ་ཏུང་ཟེར་བ་དེ་བདུད་དང་། བསྟན་བཤིག དགྲ་བོ་གཅིག་ཏུ་མ་རྩིས་པར་ཁོང་ཉིད་འགྲོ་བ་མིའི་ནང་གི་ཆབ་སྲིད་ཐད་ཀྱི་མཁས་དབང་དང་རླབས་ཆེན་གྱི་ཤེས་རིག་བཀྲ་བའི་མི་སྣ་ཞིག་ཡིན་པར་ངོས་འཛིན་བྱས་ཏེ་ཁོང་གི་སྲིད་དོན་དང་ཤེས་རིག་ལ་སློབ་སྦྱོང་བྱས་ཏེ་མཐར་ང་ཚོའི་བོད་རྒྱ་ཁབ་དང་བོད་མི་རིགས་ཟེར་བ་དེ་ཡང་མར་འགྱེལ་ས་དེ་ནས་ཡར་ལངས་ཐུབ་པར་སློབ་སྦྱོང་དང། འབད་བརྩོན། ཡིད་ཆེས་བཅས་བྱེད་དགོས།
ང་ཚོ་བོད་རིགས་ཚོར་མཚོན་ན་དུས་རབས་ཉི་ཤུ་དང་ཉེར་གཅིག་འདིའི་ནང་དུ་འཛམ་གླིང་སྟེང་དུ་འགྲོ་བ་སེམས་ཅན་ཡོངས་ཀྱི་ཤེས་རྒྱུད་དུ་ཡོད་པའི་ཀུན་ཁྱབ་བྱམས་བརྩེའི་རང་བཞིན་གྱི་འགྲོ་བ་མིའི་ཡ་རབས་ཤེས་སྤྱོད་གོང་འཕེལ་དང་།
འཛམ་གླིང་དུ་དམ་པ་ལྷ་ཡི་ཆོས་ལུགས་དང་འཇིག་རྟེན་མི་ཡི་ཆོས་ལུགས་རིས་མེད་སྤྱི་ལ་ཕན་པའི་མཛའ་མཐུན་གོང་མཐོར་གཏོང་མཁན། སྒོས་སུ་བོད་རྒྱལ་ཁབ་དང་བོད་མི་རིགས་འདིར་གཞིགས་ན་སྟོང་གསུམ་གསེར་གྱིས་བཀང་ཏེ་བསྐལ་པའི་མཐར་རུ་ཕུལ་ཡང་བཀའ་དྲིན་གཞལ་དུ་མེད་པའི་༸ བོད་མིའི་བླ་ན་མེད་པའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྐྱབས་མགོན་ཡིད་བཞིན་ནོར་བུ་གང་ཉིད་ནི་ཡ་རབས་བཟང་སྤྱོད་དང་གཞན་ཕན་ཞི་བདེའི་ཐད་ལ་འཛམ་གླིང་གོ་ལཧྲིལ་པོར་ཤུགས་རྐྱེན་དང་བག་ཆགས་གཏིང་གཟབ་གཅིག་འཇོག་ཐུབ་མཁན་གྱི་རླབས་ཆེན་གྱི་མི་སྣ་གཙོ་བོ་ཞིག་ཡིན་སྟབས་ང་ཚོ་བོད་རིགས་མཚོན་ན་འཛམ་གླིང་འདིར་ངོ་གནོམ་མི་དགོས་པའི་མི་རིགས་ཞིག་ཆགས་ཡོད་སྟབས་ང་ཚོར་འདས་པའི་དུས་ཀྱི་ལོ་ཟླ་འཁོར་མོའི་ནང་འཕངས་ཉེས་ཀྱི་ཉིན་ཞིག་བྱུང་ཀྱང་འབྱུང་འགྱུར་དུས་ཀྱི་ལོ་ཟླ་འཁོར་མོའི་ནང་དུ་རྒྱལ་ཁའི་ཉིན་གཅིག་་ཡོང་བ་ཡང་ཆོས་ཉིད་ཀྱི་ངེས་གཏན་ཡིན།
མ་ཟད་དྲ་གྲོགས་ལྷོ་ཕྲུག་སྣ་བོ་ཆེན་དང་སྐར་ཁྲི་བཙན་གཉིས་གདན་འདྲེན་ཞུ་མཁན་ང་ག་པ་འགྲོ་དགོས་སམ། ཁྱེད་གཉིས་ལ་རྙིང་རྗེ་འདྲ་ཡོད་ན་བསམ་ཚུལ་གནང་བ་ཕེབས་རོགས་ཞུ
དྲ་གྲོགས་བྱམས་རྒྱལ་ལགས།
ཁྱེད་གསུངས་པ་ལྟར་ང་ཚོ་གཞུང་དམངས་གཉིས་ལ་དངུལ་མེད་ན་ཐབས་མེད་ཡིན་དུས་གནད་འགག་ཆེ་ཤོས་དེར་དབྱེ་བ་ཕྱེ་ན། དང་པོ་དངུལ་བཟོ་ཐུབ་པ། གཉིས་པ་སྤྱི་དངུལ་དེ་ལྐོག་ཟ་བྱེད་མི་འགྲོ་བའི་རིག་གནས་གཅིག་མེད་ན་དངུལ་བཟོ་ཐུབ་ཡང་མི་ཕུན་འདུག
དེ་ཡིན་དུས་ང་མར་ཉལ་ནས་བསམ་བློ་གཏོང་ཡང་འདྲ་ཡར་ལངས་ནས་མིག་གིས་ལྟས་ན་འདྲ་ང་ལ་བསམ་བློ་འཁོར་ཡོང་བ་ཞིག་ལ་དཔེ་ན་སུད་སི་ལྟ་བུ་ལ་མཚོན་ན་སྤྱི་དངུལ་ལྐོག་ཟ་བྱས་མཁན་ཉུང་ཉུང་རེད།
སུད་སི་མི་སེར་རྣམས་ནང་པ་མ་རེད་ལགས་ཚེ་འདི་ཕྱི་དང་ལས་རྒྱུ་འབྲས་ཁ་ནས་བཤད་སྡོད་པའི་མི་རིགས་ཤིག་ཀྱང་མ་རེད།
ང་རང་ཚོ་བོད་མི་རྣམས་ནི་ཚེ་འདི་ཕྱི་ཡོད་མཁན་ལས་རྒྱུ་འབྲས་ཡོད་མཁན་གྱི་མི་རིགས་ཤིག་ཡིན་ཞེས་རང་ཉིོད་སྤོབས་པ་མཐོ་པོའི་ཐོག་ནས་འགྲོ་བཞིན་ཡོད།
ཡིན་ཡང་སྤྱི་དངུལ་ལྐོག་ཟ་བྱས་མཁན་སུད་སི་ལས་མང་བ་ཡོད་པས་ང་ཚོ་ལ་ཅི་ཞིག་ལན་པ་ཡིན་ནམ་ཞེས་བསམ་བློ་གཏོང་དུས།
དཔེ་ན་སུད་སི་མི་སེར་རྣམས་ལ་རང་ཉིད་ལ་ཀླ་ཕོག་མཐོ་པོ་ཡོད་པ་དང་ན་བ་ཚ་གསུམ་བྱུང་ན་སྨན་རིན་དང་རྒ་ན་རྒས་གསོ་དང་དེ་ལས་སྐྱོ་བ་རྣམས་ལ་སྐྱབས་གསོ་ཡོད་པས་རང་ཉིད་ལ་དེ་ཙམ་འཚོ་བ་མི་འདང་བའི་དཀའ་མེད་དུས་ཡིན་གཅིག་མིན་གཉིས་དངུལ་ཞིག་གསོག་འཇོག་བྱེད་མི་དགོས་པས་རྒྱུ་མཚན་གྱིས་སྤྱི་དངུལ་ལྐོག་ཟ་བྱེད་མཁན་ཉུང་བ་རེད་བསམ་གྱིན་འདུག
ང་ཚོ་བོད་པ་ལ་དེ་འདྲ་མེད་པས་རྒྱུ་མཚན་གྱིས་མིན་འགྲོ དྲ་གྲོགས་ཚོ་གནད་དོན་འདིར་བསམ་ཚུལ་ཞིག་གནང་རོགས་ཞུ་ཞུ།།།།།།།།།།།།།།།།
དྲ་གྲོགས་བྱམས་རྒྱལ་ལགས་ལས་ཀ་ནས་སླེབས་ཚར་ཡིན་ནམ།
ངས་བསམ་པ་དྲ་གྲོགས་ཚོང་མས་ཇི་ཤེས་གང་འཇོན་བྱེད་ནས་བསམ་ཚུལ་ཚ་ཚ་འུ་འུ་ཞིག་དགུག་སྡོད་ཡོད། དུས་ཚོད་ཡོད་པ་དེ་འདིའི་ཐོག་གཏོང་ནང་ཉིན་གང་བོད་པའི་དྲ་ཁང་རྣམས་ཀྱི་ནང་དུ་སྡོད་པ་ཡིན།
དེ་རིང་དྲ་གྲོགས་བདེ་བ་ཅན་ཡང་ཕེབས་སོང་སྟེ་གནས་དོན་གླེང་མོ་བྱེད་འདོད་མེད་པ་འདྲ།
དྲ་གྲོགས་ནད་མེད་ལགས།
བསེ་རུ་་རྨོངས་པ་ལྟར་ལོ་ཚིགས་འདི་དག་༡༢༢༦། ༡༢༢༧། ༡༢༢༨ གིས་ང་ཡང་་རྨོངས་སུ་བཅུག་སོང་ངོ་།
དྲ་གྲོགས་ཅོ་རི་ལགས།
དེ་རིང་ཁྱེད་ཀྱི་རྩོམ་དེ་བསམ་ཚུལ་དྲ་མིག་ནང་དུ་ཕེབས་འདུག་པས་སྐུ་ཞབས་ལུང་རིག་ལགས་སུ་ཐུགས་རྗེ་ཆེ་དང་ཁྱེད་ལ་འཚམས་འདྲི་ཡོད་།
དྲ་གྲོགས་ཚོས་ཀྱང་བསམ་འཆར་འདོན་བཞིན་སྒང་རེད་འདུག་།
ད་ང་ཚོ་ཡར་སྐོར་ན་འདྲ་མར་སྐོར་ན་འདྲ་དྲི་རྟགས་ངོ་མ་དེ་རྩ་དོན་ཐོག་མི་རེའི་ངོ་རེས་ཅི་ཞིག་བྱེད་ཐུབ་བམ་ ཟེར་བ་དེ་རེད་། ཁར་སྔོན་རང་སྐད་ཆ་བྱུང་བ་བཞིན་ལུང་རིག་ཁོ་ནར་བསྟེན་ནས་མི་སྡོད་པ་ལག་ལེན་ངོ་མ་བྱེད་དགོས་རེད་ཟེར་། ལག་ལེན་ངོ་མ་དེ་ག་རེ་རེད་།
བོད་ལ་རང་སྐྱོང་ཚད་ལྡན་གྱི་གནས་བབ་རྒྱ་ནག་གི་རྩ་ཁྲིམས་ནང་ཡོད་རེད་ཟེར་། ངས་རྒྱ་་ཡིག་མི་ཤིས་ཙང་ཀློག་མྱོང་མེད་། བོད་ཡིག་ནང་ཡོད་མེད་ཀྱང་མི་ཤིས། མེད་ན་དེ་ཚོ་བོད་ཡིག་ནང་སྒྱུར་ཏེ་བོད་པ་ཚོས་རྒྱུས་ལོན་བྱེད་དགོས་འདུག། རྒྱ་གཞུང་ལ་ཞུ་གཏུགས་འདྲ་རྒྱག་ནའང་གཞི་ཞིག་འདུག་བ་ ་་་་རྒྱ་མི་རིགས་དང་མཉམ་དུའང་སྐདཆ་དེ་ཚོ་བརྒྱུད་ནས་གནས་ཚུལ་གསེད་དགྲོལ་འདྲ་བྱེད་ན་ཨོ་ཙི་མི་ཡོང་ངམ། ང་ཚོ་ལ་ཁྲིམས་ལུག་གི་སློབ་གྲ་མང་པོ་དགོས་ཀྱི་རེད་བསམ་གྱི་འདུག་ལ་དཔལ་འབྱོར་འདུ་འགོད་ལའང་བསམ་བློ་གཏོང་དགོས་འདུག། གཞན་ཅང་ཤེས་ཀྱི་མི་འདུག། དགོངས་པ་ཞུ་བརྒྱི་ཡིན།།
སྲོག་འགོ་མི་ཐོན་པའི་ཞེས་བཅོས་རོགས
བློན་ཆེན་མགར་བ་གདོང་བཙན་ལགས།
ཁྱེད་ཀྱིས་བཤད་པ་ཐལ་དྲག་སོང་ང་ཚོས་རང་མི་སྲོག་འགོ་ཐོན་པའི་དུས་ཚོད་འདིར་རང་བཙན་ཟེར་བ་དེ་ཤེལ་སྒོ་ནང་གི་མོག་མོག་ནང་བཞིན་རེད།
དེང་སང་རྒྱ་མི་ལ་ཁ་ཡག་ངོ་དགའ་ཞེས་བཅོས་རོགས་ཞུ།
དངོས་གནས་དྲ་གྲོགས་རྣམས་ཀྱིས་བསམ་བློ་ཡག་པོ་གཏོང་གི་འདུག།
བསམ་བློ་དེ་འདྲ་ཞིག་དང་མཐུན་པའི་ལས་ཀ་ཡང་བྱེད་ན། རང་བཙན་ལ་སོགས་གང་དགོས་མི་ཐུབ་པ་ག་ལ་སྲིད་།
རང་གི་དགྲ་ལ་སྡང་མིག་ལྟ་ཙམ་ནུས་པའི་ཤ་ཁྲག་རུས་གསུམ་ལགས།
ཁྱེད་ཀྱིས་བསམ་ཚུལ་དང་དྲི་བ་མང་པོ་ཞིག་གསུངས་པ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྲིམས་ཀྱི་དབང་ཆ་ནི་འཛམ་གླིང་གི་ཕྱུག་བདག་ཚོར་ཡོད་པ་དང་ཕྱུག་ཚོའི་རྒྱབ་རྩ་དམག་མི་ཡོད་པ་དང་དམག་མིའི་ལག་ཆ་མེ་ཤུགས་འཕུར་མདའ་ཡོད་པ་རྣམས་ཀྱི་འོག་ཏུ་ང་རང་ཚོའི་བདེན་མཐའ་གསལ་ཐབས་བྱེད་ཐུབ་བམ།
ཡིན་ཡང་ངས་དུས་རྒྱུན་དུ་ཁྲིམས་ལུགས་འདི་ནི་མི་ཉམ་ཐག་བ་ཚོའི་སྐྱབས་བཅོལ་ས་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་དེ་དངོས་གནས་ནོར་འདུག་པས།
ང་ཚོས་མི་ལོ་ལྔ་བཅུའི་རིང་དུ་ཡུ་རོ་ཨ་མེ་རི་ཀའི་ང་ཚོར་རྒྱབ་སྐྱོབ་ཐོབ་པའི་ཆེད་དུ་ལས་འགན་འདྲ་མིན་སྣ་ཚོགས་སྤེལ་པ་མ་ཟད་མི་རིགས་དཀར་པོ་ལ་ཁ་ཡག་ངོ་དགའ་བྱས་ནས་རེ་བ་རྒྱག་པ་རེད། དེང་ངས་རྒྱ་མི་ལ་ཁ་ཡག་ངོ་དགའ་བྱེད་བཞིན་པ་འདི་གཉིས་ནས་གང་དེ་བོད་དོན་ལ་ཕུན་ནུས་ཆེན་པོ་ཡོད་དམ།
ངའི་རྨོངས་ཀླད་ནང་དུ་འཆར་བ་ཞིག་ལ་རྒྱ་ནག་གཞུང་གི་ང་ཚོ་བོད་དེ་རྒྱལ་ཁབ་ཞིག་ཡིན་ཁས་མི་ལེན་ཀྱང་ཕྱི་རྒྱལ་ཁབ་ཁག་གིས་ང་ཚོ་བོད་འདི་རྒྱལ་ཁབ་ཤིག་དང་བཙན་བྱོལ་གཞུང་དེ་སྐྱབས་བཅོལ་གཞུང་ཞིག་ལ་ངོས་འཛིན་བྱ་ཐབས་ལ་འབད་ན་ཡག་པོ་འདུག་གམ།
བོད་ལ་རྒྱལ་དར་དགོས་དང་མི་དགོས།
ཅོ་རི་ཉི་མ་ལགས། མི་མ་ཤི་ན་རིག་རྒྱུ་མང་ཟེར་ནས་བོད་ཀྱི་སྲིད་པའི་གཏམ་དུ་ཡོད་པ་བཞིན། ང་ཚོ་ཁྲིམས་ལུགས་ཀྱི་མདུན་ན་དབུང་གཉེན་མེད་པ་ནི། སྐུ་ཉིད་ཀྱི་གསུངས་པ་ལྟར་བདེན་པ་ཡིན། དེ་ནི་ཁྲིམས་ལུགས་དབང་སྒྱུར་བྱེད་མཁན་དེ་ནི་འཛམ་གླིང་གི་ཕྱུག་བདག་ཚོ་དང་དབང་ཆེན་ཚོ་ཡིན་དུས། ཕྱུག་བདག་དག་གིས་རང་གི་ཚོང་ལས་གཞན་ལ་མི་བསམ་པ་དང་། དབང་ཆེན་དག་གིས་རང་གི་གོ་གནས་ལས་གང་ལ་ཡང་བསམ་བློ་མི་གཏོང་བའི་འཛམ་གླིང་འདི་ན། རང་རེའི་སྟོན་པ་ཐུགས་རྗེ་ཅན་གྱི་བདག་ཉིད་བདག་གི་མགོན་ཡིན་ནོ་ཟེར་བ་དེ་ལས་འུ་ཅག་ལ་བསླབ་བྱ་ནམ་ཡང་དགོས་ཀྱི་མེད་པ་ཡིན་དུས། རང་རང་གིས་སྒྲུབ་པ་དག་གཞན་གྱི་ཡི་རུང་བྱེད་མིན་དེ་ནི་གཙོ་བོ་མ་ཡིན་པར་རང་མི་རིགས་ཀྱི་དོན་དག་ལ་ལྷག་བསམ་རྣམ་དག་ཡིན་མིན་དང་། བདེན་མཐའ་གསལ་བ་ཟེར་བ་དེ་ནི་སྐད་འབོད་ཙམ་ཞིག་གི་གཏན་ནས་མི་འོང་བའི་གནས་ལུགས་དེ་བོད་མི་མང་གིས་ཤེས་རན་ཡིན་པའི་བརྡ་སྐུལ་གང་ས་ནས་བྱོས་དང་། ང་ཚོ་ཚང་མ་རང་ཡུལ་ནས་གྱར་བའི་བོད་མི་ཤ་སྟག་ཡིན་ལ། རང་མི་དག་ལ་བསམ་བཞིན་དུ་རྒྱའི་སྲིད་གཞུང་གི་མེ་མདའི་འོག་གི་རྡེའུ་གཅིག་གི་རིན་ལས་མེད་པར་གྱུར་ན་དངོས་ནས་འུ་ཅག་བོད་དུ་སྐྱེ་ཡང་ཟ་འདྲེ་དང་། བོད་སྐད་བཤད་ཀྱང་བོད་དོན་མི་ཤེས་པ། བོད་ཡིག་སྤྱོང་ཡང་མེས་པོ་དག་གི་སྐུ་དྲིན་མ་ཚོར་བ། རིགས་ཞེན་ཡོད་ཀྱང་ལག་ལེན་མེད་པ་སོགས་ཀྱི་རྒྱ་ལས་གྲོལ་དགོས་ན། རྐུབ་སྟེགས་ཆག་པོ་དེའི་མདུན་གྱི་དུས་ཚོད་ཚང་མིན་ལ་སྒུག་པ་ལས། དུས་ཚོད་ཚུར་ལ་སྟེར་རོགས་ཟེར་ནས་འཚོལ་དུ་ཡོང་བ་ཞིག་བྱེད་རྒྱུ་དེ་ནི། འུ་ཅག་ལ་མི་མེད་པ་མིན་ལ། འུ་ཅག་གིས་ལོ་ངོ་ལྔ་བཅུ་ལས་བརྒལ་བའི་རིང་དུ་དུས་ཚོད་རེ་ཟུང་གི་སྐད་འབོད་དང་། ཉི་མ་རེ་གཉིས་ཀྱི་གོ་སྒྲིག་ཞིག་ལས་འཇམ་འཇག་གེར་སོང་བའི་ལན་པ་ཡིན་པའི་བརྡ་ལན་དེ་ནི་བོད་མི་ཡིན་ཚད་ལ་བསྒྲགས་རན་རེད་ལ། སྐུ་ཉིད་ལ་ད་རེབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་ནས། དར་ཆ་མང་བོ་ཞིག་བསྒྲེང་བའི་ཁྲོད་དུ་བོད་ཀྱི་རྒྱལ་དར་མེད་པའི་ཚོར་བའི་རིགས་ཞེན་དེ་ནི་བོད་མི་གནས་ཡུལ་གྱི་རྒྱལ་ཁབ་གཞན་དག་ཚང་མ་རུ་ཡོད་པ་རེད་ལགས། ད་ནི་རྒྱལ་དར་དེ་ནི་བོད་ལ་དགོས་དང་མི་དགོས། བོད་ཀྱི་རྒྱལ་གླུ་བོད་ལ་དགོས་དང་མི་དགོས། བོད་མི་ལ་བོད་མི་རིགས་ཀྱི་རིག་གཞུང་གོམ་གཤིས་དགོས་དང་མི་དགོས། བོད་མིས་བོད་མི་སྐྱོབས་པའི་ནུས་པ་ཡོད་དང་མེད་བཅས་པ་འུ་ཅག་གི་ཆེས་གནད་འགག་གི་དྲི་བ་དང་། དྲི་བ་དེ་དག་ལན་ཡང་འུ་ཅག་གི་མི་རབས་འདིས་མ་འགྲུབ་པ་ཡིན་དུས། མི་རབས་རྗེས་མ་དག་ནི་རེ་བ་ཡོད་མེད་ཀྱི་སྐྱ་ཐིགས་ཤིག་ད་ལྟའི་བར་དུ་སུས་ཀྱང་མཐོང་མེད་ཚོད་རེད།
ང་རང་ཚོའི་བོད་མི་རིགས་འདི་རང་ཉིད་རང་རྐང་སྟེང་དུ་ལང་ཐུབ་པའི་ཐབས་ཤེས་རེ་བསམ་ཚུལ་ཡོད་པ་རྣམས་གསུངས་དང་ང་ཅོ་རིའི་མགོ་ལེབ་ལེབ་བྱ་ནས་ཉན་ཡོད་དོ།
དྲ་གྲོགས་ནད་ལགས་ང་ལ་ཞེན་སྡང་གི་ནད་དེས་རྐྱེན་བྱས་ནས་མའོ་ཞེས་ཚིག་མཐོང་དུས་ཞེན་སྡང་མེ་ལྕེ་འབར་ནས་ཁྱེད་ཉིད་མཆན་དེ་ཡང་ཡག་པོ་ཞིག་ཀློག་ཐུབ་མི་འདུག ཁྱེད་ཀྱིས་ང་ཚོས་མའོ་ཡི་ཚིག་དོན་དེ་བེད་སྤྱོད་དགོས་པ་དེར་ངས་གོ་བ་ལོག་ནས་ང་ཚོའི་མའོ་གསུངས་འདུག་བསམ་ནས་ཁོང་ཁྲོས་མེ་འབར་བཞིན་མིག་ཡོད་ཀྱང་དམ་པ་ངོ་ཤེས་ཟེར་བ་ལྟར་རེད་ཐལ།
དང་པོ་རྩོམ་སྒྲིག་པ་ལུང་རིགས་ལགས། ཁྱེད་ལ་དྲ་གྲོགས་ཚོས་ཁ་རྡུང་བྱས་པར་མ་བརྟེན་པ་ངའི་རྩོམ་ཉོག་འདི་དྲ་ཐོག་བཀོད་པ་སྙིང་ཐག་ནས་ཐུགས་ཇེ་ཆེ་ཞུ་རྒྱུ་ཡིན།
གཉིས་པ་མི་ཀུན་དང་མཐུན་པའི་བསེ་རུ་ལགས་བསམ་ཚུལ་གསུངས་པ་ཐུགས་རྗེ་ཚེ་ཞུ། མི་ཡར་རབས་ཁྱེད་ཀྱིས་མིག་ཆུ་ཤོར་དུས་ངས་ཁ་རྡུང་གཏོང་ཐལ་སོང་བ་དེར་ང་རང་འགྱོད་པ་ཆེན་པོ་བྱུང་མ་ཟད་རང་རིགས་ལ་ཞེན་པ་དཀའ་བའི་བོད་མི་རྣམས་ལ་ང་ཅོ་རིས་དགོངས་འགལ་མེད་པ་ཞུ་རྒྱུ་ཡིན།
མ་ཟད་ཁྱེད་ཀྱིས་དྲི་བ་དེར་ལན་འདེབས་ཤེས་མ་སོང་ཞུ།
གསུམ་པ་དྲ་གྲོགས་བདེ་བ་ཅན་ལགས་ཁ་སྔོན་མཆན་ཞིག་གི་ནང་དུ་ཚིག་ངན་ཤོར་སོང་བ་དེར་དགོངས་འགལ་མེད་པ་ཞུ་རྒྱུ་དང་དེ་སྔོན་ཁྱེད་ཀྱི་མཉམ་ཏུ་ལག་ལེན་ལ་གཞོལ་མི་ཞེས་པའི་ལེན་མཚན་ནང་དུ་ངེད་གཉིས་གནད་དོན་གླེང་མོ་བྱས་སྐབས་སུ་ཁྱེད་ཀྱིས་གླེང་མོ་དེ་ཐག་མ་གཅོད་པ་འགྲོ་སོང་བློ་ཕམ་ཡོད་ངས་བསམ་པ་ང་ལྟ་བུ་མི་བུ་ཕལ་པ་ཞིག་གི་མཉམ་དུ་གླེང་མོ་བཤད་མི་འདོད་པས་ཡིན་གྱི་རེད་བསམ་བྱུང། ཡིན་ཡང་དེ་རིང་ཨ་ལན་ཞིག་གནང་བ་མ་ཟད་སྤྱི་པའི་སྒྲིག་འཛུགས་དང་རྒྱང་ཐག་པོ་འདུག་ཞེས་ཕྱོགས་གཞན་ཞིག་ནས་གླེང་བ་ལ་གཞི་ན་ཁྱེད་གནས་དོན་གླེང་མོ་ཡི་ཆེད་དུ་མིན་འདྲ།
བཞི་པ་ནད་པ་ལགས་ཁྱེད་ཀྱིས་ང་ཚོས་རླབས་ཆེན་གཙོ་མཛད་མའོ་ཙེ་ཏུང་གིས་ཞེས་བཤད་པ་དེ་ང་ཅོ་རིའི་ཆེད་དུ་ཅུང་ཟད་ཐལ་ཆེ་སོང་བ་མ་ཟད་ལོ་རྒྱུས་ཀྱི་ཐོག་ང་ཚོ་རྒྱ་ཁུངས་ཡིན་མདོག་བཤད་པར་གཞི་ན་ཁྱེད་ལ་རྒྱ་ཡི་འདྲེ་ནད་ཕོག་པ་འདྲ།
དེ་ཚོ་སྐྱུར་ཞོགས་དེ་ལས་རང་ཉིད་རྐང་སྟེང་དུ་ལང་དགོས་གསུངས་པ་དེ་བདེན་པ་ཡིན་གྱི་རེད་ཡིན་ན་ཇི་ལྟར་རང་རྐང་སྟེང་དུ་ལང་དགོས་སམ།
༡༢༢༦། ༡༢༢༧། ༡༢༢༨ ལོ་ཚིགས་འདི་དག་གིས་ཁོ་བོ་རྨོངས་སུ་བཅུག་སོང་།
ཅོ་རི་ཉི་མ་ལགས་སེམས་ཤུགས་མ་ཆག་ཨ། ངས་གསལ་བཤད་ཐུང་ཐུང་ཞིག་ཞུ་རྒྱུར་ལོ་རབས་དྲུག་ཅུའི་སྔོན་དུ་རྒྱ་ནག་གི་རྒྱལ་ནང་དུ་གུང་ཁྲན་ཏང་དང་གུང་མིན་ཏང་གཉིས་འཐབ་འཛིན་བྱེད་དུས་སུ་གུང་མིན་ཏང་སྲིད་གཞུང་གི་མགོ་གཙོ་ཇང་ཅེ་ཧྲེས་་་་་དར་དམར་ག་དུས་བར་དུ་བསྒྲེང་ཐུབ་བམ་་་་ཞེས་ཡི་གེ་ཞིག་བཏང་བའི་ལན་དུ་གུང་ཁྲན་ཏང་གི་མགོ་གཙོ་མའོ་ཙེ་ཏུང་གིས་་་་མེ་སྟག་ཆུང་ངུས་སྤང་ལྗོངས་བསྲེག་ཐུབ་་་་ཅེས་ལན་བཏབ་ཡོད་པ་རེད་ལ་ཕྱི་ལོ་ ༡༩༤༩། ༡༠། ༠༡ ཉིན་དར་དམར་ཡར་བསྒྲེངས་ནས་ད་ནས་བཟུང་རྒྱ་ནག་མི་དམངས་འཛམ་གླིང་སྟེང་ཡར་ལངས་ཟིན་པའི་ཁྱབ་བསྒྲགས་བྱས་པ་རེད།
ང་ཚོས་རླབས་ཆེན་མའོ་ཙེ་ཏུང་གིས་ལན་བཏབ་པའི་ཚིག་འདི་བེད་སྤྱད་དེ་་་་ མེ་སྟག་ཆུང་ངུས་སྤང་ལྗོངས་བསྲེག་་་་ཐུབ་པར་ཡིད་ཆེས་བརྟན་པོ་བྱེད་དགོས་ལ་ཉིན་གཅིག་གཡག་ཁ་སྤྲོད་ཀྱི་རྒྱལ་དར་ཞིག་འཛམ་གླིང་རྒྱལ་ཚོགས་སུ་བསྒྲེབ་ཐུབ་རྒྱུ་ཡིན་ལ་བོད་མི་རིགས་ཟེར་བ་དེ་ཡང་འཛམ་གླིང་ས་ཡི་གོ་ལའི་སྟེང་དུ་ཡར་ལངས་ཟིན་པའི་ཁྱབ་བསྒྲགས་ཤིག་བྱེད་རྒྱུར་དུས་ཀྱི་སྔ་ཕྱི་མ་གཏོགས་འོང་ངེས་ཡིན།
ངས་ཚོད་རྩིས་གཅིག་བྱས་ན་ནི་ཕྱི་ལོ་༡༢༢༦། ༡༢༢༧། ༡༢༢༨ བཅས་ལོ་གསུམ་གྱི་ནང་ཚུད་དུ་བོད་ལ་ཆེས་མཐོའི་རང་སྲིད་རང་སྐྱོང་ཞིག་རག་རྒྱུར་རེ་བ་ཧ་ཅང་གི་ཆེན་པོ་ཞིག་ཡོད་ལ་སྐབས་དེ་དུས་ནས་བཟུང་བོད་དང་རྒྱ་ནག་གཉིས་འཛམ་གླིང་ས་སྟེང་དུ་ཁྱིམ་ཚང་གཅིག་གི་མིང་ལྟར་མཛའ་བཤེས་མཐུན་སྒྲིལ་ཆེན་པོའི་ངང་བོད་ས་གནས་སུ་ཆོས་དང་། རིག་གཞུང་། དཔལ་འབྱོར་སོགས་གང་སྤྱིར་སྔར་ལས་ལྷག་པའི་ཡར་རྒྱས་དང་གོ་སྐབས་བཟང་པོ་འཆར་རྒྱུར་སོང་ད་ལྟ་ནས་ང་ཚོ་ཕྱི་ནང་བོད་རིགས་ཡོངས་ཀྱི་རང་གིས་རང་གི་རྐང་པའི་སྟེང་ནས་ཡར་ལངས་ཐུབ་རྒྱུའི་གྲ་སྒྲིག་བྱེད་དགོས།
དྲ་གྲོགས་ཅོ་རི་ཉི་མ་ལགས། ཁྱེད་ཀྱི་ཁ་སྔོན་རྡ་སར་གཏམ་བརྗོད་འཁྲབ་རྗེས་བོད་མི་ཚོས་མིག་ཆུ་གཏོང་བ་དེར་ཁྲེལ་དགོད་ཀྱིས་བཙན་བྱོལ་བོད་མི་ཚོ་དངུལ་མཐོང་ན་མིག་ཆུ་གཏོང་གི་ཡོད་པའི་མཆན་ཞིག་བཀོད་འདུག དེ་རིང་ཁྱེད་རང་གི་དངོས་སུ་མྱོང་བའི་ཉིན་གཅིག་གི་དྲན་ཐོ་དེའི་ནང་༌༌༌༌༌༌༌༌
ང་ཚོར་དགོས་པ་ནི་དཔལ་འབྱོར་རེད་མ་གཏོགས་དཔལ་འབྱོར་མེད་ན་འཛམ་གླིང་འདིར་ཅི་ཡང་བྱེད་མི་ཐུབ་ཅིང་། ཁྲིམས་ལུགས་ལ་ཡང་སྐྱབས་བཅོལ་ཐུབ་ས་མ་རེད་དྲན་གྱིན་འདུག༌༌༌༌༌༌༌༌༌ཅེས་བསྡོམས་ཚིག་བཀོད་འདུག་པས་བཙན་བྱོལ་བོད་མི་ཚོས་དཔལ་འབྱོར་ལ་དེ་ལྟ་བུའི་རེ་བ་བྱེད་ཀྱི་ཡོད་པའི་དབང་དུ་བཏང་ཚེ་དེ་ལ་རྒྱུ་མཚན་ཡོད་པ་ཞིག་ཏུ་ཁྱེད་རང་ནས་དངོས་སུ་མྱོང་ཚོར་བྱུང་འདུག་པས་བོད་མིིའི་སྐྱིད་སྡུག་མཉམ་མྱོང་གི་འགོ་བརྗོད་འོག་ཏུ་མཆན་འགོད་བྱས་ཏེ་མཇུག་ཏུ་ཁྲམ་པ་ཞེས་ཀྱང་ཚིག་ངན་དེ་འདྲ་བརྗོད་འདུག་པས་ད་ལྟ་བྱེད་དུས་ཁྱོད་རང་སྤྱི་པའི་སྒྲིག་འཛུགས་དང་རྒྱང་ཁད་རིང་ཙམ་དུ་གནས་པའི་ས་ཞིག་ནས་འུར་སྐད་རྒྱག་གིན་འདུག་ག་ ཡག་པོ་བྱུང་འདུག ཁྱེད་ལ་ཉམས་མྱོང་གི་ཐོག་ནས་བསླབ་བྱ་ཐོབ་འདུག མུ་མཐུད་བྲིས།
རྐུབ་སྟེགས་རྐང་པ་གསུམ་མ་གཏོགས་མེད་པའི་སྣང་ཚུལ་དེ་དང་འབྲེལ་ཏེ་ཞུ་རྒྱུར།
ཉམ་ཆུང་མི་ཚང་ཚོས་རྐང་གསུམ་རྐུབ་སྟེགས་ལ་རེ་བཅོལ་གྱིས་ངལ་གསོ་ཐེངས་མང་རྒྱག་མྱོང་ལ། རྒྱལ་ཚོགས་ཀྱི་མི་སྣ་ཚོས་ཀྱང་རྐུབ་སྟེགས་རྐང་གསུམ་ཐོག་སྡོད་མཁན་གྱི་གནས་སྟངས་དང་དགོས་འདུན་གང་ཞིག་ཡིན་མིན་རྟོགས་ཀྱང་། ཁོ་ཚོ་ཡང་རྐང་གསུམ་རྐུབ་སྟེགས་སྟེང་དུ་ལྷུང་ཉེན་ལ་འཇིགས་ཏེ་ཁ་ཡ་གཏན་ནས་བྱེད་ཀྱིན་མེད། དེ་ཅི་ཞིག་གིས་ལན་པ་ཡིན་ནམ།།