མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཛད་རྗེས་གླེང་བ་ནི། ཞབས་རྗེས་སྙེགས་པར་རེ་སྐུལ་ཡིན།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༢/༢༦
Share on FacebookShare on TwitterShare on EmailShare on Whatsapp


པན་ཆེན་ལགས། རིན་པོ་ཆེ། སྐུ་ཉིད་བོད་མི་རིགས་དང་ཁ་གྱེས་དེ་མི་ལོ་ཉི་ཤུ་ཏག་ཏག་འགོར་བའི་ཉིན་མོ་འདིར། ད་དུང་། ཉིད་ཀྱིས་ཞབས་རྗེས་གསེར་གྱི་རི་མོ་བོད་ཡུལ་ན་གསལ་ལེར་ཡོད་ལ། ཞབས་རྗེས་རེ་རེ་ལ་ཡིད་སྨོན་དང་གུས་བརྩི་བྱེད་མཁན་གྱི་མི་རིགས་འདིས་ཀྱང་། མི་ལོ་ཉི་ཤུའི་རྗེས་ཀྱི་དེ་རིང་སྐུ་ཉིད་སེམས་ཁོང་རུས་པའི་གཏིང་ནས་དྲན་བཞིན་ཡོད་ལགས། དྲན་པ་དེ་ཡང་མགོ་སྔ་དང་ཡོད་ལ། རྒྱུ་མཚན་དང་གནས་ལུགས་ལྡན་པ་ཡིན།

པན་ཆེན་ལགས། རིན་པོ་ཆེ། སྐུ་ཉིད་ཁོ་ན་ནི་བོད་མི་རིགས་ཀྱི་སྙིང་སྟོབས་དང་མངོན་འདོད་ངོ་མ་བློ་སྟོབས་ཆེན་པོའི་རྒྱའི་སྲིད་གཞུང་གི་མི་སྐད་མི་གོ་བའི་དཔོན་ངན་དེ་དག་ལ་གནས་ལུགས་ཞུ་མཁན་དང་། བདེན་པའི་འབོད་སྒྲ་སྒྲོག་མཁན་དུ་གྱུར་བའི་ཉིན་མོ་དེ་ནས་བཟུང་། སྐུ་ཉིད་ཁོ་ན་རལ་གྲི་རྣོན་པོ་ཞིག་གི་ཁ་རུ་དབའ་མངར་ཞུམ་མེད་ཀྱིས་རང་གི་མི་རིགས་ཀྱི་བདེན་པ་དབྱངས་སུ་གྱེར་འཕོད་མཁན་དུ་གྱུར་བ་ཡིན་ལ། བོད་མི་རིགས་ཀྱི་རིག་གཞུང་དེ་ཡང་ཁ་ནང་གི་བཤད་ཤེས་པ་ཞིག་ལས་ལག་ལེན་དངོས་ཀྱི་ར་སྤྲོད་བྱེད་དགོས་པར་གཏིང་སྐུལ་བྱེད་མཁན་དུ་གྱུར་བ་ཡིན། འོན་ཀྱང་། ཡིད་འཕངས་པ་ནས་མིག་ཆུ་ཤོར་དགོས་པ་ཞིག་ནི། བསོད་ནམ་དམན་པའི་སྐུ་ཉིད་ཀྱི་མཐའ་སྐོར་གྱི་གཅན་གཟན་ལས་ཀྱང་གདུག་རྩུབ་ཅན་གྱིས་སྲིད་གཞུང་ངན་པ་དེས། སྐུ་ཉིད་ཀྱི་ཚེ་སྲོག་དེ་ཡང་རང་དབང་ངང་འཚོ་རུ་བཅུགས་མེད།

པན་ཆེན་ལགས། རིན་པོ་ཆེ་མཇུག་འབྲས་དེ་ཡི་ཉེར་ལེན་གྱིས་དེ་རིང་ཡང་ང་ཚོའི་སེམས་ཁོང་དུ་ནམ་ཡང་གསོས་ཐབས་མེད་པའི་རྨ་ཁ་ཞིག་བཟོས་ཡོད་པ་མ་ཟད། ཐ་ན་སྐུ་ཉིད་ཀྱི་ཡང་སྲིད་དེ་ཡང་བོད་མི་རིགས་ཀྱི་མིག་མདུན་ནས་གློ་བུར་དུ་ཁྲིད་དེ་ཤི་གསོན་གང་ཡང་མི་ཤེས་པའི་གནས་ཤིག་ལ་བསྐྱལ་ཡོད་པ་འདིས་ཀྱང་། དེ་རིང་གི་ཉིན་མ་འདི་ནི་བོད་མི་རིགས་ཀྱི་སེམས་ཁོང་དུ་མུན་ནག་གི་ཉིན་མོ་ཞིག་དུ་བཏང་ཡོད་པ་རེད།

པན་ཆེན་ལགས། རིན་པོ་ཆེ་ལགས། དོན་དངོས་སུ་དེ་རིང་ཡང་འདི་ནས་ངེད་ཅག་གི་ཁྱེད་རང་གླེང་བཞིན་ཡོད་ལ། གླེང་མཁན་ང་ཚོས་ཀྱང་སྐུ་ཉིད་ཀྱི་མཛད་པ་འཕྲིན་ལས་མཐའ་དག་གི་ཟུར་ཞིག་ལས་མཐོང་བའི་མིག་ཟུང་མེད་སྟབས། ལོ་རེ་ལ་དུས་ཚིགས་ཤིག་ལ་སྒུག་ནས་འཆར་ཅན་གྱི་གཏམ་བཤད་རེ་གནང་དེ་མི་ལོ་འདི་དག་གར་སོང་ཆ་མེད་དུ་གྱུར་བ་རེད་ལ། དེ་རིང་ཡང་དེ་ལྟར་འཆར་ཅན་གྱི་ལས་གཞི་དེ་ཉིད་རྒྱུན་སྐྱོང་བྱེད་ཀྱི་ཡོད་པ་ལས། བོད་མི་རིགས་ལ་དོན་དངོས་ཐོག་སྐུ་ཉིད་དགོས་ཀྱི་ཡོད་པའི་འབད་བརྩོན་ལྷོད་གཡེང་མེད་པ་ཞིག་བྱེད་ཐུབ་ཀྱི་མེད་པ་འདི་ནི། སྐབས་རེར་བདག་གི་སེམས་ཁོང་དུ་ཡང་ཐེ་ཚོམ་གྱི་དྲི་གཞི་ཞིག་སྐྱེ་ནས་འོང་གི་འདུག་ལགས།

པན་ཆེན་ལགས། རིན་པོ་ཆེ་ལགས། ཆོས་ལུགས་པ་དག་གིས་སྐུ་ཉིད་མགོན་པོ་འོད་དཔག་སྐུ་ངོས་ཡིན་པར་ཡིད་ཆེས་བྱེད་ལ། མི་རིགས་རང་ལུགས་པ་དག་གིས་སྐུ་ཉིད་ནི་བོད་མི་རིགས་ཀྱི་དབའ་བོ་ཞིག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད་ལགས། དོན་དངོས་ཐོག གནམ་འོག་འདི་ན་དྲང་བདེན་ལ་དགའ་བའི་སྐྱེ་བོ་དམ་པ་ཁྱེད་ཉིད་བཞུད་རྗེས་ཀྱི་ཞབས་རྗེས་རེ་རེ་ལ་ཉིན་མཚན་མེད་པར་སྙེགས་མཁན་ནི་དངོས་ནས་དཀོན་པོ་ཆགས་ཡོད་པ་དེར་སྐུ་ཉིད་ལ་ཐུགས་ཕམ་ཡོང་གི་འདུག་གམ་ལགས། ལྷག་པར་དུ་སྐུ་ཉིད་ཀྱིས་བོད་མི་རིགས་ལ{ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་་རིགས་ཀྱི་བུ་རབས་ཚ་བརྒྱུད་ཀྱི་མཚན་སྙན་ལ་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་ངའི་ལོ་རྒྱུས་ནང་མི་འཇོག་པའི་དམ་བཅའ་བཞག་ཡོད}ཅེས་པ་ལྟར་ཤ་གསེང་རུས་གསེང་ནས་གཅེས་འཛིན་བྱེད་མཁན་ནི་བྱུང་གི་མེད་པ་ལྟ་བུ་ཞིག་ཆགས་ཀྱི་ཡོད་པ་ཡིན་དུས། དེ་རིང་གི་ཉིན་མོ་འདི་ལ་ཉིད་ཀྱིས་ཡང་སྲིད་དེ་ཉིད་འཁྲུངས་ནས་མི་ལོ་ཉི་ཤུ་འགྲོ་བཞིན་ཡོད་ན་ཡང་། ངེད་ཅག་གིས་ཤི་གསོན་ཙམ་ཡང་རྩར་གཅོད་མི་ཐུབ་པའི་གནས་སྐབས་འདི་ནི་ང་ཚོའི་སྐུ་ཉིད་ལ་བཅིངས་པའི་ཡིད་ཆེས་དང་སྟོབས་ཤུགས་ཀྱི་མ་འདང་བར་དགོངས་ཀྱི་ཡོད་དམ་ལགས།

པན་ཆེན་ལགས། རིན་པོ་ཆེ་ལགས། ད་ལྟ་དངོས་ནས་དྲང་གནས་ཀྱི་བོད་མི་དག་ལ་སྐུ་ཉིད་ལྟ་བའི་རླབས་ཆེན་གྱི་སྐྱེ་བུ་དེ་ཡི་ཞབས་རྗེས་འགྲེང་མཁན་ཞིག་གི་དགོས་མཁོ་ཆེན་པོ་འདུག་ལགས།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡༩ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༢༣ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

མཆན། 7

  1. mheru says:
    ལོ་ 17 སྔོན།

    བོད་ཤ་ཁྲག་ལགས་བཀླགས་ཟིན་པ་ཡིན་ཧ་ཅང་གི་ལེགས་པོ་བྲིས་གནང་འདུག།

    Reply
  2. sha tak ri sim says:
    ལོ་ 17 སྔོན།

    སྤུན་ཟླ་ཁྱེད་ཅག་གི་རེ་རེ་བཞིན། འདི་རུ་ཕེབས་ནས་རང་རང་གི་བསམ་ཚུལ་རེ་གསུངས་དེ་ཕེབས་ཟིན་པ་དེར་ང་རང་དགའ་ཡོད་ལགས། རེད་དེ། འུ་ཅག་གིས་རང་གི་རིགས་ཀྱི་བླ་མེད་ཀྱི་དབུ་ཁྲིད་དག་གཅིག་རྗེས་གཉིས་མཐུད་དུ་འུ་ཅག་གི་མིག་མདུན་དུ་འཚོ་བཞེས་གནང་བ་ནས་བཞུད་ཟིན་པ་དང་བཞུད་ངེས་པ་དེ་དག་ལ་བསམ་བློ་ཞིབ་མོ་ཞིག་གཏོང་བ་ཙམ་མིན་པར། རང་གི་ཉེ་ཁོར་ནས་མགོ་བརྩམ་ནས་གང་ཞིག་བྱེད་ཐུབ་པ་དང་གང་ཞིག་བྱེད་ནུས་པའི་བསྐོར་ལ་ལག་ལེན་ཡོད་པ་ཞིག་བྱེད་རྒྱུར་རེ་སྐུལ་ཡོད་ལགས།

    Reply
  3. kawakampo says:
    ལོ་ 17 སྔོན།

    དྲ་གྲོགས་ཤ་ཁྲག་རུས་པ་ལགས།
    ཁྱེད་ཀྱི་བཤད་པ་དེ་དག་ངོ་མ་བདེན་ནི་རེད། སྐྱབས་མགོན་པན་ཆེན་རིན་
    པོ་ཆེ་ལྟ་བུའི་དཔལ་རྒོད་ལོས་དྲན་དྲན་ནི་རེད། དྲན་རྩོམ་ཀློགས་ཟིན་ཐུགས་
    རྗེ་ཆེ།
    ༼དྲ་གྲོགས་བཟང་བོ་བོད་ཨ་རིག་ཤ་ཁྲག་རུས་གསུམ་ལགས།༽
    དགེ་མཐོང་འདི་སྙིང་རྗེ་འདི་ཅི་ཡིན་པའི་སྐད་ཆ་རེད།

    Reply
  4. chentsasopa says:
    ལོ་ 17 སྔོན།

    ངས་བཀླགས་ཏེ་བུད་སོང་།

    Reply
  5. lhachapjinpa says:
    ལོ་ 17 སྔོན།

    ཆོས་ཀྱི་རྒྱལ་མཚན་བསྒྲེང་བར་ཤོག།

    Reply
  6. l.yonten says:
    ལོ་ 17 སྔོན།

    ཁྱོད་ཀྱིས་བོད་མིའི་སྐྱབས་མགོན་པཎ་ཆེན་རིན་པོ་ཆེར་ཁོང་རྗེ་དྲན་དང་
    འདི་ལྟ་བུའི་དུས་ཆེན་ཁྱད་པར་ཅན་ལ་མཁུར་བཞེས་ནས་སྔ་མོ་ལངས་ནས་ཟིན་བྲིས་སྤེལ་གནང་བར་སེམས་གཏིང་ནས་ཡིད་རངས་ཡོད།

    Reply
  7. tashi says:
    ལོ་ 17 སྔོན།

    དྲ་གྲོགས་བཟང་བོ་བོད་ཨ་རིག་ཤ་ཁྲག་རུས་གསུམ་ལགས། ཁྱེད་ཀྱིས་པན་ཆེན་རིན་པོ་གླེང་བ་སྙིང་ནས་དགའ་ཡོད། དེ་རིང་གི་ཁྱེད་ཀྱི་སྐུ་མགྲོན་ཐོག་མ་ང་ཡིན། ངའི་དགེ་མཐོང་ཟེར་ལ། མིང་འདིའི་གོ་དོན་གླེང་ན་ཟབ་མོ་སྟོང་ཉིད་ཀྱི་དོན་རྟོགས་པའམ་ངེས་པ་ལ་གོ་དགོས། དེའི་ཕྱིར་རྟེན་འབྲེལ་ཡག་པོ་བྱུང་སོང་སྙམ། བདེ་མོ་བྱོས། རྗེས་སུ་མཇལ། གནས་སྐབས་གནས་མཆོག་རྡོ་གདན་དུ་བུད་འགྲོ་ལོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese