མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

བོད་ཀྱི་དུས་བབ།
༢༠༢༦/༠༧/༡༧
Share on FacebookShare on TwitterShare on EmailShare on Whatsapp

བོད་རིག་པའི་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས་དགུང་ལོ་ ༨༦ སྟེང་སྐུ་གྲོངས་ཡོད་འདུག

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧

དེ་རིང་ཕྱི་ཟླ་ ༧ ཚེས་ ༡༧ ཉིན་བོད་རིག་པའི་ཆེད་མཁས་པ་དང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་བདེ་མཆོག་ལགས་དགུང་ལོ་ ༨༦ སྟེང་སྐུ་གྲོངས་པའི་གནས་ཚུལ་ཐོན་ཡོད་ཅིང་། བོད་ནང་གི་མཁས་པ་དང་། ཤེས་ཡོན་ཅན། འདས་པོ་གང་གི་སློབ་མ། དེ་བཞིན་བོད་ཀྱི་རིག་གནས་ལ་དོ་སྣང་ཡོད་མཁན་མང་དག་ཅིག་གིས་མྱ་ངན་དང་རྗེས་དྲན་ཞུ་མུས་ཡིན་པ་མ་ཟད།  བོད་ནང་གི་དྲ་ལམ་ཕལ་མོ་ཆེར་ཁོང་ལ་རྗེས་དྲན་ཞུ་བའི་མཆོད་མེ་དང་ཁོང་གི་སྐུ་པར་གྱིས་ཁེངས་འདུག

ཁོང་ཉིད་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་རྗེས་བོད་ནང་གི་བོད་མི་ཞིག་གིས་སྐྱོ་གདུང་དང་བཅས། རྒན་ལགས་གཤེགས་པར་ཤིན་ཏུ་ཡིད་སྐྱོ་ཞིང་སེམས་རབ་ཏུ་འཁྲུགས་མོད། སྐུ་ཚེ་མཐར་ཕྱིན་པ་དང་རིགས་ཀྱི་མགོ་འདྲེན་དུ་ཡང་ཡང་བཞུགས་པའི་སྐུ་དྲིན་སོགས་བསམ་ཚེ། ད་ནི་ལོས་ཡིན། ཚེ་མཐའ་ཡས་པའི་ངོ་བོར་བརྟན་སོང་བ་རེད། མཛད་པའི་ཞབས་རྗེས་རབ་ཏུ་དཀར་སོང་བ་རེད། ཨ་ཁུ་བདེ་མཆོག་གི་སྐུ་ཕུང་རེ་ཞིག་བསྡུས་ན་ཡང་ང་ཚོའི་དྲན་འཛིན་གྱི་མེ་ལོང་ངོས་ན། ནམ་ཡང་ཨ་ཁུ་ཁོང་གི་མཛད་རྗེས་ཀྱི་རི་མོ་མ་ཡལ་བར་ཡོད། ཨ་ཁུ་ཁོང་གི་ལྷག་བསམ་ཡང་མ་རྙིང་བར་ཡོད། མདོར་ན། ཁོང་ནི་དུས་གསུམ་ཀུན་ཏུ་གངས་རིའི་ལུང་བ་ན་ཞལ་འཛུམ་གྱི་ལེར་བཞུགས་ཡོད། ཐུགས་སྤྲོ་སང་ངེར་བཞུགས་ཡོད། ཅེས་བརྗོད་འདུག

ཡང་བོད་ནང་གི་བོད་མི་ཞིག་གིས། མར་ཁུའི་རྒྱ་མཚོ་ཡོངས་སུ་འཁྱིལ་བའི་དབུས།། ཕུན་ཚོགས་འོད་སྟོང་འབར་བའི་སྒྲོན་མེ་ཡིས།། མུན་པའི་སྐལ་བ་མ་ལུས་གསལ་བྱས་ནས།། འགྲོ་ཀུན་སངས་རྒྱས་མྱུར་དུ་མཐོང་བར་སྨོན།། ཞེས་སྨོན་ལམ་བཏབ་ཡོད་ཅིང་། ཡང་བོད་མི་གཞན་ཞིག་གིས། དགེན་ཁོང་སྐུ་གཤེགས་པར་གདུང་སེམས་དྲག་པོས་མྱ་ངན་དང་གུས་འདུད་ཞུ། ཁོང་ནི“འཁྲུངས་པ་རླབས་ཆེན་“དང“གཤེགས་པ་གཟི་བརྗིད“ཡིན་པས་ང་ཚོས་ནམ་ཡང་ཁོང་གི་ལྷག་བསམ་དང་སྐུ་དྲིན་ནི་བརྗེད་མི་རུང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི།། འགྲོ་དོན་ཐུགས་ལ་དགོངས་གྲུབ་ཤོག། མགོན་པོ་ཡིས་ནི་གང་དགོངས་པ།། སེམས་ཅན་རྣམས་པ་དེ་འབྱོར་ཤོག། ཅེས་སོགས་བརྗོད་འདུག

དགེ་རྒན་ཆེན་མོ་དང་བོད་རིག་པའི་མཁས་པ་བདེ་མཆོག་ལགས་ནི། ཕྱི་ལོ་ ༡༩༤༡ ལོར་བོད་མདོ་སྨད་བིས་མདོར་འཁྲུངས། དགུང་ལོ་གསུམ་ནས་བཟུང་བིས་མདོ་དགོན་ཆེན་དུ་ཞུགས། དགུང་ལོ་བཅུའི་སྟེང་དགོན་པའི་ཚོགས་ལ་དངོས་སུ་ཞུགས་ཏེ། དགུང་ལོ་བཅོ་བརྒྱད་བར་དུ་དགེ་བའི་བཤེས་གཉེན་ལྷ་སྡེ་བརྩོན་འགྲུས་ནོར་བུ་ཚང་དང་། ཤུགས་ཚང་ཨ་ཁུ་ཐུབ་བསྟན་དོན་གྲུབ་སོགས་ལ་བསྟེན་ཏེ། དགོན་པའི་ཞལ་འདོན་དང་། བསྡུས་གྲྭ། དབུ་མེད་ཀྱི་བྲིས་རྒྱུན་སོགས་ལེགས་པར་སྦྱངས། ཕྱི་ལོ་ ༡༩༥༨ ལོ་སྟེ་དགུང་ལོ་བཅོ་བརྒྱད་སྟེང་། མཚོ་སྔོན་ཞིང་ཆེན་དགེ་ཐོན་སློབ་གྲྭར་ཕེབས་ནས་སློབ་གཉེར་གནང་། ཕྱི་ལོ་ ༡༩༦༡ ལོར་མཚོ་ལྷོ་ཁུལ་དགེ་ཐོན་སློབ་གྲྭར་ཕེབས་ཏེ། སློབ་གྲྭའི་དགེ་རྒན་སངས་གོ་ཚང་དང་བན་གོ དབང་འབུམ་རྒྱལ། ལྷ་མོ་ཚེ་བརྟན་སོགས་ཀྱི་མདུན་ནས་རིག་གནས་དང་ཆབ་སྲིད་སོགས་སྦྱངས་ཏེ། ཕྱི་ལོ་ ༡༩༦༥ ལོར་སྲིད་གཞུང་གི་བཀོད་སྒྲིག་ལྟར་མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་གི་དཔལ་ཁ་སོགས་སུ་དགེ་རྒན་གྱི་དངོས་སྦྱོང་ལོ་གཅིག་རིང་གནང་།

ཕྱི་ལོ་ ༡༩༦༦ ལོར་མཚོ་སྔོན་མི་རིགས་སློབ་འབྲིང་སྟེ་དེང་གི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་གྲ་སྒྲིག་སློབ་གྲྭ་རུ་ཕེབས་ནས་དགེ་རྒན་གྱི་ཕྱག་ལས་གནང་མགོ་ཚུགས། ཕྱི་ལོ་ ༡༩༦༩ ལོ་ནས་མཚོ་སྔོན་མི་རིགས་སློབ་ཆེན་དུ་དགེ་རྒན་ཆེན་མོ་གནང་། ཕྱི་ལོ་ ༡༩༧༤ ནས་ཕྱི་ལོ་ ༢༠༠༤ བར་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ། སློབ་གྲྭ་དེའི་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་ནས་དགེ་རྒན་ཆེན་མོ་གནང་། ཕྱི་ལོ་ ༡༩༩༤ ལོ་ནས་བཟུང་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་དགེ་རྒན་གྱི་འགན་བཞེས། ཁོང་གི་སློབ་ཁྲིད་གཙོ་བོ་ནི་བོད་ཀྱི་བརྡ་སྤྲོད་རིག་པ་དང་། བོད་བརྒྱུད་ནང་བསྟན་གྱི་བྱུང་འཕེལ་ལོ་རྒྱུས་སོགས་ཡིན། ཁོང་གིས་སྔ་རྗེས་སུ་མཚོ་སྔོན་བརྙན་འཕྲིན་ཁང་དང་། བོད་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་མང་པོར་ཕེབས་ནས་སུམ་རྟགས་ཀྱི་ཁྲིད་རྒྱུན་སྤེལ་ཞིང་འཆད་ཁྲིད་གནང་མྱོང་ཡོད་ལ། ཕྱི་ལོ་ ༢༠༡༦ ལོར་བརྡ་སྤྲོད་རིག་པའི་སློབ་ཁྲིད་དངོས་སུ་འོད་སྡེར་ལ་བཀོད་ནས་འགྲེམས་སྤེལ་བྱས། ཕྱི་ལོ་ ༢༠༠༤ ལོར་དངོས་སུ་ལས་འཁྱུར་ངལ་གསོ་གནང་ནའང་། ད་ལྟའི་བར་དུ་མཚོ་ལྷོ་དང་མགོ་ལོག རྔ་བ་སོགས་བོད་རིགས་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་མང་པོར་ཕེབས་ནས་སུམ་རྟགས་གཉིས་གཙོ་བྱས་པའི་བོད་ཀྱི་རིག་གནས་སྣ་མང་ཐོག་སློབ་ཁྲིད་གནང་། ཁོང་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་མཁས་ཤིང་། སློབ་མ་སྐྱོང་བའི་ཐབས་ལ་མཁས་པའི་དགེ་བའི་བཤེས་གཉེན་ཆེན་པོ་ཞིག་ཡིན་པར་མ་ཟད། དེང་རབས་ཀྱི་སྤྱི་ཚོགས་བསླབ་བྱ་དང་། བསམ་བློ་ཀུན་སྤྱོད་བཟང་པོ་གོང་དུ་སྤེལ་མཁན་གྱི་དགེ་རྒན་ཕུལ་བྱུང་ཞིག་ཏུའང་ངོས་འཛིན་གནང་གི་ཡོད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༩ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese