མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མགོ་ཐོག་ཏུ་བབ་པའི་འགན་འཁུར། བཀའ་ཟུར་མདོ་སྔགས་བསྟན་འཛིན།

བོད་ཀྱི་དུས་བབ།
༢༠༡༠/༠༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་རྙིང་པ་ཐེགས་སོང་། གསར་པ་མདུན་དུ་ལྷགས་སོང་།  སྐབས་དོན་འོས་བསྡུའི་འགན་དབང་།   རང་མོས་ཐག་གཅོད་གནང་དགོས།

བཀའ་ཟུར་མདོ་སྔགས་བསྟན་འཛིན།

ད་ཕན་རང་རེའི་སྤྱི་ཚོགས་ནང་གནས་ཚུལ་བཟང་ངན་དགའ་སྡུག་ཅི་ཞིག་བྱུང་བ་རྣམས་འདས་ཟིན་པ་ཡིན་པས། དེ་དག་ཕྱིར་ཤིག་བཟོ་བཅོས་ཡོང་ཐབས་མེད་པ་དེ་ལྟར་ཡང་། དུས་སྐབས་དེའི་རིང་ང་ཚོར་མཐོང་ཐོས་མྱོང་ཚོར་ཅི་རིགས་གྲུབ་པ་རྣམས་དུས་ཐོག་བསླབ་བྱར་བླངས་ཏེ་མ་འོངས་པའི་བྱ་གཞག་ཡོད་ཚད་འཐུས་སྒོ་ཚང་བ་ཡོང་ཆེད་གཟབ་ནན་གནང་རྒྱུ་ཧ་ཅང་གལ་ཆེ་ཞིང་། ད་ལྟ་སྐབས་སུ་བབ་པར་རྗེས་མའི་བཀའ་བློན་ཁྲི་བ་དང་བོད་མི་མང་སྤྱི་འཐུས་རྣམས་འདེམས་ནོར་མ་ནོར་བ་བྱེད་རྒྱུ་དེ་རྒྱ་ཆེའི་མང་ཚོགས་ཀྱི་མགོ་ཐོག་ཏུ་འཁྲི་བའི་དམངས་གཙོའི་འགན་འཁུར་བླ་ལྷག་ཅིག་ཡིན་པ་ངོས་འཛིན་གནང་ཐུབ་པ་དགོས། གཞི་རྐང་དེའི་ཐོག་ཉེ་དུས་འགའ་ཤས་ནས་ཐུགས་ཁུར་་བསྐྱེད་དེ་འདེམས་བྱའི་གང་ཟག་རྣམས་ལ་ཤེས་ཡོན་དང་འཇོན་ཐང་ལྷག་བསམ། ཉམས་མྱོང་བཅས་འདི་དང་འདི་འདྲ་དགོས་ཟེར་བའི་ཆ་རྐྱེན་བཏོན་པ་དང་། ཡང་ཁག་ཅིག་གིས་འོས་བསྡུ་བྱེད་སྐབས་དམངས་གཙོའི་འགན་འཁུར་བླངས་ཏེ་འོས་འཕེན་དུ་འགྲོ་དགོས་ཟེར་བའི་སྐུལ་འདེད་བྱས་པ་རྣམས་གཞི་རྩ་དགོས་ངེས་ཡིན་ནའང་དེ་ཙམ་གྱིས་གནད་ལ་མི་འཁྱོལ་བ་མྱོང་བས་གྲུབ་པ་ཡིན་ཞིང་། རྒྱུ་མཚན་ནི་རང་རེའི་བོད་མི་རྣམས་ཡུལ་ཕྱོགས་མི་འདྲ་བ་དུ་མའི་ནང་ཁ་ཐོར་གནས་སྡོད་བྱེད་མུས་དེས་ཕན་ཚུན་ཐུག་འཕྲད་དང་འབྲེལ་འདྲིས་ཉུང་སྐྱོན་རྐྱེན་པས་འདེམས་བྱ་སུ་ཞིག་ལ་འོས་ཤོག་སྤྲོད་རྒྱུར་མི་ངོ་ཆོད་པའི་དཀའ་གནད་ཆེ་ཤོས་དེ་ང་ཚོའི་མདུན་དུ་ཡོད་མུས་རེད། ད་དུང་ཆ་ལག་མ་ཚང་བ་ཞིག་ལ་དམངས་གཙོ་ཚད་ལྡན་གྱི་ལམ་སྲོལ་དང་མི་མཐུན་པ་དེ་ཡང་ང་ཚོར་གཞུང་འཛིན་ཚོོགས་པ་དང་། ཕྱོགས་འགལ་ཚོགས་པ་ཞེས་ཁུངས་སོ་སོར་ཚོགས་མི་ཐུན་མོང་གི་ལྟ་བ་དང་དམིགས་ཡུལ། ལངས་ཕྱོགས་བཅས་བལྟས་ས་འདི་ཡིན་གྱི་ཁ་ཕྱོགས་ཚད་འཛིན་གང་ཡང་མེད་པར་སྤྱི་འཐུས་རེ་རེའི་སྐབས་དུས་སྣང་བར་གང་འཐད་བྱེད་པའི་ལམ་སྲོལ་ཞིག་ཡོད་པ་དང་། ཡང་དེང་སང་དམངས་གཙོ་ཡར་ཐོན་རྒྱལ་ཁབ་ནང་གི་བྱེད་སྟངས་ལ་དཔེ་བཟང་བླངས་ཏེ་འོས་ཁོངས་སུ་འགྲན་རྩོད་དང་ལངས་ཕེབས་མཁན་ཡང་མེད་པ་སོགས་ཡང་སྙིང་མང་པོ་ཞིག་གིས་འོས་ཤོག་སྤྲོད་ཡུལ་ཆ་རྒྱུས་མེད་པར་མགོ་འཐོམས་པའི་བར་ལ་མགོ་བདེ་དྲན་འཕྲུལ་ཁག་གིས་གོ་སྐབས་བཟུང་སྟེ། འོས་ཤོག་བླུགས་སྐབས་ཕྱོགས་ཞེན་གྱི་མིང་ཤོག་ལྐོག་འགྲེམས་མགོ་གཡོག་བྱེད་པ་བརྒྱུད། ༡༽གང་ཞིག་ལ་ཤེས་ཡོན་དྲི་ཙམ་ཡང་མེད་ནའང་ཕུང་དཀྲུགས་ལ་མཁོ་ཆེད་ཁོ་པ་ཁ་བཙན་ཆེ་ཞིང་བསམ་འཆར་ཁ་རུ་ཁ་ཐུག་ཤོད་ཕོད་མཁན་རེད་ཟེར་བ་དང་། ༢༽འགའ་ཤས་ཀྱིས་ཁོང་པ་ང་རང་ཚོར་དགའ་ཞེན་ཡག་པོ་ཡོད་རེད་ཟེར། ༣༽རེ་འགས་ལྷག་བསམ་ལ་ལྟོས་མེད་ཁོ་ནི་མི་རྒྱུད་ཡག་པོ་དང་འཇོན་ཐང་ཡོད་ངེས་རེད་ཟེར། ༤༽ཡང་ཁག་ཅིག་གིས་བྱས་འཇོན་ལ་སྣང་མེད་ཁོ་རང་སྤྱི་འཐུས་རྒྱུན་རིང་བྱས་པར་ཉམས་མྱོང་ཡོད་ཀྱི་རེད་ཟེར། ༥༽གཞན་ཡང་སྤྱི་འཐུས་ཀྱི་རང་ཚུགས་ཟིན་མིན་ལ་དཔྱད་པ་མེད་པར་ཁོ་པ་ཤེས་ཚད་ཡག་པོ་ཡོད་ཟེར་བ་སོགས་ཟ་རི་ཟ་རིའི་ངང་ནས་དེ་འདྲའི་གང་ཟག་ལ་འོས་ཤོག་སྤྲད་པ་ཡིན་ཙང་། སྤྱི་འཐུས་ནང་རྩོད་པ་སྟོང་འུར་ཅན་མི་ཉུང་བ་ཞིག་ང་ཚོས་ང་ཚོའི་མགོ་ཐོག་ཏུ་བཞག་པ་རེད། རྒྱུ་མཚན་འདི་འདྲ་ལ་བསམ་ནས་ཡང་སྙིང་ང་ཚོ་མཉམ་རུབ་བྱས་ཏེ་འདི་ལ་སྐྱོན་སེལ་ཐབས་ལམ་གསར་གཏོད་གང་མང་དགོས་ངེས་དུས་ལ་བབ་འདུག ཡང་སྐབས་འདིར་ང་ཚོ་ཚང་མའི་མཐོང་རྒྱ་དང་ཐོས་རྒྱ་ཆེ་ཙམ་ཡོང་སླད་རང་གི་བསམ་ཚུལ་བྱས་ན་ཕྱོགས་ཡོངས་ཀྱི་བོད་མི་རྣམས་ནས་བོད་ཡིག་གསར་ཤོག་དང་དུས་དེབ་གཙོ་གྱུར་རླུང་འཕྲིན་ཁག་དང་། དྲ་རྒྱ། ཨི་མེལ་བཅས་ལ་དོ་སྣང་ལྟ་ཀློག་ཉན་གོམས་རྒྱུུན་འཇགས་ཡོང་བ་དང་། ཕྱོགས་མཚུངས་བོད་མི་གནས་ཡུལ་སྤྱི་ཚོགས་སོ་སོའི་ནང་སྒྲིག་འཛུགས་ཀྱི་ལམ་ནས་འདེམས་བྱ་སུ་རུང་མི་ངོ་རྒྱུས་མེད་སྟོན་རེས་དང་། འགྲེལ་བཤད་བརྡར་ཤ་གཅོད་ཆེད་བགྲོ་གླེང་ཚོགས་འཛོམས་བྱེད་པའི་ལམ་སྲོལ་ཞིག་རྒྱུན་མཐུད་བྱུང་ན་ཕན་ཐོགས་ཅུང་ཡོང་སྙམ་པའི་ཐོག་གཙོ་བོ་རང་རིགས་ཤེས་བློ་ཡངས་པ་རྣམ་པས་དགོངས་ཚུལ་གནང་སྐྱོང་ཅི་ནས་ཡང་བ་ཞུ།

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩

མཆན། 24

  1. ཆོས་བཟང་། says:
    ལོ་ 15 སྔོན།

    སྐུ་ངོས་ཟླ་བ་ཕུན་སྐྱིད་ལྟ་བུ་མང་པོ་ཞིག་གིས་འོས་ཤོག་ལ་རེ་བ་ཆེན་པོ་བརྒྱབ་བསྡད་ཡོད་རེད་ད།

    Reply
  2. ཆོས་བཟང་། says:
    ལོ་ 15 སྔོན།

    སྐུ་ངོས་ཟླ་བ་ཕུན་སྐྱིད་ལྟ་བུ་མང་པོ་ཞིག་གིས་འོས་ཤོག་ལ་རེ་བ་ཆེན་པོ་བརྒྱབ་བསྡད་ཡོད་རེད་ད།

    Reply
  3. ཆོས་བཟང་། says:
    ལོ་ 15 སྔོན།

    སྐུ་ངོས་ཟླ་བ་ཕུན་སྐྱིད་ལྟ་བུ་མང་པོ་ཞིག་གིས་འོས་ཤོག་ལ་རེ་བ་ཆེན་པོ་བརྒྱབ་བསྡད་ཡོད་རེད་ད།

    Reply
  4. ཆོས་བཟང་། says:
    ལོ་ 15 སྔོན།

    བདེ་ལེགས་སྨན་ཁང་གི་དབུ་འཛིན་དབུས་གཙང་སྤྱི་འཐུས་སྐུ་ངོས་ཟླ་བ་ཕུན་སྐྱིད་ལགས་ཀྱི་སྤྱི་འཐུས་སྐབས་བཅོ་ལྔ་བའི་འོས་ཤོག་འཕྲོ་བརླགས་མི་འགྲོ་ཐབས་ང་ཚོས་ག་རེ་བྱེད་དམ།

    Reply
  5. ཆོས་བཟང་། says:
    ལོ་ 15 སྔོན།

    བདེ་ལེགས་སྨན་ཁང་གི་དབུ་འཛིན་དབུས་གཙང་སྤྱི་འཐུས་སྐུ་ངོས་ཟླ་བ་ཕུན་སྐྱིད་ལགས་ཀྱི་སྤྱི་འཐུས་སྐབས་བཅོ་ལྔ་བའི་འོས་ཤོག་འཕྲོ་བརླགས་མི་འགྲོ་ཐབས་ང་ཚོས་ག་རེ་བྱེད་དམ།

    Reply
  6. ཆོས་བཟང་། says:
    ལོ་ 15 སྔོན།

    བདེ་ལེགས་སྨན་ཁང་གི་དབུ་འཛིན་དབུས་གཙང་སྤྱི་འཐུས་སྐུ་ངོས་ཟླ་བ་ཕུན་སྐྱིད་ལགས་ཀྱི་སྤྱི་འཐུས་སྐབས་བཅོ་ལྔ་བའི་འོས་ཤོག་འཕྲོ་བརླགས་མི་འགྲོ་ཐབས་ང་ཚོས་ག་རེ་བྱེད་དམ།

    Reply
  7. ཆོས་བཟང་། says:
    ལོ་ 15 སྔོན།

    བདེ་ལེགས་སྨན་ཁང་གི་དབུ་འཛིན་དབུས་གཙང་སྤྱི་འཐུས་སྐུ་ངོས་ཟླ་བ་ཕུན་སྐྱིད་ལགས་ཀྱི་སྤྱི་འཐུས་སྐབས་བཅོ་ལྔ་བའི་འོས་ཤོག་འཕྲོ་བརླགས་མི་འགྲོ་ཐབས་ང་ཚོས་ག་རེ་བྱེད་དམ།

    Reply
  8. ཆོས་བཟང་། says:
    ལོ་ 15 སྔོན།

    བདེ་ལེགས་སྨན་ཁང་གི་དབུ་འཛིན་དབུས་གཙང་སྤྱི་འཐུས་སྐུ་ངོས་ཟླ་བ་ཕུན་སྐྱིད་ལགས་ཀྱི་སྤྱི་འཐུས་སྐབས་བཅོ་ལྔ་བའི་འོས་ཤོག་འཕྲོ་བརླགས་མི་འགྲོ་ཐབས་ང་ཚོས་ག་རེ་བྱེད་དམ།

    Reply
  9. ཆོས་བཟང་། says:
    ལོ་ 15 སྔོན།

    བདེ་ལེགས་སྨན་ཁང་གི་དབུ་འཛིན་དབུས་གཙང་སྤྱི་འཐུས་སྐུ་ངོས་ཟླ་བ་ཕུན་སྐྱིད་ལགས་ཀྱི་སྤྱི་འཐུས་སྐབས་བཅོ་ལྔ་བའི་འོས་ཤོག་འཕྲོ་བརླགས་མི་འགྲོ་ཐབས་ང་ཚོས་ག་རེ་བྱེད་དམ།

    Reply
  10. ཆོས་བཟང་། says:
    ལོ་ 15 སྔོན།

    བོད་གཞུང་བདེ་ལེགས་སྨན་ཁང་གི་དབུ་འཛིན་དབུས་གཙང་སྤྱི་འཐུས་སྐུ་ངོས་ཟླ་བ་ཕུན་སྐྱིད་ལགས་ཀྱི་སྤྱི་འཐུས་སྐབས་བཅོ་ལྔ་བའི་འོས་ཤོག་འཕྲོ་བརླགས་མི་འགྲོ་ཐབས་ང་ཚོས་ག་རེ་བྱེད་དམ།

    བོད་གཞུང་བདེ་ལེགས་སྨན་ཁང་གི་དབུ་འཛིན་དབུས་གཙང་སྤྱི་འཐུས་སྐུ་ངོས་ཟླ་བ་ཕུན་སྐྱིད་ལགས་ལྟ་བུ་དངོས་གནས་ཡག་པོ་ཡོད་ས་རེད་ད། ཁོང་གིས་ཉེ་སྔོན་གྲོས་ཚོགས་ནང་སྐུ་ངོས་བསོད་ནམས་སྟོབས་རྒྱལ་གྱི་ལམ་གྲོན་རྩོད་རྙོགས་ཀྱི་སྐབས་སྐད་ཆ་མགོ་གཉིས་མ་གང་འདྲ་ཡག་པོ་སྙིང་རྗེ་པོ་དེ་འདྲ་གསུངས་སོང། ཕྱི་ལོགས་ལ་ཐོན་འགྲོ་མཁན་ཚོར་ང་ཁྱེད་ཚོའི་རྗེས་ལ་ཡོང་དགོས་བསམ་སོང་ཡང་ཐེངས་རྗེས་མའི་ངའི་སྤྱི་འཐུས་ཀྱི་འོས་ཤོག་ལ་སྐྱོན་བྱས་ཨེ་ཡོང་བསམ་མ་བསྡད་ཐབས་མེད་ཆགས་སོང། ཞེས་གསུངས་ཡོད་པ་རེད། ཡང་གྲོས་འཆར་ཁྱེར་ཡོང་མཁན་ཚོར་ཁྱེད་ཚོས་ནོར་མི་འདུག བསོད་ནམས་སྟོབས་རྒྱལ་ལ་ལམ་གྲོན་སྤྲད་པ་དེ་རྩ་བ་ནས་དྲང་པོ་བྱུང་ཡོད་མ་རེད། གསུང་ཡོད་འདུག་ག དྲ་གྲོགས་ཚོ།

    Reply
  11. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    བཀའ་ཟུར་ཁོང་མི་དྲང་ཚུགས་ཅན་དང་བློ་སྤོབས་ཅན་ཞིག་ཡིན་པ་ཡོངས་གྲགས་རེད། ད་རེས་ཀྱི་བསམ་ཚུལ་དེ་ཡང་གནད་ལ་འཁེལ་བ་གསུངས་འདུག་ན་ཁོང་ལ་ཐུགས་རྗེ་བླ་ལྷག་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན། ཐེངས་རྗེས་མར་ཡང་ད་ལྟའི་སྤྱི་འཐུས་འདི་ལྟ་བུ་སླེབས་པ་ཡིན་ན། བཀའ་ཁྲི་ཡག་པོ་དང་ལྷག་བསམ་ཅན་ལ་སོགས་པ་འདེམས་ཀྱང་དོན་མེད་དུ་འགྱུར་རྒྱུ་རེད་དོ།

    Reply
  12. བྱམས་རྒྱལ། says:
    ལོ་ 15 སྔོན།

    ཆོས་བཟང་ལགས་ཀྱིས་ཁ་ཐུག་གསུངས་མ་ཤེས་ནས་དོན་དུ་གྲོས་འཆར་ཁྱེར་ཡོང་མཁན་ཚོ་ནོར་མི་འདུག་གསུངས་སྙིང་བྲོ་ཀྱི་ཡོད་པ་འདྲ་པོ་འདུག་དྲ་གྲོགས་ཚོ།

    Reply
  13. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཨོ་ཧཧཧཧཧཧཧཧཧཧ་ཆོས་བཟང་ལགས་སྐད་ཆ་དེར་དེ་འདྲ་དགོད་སྤྲོ་ལ་ཨང།

    Reply
  14. ཆོས་བཟང་། says:
    ལོ་ 15 སྔོན།

    བོད་གཞུང་བདེ་ལེགས་སྨན་ཁང་གི་དབུ་འཛིན་དབུས་གཙང་སྤྱི་འཐུས་སྐུ་ངོས་ཟླ་བ་ཕུན་སྐྱིད་ལགས་ཀྱི་སྤྱི་འཐུས་སྐབས་བཅོ་ལྔ་བའི་འོས་ཤོག

    བོད་གཞུང་བདེ་ལེགས་སྨན་ཁང་གི་དབུ་འཛིན་དབུས་གཙང་སྤྱི་འཐུས་སྐུ་ངོས་ཟླ་བ་ཕུན་སྐྱིད་ལགས་ལྟ་བུ་དངོས་གནས་ཡག་པོ་ཡོད་ས་རེད་ད། ཁོང་གིས་ཉེ་སྔོན་གྲོས་ཚོགས་ནང་སྐུ་ངོས་བསོད་ནམས་སྟོབས་རྒྱལ་གྱི་ལམ་གྲོན་རྩོད་རྙོགས་ཀྱི་སྐབས་སྐད་ཆ་མགོ་གཉིས་མ་གང་འདྲ་ཡག་པོ་སྙིང་རྗེ་པོ་དེ་འདྲ་གསུངས་སོང། ཕྱི་ལོགས་ལ་ཐོན་འགྲོ་མཁན་ཚོར་ང་ཁྱེད་ཚོའི་རྗེས་ལ་ཡོང་དགོས་བསམ་སོང་ཡང་ཐེངས་རྗེས་མའི་ངའི་སྤྱི་འཐུས་ཀྱི་འོས་ཤོག་ལ་སྐྱོན་བྱས་ཨེ་ཡོང་བསམ་མ་བསྡད་ཐབས་མེད་ཆགས་སོང། ཞེས་གསུངས་ཡོད་པ་རེད། ཡང་གྲོས་འཆར་ཁྱེར་ཡོང་མཁན་ཚོར་ཁྱེད་ཚོས་ནོར་མི་འདུག བསོད་ནམས་སྟོབས་རྒྱལ་ལ་ལམ་གྲོན་སྤྲད་པ་དེ་རྩ་བ་ནས་དྲང་པོ་བྱུང་ཡོད་མ་རེད། གསུང་ཡོད་འདུག་ག དྲ་གྲོགས་ཚོ།

    Reply
  15. རྨེ་རུ། says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ལགས་ཁྱེད་ཀྱིས་ལན་བཀླགས་ཟིན་ཡིན་ཐུགས་རྗེ་ཆེ།

    Reply
  16. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རྨེ་རུ་ལགས་གོང་དུ་བཀའ་ཟུར་མཆོག་གིས་འདི་འདྲ་ཞིག་བྲིས་འདུག་འདིར་གཟིགས་ནས་སྐད་ཆ་བཤད་རོགས།
    ཡང་དེང་སང་དམངས་གཙོ་ཡར་ཐོན་རྒྱལ་ཁབ་ནང་གི་བྱེད་སྟངས་ལ་དཔེ་བཟང་བླངས་ཏེ་འོས་ཁོངས་སུ་འགྲན་རྩོད་དང་ལངས་ཕེབས་མཁན་ཡང་མེད་པ་སོགས་ཡང་སྙིང་མང་པོ་ཞིག་གིས་འོས་ཤོག་སྤྲོད་ཡུལ་ཆ་རྒྱུས་མེད་པར་མགོ་འཐོམས་པའི་བར་ལ་མགོ་བདེ་དྲན་འཕྲུལ་ཁག་གིས་གོ་སྐབས་བཟུང་སྟེ། འོས་ཤོག་བླུགས་སྐབས་ཕྱོགས་ཞེན་གྱི་མིང་ཤོག་ལྐོག་འགྲེམས་མགོ་གཡོག་བྱེད་པ་བརྒྱུད། ཞེས་བཀོད་འདུག་པས་འདི་དོན་གོ་ཐུབ་པ་བྱེད་རོགས།

    Reply
  17. རྨེ་རུ། says:
    ལོ་ 15 སྔོན།

    བཀའ་ཟུར་མཆོག་གིས་དོགངས་ཚུལ་ཧ་ཅང་གི་ཡག་པོ་གནང་འདུག།རྗེས་སུ་ཡིད་རངས་ཡོད།
    ཅོ་རི་ཉི་མ་ལགས་གཡོ་སྒྱུ་ཅན་གྱི་སྤྱི་ཚོགས་འདི་གང་དུ་གསུངས་ཀྱི་ཡོད་དམ།གལ་སྲིད་བཙལ་བྱོལ་སྤྱི་ཚོགས་ལ་གསུངས་ཀྱི་ཡོད་ན།རྒྱུག་པ་ལེབ་འདུར་གནང་ན་ཏོག་ཙམ་མི་འགྲིག་སྙམ།
    གཡོ་རྒྱུ་བྱེད་མཁན་གཞུང་དམངས་སུ་ཡིན་དང་གང་ཟག་སུ་ཡིན་འབྱེ་འབྱེད་གནང་ན་ལེགས་སྙམ།སྤྱིར་ང་ཚོས་རང་བཙན་གྱི་ཐབས་རྩོད་ཡིན་ནའང་འདྲ་རང་སྲིད་རང་སྐྱོང་ཡིན་ནའང་འདྲ་གང་ལྟར་བཙན་བྱོལ་བོད་གཞུང་གི་ལག་ནས་ལེན་རྒྱུ་མ་རེད།

    Reply
  18. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    མི་ངན་གཡོ་རྒྱུ་ཅན་ཚོས་གཡོ་རྒྱུ་གྱི་མདའ་མོ་བོད་རིགས་ཀྱི་རྙིང་ལ་མ་འཕེན་རོགས།

    Reply
  19. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རི་བོ་དགའ་ལྡན་པའི་སྤྱི་འཐུས་བེ་འཇིགས་མེད་མཆོག་གིས་སྤྱི་འཐུས་རྒྱུན་ལས་ཀྱིས་ངོས་ནས་ནོར་ཡོད་ན་རྒྱལ་སྲས་བྱང་ཆུབ་སེམས་པའི་བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུ་རྒྱུ་ཡིན་གསུངས་འདུག་ད།

    Reply
  20. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཕུལ་དུ་བྱུང་བའི་དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་མཆོག་ནི་ཨ་མ་དང་མནའ་མ་མི་ནོར་བ་དང་དགྲ་དང་གཉེན་མི་ནོར་བའི་སྤྱི་འཐུས་མཆོག་ཏུ་གྱུར་པ་ཅིག་རེད་འདུག་ད

    Reply
  21. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་དང་། དགེ་ལུགས་སྤྱི་འཐུས་བེར་འཇིགས། བོན་གྱི་སྤྱི་འཐུས་སྨོན་ལམ་ཐར་ཕྱིན་སོགས་ལ་གོ་བ་རེད། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་མཆོག་ལ་སོགས་ཚད་དང་ལྡན་པའི་སྤྱི་འཐུས་ཚོ་ནི།
    ཉམ་ཆུང་གི་རྒྱབ་སྐྱོབ་རེད་ལ་བཙན་པོར་སྐྱོན་འཛུགས་བྱེད་ཐུབ་པའི་བོད་མི་རིགས་ཡར་རྒྱས་ཀྱི་ལམ་དུ་ཁྲིད་མཁན་ཚོར་མི་སེར་ཉམ་ཐག་ཚོས་དུས་དང་རྣམ་པ་ཀུན་ཏུ་རྒྱབ་སྐྱོབ་བྱེད་དགོས།

    Reply
  22. བསེ་རུ། says:
    ལོ་ 15 སྔོན།

    བཀའ་ཟུར་མཆོག་གིས་རྣག་ཐོག་བཙག་འཁེལ་གྱི་བཀའ་མོལ་འདི་འདྲ་གནང་བ་ནི།
    ཉམས་མྱོང་རྒན་པོའི་བསླབ་བྱ་ཞིག་ཀྱང་རེད་སྙམ། ད་དུང་བཀའ་ཟུར་གཞན་ཚོས་ཀྱང་འདས་པའི་འཚོ་བའི་ཉམས་མྱོང་ཁྲོད་ནས་འབྱུང་འགྱུར་བསླབ་བྱ་ལེན་དགོས་པའི་བཀའ་མོལ་འདི་འདྲ་གནང་ཐུབ་ན་དགེ་མཚན་ཆེ་བར་མཐོང་།

    Reply
  23. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དང་པོ་ང་རང་ཚོས་གང་ཟག་ཤེས་འཇོན་དང་ལྷག་བསམ་ལྡན་པ་ཞིག་གཡོ་སྒྱུ་ཅན་གྱི་སྤྱི་ཚོགས་ནང་དུ་བཙའ་ཁུལ་བྱེད་ཀྱང་འདི་ནི་མི་རྙེད་པ་ཡིན་ཏེ། མདོ་ལས། ང་དང་ང་འདྲ་བའི་གང་ཟག་གིས་གང་ཟག་ལ་ཚད་བཟུང་གི་གང་ཟག་གིས་གང་ཟག་ལ་ཚད་བཟུང་བ་མི་བྱ་སྟེ་ཞེས་གསུངས་པ་ལྟར་ང་ཅོ་རིས་ཅོ་རི་འདྲ་བ་ཚད་བཟུང་ཐུབ་ཀྱང་རང་ཉིད་ལས་ལྷག་པའི་གང་ཟག་ལ་ཚད་བཟུང་མི་ཐུབ་པ་འདི་ནི་དངོས་ཡོད་རེད།
    བཀའ་ཟུར་མདོ་སྔགས་བསྟན་འཛིན་ལགས།
    1.སྐད་ཆ་ཁ་རུ་ཁ་ཐུག་བཤད་ཕོད་པར་ལྟ་རྒྱུ་མེད།
    2.ང་རང་ཚོར་དགའ་ཞེན་ཡོད་པར་ལྟ་རྒྱུ་མེད།
    3.མི་རྒྱུད་ཡག་པོ་ཡོད་མེད་ལ་ལྟ་རྒྱུ་མེད།
    4.རྒྱུན་རིང་ཉམས་མྱོང་ཡོད་མེད་ལ་ལྟ་རྒྱུ་མེད།
    5.ཤེས་ཚད་ཡག་པོ་ཡོད་མེད་ལ་ལྟ་རྒྱུ་མེད།
    བདེན་བདེན་ཁྱེད་རང་བདེན་གཡོ་རྒྱུ་ཅན་གྱི་སྤྱི་ཚོགས་འདིའི་ནང་དུ་ཅི་འདྲ་བྱེད་ནས་བཀའ་ཁྲི་གསར་བ་བཙའ་དགོས་སམ།

    Reply
  24. མི་ཆུང་། says:
    ལོ་ 15 སྔོན།

    བཀའ་ཟུར་མདོ་སྔགས་ལགས་ཀྱིས་གནད་ལ་འཁེལ་བ་འགའ་གསུངས་འདུག དཔེར་ན། ༽གཞན་ཡང་སྤྱི་འཐུས་ཀྱི་རང་ཚུགས་ཟིན་མིན་ལ་དཔྱད་པ་མེད་པར་ཁོ་པ་ཤེས་ཚད་ཡག་པོ་ཡོད་ཟེར་བ་སོགས་ཟ་རི་ཟ་རིའི་ངང་ནས་དེ་འདྲའི་གང་ཟག་ལ་འོས་ཤོག་སྤྲད་པ་ཡིན་ཙང་།

    གསུང་འདིའི་དཔེ་མཚོན་དུ། དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་དང་། དགེ་ལུགས་སྤྱི་འཐུས་བེར་འཇིགས། བོན་གྱི་སྤྱི་འཐུས་སྨོན་ལམ་ཐར་ཕྱིན་སོགས་ལ་གོ་བ་རེད།

    ང་ཚོར་ཤེས་ཡོན་ཅུང་ཡོད་ཀྱང་དྲང་ཚུགས་མེད་ན། ཉེ་སྔོན་གྱི་གྲོས་ཚོགས་ནང་གི་རྙོག་དྲ་ལྟ་བུ་འབྱུང་འགྱུར་ཡང་དེ་ལས་ཆེ་བ་ཡོང་སྲིད། ད་ཐེངས་ཀྱི་དཀའ་རྙོག་དེར་སྤྱི་འཐུས་རེས་དགས་རྒྱ་མིས་བོད་ནང་གྲོས་ཚོགས་ཀྱི་ཚིག་རྩོད་དྲག་པོ་དེ་ཚོ། ཁྲོམ་སྲང་དུ་བསྟན་པ་དེས་བོད་མི་ཚོས་ང་ཚོའི་རང་དབང་གསལ་རྟོགས་ཐུབ། ཅེས་ཁེངས་དྲེག་གིས་བརྗོད་ཀྱི་ཡོད།

    དེ་རྩིས་ནོར་ཤོར་བ་རེད། ལྟོས་དང་གནས་ཚུལ་དེའི་རྐྱེན་པས་མདོ་དབུས་ཁམས་གསུམ་གྱི་བོད་མི་ག་ཚོད་ཀྱིས་ང་ཚོར་ཁ་རྡུང་གཏོང་གི་ཡོད་པ་མ་ཤེས་སམ། ང་ཚོར་ཁ་རྡུང་གཏོང་མཁན་གྱི་བོད་མི་འདི་ཚོ་དེ་རིང་བར་ང་ཚོའི་འཚོ་གནས་དང་འབྲེལ་བ་ཡོད་ལ། ཁོང་ཚོ་ནི། དེ་རིང་བར་བོད་ཅེས་པའི་མིང་འདིར་ཤི་འཐམས་རོ་འཐམས་ཀྱིས་འཇུ་མཁན་རྐྱང་ཡིན།
    འོ་ན་ཁོང་ཚོ་བློ་ཕམ་པ་དང་ཡིད་ཞུམ་པ་སོགས་སུ་འགྱུར་ན། ༸གོང་ས་མཆོག་གིས་དེ་རིང་བར་ངལ་བ་འཛེམ་མེད་དུ། མི་གཞན་གྱི་ངོ་གདོང་ཇི་ཙམ་བསུས་ཡོད་པ་དང་། ཞབས་ཀྱིས་ཇི་ཙམ་བཅག་པ་རྣམས་འབྲས་མེད་དུ་གཏོང་རྒྱུ་ཡིན་ནམ། གལ་ཏེ་ཁོང་ཚོའི་སེམས་ནུས་དང་ལག་ལེན་གྱི་གཏོང་ཕོད་དེ་འདྲ་མེད་ན། ང་ཚོས་ཅི་ཞིག་འགྲུབ་ཐུབ་བམ།
    མི་ཡི་བསམ་བློ་ཞེས་པ་དེ་ཇི་འདྲའི་ལྐོག་གྱུར་ཞིག་རེད་ཨང་་་་་་་
    འོན་ཀྱང་ད་ལྟ་ང་ཚོས་དོན་དངོས་ཀྱི་ངོ་གདོང་རྫུན་མ་མང་པོ་ཞིག་རིག་སོང་བ་རེད། ཀུན་གྱིས་སྐབས་རྗེས་མའི་བཀའ་ཁྲི་དང་སྤྱི་འཐུས་འོས་འདེམས་ལ་གཟབ་དགོས། ད་ལྟ་ནས་ལྟོས་ཡ། ཨ་རོགས་ཚོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese