མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐད་འདི་བོད་ཡིག་ལ་སེམས་འཁུར་ཡོད་མཁན་ཚང་མ་ལ་བཞག་པ་ཡིན།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༢/༣༡
Share on FacebookShare on TwitterShare on EmailShare on Whatsapp


http://www.youtube.com/watch?v=HGa-dSKXf38&feature=related

སྤུན་ཟླ་ཚོ། འབྲེལ་ཐག་འདི་ལ་ཡིན་གཅིག་མིན་གཅིག་གཟིགས་རྒྱུ་མཁྱེན། བོད་ཡིག་འདི་འདྲ་བྲིས་ན་ག་འདྲ་འདུག་ལགས། བསམ་ཚུལ་ལྷུག་པོར་གནོང་རོགས་ཞུ། འདི་ལ་བཟང་ངན་གྱི་ཆ་གང་ཞིག་འདུག བོད་ཡིག་གི་དར་རྒུད་གང་དང་འབྲེལ་བ་འདུག་ཞིབ་དུ་གླེང་རོགས་ཞུ། འདི་ནི་བོད་ཡིག་ཤེས་མཁན་ཞིག་གི་ཀློག་བདེ་བོ་འདུག་གམ། མི་ཤེས་མཁན་ནི་དེ་བས་ཀྱང་ངོ། དེ་ཡིན་དུས་སྤུན་ཟླ་དག་གིས་ཡིན་གཅིག་མིན་གཅིག་འདིའི་རིགས་ལ་གཟབ་དགོས་མིན་ སྐོར་གསལ་བོ་ཞིག་གསུང་རོགས་ཞུ།

འདི་ལྟར་མུ་མཐུད་དུ་ཕྱིན་པ་ཡིན་ན། འུ་ཅག་གིས་དེ་ལ་སྐྱོན་བརྗོད་བྱེད་དགོས་ཀྱི་འདུག་གམ། སྐྱོན་བརྗོད་ཇི་ལྟར་བྱེད་དགོས་ཀྱི་འདུག སྐྱོན་བརྗོད་བྱེད་ས་དེ་ཁོ་རང་གིས་སྐྱོན་བརྗོད་དེ་དག་རྣ་བར་སླེབས་ཀྱི་རེད་དམ། སླེབས་ན་ཡང་ལག་ལེན་དུ་འཁེལ་རྒྱུར་འགན་བཞེས་ཀྱི་རེད་དམ། འདི་དག་སྐོར་ལ་སྤུན་ཟླ་དག་གིས་རང་རང་གི་བསམ་ཚུལ་དྲང་མོ་གསུང་རྒྱུ་དེ་ནི་བདག་གི་རེ་སྐུལ་ཡིན་ལགས།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 22

  1. sha tak ri sim says:
    ལོ་ 15 སྔོན།

    ཁྲ་གླག་སྤྱང་གསུམ་ལགས། རྒྱལ་སྤྱིའི་ལོ་གསར་བ་འདིས་ནང་དུ་བདག་གི་སྐུ་མགྲོན་ཐོག་མ་ནི་ཉིད་རང་ཡིན་ལ། ཉིད་ཀྱིས་བཀྲ་ཤིས་ཁ་གཡང་འདིས་བོད་མི་ཡོད་དོ་ཅོག་རང་གི་ཡུལ་དུ་ལོག་པའི་ལོ་དེར་ཆགས་པའི་རེ་སྨོན་ཆེན་པོ་ཡོད་ལ། བོད་གངས་ཅན་གྱི་རྩ་བའི་བླ་མ་མཆོག་རང་གི་གཟིམ་ཁང་ཆེན་མོ། མི་ཡུལ་ན་གྲགས་པ་འབར་བའི་ཕོ་བྲང་པོ་ཏྰ་ལའི་ཡང་སྟེང་ནས་བོད་མི་ཡོངས་ལ་བཀྲ་ཤིས་ཁ་གཡང་སྒྲོག་པའི་ལོ་དེ་ཡིན་པར་རེ་བ་ཆེན་པོ་ཡོད་ལགས།

    ཅོ་རུ་ཉི་མ་ལགས། སླར་ཡང་འདི་རུ་ཕེབས་ནས་དུས་ཚེས་ཀྱི་ལོ་ཟླའི་ཁྲོད་དུ་རང་དབང་གི་མཁའ་དབུགས་ཤིག་ལ། མི་སེམས་ཀྱི་རོལ་དབྱངས་ཤིག་བརྡུང་དེ་ཕེབས་ཟིན་པ་དེར་དགའ་བོ་བྱུང་།

    སེར་ལྷོ་བློ་བཟང་རྒྱ་མཚོ་ལགས། སྐུ་ཉིད་དེ་མཚུངས་ཡིན་ལགས།

    སྤུན་ཟླ་ཚོ། ང་ཚོའི་མི་རབས་འདིས་ནང་དུ་བོད་གངས་ཅན་ལྗོངས་ཀྱི་རྩ་བའི་བླ་མ་འུ་ཅག་གིས་རང་ཡུལ་དུ་ཆིབས་བསུ་ཞུ་ཐུབ་པར་རེ་བ་ཆེན་པོ་ཡོད་ལགས།

    Reply
  2. sherabt says:
    ལོ་ 15 སྔོན།

    ཁྱེད་རང་བོད་ཀྱི་སྐད་ཡིག་དོ་དབྱིངས་ཡོད་གནང་བར་བཀྲ་ཤིས་བདེ་ལེགས་ཞུ། གནམ་ལོ་གསར་ཚེས་ལ།

    Reply
  3. logyam says:
    ལོ་ 15 སྔོན།

    ལྷག་བསམ་དཀར་བའི་དྲ་གྲོགས་ལགས། ལོ་འདིའི་ནང་ཉིད་ཀྱི་བྱ་བ་ལམ་འགྲོ་ཡོང་བ་དང་། སྐུ་གཟུགས་གསལ་ཐང་ཡོང་བའི་སྨོན་འདུན་ཡོད།

    Reply
  4. chokri nyima says:
    ལོ་ 15 སྔོན།

    དུས་གསུམ་དུས་ཀྱིས་འཁོར་ལོ་འཁོར་བ་ན།
    བྱུང་ནས་ཡལ་བ་སྔོན་གྱི་ཅི་བྱས་རྣམས།
    དྭང་གཙང་ཆུ་ལ་མཛུབ་མོས་བྲིས་པ་འདི།
    ཤིན་ཏུ་ངོ་མཚར་སྒྱུ་མའི་མི་ཚེ་ཉིད།

    གྲོགས་པོ་ཤ་རུས་ལགས་འཇིག་རྟེན་གྱི་བྱ་བཞག་ལ་སྙིང་པོ་ཡོད་པ་ཁ་པོ་རེད། ཡིན་ཡང་མི་ཐུད་ནས་སེམས་ཤུགས་ཆག་མི་ཉན་ལས་དོན་སྒྲུབ་ཐུབ་པ་བྱེད་དགོས་ཞེས་རེ་བ་དང་ལོ་གསར་པའི་ནང་ནད་མེད་ཚེ་རིང་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་ཞུ།

    Reply
  5. sherabt says:
    ལོ་ 15 སྔོན།

    འོ་རེད། བོད་ཀྱི་ལ་རྒྱ་དང་བདེན་དོན་ལོ་རྒྱུས་དེ་ཚོ་རྒྱ་སྐད་ནང་བཏང་ནས་ཡུབཊོ་ནང་བཞག་ན་ཡག་པོ་འདུག རྒྱ་རྒན་ཁ་ཤས་ཀྱིས་གོ་གི་རེད། དེས་བོད་པ་ཚོས་ཅི་ཞིག་གྱེར་བཞིན་ཡོད་པ་ཤེས་འགྲོ་ཡི་རེད། ཡིག་གཟུགས་དེ་ལ་སྔགས་ཡིག་ཟེར། སྒྲ་སྒྱུར་རེད། ཏག་ཏག་ཅིག་ཡོད་ས་མ་རེད་ལ་དེ་ཁག་པོ་ཡང་རེད། འོན་ཀྱང་གཅིག་འགྲིག་མི་འདུག གཞས་དེ་རྒྱ་སྐད་ཡིན་དུས། ནང་དོན་རྣམས་བོད་ཡིག་དང་དབྱིན་ཡིག་ནང་འབྲི་དགོས་པ་རེད། ཡང་ན་རྒྱ་ཡིག་རང་བྲིས། དེ་མིན་རྒྱ་སྐད་དུ་བོད་ཡིག་བྲིས་པ་དེ་བསམ་བློ་ཁྱོན་ནས་མ་བཏང་བ་རེད། སུ་ཞིག་ལ་དགོས་མཁོ་མེད་པ་རེད་ལགས།

    Reply
  6. sha tak ri sim says:
    ལོ་ 15 སྔོན།

    སྤོབས་པ་མཐའ་ཡས་ལགས། ཉིད་རང་ཕེབས་ནས་རང་གི་གང་བསམ་ལྷུག་པོར་གསུངས་པ་དང་བདག་ལ་ལམ་སྟོན་གནང་བ་དེར་སེམས་ལ་འཛིན་ངེས་ཡིན་ལགས། ང་རང་དངོས་ནས་དལ་མོ་རེད་འདུག དེ་ནི་བདེན་པ་རེད་ལགས། དགོངས་དག་ཞུ་དགོས་ས་དེ་ནི་སྐུ་ཉིད་གཙོ་བའི་སྤུན་ཟླ་ཚོ་ཡིན་པ་ལས། སྐུ་ཉིད་ཀྱིས་ང་རང་ལ་ཞུ་རྒྱུ་དེ་ནི་མ་ཡིན་ལགས། རྗེས་ཕྱོགས་ཀྱང་གང་བསམ་ཅི་ཡོད་ལམ་སྟོན་བྱེད་དུ་ཕེབས་རོགས་ཞུ།

    ཅོ་རི་ཉི་མ་ལགས། ས་མཐའ་ནས་འུ་ཅག་གིས་རང་རང་གི་བྱིས་པ་དག་གི་ངོ་གདོང་དང་རང་རང་གི་བྱིས་པ་དག་གི་མདུན་ལམ་དང་སྐད་ཡིག་གི་རང་དབང་བཅས་ལ་བསམ་བློ་བཏང་དུས་སུ། ཆེས་ནག་ཉེས་ཀྱི་ལྟེ་བོ་དེ་ནི་རང་ཉིད་ཀྱིས་རང་ཉིད་ཀྱི་བྱིས་པ་དག་ལ་འགན་མ་ཆགས་པ་དེ་རེད་སྙམ་ན། ང་རང་གི་སེམས་སུ་མཚམས་རེར་དངོས་ནས་སྐྱོ་བ་དྲགས་པོ་ཞིག་བྱུང་གི་འདུག་ལགས། སྐུ་ཉིད་ལ་དེ་འདྲའི་ཚོར་བ་འདྲ་འདུག་གམ། རང་ཉིད་ཀྱིས་རང་གི་རིགས་ལ་འགན་མི་ཆགས་པའི་ནག་ཉེས་དང་རང་གི་བྱིས་པ་འདི་རང་གི་རིགས་རུས་གཙང་མ་ཞིག་བྱེད་མ་ཐུབ་པའི་དཀའ་ངལ་སོགས་ལ་སེམས་ཁྲལ་འདུག་གམ་ཅི་ལགས།

    རི་བོང་ལགས། འདིའི་རིགས་ལ་ཕན་གནོད་གང་ཡང་མེད་པར་འདོད་པ་དེ་ནི་ཏག་ཏག་ཞིག་བསྡད་མེད་པ་འདྲ་ལགས། གལ་སྲིད་གཟུགས་མཐོང་བརྙན་འཕྲིན་དེ་ཡི་རིགས་ལ་བལྟ་ཀློག་བྱེད་མཁན་དེ་དག་ནི་བོད་པ་རང་གིས་མི་རིགས་ཤིག་ཡིན་ངེས་ཡིན་ལ། དེ་ལ་ལད་ཟློས་ཀྱི་གླུ་དབྱངས་ལེན་མཁན་དེ་དག་ཡང་བོད་ཡིག་ཤེས་ལ་མ་ཤེས་མཁན་དེ་དག་ཡིན་ངེས་ཡིན། དེ་དུས་ཉེན་ཁ་ཞིག་འཕྲད་རྒྱུ་ནི་བཤད་མ་དགོས་པ་ཞིག་མ་རེད་དམ་ལགས།

    རྨེ་བ་འཇམ་དཔལ་ནོར་བུ་ལགས། གང་ཞིག་་བདེ་བོ་མེད་པ་དེ་ཡི་ཐད་དུ་བསམ་ཚུལ་འདྲ་གསུངས་ཀྱི་མི་འདུག་གམ་ལགས།

    གཅན་བཟོད་རྒྱམ་ལགས། འདང་དགོང་ར་བཟི་ནས་དེ་རིང་ཡང་འདི་རུ་ཕེབས་ནས་ཨམ་ཕྲུག་རྩམ་ཕྲུག་འདྲ་བ་ཚོ་ལ་ངས་ཞེ་ས་ཡིན་ན་གཅིག་སློབས་ཀྱི་འདུག་ཟེར་ནས་གསུངས་ཀྱི་འདུག སྐུ་ཉིད་སློབ་འདོད་ཡོད་ན་ཡང་འདི་ནས་སྤྱོང་ན་འགྲིག་གི་རེད། ཨ་ལ་ཀུ་རེ་ཡིན། ངས་གཞན་ལ་སློབ་རྒྱུ་ཞིག་ཕར་ཞོག རང་གིས་ཀྱང་ཡག་པོ་ཞིག་ཤེས་ཀྱི་མེད་པ་དེ་ཡིན་ལགས།

    གནམ་ལྕགས་ལགས། ཉིད་ཀྱིས་སྤོབས་པ་མཐའ་ཡས་ལགས་ཀྱིས་གསུང་དེར་རྒྱབ་སྐྱོར་བྱས་པ་བདག་གིས་སེམས་སུ་འཛིན་ངེས་ཡིན། གང་ཐུབ་ཅི་ཐུབ་ཞིག་ཀློག་འདོད་ཡོད་ཀྱང་། དུས་ཚོད་ཀྱིས་འདང་མིན་དང་། དེབ་ལག་དུ་རེག་མིན། རེག་ཀྱང་ཀློག་པ་ལས་ཡིག་ནོར་ཡིན་མིན་སོགས་ལ་ཞིབ་དུ་དཔྱད་ཁོམ་མེད་པ། དཔྱད་ཁོམ་ཡོད་པའི་དབང་དུ་བཏང་ན་ཡང་དཔྱད་གཞིའི་ཡིག་ཆ་མེད་པ། ཡིག་ཆ་རེ་ཟུང་རྙེད་དབང་དུ་བཏང་ན་ཡང་། འཁྲིས་སུ་བཀའ་འདྲི་གནང་ས་མེད་པའི་དཀའ་ངལ། མདོར་ན་མི་ཡུལ་འདི་ན་དཀའ་ལས་མང་དྲགས་པའི་ཁྲོད་ནས་རང་གིས་རང་ལ་སེམས་གསོ་རེ་བྱེད་ཀྱིན། བོད་ཡིག་ལ་བཟུང་བའི་སེམས་ཤུགས་དེ་ཉིད་ཡར་རྒྱས་འགྲོ་བ་ལ་འགག་དང་བར་ཆད་མང་ཀི་ལགས། འོན་ཀྱང་། རྣམ་པ་གཉིས་ཀྱིས་སེམས་འཁུར་གྱི་བསླབ་བྱ་དེ་ནི་སེམས་གཏིང་དུ་བཟུང་ཡོད་ལགས།

    Reply
  7. kkalsang says:
    ལོ་ 15 སྔོན།

    ཨ་རོགས་ཤ་ཁྲག་ལགས།གོང་དུ་སྤོབས་པ་མཐའ་ཡས་ལགས་ཀྱིས་གསུང་བ་དེ་ནི་ཁྱོད་ཀྱི་ལེགས་བཤད་དུ་ལོངས་ཤིག

    འབྲི་རྒྱུ་ཀློག་རྒྱུ་ཇེ་མང་དུ་ཐོངས།

    Reply
  8. chentsasopa says:
    ལོ་ 15 སྔོན།

    ཨོ་ཧོ་ཧོ། བཀའ་འགྱུར་འགྲིག་ཡོད་ཀི་ན། མཆན་བུ་ཉིས་བརྩེགས་ཐེབས་འདུག ཁྱེད་ཚང་མར་དགོངས་དག་ཞུ། ད་དུང་ཞེ་ས་ལ་ཞ་ས་འདྲ་ཞིག་བྲིས་ཡོད་ནོ་ཨེ་རིག་གི

    Reply
  9. chentsasopa says:
    ལོ་ 15 སྔོན།

    ཨ་ཧ་བོ་ན་ཧ་བོ། མདང་དགུང་གི་ཆང་དེས་ད་དུང་མགོ་ན་ཡིན་འདུག དེ་རིང་ང་རྗེས་ལུས་ཐེབས་འདུག་གཱ ཁྱེད་ཚོས་གླེང་མོལ་གང་འཚམ་རེ་བྱས་འདུག་གཱ བཟང་གི་བཟང་གི
    སྤྱོད་འཇུག་སྐྱོར་མཁན་ར་ཡོད་ཀི་མོ། དངོས་གནས་བཟང་གི ང་ཡང་སྤྱོད་འཇུག་འདི་ལ་དགའ་ས་ཞིག་ཡིན།
    ཤ་ཁྲག་མགོ་བྱས་ནས་དེང་སང་གི་ཨམ་ཕྲུག་འདི་ཚོར་ཡང་ཞེ་ས་རྒྱག་རྒྱུ་ལོབ་ཀི་འདུག འདི་ཡང་དོན་བཟང་ཞིག་རེད་ཡ། འོན་ཀྱང་ཨ་རོགས་ཚོ། ཞ་ས་སོ་མ་རྒྱག་མཁན་ཞིག་ཡིན་ན་ཤ་ཁྲག་གི་ཞེ་ས་རྒྱག་སྟངས་ལ་གཟབ་དགོས་ཡ། མི་འདི་ལ་ཞེ་ས་རྒྱག་སྟངས་ཡན་གར་བ་ཞིག་ཡོད་ཡ། མ་རེད་དམ་ལགས། ཤ་ཁྲག་ལགས། ཧ་ཧ་ཧ་ཧ།

    Reply
  10. chentsasopa says:
    ལོ་ 15 སྔོན།

    ཨ་ཧ་བོ་ན་ཧ་བོ། མདང་དགུང་གི་ཆང་དེས་ད་དུང་མགོ་ན་ཡིན་འདུག དེ་རིང་ང་རྗེས་ལུས་ཐེབས་འདུག་གཱ ཁྱེད་ཚོས་གླེང་མོལ་གང་འཚམ་རེ་བྱས་འདུག་གཱ བཟང་གི་བཟང་གི
    སྤྱོད་འཇུག་སྐྱོར་མཁན་ར་ཡོད་ཀི་མོ། དངོས་གནས་བཟང་གི ང་ཡང་སྤྱོད་འཇུག་འདི་ལ་དགའ་ས་ཞིག་ཡིན།
    ཤ་ཁྲག་མགོ་བྱས་ནས་དེང་སང་གི་མ་ཕྲུག་འདི་ཚོར་ཡང་ཞེ་ས་རྒྱག་རྒྱུ་ལོབ་ཀི་འདུག འདི་ཡང་དོན་བཟང་ཞིག་རེད་ཡ། འོན་ཀྱང་ཨ་རོགས་ཚོ། ཞ་ས་སོ་མ་རྒྱག་མཁན་ཞིག་ཡིན་ན་ཤ་ཁྲག་གི་ཞེ་ས་རྒྱག་སྟངས་ལ་གཟབ་དགོས་ཡ། མི་འདི་ལ་ཞེ་ས་རྒྱག་སྟངས་ཡན་གར་བ་ཞིག་ཡོད་ཡ། མ་རེད་དམ་ལགས། ཤ་ཁྲག་ལགས། ཧ་ཧ་ཧ་ཧ།

    Reply
  11. jamnor says:
    ལོ་ 15 སྔོན།

    འདི་འདྲིའི་རིགས་མཞི་ནས་བདེ་བོ་མི་འདུག་ལགས།

    Reply
  12. sangsar says:
    ལོ་ 15 སྔོན།

    འདི་བོད་ཡིག་གིས་རྒྱ་སྐད་བྲིས་པ་ལས་བོད་ཡིག་གིས་བོད་སྐད་བྲིས་མིན་པས། འདི་རིགས་ཀྱིས་བོད་སྐད་ཡིག་ལ་ཕན་གནོད་གང་ཡང་མེད་སྙམ་མོ།

    Reply
  13. chokri nyima says:
    ལོ་ 15 སྔོན།

    སྤྱོད་འཇུག་ཆེན་མོ་ལས།
    ལས་ཀྱི་རྣམ་པ་སྨིན་པ་བསམ་མི་ཁྱབ་བརྩེ་བའི་བདག་ཉིད་ཅན་ཡང་དུར་འགྲོ་སྐྱེ་ཞེས་གསུངས་ཡོད་པའི་ད་ནི་ཁ་འཇོག་ས་ལས་མ་གཏོགས་ལྷག་མ་སོང།

    Reply
  14. chokri nyima says:
    ལོ་ 15 སྔོན།

    དེང་རབས་འདིར་བོད་ཀྱི་གངས་རི་ཆུ་ལ་འགྱུར་བཞིན་ཡོད་པ་དང་བོད་ཀྱི་མི་རིགས་རྒྱ་ལ་འགྱུར་བཞིན་ཡོད་པ་འདི་ནི།
    རིག་འཛིན་ཚངས་དབྱངས་རྒྱ་མཚོའི་འགུག་གླུ་བཞིན་དུ།
    ཀོ་བ་འཕྲེད་ལ་གཏོང་པས། ཆུ་མོའི་གཞུང་ལ་ཁྱེར་སོང།
    གལ་སྲིད་ཁྱེར་ནི་ཁྱེར་ཁུ། ལས་འབྲས་ཕྱོགས་ལ་ཁྱེར་ཅིག

    མི་ལོ་ལྔ་བཅུའི་རིང་བསག་པའི་ལས་ཀྱི་འབྲས་བུ་སྨིན་དུས་ཐབས་ཤེས་ག་རེ་ཡོད།

    Reply
  15. chokri nyima says:
    ལོ་ 15 སྔོན།

    ཨེ་ཨེ་སྤོབས་མཐའ་ལགས་དེ་འདྲ་མ་གསུངས་སྐུ་ཚེ་རིང་འདིར་ཐབས་ཤེས་ཤིག་ཡོད་ཀྱི་རེད་

    Reply
  16. chokri nyima says:
    ལོ་ 15 སྔོན།

    འདི་ནི་ཕྱོགས་གཞན་ནས་བསམ་བློ་གཏོང་ན་ང་རང་ཚོའི་མི་རབས་གསར་པ་ཚོའི་ངོ་བོ་འདི་འདྲ་ཞིག་ལ་འགྱུར་བཞིན་ཡོད་པ་ནི་སེམས་ཕམ་དགོས་པ་ཞིག་ཀྱང་འདུག
    ང་ཅོ་རིའི་བུ་ཕྲུག་ཀྱང་འདི་འདྲ་འགྱུར་ཡང་དོགས་ནས་སེམས་འཁྲུལ་གསར་པ་ཞིག་ཀྱང་རྙེད་སོང།

    མ་གཞི་ནས་ཤ་རུས་ཁྱེད་ཀྱིས་མི་རྙེད་དགུ་རྙེད་འདི་འདྲ་ག་རེ་རེད་དམ། ཁྱེད་སྨྱོ་པ་ཆགས་སོང་ངམ། རྗེས་མ་འདི་འདྲ་ཁུར་ནས་མ་ཡོང་ཨ།

    Reply
  17. Pobpathaye says:
    ལོ་ 15 སྔོན།

    མི་རིགས་ར་མ་ལུག་ལ་འགྱུར་འགྲོ་དུས་ཡི་གེ་ར་མ་ལུག་འབྲི་བ་དང་རིག་གནས་རྒྱ་མ་བོད་ལ་འགྱུར་འགྲོ་དུས་གླུ་རྒྱ་མ་བོད་ལེན་རྒྱུ་དེ་ད་ཟློག་ཐབས་ཡོད་རྒྱུ་མ་རེད་ཡ།

    Reply
  18. chokri nyima says:
    ལོ་ 15 སྔོན།

    ཨོ་རེད་འདི་རྒྱ་སྐད་ཀྱི་སྒྲ་གདངས་གཙང་མ་ཡང་རེད་མི་འདུག་མཆོད་རྟེན་ཞེས་བོད་ཀྱི་ཐ་སྙད་བེད་སྤྱོད་བྱས་འདུག
    ར་མ་ལུག་དང་རྒྱ་མ་བོད་ཞེས་ཟེར་སྲོལ་ཡོད་པ་བཞིན་དུ་འདི་ནི་རྒྱ་མ་བོད་ཀྱིས་འབྲི་སྟངས་དང་རྒྱ་མ་བོད་ཀྱིས་གླུ་ལེན་སྟངས་ཡིན་པ་འདྲ་ཧཧཧཧཧཧཧཧ

    གླུ་བ་རྒྱ་མ་བོད་ཞེས་མིང་བཏགས་ན་ག་འདྲ་འདུག་གམ།

    Reply
  19. chokri nyima says:
    ལོ་ 15 སྔོན།

    གྲོགས་ཤ་རུས་ལགས་འདི་འདྲ་འབྲི་སྲོལ་ཞིག་ཡུལ་ལུང་མང་པོར་ཡོད་སྔོན་མ་རྒྱ་གར་གྱི་སྐད་གདངས་དེ་དབྱིན་ཡིག་ཐོག་བྲིས་ནས་ཡིག་འཕྲིན་གཏོང་བ་དེ་འདྲ་མཐོང་མྱོང་ཡོད། མ་ཟད་འཇའ་མི་ནིས་ཡིག་ཐོག་ནས་བོད་སྐད་སྦྱང་རྐྱེན་གྱི་ཚིག་དེབ་འདི་འདྲ་ཡང་མཐོང་ཡ་ཡོད། འདི་རྒྱ་མིའི་སྐད་གདངས་བོད་ཡིག་ཐོག་བྲིས་པར་ཡ་མཚན་དགོས་པ་དང་ཡག་སྡུག་བཤད་རྒྱུ་ཅི་ཡང་མི་འདུག་སྙམ།

    ཁྱེད་ཉིད་ཀྱིས་བསམ་ཚུལ་ཅི་འདྲ་ཡོད་དམ།

    Reply
  20. Pobpathaye says:
    ལོ་ 15 སྔོན།

    ནང་མ་སྤྲོས་མེད་ཀྱིས་ཞུས་པ་ཡིན་པས་དགོངས་འགལ་མེད་པ་ཞུ།

    Reply
  21. Pobpathaye says:
    ལོ་ 15 སྔོན།

    ཁྱེད་་ཀྱིས་བོད་ཡིག་དེབ་མང་པོ་ཀློག་གིན་མེད་པ་འདྲ། དེ་འདྲ་རེད་དམ། ཁྱེད་ཀྱི་དག་ཆ་དང་ཡིག་སྐད་སྤྱོད་སྟངས་སྐོར་ཡར་རྒྱས་འགྲོ་ཚད་དལ་པོ་འདུག་པ་ལ་དཔག་ཏེ་བཤད་པ་ཙམ་ལས་རྒྱུ་མཚན་གཞན་མེད་ལགས།

    Reply
  22. Pobpathaye says:
    ལོ་ 15 སྔོན།

    བཟང་རྒྱུ་ངན་རྒྱུ་ཟེར་ནས་ཆེན་པོ་འདྲ་ཅང་བཤད་ཤེས་མ་སོང་ལགས། གཏན་ནས་མ་བྲིས་པ་ལས་ཅུང་ཙམ་དྲག་ག་མི་འདུག་གམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese