མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧པཎ་ཆེན་རིན་པོ་ཆེའི་མྱ་ངན་རྗེས་དྲན་ཐེངས་ ༢༠ པ།

བོད་ཀྱི་དུས་བབ།
༢༠༠༩/༡༢/༣༠
Share on FacebookShare on TwitterShare on EmailShare on Whatsapp

༧པཎ་ཆེན་རིན་པོ་ཆེ་ནི་ཧ་ལས་པའི་སྙིང་སྟོབས་དང་བློ་ཁོག་ཡོད་པ། ཆོས་ཕྱོགས་ནས་བསྟན་པའི་མཛད་རྗེས་མཛད་པ་དང་ཆབས་ཅིག་བོད་སྤྱི་པའི་དོན་དུ་ཞེ་དྲག་གི་ཐུགས་ཁུར་བཞེས་མཁན་ཞིག་དང་། བདེན་པའི་འཐབ་རྩོད་ནང་མིག་དཔེར་འོས་པ་ཞིག་རེད་ཅེས་༧གོང་ས་མཆོག་གིས་གསུངས་ཡོད།

ཟླ་འདིའི་ཚེས་ ༣༠ ཉིན་ནི་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་བ་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་དགོངས་པ་གཞན་དོན་དུ་གཤེགས་ནས་མི་ལོ་ཧྲིལ་བོ་ ༢༠ འཁོར་བའི་མྱ་ངན་དུས་དྲན་གྱི་ཉིན་མོ་ཡིན་ལ། ཉིན་དེར་གདན་ས་བཀྲ་ཤིས་ལྷུན་པོ་དགོན་གྱི་གོ་སྒྲིག་འོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཁོང་ཉིད་དགོངས་པ་གཞན་དུ་གཤེགས་ནས་མི་ལོ་ ༢༠ འཁོར་བར་མྱ་ངན་རྗེས་དྲན་གྱི་མཛད་སྒོ་འཚོགས་ཡོད། མཛད་སྒོ་མ་འཚོགས་པའི་སྔོན་དེར་བྱེས་ཀྱི་བཀྲ་ཤིས་ལྷུན་པོ་དགོན་པས་༧གོང་ས་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞུས་ཡོད། མཛད་སྒོའི་སྟེང་༧གོང་ས་མཆོག་དང་བཀའ་བློན་ཁྲི་པ་རྣམ་གཉིས་གཙོས་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པ་དང་། སེར་སྐྱ་མི་མང་སྟོང་ཕྲག་བརྒལ་བ་འདུ་འཛོམས་བྱུང་ཡོད།

བཀྲ་ཤིས་ལྷུན་པོ་དགོན་གྱི་མཁན་པོ་བཀའ་ཆེན་བློ་བཟང་ཚེ་བརྟན་མཆོག་གིས་༧པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་སྐུ་ཚེ་ཧྲིལ་བོའི་རིང་བོད་མི་རིགས་དང་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རླབས་ཆེ་ཞིང་། ལོ་རྒྱུས་ཀྱིས་དུས་ནམ་ཡང་བརྗེད་མི་སྲིད་པའི་གལ་ཆེའི་མཛད་རྗེས་ཁག་ཅིག་མི་མང་ལ་ངོ་སྤྲོད་གསུང་བཤད་གནང་བ་དང་། ༧པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ནི་སངས་རྒྱས་བསྟན་པ་དང་བོད་འབངས་རྣམས་ཀྱི་ཆེད་དུ་དུས་ཚོད་གཉན་འཕྲང་ཅན་དེར་བསམ་བཞིན་བྱོན་པའི་སྐྱེ་བོ་དམ་པ་ཞིག་དང་། ཐུན་མོང་བའི་སྣང་ངོར་ཡང་བདེན་དོན་ཆེད་རང་ཉིད་ཀྱི་སྐུ་སྲོག་ལ་ཡང་ལྟོས་མེད་གཡོ་འགུལ་སྤུ་ཙམ་མེད་པའི་དམ་བཅའ་བཙན་པ། མཁྱེན་པ་དང་ཐུགས་ནུས་འགྲན་ཟླ་བྲལ་ཞིང་ཐུགས་བག་ཡངས་པ། ཕྱི་ཚུལ་སྐུ་དྲག་ལ་ནང་དུ་བྱམས་སེམས་ཆེ་ཞིང་། འཚོ་བ་ངན་ངོན་གྱིས་ཆོག་པ། མཛད་པ་ཅི་ཞིག་བསྐྱངས་ཀྱང་མཐར་འཁྱོངས་དང་གསར་བཏོད་ཀྱི་ཐུགས་གཤིས་ཡོད་པ་ཞིག་ཡིན། ཞེས་ཁོང་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་སྐོར་གསུངས་པ་དང་། ༧པཎ་ཆེན་རིན་པོ་མཆོག་གིས་ལྷ་སའི་སྨོམ་ལམ་སླར་གསོ་གནང་སྐབས་ཁྲོམ་བསྒྲགས་སུ་གསུངས་པའི་བཀའ་སློབ་ཀྱི་སྙིང་དོན་ནི། ༧གོང་ས་མཆོག་མྱུར་བར་རང་གི་སྐྱོང་ཡུལ་བོད་གངས་ཅན་ལྗོངས་སུ་ཞབས་སོར་འཁོད་ནས་ལྷ་སའི་སྨོན་ལམ་ལ་སོགས་པའི་གཙོ་མགོན་གནང་རྒྱུ་ཡོང་བའི་ཐུགས་རེ་གནང་ཡོད། དེ་ནི་༧ཀུན་གཟིགས་མཆོག་ཙམ་མ་ཟད། གཞིས་ལུས་བོད་མིའི་དུས་ད་ལྟའི་བར་གྱི་སེམས་ནང་གི་འབོད་སྒྲ་གཅིག་པུ་དེ་ཡིན་ནའང་། དོན་དེ་༧ཀུན་གཟིགས་མཆོག་སྐུ་འཚོ་བཞུགས་རིང་བསྒྲུབས་ཐུབ་པ་བྱུང་མེད་པས། གོ་སྐབས་འདི་བརྒྱུད་དེ་༧གོང་ས་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བསྟན་ཅིང་། རང་གི་སྐྱོང་ཡུལ་གངས་ཅན་ལྗོངས་སུ་མྱུར་བར་ཞབས་སོར་འཁོད་པའི་གསོལ་འདེབས་ཞུ་རྒྱུ་ཡིན་ཞེས་སོགས་གསུངས་ཡོད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས། ༧པཎ་ཆེན་རིན་པོ་ཆེ་མཆོག་ནི་ནང་བསྟན་ཆོས་ལུགས་ཀྱི་དབུ་འཛིན་ཞིག་ཡིན་པ་མ་ཟད། བསྟན་འགྲོའི་བདེ་སྐྱིད་དོན་དུ་སྐུ་ངལ་བརྒྱ་ཕྲག་ཧུར་བཞེས་ཀྱིས་ཞིམ་མེད་ཀྱི་འཐབ་རྩོད་དང་། ལྷག་པར་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ལ་གསབ་ཐབས་བྲལ་བའི་བཀའ་དྲིན་བསྐྱངས་མཁན་གྱི་དཔའ་བོ་ཞིག་ཡིན། ཞེས་རིན་པོ་ཆེ་ཁོང་བོད་མི་རིགས་ལ་མཚོན་ན་ཇི་འདྲའི་བརྗེད་དཀའ་ཞིང་། ཁོང་གི་བཀའ་དྲིན་ནམ་ཡང་གསབ་ཐབས་བྲལ་བའི་སྐོར་གསུངས་ཡོད་ལ། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས། ༧པཎ་ཆེན་སྐུ་གོང་མ་མཆོག་ཆབ་སྲིད་ཀྱི་གནས་བབ་ཛ་དྲག་ཡིན་པའི་སྐབས་སུ་སྐུ་གཤེགས་པ་ཡིན་སྟབས། འདས་པའི་ལོ་ལྔ་བཅུའི་རིང་གི་བོད་མི་རིགས་ཀྱི་བྱུང་རབས་ནང་རླབས་ཆེན་གྱི་མཛད་རྗེས་ཡོད་པའི་སྙིང་སྟོབས་ཅན་གྱི་སེམས་དཔའ་ཆེན་པོ་གཞན་དང་མི་འདྲ་བ་ཞིག་ཏུ་ཕེབས་པ་དང་། ཁོང་གི་སྐུ་ཚེའི་མཛད་འཕྲིན་ཡོངས་སུ་མ་རྫོགས་པའི་སྔོན་ཏེ། སྐུ་ན་གཞོན་གཞོན་དུས་ནས་དགོངས་པ་གཞན་དོན་དུ་གཤེགས་དགོས་པ་དེ་ཡང་ཕྱོགས་གཅིག་ནས་བོད་མི་མང་གི་སྤྱི་མཐུན་བསོད་ནམས་ཀྱིས་མ་ལྕོགས་པ་དང་། ཕྱོགས་གཞན་ནས་སྐུ་སྲོག་བློས་གཏོང་གནང་བ་དེ་ཡང་བོད་ཀྱི་སྐྱེ་འགྲོ་དང་ཆབ་སྲིད་ཀྱི་དོན་རླབས་ཆེན་ཞིག་འགྲུབ་ཡོད། ད་ལྟ་ང་ཚོས་དེ་ཤེས་ཀྱི་མེད་ནའང་། འབྱུང་འགྱུར་གྱི་བྱུང་རབས་ནང་རིམ་གྱིས་གསལ་ཡོང་བ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། དམ་པ་ཁོང་གི་མཛད་རྗེས་མུ་མཐུད་སྐྱོང་བ་དང་ལྷག་པར་དུ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་མཛད་པ་འཕྲིན་ལས་རྒྱས་ཆེད་ང་ཚོས་ཕྱོགས་ཀུན་ནས་བོད་སྤྱི་མཐུན་གྱི་བསོད་ནམས་གསོག་པར་སྔར་ལས་ལྷག་པར་ཤུགས་སྣོན་རྒྱག་དགོས་པ་རེད་ཅེས་གསུངས་ཡོད།

ཉིན་དེར་༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། དེ་རིང་འདིར་བསྟན་འཛིན་གྱི་སྐྱེ་བོ་དང་། བོད་མི་རིགས་ཀྱི་བདེན་དོན་རྩོད་པའི་དཔའ་བོ་ཆེན་པོ་༧པཎ་ཆེན་སྐུ་ཕྲེང་བཅུ་བ་ཁོང་རྐྱེན་ངན་དེ་ལྟ་བུ་ཞིག་གི་འོག་ནས་སྐུ་མྱ་ངན་ལས་འདས་ཏེ་ལོ་ ༢༠ འཁོར་བའི་དུས་དྲན་གནང་བཞིན་པ་རེད། རིན་པོ་ཆེ་ཁོང་ད་ལྟ་ད་དུང་སྐུ་འཚོ་བཞུགས་གནང་མུས་ཡིན་ཚེ། ང་ཚོ་ཕྱི་ལོགས་སུ་ཡོད་པ་དང་རིན་པོ་ཆེ་བོད་ནང་དུ་བཞུགས་ཏེ་ཐབས་ཤེས་གང་ཡོང་ཞིག་གནང་གཏན་འཁེལ་བ་རེད། དེར་བརྟེན་གང་འཚམ་གྱིས་ནུས་པ་ཞིག་ཐོན་ཐུབ་ངེས་མོད་དེ་ལྟར་བྱུང་ཡོད་པ་མ་རེད། ཁོང་དགོངས་པ་གཞན་དུ་སྐུ་གཤེགས་པ་དེར་བློ་ཕངས་པོ་ཞེ་དྲག་བྱུང་ནའང་བྱེད་རྒྱུ་གང་ཡང་མི་འདུག་ཅེས་ཐུགས་ཕམ་གྱི་ངང་ནས་གསུངས་ཡོད།

ཡང་ཁོང་གིས་༧པཎ་ཆེན་རིན་པོ་ཆེ་ནི་ཧ་ལས་པའི་སྙིང་སྟོབས་དང་བློ་ཁོག་ཡོད་པ། ཆོས་ཕྱོགས་ནས་བསྟན་པའི་མཛད་རྗེས་མཛད་པ་དང་ཆབས་ཅིག་བོད་སྤྱི་པའི་དོན་དུ་ཞེ་དྲག་གི་ཐུགས་ཁུར་བཞེས་མཁན་ཞིག་དང་། བདེན་པའི་འཐབ་རྩོད་ནང་མིག་དཔེར་འོས་པ་ཞིག་རེད་ཅེས་དང་།  ༡༩༧༨ ལོའི་ལོ་མཇུག་ཙམ་ལ་རྒྱལ་ལོ་དོན་གྲུབ་པེ་ཅིན་དུ་ཕེབས་ནས་ཏིན་ཞོ་ཕིང་དང་མཇལ་འཕྲད་གནང་སྐབས། ༧པཎ་ཆེན་རིན་པོ་ཆེར་མཇལ་རྒྱུ་བྱུང་འདུག་ལ། སྐབས་དེར་རིན་པོ་ཆེ་ཁོང་གིས་བཀའ་སློབ་ཟབ་ཅིང་རྒྱས་པ་གནང་བ་དང་རིན་པོ་ཆེ་ཁོང་གི་ལོ་རྒྱུས་དེ་ཚོ་གསུངས། དེའི་རྗེས་རིན་པོ་ཆེ་ཁོང་གི་སྐུ་གཟུགས་སྟོན་གནང་མཛད་པས་ཁོང་གི་སྐུ་གཟུགས་ལ་ཁྲིམས་ཆད་བཏང་བ་དང་ལྕགས་བརྒྱབས་པ་སོགས་ཀྱི་རྨ་རྗེས་ཡོད་པ་གཟིགས་འདུག སེམས་སྐྱོ་བོ་ཞེ་དྲག་རེད་ཅེས་སོགས་གསུངས་ཡོད།

གཞན་ཡང་།  བོད་ནང་ཕེབས་མྱོང་མཁན་ཁག་ཅིག་གིས་བཙན་བྱོལ་དུ་ཡོད་པའི་བོད་མི་ལས་བོད་ནང་གི་བོད་མི་རྣམས་ལ་སེམས་ཤུགས་ཆེ་བ་དང་མི་རིགས་དང་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ཁ་ཞེ་གཉིས་མེད་རེད་ཅེས་གསུངས་མཁན་བྱུང་། ང་ཚོ་རང་དབང་ལུང་པར་བསྡད་ཡོད་པ་རེད་ལ་ཉིན་རེ་བཞིན་ཛ་དྲག་དང་རྔམ་སྐྲག་གི་ཚོར་བ་དེ་ཡོད་པ་མ་རེད། བོད་ནང་གི་མི་དག་ལ་ཉིན་རེ་བཞིན་ཛ་དྲག་གི་ཚོར་བ་དང་མྱོང་བ་དེ་ཡོང་བསྡད་ཀྱི་ཡོད་པ་རེད། དེར་བརྟེན་སེམས་ནང་སོ་སོའི་མི་རིགས་ཀྱི་ལྟ་བ་དང་མི་རིགས་ཀྱི་ཐོབ་ཐང་རྩོད་པའི་སེམས་ཤུགས་དེ་ཉིན་མ་རེ་རེ་བཞིན་གསོན་པོ་བྱས་ནས་བསྡད་ཡོད་པ་ཞིག་དང་། ང་ཚོ་རང་དབང་ལུང་པའི་ནང་ཡོད་མཁན་ཚོས་དེ་ལྟ་བུའི་ཛ་དྲག་གི་གནས་ཚུལ་མཐོང་གི་ཡོད་པ་མ་རེད། ང་ཚོས་འདིར་སོ་སོའི་ལྟོ་གོས་མ་གཏོགས་ཆེ་ས་ནས་བསམ་བློ་མ་འཁོར་བ་ཡོང་གི་ཡོད་སྟབས། དེ་ནི་ནོར་འཁྲུལ་རེད། ད་ལྟ་ང་ཚོ་རང་དབང་ལུང་པའི་ནང་དཀའ་ངལ་མེད་པའི་བཟོ་འདྲ་བོ་ཡོད་ཀྱང་། ང་ཚོ་ཚང་མ་བོད་པ་དང་བོད་རིགས། གངས་ཅན་པ་ཟེར་བ་དེ་ཆགས་བསྡད་ཡོད་སྟབས། བོད་ནང་གི་གནས་སྟངས་དེ་སེམས་ནས་མ་བརྗེད་པ་བྱ་དགོས་ལ། བོད་ནང་གི་བོད་མི་ཚོས་དཀའ་ལས་བརྒྱབས་པ་དག་ང་ཚོ་ཐུན་མོང་གི་བསྒྲུབ་བྱ་རེད་མ་གཏོགས་ཁོང་ཚོ་ཤི་མཁན་རྣམས་ཀྱི་ཁེ་ཕན་མ་རེད། དེ་དུས་ནམ་ཡང་མ་བརྗེད་པར་བྱས་ཏེ་ང་ཚོར་ནམ་ཡང་ལས་འགན་ཞིག་ཡོད་བསམ་པ་དང་། ལས་འགན་དེ་ངོས་ཟིན་པའི་ཐོག་ནས་དེ་བསྒྲུབ་པའི་ཐབས་གཙོ་བོ་ཤེས་བྱ་ཡོན་ཏན་དང་ལྷག་བསམ་དགོས་པ་རེད་ཅེས་སོགས་གསུངས་ཡོད།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༢ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 10

  1. karma dorje says:
    ལོ་ 15 སྔོན།

    མཁྱེན་ནོ། མཁྱེན་ནོ། པཎ་ཆེན་ཐམས་ཅད་མཁྱེན་པས་མཁྱེན་ནོ། །

    Reply
  2. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ཡིད་དུ་འོང་བའི་སྐད་ཆ།

    Reply
  3. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 15 སྔོན།

    དྲ་གྲོགས་གསང་གཏོར་ལགས།
    ༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་༡༩༨༨ལོར་བལ་ཡུལ་ལ་ནང་པའི་ཚོགས་ཆེན་དུ་ཕེབས་སྐབས་
    ༡ བོད་མིའི་ངོ་རྒོལ་འབྱུང་རྐྱེན་དང།
    ༢ དེ་རྗེས་ངོ་རྒོལ་བྱུང་རབས་དང།
    ༣ དེ་རྗེས་ཀུན་གཟིགས་རིན་པོ་ཆེ་མཆོག་གིས་དེའི་འབྱུང་རྐྱེན་གང་ཡིན་གསལ་བོ་གཟིགས་རྗེས་ཁོང་གིས་དེ་ག་རང་དུ་བཀའ་སློབ་གང་ཞིག་བསྩལ་མིན་བཅས་དོན་ཚན་གསུམ་ཤེས་རྒྱུ་གལ་ཆེན་ཆགས་ཡོད་པ་རེད།
    ༡ སྐབས་དེར་ཀུན་གཟིགས་རིན་པོ་ཆེ་བལ་ཡུལ་དུ་ཅུང་མ་ཕེབས་སྔོན་དེར་རྒྱ་གཞུང་གིས་བལ་ཡུལ་ས་གནས་གང་སར་ཡིག་ཆ་འདྲ་མིན་བཀྲམ་པའི་ནང་ད་ཐེངས་པཎ་ཆེན་ཨེར་ཏི་ནི་བལ་ཡུལ་དུ་ཆོས་ལུགས་ཚོགས་ཆེན་ཐོག་ཕེབས་སྐབས་ཁོང་གིས་བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་ཕྱིར་ལོ་རྒྱུས་སྟེང་ནས་རང་བཙན་ཡིན་ཟེར་བ་རྫུན་པ་ཡིན་སྐོར་ར་སྤྲོད་བྱེད་ངེས་རེད། ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།
    ༢ དེ་ལ་བརྟེན་བལ་ཡུལ་བོད་མི་ཚོས་ཐོག་མར་ངོ་རྒོལ་བྱས་པ་རེད་ལ་རིམ་གྱིས་དེ་མི་བདེན་པ་ཤེས་སྐབས་མཇལ་བཅར་ཞུ་མཁན་ཉིན་རེ་བཞིན་ཇེ་མང་དུ་ཕྱིན་པ་རེད།
    ༣
    ཚོགས་ཆེན་ཚར་གྲབས་སྐབས་བོད་པ་མཇལ་བཅར་བ་ཇེ་མང་སོང་བ་དང་སྟབས་བསྟུན་༧ཀུན་གཟིགས་རིན་པོ་ཆེས་ཀྱང་བོད་པ་ཚོར་དམིགས་བསལ་མཇལ་ཁ་དང། བཀའ་སློབ་བཅས་ཉིན་གཅིག་གོ་སྒྲིགས་གནང་ཡོད་འདུག
    ཉིན་དེའི་བཀའ་སློབ་ཀྱི་སྙིང་དོན།
    ཉིན་དེར་སྐྱ་སེར་གང་མང་ཞིག་འབྱོར་བར་༧པཎ་ཆེན་རིན་པོ་ཆེས། ང་ཁ་སང་དང་པོ་ཡོང་སྐབས་ངས་ད་ཐེངས་རྒྱལ་བ་ཐམས་ཅད་མཁྱེན་པ་ཚོགས་ཆེན་དུ་ཕེབས་ཡོད་ངེས་རེད། ད་ཐེངས་ཁོང་འཇལ་ངེས་རེད། དྲན་ཡོད་ཀྱང་ཐམས་ཅད་མཁྱེན་པ་ད་ཐེངས་འཇལ་ཐུབ་མ་སོང། ཞེས་དང། ཁ་སེང་ང་འདིར་སླེབས་འཕྲལ་ང་གནས་གཟིགས་ལ་འགྲོ་གྲབས་སྐབས་འགྲོ་ཉན་ས་མ་རེད་ཟེར། ག་རེས་རེད་དམ་དྲིས་པར། བོད་མིས་ངོ་རྒོལ་བྱེད་ཀྱིན་འདུག་ཟེར། ང་ཧང་སང་སོང། འོན་ཀྱང་དེ་རྗེས་ངས་ཞིབ་འཇུག་བྱས་དུས་བོད་མི་ཚོར་ཁག་མི་འདུག དེའི་སྔོན་ནས་ང་ད་ཐེངས་འདིར་ཡོང་ནས་ཡས་བྱེད་ཀྱི་རེད། མས་བྱེད་ཀྱི་རེད། ཅེས་ང་ཚོའི་བར་དཀྲུགས་ཤིང་འདྲ་མིན་རྒྱག་མཁན་བྱུང་འདུག་པ་ཚང་མ་ངས་ཀྱང་ཧ་གོ་སོང་ལ་ཁྱོད་ཚོ་ཡང་ངའི་སར་ཡོང་མཁན་ཇེ་མང་རེད། དེར་བརྟེན་དེ་རིང་ང་ཚོ་ཐུག་རྒྱུ་གོ་སྒྲིགས་བྱས་པ་ཡིན། ང་ཁྱེད་ཚོར་ཐུག་ནས་དགའ་སྤྲོ་ཆེན་པོ་བྱུང། དེ་བཞིན་ཁ་སང་ང་བལ་པོའི་རྒྱལ་པོ་དང་ཐུག་འཕྲད་བྱུང། ངས་རྒྱལ་པོ་ལ་བལ་ཡུལ་ནང་བོད་མི་ཚོའི་གནས་སྟངས་ཡག་པོ་ཆགས་འདུག་པས་བཀའ་དྲིན་ཆེ། མ་འོངས་པར་ཡང་བོད་པ་ཚོར་དེ་བཞིན་རོགས་རམ་ཡག་པོ་གནང་རོགས་ཞུས་ཡོད། དེར་བརྟེན་མ་འོངས་པར་ཁྱེད་ཚོའི་གནས་སྟངས་ཡག་ཏུ་འགྲོ་གི་རེད། གཙོ་བོ་སོ་སོ་གང་དུ་ཡོད་སའི་རྒྱལ་ཁབ་ཀྱི་ཁྲིམས་བརྩི་སྲུང་བྱེད་རྒྱུ་གལ་ཆེན་པོ་རེད། ཞེས་སོགས་བཀའ་ཕེབས་ཡོད་འདུག་ལགས།

    Reply
  4. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 15 སྔོན།

    པཎ་ཆེན་སྐུ་གོང་མའི་རྗེས་དྲན་ཞུ་རན་ཡོད་པའི་སྐྱེ་བུ་ཆེན་པོ་ཞིག་རེད།་ངས་སེམས་སྟིང་ནས་བཀའ་དྲིན་རྗེས་དྲན་དང་གུས་འདུད་ཞུ་རྒྱུ་ཡིན།་་་་པཎ་ཆེན་རིན་པོ་ཆེ་མཆོག་༡༩༨༨་ལོར་བལ་ཡུལ་དུ་ནང་པའི་ཚོགས་ཆེན་ཞིག་ལ་ཕེབས་སྐབས་ཕྱོགས་གཅིག་བོད་གཞུང་ངམ་༌གོང་ས་མཆོག་གི་སྐུ་ཚབ་ཨ་ལགས་འཇིག་མེད་བཏང་ཡོད་པ་དང།་ཡང་ཕྱོགས་གཞན་ཞིག་ནས་མི་མང་འགའ་ཤས་ལ་ངན་སྐུལ་གྱིས་ངོ་རྒོལ་བྱེད་བཅུགས་མཁན་ཡང་བྱུང་པ་ཆེས་བློ་ཕབ་གྱི་གནས་ཚུལ་ཞིག་མ་རེད་དམ།་དེ་ངན་སྐུལ་བྱེད་མཁན་སུ་ཡིན་རྣམ་པ་ཚོས་མཁྱེན་གྱི་ཡོད་དམ།་་མཁྱེན་གྱི་ཡོད་བསམ་ཚུལ་འགའ་རེ་གསུང་དང།

    དྲ་གྲོགས་གསང་གཏོར་ལགས།
    ༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་༡༩༨༨ལོར་བལ་ཡུལ་ལ་ནང་པའི་ཚོགས་ཆེན་དུ་ཕེབས་སྐབས་
    ༡ བོད་མིའི་ངོ་རྒོལ་འབྱུང་རྐྱེན་དང།
    ༢ དེ་རྗེས་ངོ་རྒོལ་བྱུང་རབས་དང།
    ༣ དེ་རྗེས་ཀུན་གཟིགས་རིན་པོ་ཆེ་མཆོག་གིས་དེའི་འབྱུང་རྐྱེན་གང་ཡིན་གསལ་བོ་གཟིགས་རྗེས་ཁོང་གིས་དེ་ག་རང་དུ་བཀའ་སློབ་གང་ཞིག་བསྩལ་མིན་བཅས་དོན་ཚན་གསུམ་ཤེས་རྒྱུ་གལ་ཆེན་ཆགས་ཡོད་པ་རེད།
    ༡ སྐབས་དེར་ཀུན་གཟིགས་རིན་པོ་ཆེ་བལ་ཡུལ་དུ་ཅུང་མ་ཕེབས་སྔོན་དེར་རྒྱ་གཞུང་གིས་བལ་ཡུལ་ས་གནས་གང་སར་ཡིག་ཆ་འདྲ་མིན་བཀྲམ་པའི་ནང་ད་ཐེངས་པཎ་ཆེན་ཨེར་ཏི་ནི་བལ་ཡུལ་དུ་ཆོས་ལུགས་ཚོགས་ཆེན་ཐོག་ཕེབས་སྐབས་ཁོང་གིས་བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་ཕྱིར་ལོ་རྒྱུས་སྟེང་ནས་རང་བཙན་ཡིན་ཟེར་བ་རྫུན་པ་ཡིན་སྐོར་ར་སྤྲོད་བྱེད་ངེས་རེད། ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།
    ༢ དེ་ལ་བརྟེན་བལ་ཡུལ་བོད་མི་ཚོས་ཐོག་མར་ངོ་རྒོལ་བྱས་པ་རེད་ལ་རིམ་གྱིས་དེ་མི་བདེན་པ་ཤེས་སྐབས་མཇལ་བཅར་ཞུ་མཁན་ཉིན་རེ་བཞིན་ཇེ་མང་དུ་ཕྱིན་པ་རེད།
    ༣
    ཚོགས་ཆེན་ཚར་གྲབས་སྐབས་བོད་པ་མཇལ་བཅར་བ་ཇེ་མང་སོང་བ་དང་སྟབས་བསྟུན་༧ཀུན་གཟིགས་རིན་པོ་ཆེས་ཀྱང་བོད་པ་ཚོར་དམིགས་བསལ་མཇལ་ཁ་དང། བཀའ་སློབ་བཅས་ཉིན་གཅིག་གོ་སྒྲིགས་གནང་ཡོད་འདུག
    ཉིན་དེའི་བཀའ་སློབ་ཀྱི་སྙིང་དོན།
    ཉིན་དེར་སྐྱ་སེར་གང་མང་ཞིག་འབྱོར་བར་༧པཎ་ཆེན་རིན་པོ་ཆེས། ང་ཁ་སང་དང་པོ་ཡོང་སྐབས་ངས་ད་ཐེངས་རྒྱལ་བ་ཐམས་ཅད་མཁྱེན་པ་ཚོགས་ཆེན་དུ་ཕེབས་ཡོད་ངེས་རེད། ད་ཐེངས་ཁོང་འཇལ་ངེས་རེད། དྲན་ཡོད་ཀྱང་ཐམས་ཅད་མཁྱེན་པ་ད་ཐེངས་འཇལ་ཐུབ་མ་སོང། ཞེས་དང། ཁ་སེང་ང་འདིར་སླེབས་འཕྲལ་ང་གནས་གཟིགས་ལ་འགྲོ་གྲབས་སྐབས་འགྲོ་ཉན་ས་མ་རེད་ཟེར། ག་རེས་རེད་དམ་དྲིས་པར། བོད་མིས་ངོ་རྒོལ་བྱེད་ཀྱིན་འདུག་ཟེར། ང་ཧང་སང་སོང། འོན་ཀྱང་དེ་རྗེས་ངས་ཞིབ་འཇུག་བྱས་དུས་བོད་མི་ཚོར་ཁག་མི་འདུག དེའི་སྔོན་ནས་ང་ད་ཐེངས་འདིར་ཡོང་ནས་ཡས་བྱེད་ཀྱི་རེད། མས་བྱེད་ཀྱི་རེད། ཅེས་ང་ཚོའི་བར་དཀྲུགས་ཤིང་འདྲ་མིན་རྒྱག་མཁན་བྱུང་འདུག་པ་ཚང་མ་ངས་ཀྱང་ཧ་གོ་སོང་ལ་ཁྱོད་ཚོ་ཡང་ངའི་སར་ཡོང་མཁན་ཇེ་མང་རེད། དེར་བརྟེན་དེ་རིང་ང་ཚོ་ཐུག་རྒྱུ་གོ་སྒྲིགས་བྱས་པ་ཡིན། ང་ཁྱེད་ཚོར་ཐུག་ནས་དགའ་སྤྲོ་ཆེན་པོ་བྱུང། དེ་བཞིན་ཁ་སང་ང་བལ་པོའི་རྒྱལ་པོ་དང་ཐུག་འཕྲད་བྱུང། ངས་རྒྱལ་པོ་ལ་བལ་ཡུལ་ནང་བོད་མི་ཚོའི་གནས་སྟངས་ཡག་པོ་ཆགས་འདུག་པས་བཀའ་དྲིན་ཆེ། མ་འོངས་པར་ཡང་བོད་པ་ཚོར་དེ་བཞིན་རོགས་རམ་ཡག་པོ་གནང་རོགས་ཞུས་ཡོད། དེར་བརྟེན་མ་འོངས་པར་ཁྱེད་ཚོའི་གནས་སྟངས་ཡག་ཏུ་འགྲོ་གི་རེད། གཙོ་བོ་སོ་སོ་གང་དུ་ཡོད་སའི་རྒྱལ་ཁབ་ཀྱི་ཁྲིམས་བརྩི་སྲུང་བྱེད་རྒྱུ་གལ་ཆེན་པོ་རེད། ཞེས་སོགས་བཀའ་ཕེབས་ཡོད་འདུག་ལགས།

    Reply
  5. གཅན་ཚ་དཔལ་ལྡན། says:
    ལོ་ 15 སྔོན།

    ༧པཎ་ཆེན་རིན་པོ་ཆེ་སྐུ་བཞུགས་དུས་བོད་མི་མང་པོ་ཞིག་གིས་གང་ཉིད་ཀྱི་མཛད་རྗེས་དང་ནུས་སྟོབས། ལྷག་བསམ་དང་དཔའ་ངར་སོགས་ཤེས་མ་ཐུབ་པ་རེད། ཁོང་རང་བཞུད་ཤུལ་རྗེས། བོད་ནང་དུ་སྔར་ལས་དྲག་གནོན་དང་མནར་གཅོད་ཀྱིས་ཁེངས་སྟབས། ད་གཟོད་སྐུ་གོང་མས་བཀའ་དྲིན་དྲན་གྱི་ཡོད་པ་རེད། གོང་གི་ཚེ་རིང་ཞུ་བའི་དྲ་གྲོགས་དེས་བཤད་པ་དེ་བདེན་པ་རེད། ༧པཎ་ཆེན་ནི་ཆོས་ལུགས་ཀྱི་དབུ་ཁྲིད་ཁོ་ན་ཙམ་མིན་མི་རིགས་ཀྱི་དཔའ་རྒོལ་ཞིག་ཀྱང་རེད། པཎ་ཆེན་ནམ་ཡང་གོ་ལ་འདིའི་རྩེ་མོ་ནས་ཉི་མ་བཞིན་འཆར་ཐུབ་པར་སྨོན།

    Reply
  6. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 15 སྔོན།

    ཇི་སྐད་དུ་རྒྱལ་ཚབ་ར་སྒྲེང་རིན་པོ་ཆེའི་ཞལ་སྔ་ནས།

    མགོན་མེད་གངས་ཅན་ཞིང་འདིའི་འགྲོ་བ་རྣམས།།
    ཇི་སྲིད་འཁོར་བའི་ཕྱི་མཐའ་མ་རྫོགས་པ།།
    དེ་སྲིད་མཚུངས་པ་མེད་པའི་གསང་གསུམ་གྱིས།།
    སྡེ་བཞིའི་དཔལ་ལ་སྦྱོར་བཞིན་བརྟན་པར་བཞུགས།།

    ཉམ་ཐག་སྨག་རུམ་འཐིབས་པའི་གངས་ཅན་འདིར།།
    མགོན་ཁྱོད་ཐུགས་རྗེའི་སྒྲོན་མེ་འབར་བའི་གཟིས།།
    ཕན་དང་བདེ་བའི་སྣང་བ་འགྱེད་བཞིན་དུ།།
    སྲིད་ཞིའི་བར་དུ་མི་གཡོ་རྟག་བརྟན་ཤོག།
    ཞེས་གསུངས་པ་དང།

    རྫོང་སར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པའི་ཞལ་སྔ་ནས།

    སྲིད་པ་གསུམ་ན་ངོ་མཚར་ཟླ་མེད་པ།།
    ཨུ་དམ་ཝཱ་ར་ལྟར་འཕགས་ཐམས་ཅད་མཁྱེན།།
    འཛམ་གླིང་བསྟན་འགྲོ་ཡོངས་ཀྱི་གཙུག་ནོར་ཆེ།།
    རྒྱལ་མཆོག་ཕྱག་ན་པདྨོ་ཞབས་བརྟན་ཤོག།

    ཅེས་གསུངས་པ་ལྟར་འགྲུབ་པར་སྨོན།

    དེ་བཞིན་རང་རེའི་རླབས་ཆེན་གྱི་རྒྱལ་གཅེས་དཔའ་རྒོད་མི་སྣ་དམ་པ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་རླབས་ཆེན་ཐུགས་བཞེད་ལྷུན་གྱིས་འགྲུབ་པར་སྨོན་པ་དང་ཆབས་ཅིག་གདན་ས་བཀྲ་ཤིས་ལྷུན་པོས་མཛད་སྒོ་འདི་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་གྲངས་མེད་ཞུ།།

    Reply
  7. ཚེ་རིང་། says:
    ལོ་ 15 སྔོན།

    ༸པཎ་ཆེན་སྣང་བ་མཐའ་ཡས་ཀྱིས་བོད་མི་རིགས་ཀྱི་ཆེད་དུ་རང་སྲོག་འཛེམས་མེད་ཀྱིས་བོད་ས་སྟོད་སྨད་བར་གསུམ་དུ་གངས་ཅན་པའི་བླ་སྲོག་གི་མེ་རུ་བསྐྱར་དུ་སྤར་ཞིང་། མེ་སྒྱོགས་ཀྱི་ཐལ་རྡུལ་དང་ལྟོགས་སྐོམ་གྱི་མནར་གཅོད་འོག་འཇིགས་ཤིང་འཁུམ་སྟེ་བྲོས་ཞིང་བྱེར་བའི་ནུས་མེད་ཟུངས་ཟད་ཀྱི་རྣམ་ཤེས་སྡོམ་པོ་དག་ལ་ཡབ་མེས་བཙན་པོའི་དཔའ་སྙིང་བླ་འགུགས་བྱས་ཏེ། ཀ་རྐང་སུམ་ཅུའི་རྒྱུན་ཐག་ལ་གསེར་འོད་འཚེར་དུ་བཅུགས་པ་དང་། དུས་གཅིག་ཏུ་ལུས་ངག་ཡིད་གསུམ་རྒྱ་ཆས་ཀྱིས་ཡོངས་སུ་བརླམས་པའི་ཡིད་སྐྱོ་ལ་འཇིགས་ཡེར་བའི་གྲང་ངར་གྱི་ལོ་ཟླ་ཁྲོད། གངས་ལྗོངས་ས་མཐོའི་རི་ལུང་ཐང་གསུམ་དུ་བོད་བཙན་པོའི་ལོ་རྒྱུས་ཅན་གྱི་དཔའ་ཉམས་དོད་པའི་མི་རིགས་ཤིག་གི་སྣང་བརྙན་གསར་བའི་དཔྱིད་ཀྱི་མྱུ་གུ་རྒྱས་སུ་བཅུགས་པས། ད་གཟོད་འུ་ཅག་གིས་མུན་པའི་འཇིག་རྟེན་ནས་འོད་ཀྱི་ཟེར་མ་རྒུམ་པའི་བསྐལ་བྱུང་ཞིང་། བོར་ཟིན་པའི་རང་ཉིད་ཀྱི་ངོ་གདོང་བསྐྱར་དུ་རྙེད་ཐུབ་པ་བྱུང་ལ། ས་སྒང་རིལ་མོ་འདིའི་ཡང་སྟེང་ནས་གངས་ཅན་པ་ཞེས་པའི་དཔའ་གདངས་ཀྱི་ང་རོ་ཞིག་གནམ་སའི་ཧྲག་བར་ཀུན་དུ་མཆེད་ཐུབ་པ་བྱུང་བ་མ་ཡིན་ནམ། འུ་ཚོས་དུས་ནས་དུས་སུ་ཁོང་ཉིད་གླེང་དགོས་ལ། བསམ་གྱིམ་བསམ་གྱིན་ཁོང་ཉིད་ཤིན་དུ་དྲན་འོས་ཨང་།
    ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་ཀུན་གྱི་མཚན་སྙན་ལ་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་ངའི་མི་ཚེ་ནང་མི་འཇོག་པའི་དམ་བཅའ་བཞག་ཡོད། ཅེས་པའི་དམ་པ་ཁོང་ཉིད་ཀྱི་མི་ཚེ་སྲོག་ཤིང་དུ་བཙུགས་པའི་དམ་ཚིག་འདིས། ཁོས་རང་གི་མི་རིགས་ལ་བཅངས་བའི་རེ་བ་ཟབ་མོ་དང་བརྩེ་སེམས་དྲོན་མོ། དེ་བཞིན་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་ཀྱིས་དུས་ནས་དུས་སུ་རང་གི་མི་ཚེ་སྲོག་ཤིང་དུ་འཛུགས་དགོས་ཤིང་། ཡབ་མེས་བཙན་པོ་དག་གི་བང་སོའི་མངལ་ན། ད་དུང་དྲོལ་ལམ་མེར་གནས་པའི་ཁ་ཆེམས་ཀྱི་རྡོ་རིང་དེ་རི་ཁ་བ་ཅན་གྱི་ལྗོངས་སུ་ཡང་བསྐྱར་གཟི་བརྗིད་ཀྱིས་བསླངས་ཡོད།
    ཁོང་ཡོད་པས། ད་གཟོད་འུ་ཚོས་བོར་ཟིན་པའི་རང་ཉིད་ཀྱི་སྨྲ་ལྕེ་བསྐྱར་དུ་རྙེད། ཁོང་ཡོད་པས། ད་གཟོད་འུ་ཚོས་རང་ཉིད་ཀྱི་གླུ་སྐད་མཐོ་རུ་འདེགས་ཐུབ་པ་བྱུང་། ཁོང་ཡོད་པས། ད་གཟོད་འུ་ཚོས་རི་ཁ་བ་ཅན་གྱི་མངལ་ལ་ཡབ་མེས་བཙན་པོའི་རྨི་ལམ་བསྐྱར་དུ་སྦྲུམ་ཐུབ་པ་བྱུང་། དེ་བཞིན། དེ་རིང་ང་ཚོས་ན་ཟུག་དང་བཅས་ཁོང་ཉིད་ཤིན་ཏུ་དྲན་པ་འདིའང་། ཁོང་ལ་གོས་ཆེན་སེར་བོ་དང་ཁྲི་ཆེན་མཐོན་པོ་ཡོད་པས་མ་ཡིན་ལ། ཁོང་ལ་སྐྱེ་རབས་ཕྲེང་བརྒྱུད་དང་གོ་ཐོབ་སྙན་གྲགས་ཡོད་པས་དེ་བས་ཀྱང་མ་ཡིན་པར། ཁོང་གིས་གཉན་འཕྲེང་གི་དུས་ལ་འུ་ཚོར་ལྷོག་ལྷོག་ཏུ་ལྡིང་བའི་ཚེ་སྲོག་དང་། ལངས་ཚོ་གསར་བའི་སྐྱེས་སྟོབས་བསྩལ་བས་རེད། ཁོང་གི་སྙིང་སྟོབས་དང་རེ་བཞག་ཡོད་ཚད་གངས་ཆེན་འདིའི་མགོ་སྟེང་མ་ལོག་བར་དུ། ཡུལ་ཆེན་འདིའི་སྣོད་བཅུད་མ་སྟོང་བར་དུ། དུས་ནས་དུས་སུ། བསྐལ་བ་ནས་བསྐལ་བའི་བར་དུ། མི་རིགས་འདིའི་བུ་རབས་ཚ་རྒྱུད་ཀུན་གྱི་སྲོག་ཏུ་འབུས་ཤིང་ལངས་ཚོ་རུ་སྨིན་ངེས། པཎ་ཆེན་ལགས། དེ་རིང་ང་ཚོས་ཁྱེད་རང་ཤིན་ཏུ་དྲན་པ་ཇི་བཞིན། ཁྱེད་ཀྱི་སྣང་བརྙན་གྱིས་དུས་ནམ་ཡང་ང་ཚོ་རིམ་ནས་ཡོད། ཁྱེད་ཉིད་བདེ་བར་བཞུགས་དང་། ང་ཚོ་ན་ཟུག་གིས་ལངས་བཞིན་ཡོད།

    Reply
  8. གསང་གཏོར། says:
    ལོ་ 15 སྔོན།

    པཎ་ཆེན་སྐུ་གོང་མའི་རྗེས་དྲན་ཞུ་རན་ཡོད་པའི་སྐྱེ་བུ་ཆེན་པོ་ཞིག་རེད།་ངས་སེམས་སྟིང་ནས་བཀའ་དྲིན་རྗེས་དྲན་དང་གུས་འདུད་ཞུ་རྒྱུ་ཡིན།་་་་པཎ་ཆེན་རིན་པོ་ཆེ་མཆོག་༡༩༨༨་ལོར་བལ་ཡུལ་དུ་ནང་པའི་ཚོགས་ཆེན་ཞིག་ལ་ཕེབས་སྐབས་ཕྱོགས་གཅིག་བོད་གཞུང་ངམ་༌གོང་ས་མཆོག་གི་སྐུ་ཚབ་ཨ་ལགས་འཇིག་མེད་བཏང་ཡོད་པ་དང།་ཡང་ཕྱོགས་གཞན་ཞིག་ནས་མི་མང་འགའ་ཤས་ལ་ངན་སྐུལ་གྱིས་ངོ་རྒོལ་བྱེད་བཅུགས་མཁན་ཡང་བྱུང་པ་ཆེས་བློ་ཕབ་གྱི་གནས་ཚུལ་ཞིག་མ་རེད་དམ།་དེ་ངན་སྐུལ་བྱེད་མཁན་སུ་ཡིན་རྣམ་པ་ཚོས་མཁྱེན་གྱི་ཡོད་དམ།་་མཁྱེན་གྱི་ཡོད་བསམ་ཚུལ་འགའ་རེ་གསུང་དང།

    Reply
  9. གསང་གཏོར། says:
    ལོ་ 15 སྔོན།

    པཎ་ཆེན་སྐུ་གོང་མའི་རྗེས་དྲན་ཞུ་རན་ཡོད་པའི་སྐྱེ་བུ་ཆེན་པོ་ཞིག་རེད།་ངས་སེམས་སྟིང་ནས་བཀའ་དྲིན་རྗེས་དྲན་དང་གུས་འདུད་ཞུ་རྒྱུ་ཡིན།་་་་པཎ་ཆེན་རིན་པོ་ཆེ་མཆོག་༡༩༨༨་ལོར་བལ་ཡུལ་དུ་ནང་པའི་ཚོགས་ཆེན་ཞིག་ལ་ཕེབས་སྐབས་ཕྱོགས་གཅིག་བོད་གཞུང་ངམ་༌གོང་ས་མཆོག་གི་སྐུ་ཚབ་ཨ་ལགས་འཇིག་མེད་བཏང་ཡོད་པ་དང།་ཡང་ཕྱོགས་གཞན་ཞིག་ནས་མི་མང་འགའ་ཤས་ལ་ངན་སྐུལ་གྱིས་ངོ་རྒོལ་བྱེད་བཅུགས་མཁན་ཡང་བྱུང་པ་ཆེས་བློ་ཕབ་གྱི་གནས་ཚུལ་ཞིག་མ་རེད་དམ།་དེ་ངན་སྐུལ་བྱེད་མཁན་སུ་ཡིན་རྣམ་པ་ཚོས་མཁྱེན་གྱི་ཡོད་དམ།་

    Reply
  10. བསྟན་འཛིན་ཚེ་དཔག says:
    ལོ་ 15 སྔོན།

    བོད་འབངས་བསོད་ནམས་རི་བོས་མཐོར་བཏེགས་པའི།།
    ཨ་སྔོན་མཐོངས་ལ་ཉི་ཟླ་ཞལ་འཛོམས་ཏེ།།
    རང་དབང་བདེ་སྐྱིད་ཟད་མཐའ་མེད་པའི་སྒོ།
    རེ་བའི་ཡིད་མཁར་འཛུམ་གྱིས་བཞད་པར་སྨོན།།

    གདན་ས་བཀྲ་ཤིས་ལྷན་པོས་རྗེས་དྲན་གོ་སྒྲིག་བསྐྱངས་པ་ལ་རྗེས་སུ་ཡི་རང་ཞུའོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese