མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་ཡོམ་ཁྲོད་མི་ཁྲི་ ༡༠ ལྷག་ཤི་ཡོད་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཧེ་ཐིའི་ས་ཡོམ་ཁྲོད་མི་ཁྲི་ ༡༠ ལྷག་ལ་ཤི་སྐྱོན་དང་མི་ཁྲི་ ༣༠༠ ལ་རྨས་སྐྱོན་ཚབས་ཆེན་ཐེབས་ཡོད་འདུག་པར་མ་ཟད། རྒྱལ་སའི་སྲིད་འཛིན་ཕོ་བྲང་ལའང་རྡིབ་སྐྱོན་ཆེན་པོ་ཐེབས་ཡོད་ཚུལ་ཡུལ་དེའི་སྲིད་བློན་གྱིས་གསུངས་ཡོད་འདུག

ཕྱི་ཚེས་ ༡༢ ཉིན་གྱི་དུས་ཚོད་ ༤།༥༣  ཐོག་ཁ་རིབ་བྷེན་མཚོ་གླིང་དུ་ཆགས་པའི་ཧེ་ཐི་ Haiti གླིང་ཕྲན་དུ་ས་ཡོམ་རིམ་པ་ ༧ ཅན་ཞིག་བརྒྱབས་ཏེ་ཉུང་མཐར་མི་ཁྲི་ ༡༠ ལྷག་ལ་འདས་གྲོངས་སུ་གྱུར་བ་དང་མི་ཁྲི་ ༣༠༠ ལྷག་ལ་རྨས་སྐྱོན་ཕོགས་ཡོད་པར་མ་ཟད། རྒྱལ་ས་དང་སྲིད་འཛིན་སྡོད་གནས་ལའང་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་ཚུལ་ཡུལ་དེའི་སྲིད་བློན་བྷེར་ལི་ཧྥུ་ Beierlifu  མཆོག་གིས་གསར་ལམ་དུ་བརྗོད་ཡོད་འདུག

ཐེངས་འདིའི་ས་ཡོམ་ནི་ཡུལ་དེར་འདས་པའི་དུས་རབས་གཉིས་ལྷག་གི་རིང་བྱུང་མ་མྱོང་བའི་ས་ཡོམ་གྱི་གོད་ཆག་ཆེ་ཤོས་དེ་ཡིན་ཚུལ་དབྱེ་ཞིབ་པས་འགྲེལ་བརྗོད་བྱས་འདུག ཐེངས་འདིར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱབ་སྐྱོར་ཤུགས་ཆེན་བྱེད་བཞིན་པར་མ་ཟད། ལྷག་དོན་དུ་ཧེ་ཐི་རྒྱལ་ཁབ་ཏུ་ས་ཡོམ་བརྒྱབས་ནས་ཆུ་ཚོད་ཁ་ཤས་ཤིག་གི་རྗེས་སུ་ཨ་རིའི་མྱུར་སྐྱོབ་ཚོགས་པ་ཡུལ་དེར་སླེབས་ཡོད་ཚུལ་སྲིད་འཛིན་ཨོ་བྷ་མས་གསར་ལམ་དུ་གསུངས་འདུག་ལ། ཁོང་གིས་གསལ་བསྒྲགས་དེའི་ནང་མགྱོགས་མྱུར་ངང་མི་སེར་གྱི་སྲོག་སྐྱོབ་དགོས་རྒྱུའི་བཀའ་ཁྱབ་བཏང་ཡོད་ལ། ཨ་རིས་རང་ནུས་ཡོད་རྒུ་བཏོན་ཏེ་ཧེ་ཐིའི་མི་དམངས་ཀྱི་སྲོག་སྐྱོབ་རྒྱུ་ཡིན་སྐོར་སོགས་གསུངས་ཡོད་འདུག དེ་བཞིན་ཁོང་གིས་ཨ་རིའི་ངོས་ནས་ཟ་འབྲུ་དང་འཐུང་ཆུ། སྨན་རིགས། དེ་མིན་གྱི་ཞབས་ཞུའི་ལས་རིགས་སོགས་གང་ཐད་ནས་རོགས་རམ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་ལ། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གི་ཀྱང་ཨ་རིའི་མི་དམངས་དང་དམག་དོན་ཚན་པའི་ཕྱོགས་ནས་རོགས་རམ་གང་ཐུབ་གནང་རྒྱུ་ཡིན་ཚུལ་གསུངས་ཡོད་འདུག 

མཉམ་འབྲེལ་རྒྱལ་ཚོགས་དང་ཧྥ་རན་སི། དབྱིན་ཇི། འཇར་མན།  ཁེ་ན་ཌ།   མེག་སི་ཀོ ཝེ་ན་ཛལ་སོགས་ཀྱིས་ཐེངས་འདིའི་ས་ཡོམ་གྱི་གོད་ཆག་ཐད་རྒྱལ་ཁབ་འདི་དག་གིས་མི་རྒྱུ་གཉིས་ཀྱི་ཐོག་ནས་རོགས་རམ་གནང་བཞིན་ཡོད་འདུག ཧྥ་རན་སིས་གནམ་གྲུ་གཉིས་ཆེད་གཏོང་གིས་མཁོ་ཆས་དང་ཟ་འབྲུ་སོགས་ཀྱི་རོགས་རམ་གནང་ཡོད་ལ། ཛ་དྲག་རོགས་སྐྱོར་ཆེད་མཁས་པ་ ༦༥ དང་དེ་མིན་གྱི་མི་སྣ་སོགས་མངགས་གཏོང་བྱས་ཡོད་འདུག ད་ལྟ་ཧེ་ཐིར་ཧྥ་རན་སིའི་མི་གྲངས་ ༡༢༠༠ ལྷག་གནས་སྡོད་བྱེད་ཀྱིན་ཡོད་མོད། ཁོང་ཚོའི་གནས་སྟངས་ཇི་འདྲ་ཡིན་མིན་ཤེས་རྟོགས་དཀའ་ལུགས་ཧྥ་རན་སིའི་མགྲིན་ཚབ་པས་བརྗོད་ཡོད་འདུག རྒྱལ་ཚོགས་དྲུང་ཆེ་བྷན་ཁེ་མོན་གྱིས་མི་འགྱངས་བར་རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་ཚོགས་པ་ཡང་ཧེ་ཐིའི་གོད་ཆག་བྱུང་སར་སོང་སྟེ་གནོད་འཚེ་ཐེབས་པའི་མི་གྲངས་ཁྲི་ ༣༠༠ ལྷག་ལ་དུས་ཐོག་སྨན་བཅོས་བྱེད་ཀྱི་ཡིན་ཚུལ་གསུངས་ཡོད་འདུག

དབྱིན་ཇིའི་སྲིད་བློན་བྷུ་རོན་གྱིས་དབྱིན་ཇིས་གང་མགྱོགས་ཡུལ་དེར་རོགས་རམ་གང་དགོས་ཞུ་རྒྱུ་ཡིན་ཚུལ་གསུངས་ཡོད་འདུག .འཇར་མན་གྱིས་ཀྱང་ཡུ་སྒོར་ཁྲི་ ༡༠༠ ལྷག་གི་ཞལ་འདེབས་གནང་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག་ལ། རོགས་རམ་ཆེད་མཁས་པ་ ༣༧ དང་གཞན་མཁོ་ཆས་གང་མང་གི་རོགས་རམ་གནང་ཡོད་འདུག དེ་བཞིན་སི་པན་གྱིས་གནམ་གྲུ་ ༣ མངགས་ཏེ་སྡོད་གུར་དང་ཉལ་ཆས། ཅ་ལག་བླུགས་སྣོད་སོགས་རོགས་དངོས་ནར་གཏོང་བྱས་ཡོད་འདུག ཨེ་སི་རལ་གྱིས་ཀྱང་རོགས་སྐྱོར་ཆེད་མཁས་པ་དང་སྨན་པའི་རུ་ཁག་སོགས་ཆེད་གཏོང་བྱས་ཡོད་འདུག
རྒྱ་ནག་གི་རྒྱ་གྲམ་དམར་པོའི་རོགས་སྐྱོར་ཚོགས་པས་ཀྱང་ཨ་སྒོར་ཁྲི་ ༡༠༠ ལྷག་གི་ཞལ་འདེབས་གནང་རྒྱུ་ཡིན་ཞེས་ཁས་ལེན་བྱས་ཡོད་འདུག

ས་ཡོམ་རྒྱག་སའི་ལྟེ་གནས་དེ་ནི་རྒྱལ་ས་ Port-au ནས་ཀེ་ལོ་མི་ཊར་ ༡༦ མཚམས་ཡིན་པ་དང་། ས་ཡོམ་དེ་ཀེ་ལོ་མི་ཊར་ ༡༠ ལྷག་གི་སར་བརྒྱབས་ཡོད་འདུག རྒྱལ་སའི་ཁང་བརྩེགས་རྣམས་རྡིབ་སྟེ་མི་མང་སྟོང་ཕྲག་མང་པོར་ཤི་རྨས་ཚབས་ཆེན་ཐེབས་ཡོད་འདུག ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་སའི་སློབ་གྲྭ་ཞིག་ནས་བེམ་པོ་ ༥༠ ལྷག་གསར་དུ་རྙེད་ཡོད་འདུག་ལ། དེ་ནི་སློབ་ཁྲིད་བྱེད་སྐབས་ས་ཡོམ་གྱི་གོད་ཆག་འོག་ཤི་སྐྱོན་ཐེབས་པའི་སློབ་གྲྭའི་དགེ་སློབ་ཚོའི་བེམ་པོ་ཡིན་པར་ར་འཕྲོད་ཡོད་པ་དང་། རྨས་མ་ ༨༠ ལྷག་ས་འོག་ནས་རྙེད་ཡོད་འདུག ད་དུང་ཡང་ཤི་རོ་དེ་ལས་མང་བ་ཞིག་རྙེད་ཐུབ་རྒྱུར་ཚོད་དཔག་བྱེད་བཞིན་ཡོད་འདུག ས་ཡོམ་རིམ་པ་མཐོ་ཤོས་དེ་བརྒྱབས་རྗེས་ཡང་བསྐྱར་ས་ཡོམ་རིམ་པ་ ༥ དང་ ༥་༩ ཅན་ཐེངས་ ༡༨ ལ་བརྒྱབས་ཡོད་པ་རེད། ས་ཡོམ་ཁྲོད་གོད་ཆག་བྱུང་མཁན་ཞིག་གིས་བརྗོད་གསལ་ལྟར་ན། ས་ཡོམ་རྒྱག་ཤུགས་ཆེ་བས་གཞུང་ལམ་གས་ཆག་ཏུ་སོང་སྟེ་འགྲུལ་བཞུད་ཀྱང་བྱེད་མི་ཐུབ་པ་དང་། གློག་ཆད་པའི་སྟབས་ཀྱིས་གྲོང་སྡེ་དང་རྗོང་ནས་རྒྱལ་སར་ཁ་པར་གཏོང་ཐབས་མེད་པའི་གནས་སྟངས་བྱུང་ཡོད་པའི་འགྲེལ་བརྗོད་བྱས་ཡོད་འདུག ས་ཡོམ་རྒྱག་ཐེངས་རེ་ལ་མི་དམངས་ཚོ་ངུ་བཞིན་རྒྱ་ལམ་ཐོག་བྲོས་འགྲོ་བ་དང་སྐབས་དེར་མི་རོ་མང་པོ་ཞིག་ལམ་ཟུར་ན་བདག་མེད་དུ་གཡུགས་ཡོད་ལ། ས་ཡོམ་བརྒྱབ་ཚར་རྗེས་གྲོང་ཁྱེར་ཡོངས་སུ་དུ་སྨུག་དང་ཐལ་རྡུལ་གྱིས་གཡོགས་འདུག་ཅེས་དོན་རྐྱེན་དངོས་སུ་མཐོང་དུས་ཀྱི་སྣང་ཚུལ་དེ་བཤད་ཡོད་འདུག

ཧེ་ཋི་ནི་འཛམ་གླིང་ཐོག་ཡར་རྒྱས་ཧ་ཅང་དལ་བའི་ཆེས་རྗེས་ལུས་ཀྱི་རྒྱལ་ཁབ་ཅིག་ཡིན་ལ། རྒྱལ་ཁབ་དེ་ནི་མེ་གླིང་ལྷོ་མར་ཡོད་ཅིང་།  རྒྱལ་ཁོངས་ལ་ཁྱོན་སྤྱི་ལེ་གྲུ་བཞིན་མ་ ༢༧་༧༥༠ ཡོད་པའི་ནང་སྐམ་སའི་རྒྱ་ཁྱོན་གྱིས་ ༢༧་༥༦༠ དང་ཆུའི་རྒྱ་ཁྱོན་གྱིས་ ༡༩༠ ཟིན་གྱི་ཡོད། དེ་ནི་འཛམ་གླིང་ཐོག་རྒྱལ་ཁོངས་ཆུང་ཤོས་ཨང་ ༡༤༣ པ་དེ་ཡིན་འདུག རྒྱལ་ཁབ་དེར་སྐད་ཡིག་ཧྥ་རན་ཆི་དང་ཁི་རེ་ལེ་ Creole གཉིས་ཡོད་པ་ལས་གཞུང་འབྲེལ་སྐད་ཡིག་དེ་ཧྥ་རན་སིའི་སྐད་ཡིག་བཀོལ་སྤྱོད་བྱེད་བཞིན་ཡོད་འདུག མི་གྲངས་ཀྱི་ཆ་ནས་ ༡༠༠༣༣༠༠༠ ཟིན་གྱི་ཡོད།  ཧེ་ཐི་ནི་སྤྱི་མཐུན་རྒྱལ་ཁབ་ཅིག་ཡིན་པར་མ་ཟད། རྒྱལ་དམངས་གྲོས་ཚོགས་ནི་ཡུལ་དེའི་སྟངས་འཛིན་བྱེད་མཁན་མཐོ་ཤོས་དེ་ཆགས་ཡོད་པ་དང་། གྲོས་ཚོགས་སུ་ཁྱོན་མི་ ༩༩ ལྷག་ཡོད་ལ་ས་ཁུལ་རེར་འཐུས་མི་ ༢ རེ་ཡོད་འདུག ལོ་གཉིས་རེའི་མཚམས་སུ་འཐུས་མི་སུམ་ཆ་གཉིས་ལ་འགྱུར་བ་གཏོང་དགོས་ཀྱི་ཡོད་འདུག

ཕྱི་ལོ་ ༡༩༡༥ ནས་ ༡༩༣༤ ལོར་ཡུལ་འདི་ཨ་རིས་བཙན་བཟུང་བྱས་པའི་སྐབས་ལ་ས་ཞིང་འདེབས་ལས་ཐད་འཛུགས་བསྐྲུན་ཆེན་པོ་བྱུང་ཡོད་ལ། ཡུལ་འདིའི་ཐོན་ཁུངས་མང་ཆེ་ཤོས་ནི་འབྲུ་རིགས་ཡིན་པ་དང་། ཟ་འབྲུ་དང་ཚོང་ཟོག་རིགས་དབོར་འདྲེན་བྱེད་ས་གཙོ་བོ་ཡང་ཨ་རི་ཡིན། དེ་མིན་འཇར་མན་དང་ཁེ་ན་ཌ་སོགས་ལའང་ཚོང་གི་འབྲེལ་བ་གང་འཚམ་ཡོད་འདུག
ཡུལ་འདིའི་མི་མང་ཆེ་བས་མཚོ་འགྲམ་དང་རི་འདབས་སུ་འཚོ་བ་སྐྱེལ་བཞིན་ཡོད་འདུག མི་འབོར་བརྒྱ་ཆ་ ༩༥ ནི་ཨ་ཧྥི་རི་ཁའི་མི་རིགས་ནག་པོའི་རྒྱུད་པ་རེད་འདུག ལྷག་མ་རྣམས་མི་རིགས་དཀར་པོ་དང་ནག་པོའི་རིགས་རྒྱུད་འདྲེས་མ་ཡིན་ལ། མི་འབོར་གྱི་བརྒྱ་ཆ་ ༩༣ གྲོང་གསེབ་པ་ཆགས་ཡོད་པ་རེད།

རྒྱལ་ཁབ་འདི་ནི་ ༡༨༠༤ ལོར་ལ་ཊན་མ་ཨ་མེ་རི་ཁའི་འོག་ནས་རང་བཙན་ཐོབ་པ་ཡིན་ལ། ལ་ཊིན་གྱིས་བཙན་བཟུང་མ་བྱས་གོང་གི་མི་ལོ་བརྒྱའི་རིང་ལ་ཧྥ་རན་སིས་བཙན་བཟུང་བྱས་ནས་ཡུན་རིང་ཕྱིན་སྟབས། ཡུལ་དེར་ཧྥ་རན་སིའི་རིག་གཞུང་དང་སྐད་ཡིག་གི་བག་ཆགས་ཆེན་པོ་བཞག་ཡོད་ལ། ད་ལྟ་ཡུལ་དེའི་མི་མང་ཆེ་བ་ཡི་ཤུ་ཆོས་ལུགས་ལ་དད་མོས་བྱེད་མཁན་ཆགས་ཡོད།

འབྲེལ་ཡོད་གསར་འགྱུར།

tibettimes
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཁཱལ་མུག་གི་སྲིད་འཛིན་ཟུར་པར་མཇལ་ཁ་སྩལ།

ཆུ་ཚོད་ ༡༧ སྔོན་ལ།
(File image) Jean-François Humbert and other French Parliamentarians with His Holiness the Dalai Lama in Toulouse, France, on 15 August 2011
Mobile App

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧམ་བྷར་ཊི་ལགས་སྐུ་གྲོངས་བར་མྱ་ངན་ཞུས། 

ཆུ་ཚོད་ ༡༩ སྔོན་ལ།
ཨ་རུ་ན་ཅལ་གྱི་བུད་མེད་པདྨ་དབང་འཛོམས་ལགས་རྒྱ་ནག་ཧྲང་ཧེ་གནམ་ཐང་ནས་བཀག་འགོག་བྱས། ༢༠༢༥།༡༡།༢༡ དྲ་ལམ་གྱི་པར།
Mobile App

ཧྲང་ཧེ་གནམ་ཐང་ནས་པདྨ་དབང་འཛོམས་ལ་བཀག་འགོག་དང་སྡིགས་དམོད་བྱས།

༢༠༢༥/༡༡/༢༤
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་ ༡༠ པ་འཚོག་བཞིན་པ། ༢༠༢༥།༡༡།༢༤ དུས་བབ་ཀྱི་པར།
གསར་འགྱུར།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་སྲིད་སྤྱི་འོས་བསྡུའི་སྐོར་སོགས་ལ་བགྲོ་གླེང་གནང་གི་འདུག

༢༠༢༥/༡༡/༢༤
Indo-Tibetan Border Police (ITBP) personnel show skills during the police force’s 64th Raising Day, in Udhampur, Jammu and Kashmir, on November 22, 2025 | Photo Credit: PTI
Mobile App

འཕགས་བོད་ས་མཚམས་སུ་བུད་མེད་ཀྱི་དམག་དཔུང་ས་ཚིགས་གསར་འཛུགས་གནང་།

༢༠༢༥/༡༡/༢༤
དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་ལངས་པའི་གསལ་བསྒྲགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡༡།༢༡
Mobile App

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་པའི་གསལ་བསྒྲགས་བྱས།

༢༠༢༥/༡༡/༢༡

མཆན། 25

  1. ལུང་རྟོགས། says:
    ལོ་ 16 སྔོན།

    ངས་ཀྱང་མ་ཎི་ཞིག་མདོན་ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

    Reply
  2. བེ་རི་རྒྱལ་པོ says:
    ལོ་ 16 སྔོན།

    ཆོས་ཚིག་རྣ་བས་མ་གོ་བིའི་སྐྱེས་བོ་འདི་རྣམས་ཀྱིས་ཆོད་དུ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱོན་རན་གཟིགས་ཀྱིས་གཟུགས་སྔགས་ཚ་རེལ་འདོད་རོག་གནང་་་་་ཨྂ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨྂ་མ་ཎི་པདྨེ་ཧཱུཾ།

    Reply
  3. རྫུན་གླེང་བ། says:
    ལོ་ 16 སྔོན།

    སྙིང་རྗེ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    སྐྱེ་བ་སྔ་མ་ལས་ག་རེ་བསགས་ཡོད་ལ་ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ཤོག

    Reply
  4. སྒོམ་སྡེ་དོན་གྲུབ་རྒྱལ་མཚན། says:
    ལོ་ 16 སྔོན།

    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།

    Reply
  5. བློ་བཟང་ཐུབ་བསྟན་ says:
    ལོ་ 16 སྔོན།

    ༄༅༑བླ་མ་མཁྱེན། འཁོར་བ་ལ་སྙིང་པོ་ཅི་ཡང་མི་འདུག།འཆི་བ་མི་རྟག་ནི་འགྲོར བ་ཀུན་ལ་ཡོང་ངེས་ཡིན་པ་སྨོས་མེད་རེད་།འཆི་བའི་རྗེས་ལ་ལུས་ལོངས་སྤྱོད་གཉེན་མཛའ་བཤེས་ཀུན་བཞག་ནས་གྲོ་རྒྱུ་ལས་གཞན་མ་འཆིས་།དཔེར་ན་ད་ལྟ་ས་འགུལ་རྒྱབ་ཡུལ་གྱི་ལུང་པ་འདི་ལ་གཟིགས་དང་།མི་འབུམ་གཅིག་གི་རང་གི་སྔར་བསག་པའི་རྒྱུ་ནོར་དང་གཉེན་མཛའ་བཤེས་ཀུན་བཞག་ནས་འཇིག་རྟེན་ཕ་རོལ་ལ་ཕྱིན་པ་རེད་།ཁོང་རྣམས་སྐྱེ་བ་ཕྱི་མ་ངན་འགྲོར་དང་བདེ་འགྲོར་གང་རུང་སྐྱེ་བ་ལས་མ་འདས་མང་ཆེ་བ་ངན་འགྲོར་ལ་སྐྱེ་ངས་ཡིན་པ་ལུང་གི་བསྒྲུབས་ཏེ་།སངས་རྒྱས་ཀྱིས་གསུང་པའི་ལུང་གཞི་ལས་།བདེ་འགྲོར་དང་ངན་འགྲོ་ནས་འཕོས་ཏེ་ངན་འགྲོར་འགྲོ་བ་ནི་ས་ཆེན་པའི་རྡུལ་དང། དེ་གཉིས་ནས་འཕོས་ཏེ་བདེ་འགྲོར་འགྲོ་བ་ནི། ཕྱག་སེན་གྱི་རྩེ་མོས་གཞེས་པའི་རྡུལ་དང་འདྲ་བར་གསུངས་པ་ལྟར་
    ངན་འགྲོར་ནས་མྱལ་བ་ལྟ་གཞོག་།དུད་འགྲོར་རྣམས་ཀྱི་སྡུག་བསྔལ་བཟོད་དཀའ་ཡིན་པ་བཤས་རརདང་དུད་འགྲོའི་གློ་བརྙན་རྣམས་ལ་གཟིགས་དང་། དྲ་གྲོགས་རྣམས་རང་ཉིད་དེ་བའི་ནང་དུ་ལྷུང་ན་ཅི་ལྟར་བྱ།

    Reply
  6. དུག་ཚེར། says:
    ལོ་ 16 སྔོན།

    ད་དངོས་གནས་ཉིང་སྟོང་བཅུ་གཉིས་ལོ་ལ་ཅུ་ཞིག་བྱུང་འོང་སྙམ་པའི་དངང་ཚབ་སྐྱེ་གི་འདུག

    Reply
  7. ནད་པ says:
    ལོ་ 16 སྔོན།

    པདྨ་འདམ་གྱི་མ་འགོས་པར། །སྲིད་གསུམ་དྲི་མས་མ་འགོས་ཤིང་། །སྲིད་པའི་པདྨོ་ལས་གྲོལ་མ། །བདེ་བ་ཅན་དུ་སྐྱེ་བར་ཤོག ། ཨོཾ་ཨ་སྨྲི་དེཝ་ཧྲི།

    རི་བོ་ཏྰ་ལའི་ཞིང་ཁམས་སུ། །ཡོད་དམ་ཐུགས་རྗེ་ཆེན་པོ་བཞུགས། །སྙིང་རྗེ་ཅན་གྱི་འཁྲུངས་ས་ཡི། །ཞིང་མཆོག་དེ་རུ་སྐྱེ་བར་ཤོག ། ཨོཾ་མ་ཎི་པདྨེ་ཧྰུཾ།

    མངོན་པར་དགའ་བའི་ཞིང་ཁམས་སུ། །རྫོགས་པའི་སངས་རྒྱས་མི་འཁྲུགས་བཞུགས། །ངན་སོང་སྦྱོང་བའི་འཁྲུངས་ས་ཡི། །ཞིང་མཆོག་དེ་རུ་སྐྱེ་བར་ཤོག ། ཨོཾ་ཀཎ་ཀཎི་ཀཎ་ཎི་སྭཧྭ།

    དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྗོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དག་པ་སྐུ་གཉིས་འཐོབ་པར་ཤོག །

    Reply
  8. ཁ་བ་ནག་པོ། says:
    ལོ་ 16 སྔོན།

    འཆི་བ་ཟེར་བ་འདི་འདི་ལྟར་གང་ནས་ཡོང་བ་མི་ཤེས་ཡོང་གི་འདུག་ལ། གང་དུ་བུད་སོང་བ་ཡང་མི་ཤེས་པར་ཅིག་ཏུ་བུད་འགྲོ་གི་འདུག སྙིང་རྗེ། བདེ་བ་ཅན་དུ་སྐྱེ་བར་སྨོན།

    Reply
  9. karma dorje says:
    ལོ་ 16 སྔོན།

    ང་ཚོའི་མི་ཚེའི་ནང་ལ་ས་ཡོམ་ ཆུ་ མེ་ རླུང་གི་འཇིགས་པ་ལས་གྲོལ་མ་ཐུབ་ན་ཡང་། ནད་ མུག དམག་འཁྲུགས་ ཁོར་ཡུག་གཏན་ཟད་ཀྱི་འཇིགས་པ་ལས་སྒྲོལ་དགོས་འདུག་གོ །

    ཧའིཐེ་དང་། ཡངས་པའི་རྒྱལ་སྤྱིའི་རྒུད་པ་ལས་མྱུར་གྲོལ་ཤོག །

    Reply
  10. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    སྙིང་རེ་རྗེ་བོ་འདས་པོ་དག ད་ནི་འགྲོ་བ་མི་དག་གིས་རང་བྱུང་གི་ཆག་འཇིགས་འདི་དག་གི་ཁྲོད་དུ་རང་སྲོག་སྐྱོབས་མི་ཐུབ་པ་དངོས་སུ་མཐོང་དུས་འོང་བ་འདིས། རང་བྱུང་གི་ཁོར་ཡུག་གནོད་སྐྱོན་གཏོང་རྒྱུ་དེ་ཉུང་དུ་འགྲོ་བ་ཕན་པར་སྨོན།

    Reply
  11. ཨ་མྱེ་རྫ་རྒྱ་ says:
    ལོ་ 16 སྔོན།

    ཚེ་འདས་དེ་དག་གི་དོན་དུ་
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ། མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག

    Reply
  12. དབྱངས་བུ། says:
    ལོ་ 16 སྔོན།

    འཛམ་གླིང་ཛ་དྲག་གསར་འགྱུར།

    ཕྱི་ཟླ་་༡་ཚེས་་༡༤་ཉིན།

    ཧེ་ཐེའི་(Haiti)ཟེར་བའི་ལུང་པ་དེ་ནི་འཛམ་གླིང་ནང་གི་ཆེས་རྗེས་ལུས་དང། ཡར་རྒྱས་འགྲོ་ཉུང་ཤོས་ཀྱི་རྒྱལ་ཁབ་ཞིག་ཡིན་པ་དང།་ཕྱི་ལོ་་༢༠༠༨ལོའི་ནང་ཆབ་སྲིད་དང།་འཕྲོད་བསྟེན།ཁོར་ཡུག་སོགས་ཀྱི་དཀལ་ངལ་ལ་བརྟེན་ནས་མི་གྲངས་༨༠༠ཙམ་གྱི་ཚེ་སྲོག་ཤོར་ཡོད།

    ཕྱི་ལོ་་༢༠༡༠ཟླ་༡་ཚེས་༡༢་ཉིན་གྱི་ས་ཡོམ་དེ་ནི་ལོ་ངོ་ཉི་བརྒྱ་ལྷག་གི་རིང་ལ་ས་ཁུལ་དེར་རྒྱབ་པའི་ས་ཡོམ་སྡུག་ཤོས་དང་།དེས་སྐྱེ་བོ་སྟོང་ཕྲག་མང་པོའི་ཚེ་སྲོག་འཕྲོག་ཡོད།

    ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་( Hillary Rodham Clinton )་མཆོག་གིས་གསུངས་དོན།་་ས་ཡོམ་གྱི་རྐྱེན་ངན་འོག་ཚེ་སྲོག་ཤོར་བའི་གྲངས་འབོར་ཏག་ཏག་བཤད་རྒྱུ་མེད་ཀྱང།མི་གྲངས་་སྟོང་ཕྲག་བཅུ་ཙམ་གྱི་ཚེ་སྲོག་ཤོར་ཡོད་སྐོར་གསུངས།
    ས་ཁུལ་དེར་གནས་སྡོད་བྱེད་མཁན་གྱི་མི་འབོར་ས་ཡ་་༨།༧་ཙམ་ཨ་ཧྥ་རི་ཁའི་མི་རིགས་ཡིན་པ་དང། ཁོང་ཚོས་Creole དང་ French་སྐད་ཡིག་བེད་སྤྱོད་བྱེད་ཀྱི་ཡོད།་རྒྱལ་ཁབ་དེའི་རྒྱལ་སའི་མིང་ལ་Port-au-Prince.ཟེར།

    རྒྱལ་ཁབ་དེ་ནི་ནུབ་ཕྱོགས་ཁུལ་ནས་ལུང་པ་སྐྱོ་ཤོས་ཤིག་ཡིན་པ་དང།མི་ལྔ་རེའི་ནང་ནས་བཞི་དབུལ་ཕུང་ཁོངས་སུ་ཚུད་ཀྱི་ཡོད་པས་མི་འབོར་ཡོངས་ཀྱི་བརྒྱ་ཆ་ཕྱེད་ཀ་ལྷག་ཉམ་ཐག་རེད།ལུང་པ་དེའི་ནང་ཤིང་ནགས་གཏོར་བཤིག་གིས་ཞིང་ཁ་འཕར་མ་འདེབས་པ།ཟས་རིགས་ཀྱི་རིན་གོང་འཕར་བ།རངབྱུང་ཁོར་ཡུག་ལ་གནོད་སྐྱོན་བྱུང་བ།ཆབ་སྲིད་བརྟན་ལྷིང་མེད་པ་དང་ལྐོག་ཟ་བྱེད་པ་སོགས་ཀྱི་དཀའ་ངལ་མང་པོ་ཕྲད་དང་འཕྲད་མུས་ཡིན་ནོ།།་།།

    Reply
  13. བཀྲ་ཤིས་རྒྱ་མཚོ says:
    ལོ་ 16 སྔོན།

    འབྱུང་བ་ས་ཡི་འཇིག་པ་འདིས་རྐྱེན་ལམ་དུ་སོང་བའི་སྐྱེ་འགྲོ་ཚང་མའི་ཆེད་དུ་སྨོན་ལམ་ཡག་པོ་རྒྱག་རོགས་གནང་ཞེས་དགེ་བའི་སྐུལ་མ་ཞུ་བ་ཡིན།
    མ་གཞིར་སྐྱེ་བའི་མཐའ་མར་འཆི་བར་ངེས་ཀྱང་། དུས་གཅིག་ཏུ་འདི་ལྟར་ཆགས་འཇིག་ཡོང་ན་སྙིང་རེ་རྗེ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།

    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།

    Reply
  14. རྩེ། ཆུ་མིག says:
    ལོ་ 16 སྔོན།

    ད་ཟིན་དྲིས་ནང་དུ་མ་ཎི་འབྲི་བ་ལས་སེམས་གཏིང་ནས་མ་ཎི་རེ་འདོན་རོགས།
    ཡང་ཁ་ཤས་ཀྱིས་ས་ཡོམས་ལ་བསམ་འཆར་ཡང་བཤད་ཀྱིན་འདུག

    Reply
  15. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    ཁྲག་མིག་ལགས་འདི་ལས་དབང་མ་རེད། སའི་གོ་ལས་ཉམ་ཆུང་ཚོར་མཐོང་ཆུང་བྱས་པ་རེད།
    ་ལྷོ་ཁའི་མ་ནིང་གི་སྨོན་ལམ་དོན་ཐོག་ཏུ་སྨིན་པར་ཤོག
    བསེ་རུའི་སེམས་ཁོང་གི་གདུང་འབོད་ལ་རྗེས་སུ་ཡི་རང་ཡོད།
    ཡོན་བྷེ་ལགས་ཀྱིས་་་་་ཕྱོགས་ལྷུང་གི་ཚིག་འགའ་གང་བྱུང་དུ་ཐལ་འདུག་པས་དེ་ལ་མོས་མཐུད་བྱེད་དཀའ
    རྨེ་རུ་ལགས་ཀྱིས་མ་ཎི་འགའ་བསྐྱར་དཔར་བྱས་ཏེ་བོད་མས་བྱེད་སྟངས་བསྟན་འདུག་པ་འདི་ཡང་དགོས་པ་རེད

    Reply
  16. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    ཨོྃ་མ་ཎི་པདྨེ་ཧཱུཾ། སྟག་རྩེ་དཔལ་ལྡན་ལགས་་་་ཆོས་རྩི་ཅི་ཡང་མེད་པའི་མི་ཞིག་གི་སྣང་ངོ་མ་ཎི་ཁ་ཤས་བགྲང་ན་ཅི་ཡང་ཕན་པ་མེད་སྙམ་པའི་ལོག་རྟོགས་དེ་འཆར་སྲིད། འོན་ཀྱང་ང་ཚོ་བོད་པར་དམིགས་བསལ་གྱིས་ལྷ་ཞིག་ཡོད་པ་ཐུགས་རྗེ་ཆེན་པོ་འདི་ཡིན་པས་འདིའི་གཟུངས་སྔགས་ཚར་གཅིག་བཟླས་པའི་ཕན་ཡོན་གྱི་ཆ་ཤས་ཤིག་ང་ལྟ་བུས་བརྗོད་མི་ནུས་ཀྱང་བརྗོད་ཀྱང་ཉིད་ཀྱིས་གོ་ཡང་དཀའ་བས་་་་་དེ་བས་བཏང་སྙོམས་སུ་བཞག་ན་ལེགས་པའོ།།

    Reply
  17. ཁྲག་མིག says:
    ལོ་ 16 སྔོན།

    ཨོ་ཡིན་རྒྱུ་རེད་ལུས་དབང་ཡིན་རྒྱུ་རེད།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།

    Reply
  18. ཁྲག་མིག says:
    ལོ་ 16 སྔོན།

    ཨ་དཀོན་མཆོག་མཁྱེན་འདི་ཅི་ཡིན་ནམ།

    Reply
  19. ལྷོ་ཁའི་བུ་མོ། says:
    ལོ་ 16 སྔོན།

    སྙིང་རྗེ།   ག་དུས་ཀྱང་ཉམ་ཐག་གི་ཐོག་ཏུ་སྡུག་བསྔལ་གྱི་ཆར་པ་འབབ་ཀྱི་འདུག
    འཛམ་གླིག་གི་རོགས་རམ་ཁོང་ཚཽར་རག་པར་ཤོག་ཤིག

    Reply
  20. སྟག་རྩེ་དཔལ་ལྡན says:
    ལོ་ 16 སྔོན།

    དུས་བབས་སོང་གི་ཟིན་བྲིས་མདུན་ངོས་སུ་གཤམ་པའི་གོད་ཆག་འདི་ཉིད་མཐོང་སྐབས་རང་བཞིན་གྱི་སེམས་སུ་གྲང་ངར་ཧ་ཅང་ཆེ་གི།་འདི་ཉིད་ལ་ཞིབ་ཏུ་བལྟས་སྐབས་མ་ནིའི་ཡིག་ཕྲིང་ཁ་ཤས་ཞིག་གིས་སྐྱོ་མ་བྱས་འདུག་ཏེ།ཡིན་ནའང་ངས་བསམ་ཞིབ་ཀྱིས་འདིས་ཇི་ལྟར་ཕན་ནམ་སྙམ་པའི་དྲི་བ་ཞིག་ངང་གི་བརྟས།དེ་པྱིར་དྲ་གྲོགས་ལོ་ལོ་ཚོར་ང་ལ་ཕན་འབྲས་ཇི་ཡོད་ཀྱི་ལན་ཞིག་གནང་རོགས།

    Reply
  21. རྨེ་རུ། says:
    ལོ་ 16 སྔོན།

    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ང་ཚོས་བོད་མི་སྐྱབས་བཅོལ་བ་ཚོས་གདུང་སེམས་མཉམ་བསྐྱེད་བྱེད་རྒྱུ་དང་བསྔོ་སྨོན་བྱེད་རྒྱུ་མ་གཏོགས་གཞན་བྱེད་རྒྱུ་ཅི་ལ་ཡོད།

    Reply
  22. ཡོན་བྷེ། says:
    ལོ་ 16 སྔོན།

    སྔོན་ཐོན་རྒྱུ་འབྱོར་བཟང་ཞིང་མཐུན་རྐྱེན་འཛོམས་པའི། །
    རྒྱལ་ཁབ་སྟོབས་ཤུགས་ཅན་ཚོར་རྒྱུགས་རྒྱུ་མེད་པར། །
    མེད་མུག་མཐའ་ལ་ལྷུང་བའི་རྒྱབ་ཁབ་འདི་ལ། །
    ས་འགུལ་འདི་འདྲ་རྒྱུགས་དགོས་སུ་ཡིས་བཀའ་ཆད། །
    ཀྱེ་མ་ས་ཡི་གོ་ལ་འདི་ལ་ཅི་འདྲའི་སྙིང་རྗེ་ཞིག་མེད་ཀི་་་་་་་་་་་་་་་་་་་་་་་་ ?

    Reply
  23. མཚོ་ཚང་བཀྲིས། says:
    ལོ་ 16 སྔོན།

    སྐྱི་གཡའ་བའི་གསར་འགྱུར་འདི་མཐོང་མ་ཐག་ << 2012 >> ཞེས་པའི་གློག་བརྙན་རྣམ་རྟོགས་སློང་མཁན་དེ་ལྷང་ངེར་དྲན་བྱུང༌།
    མ་གཞི་ནས་ཧེ་ཐེ་གླིང་ཕྲན་དུ་ས་གུལ་གྱི་ཉེན་ཁ་ཧ་ཅང་ཆེན་པོ་འདུག་ཞེས་ཚན་རིག་པས་ལོ་ཤས་གོང་ནས་སྔོན་བརྡ་ཐེངས་མང་བཏང་ཡོད་ཚུལ་ཡང་བརྗོད་འདུག
    ད་ལྟ་བར་རོབ་རྩིས་བྱས་པ་ལྟར་ན་སྲོག་སྐྱོན་བྱུང་བའི་གྲངས་འབོར་སྟོང་ཕྲག་ལྔ་བརྒྱར་སླེབས་ཡོད་ཚུལ་བརྗོད་འདུག ཨོྃམཎིཔདྨེཧཱུཾ། ཨོྃམཎིཔདྨེཧཱུཾ། ཨོྃམཎིཔདྨེཧཱུཾ།

    Reply
  24. གཞིས་ལུས་བོད་པ། says:
    ལོ་ 16 སྔོན།

    སྙིང་རྗེ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།

    Reply
  25. བསེ་རུ། says:
    ལོ་ 16 སྔོན།

    ང་ཚོ་བོད་མི་སྐྱབས་བཅོལ་བ་ཞིག་ཡིན་ན་ཡང་ཁོང་ཚོར་གདུང་སེམས་མཉམ་བསྐྱེད་བྱེད་དགོས་པ་ཞིག་རེད། རྒྱལ་ཁབ་གཞན་དང་གཞན་ཚོས་དཔལ་འབྱོར་དང་འཕྲོད་བསྟེན་སོགས་ཀྱི་ཐོག་ནས་རོགས་སྐྱོར་གནང་མུས་ཡིན་སྟབས། ང་ཚོ་བོད་མི་ཚོས་བསྔོ་བ་སྨོན་ལམ་འདེབས་རྒྱུ་དེ་འོས་ཤོས་སུ་མཐོང་ངོ་།།

    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    མ་ཎི་ཡིག་དྲུག་འདི་ཚར་དྲུག་བཏོན་པ་འདི་ནི་བོད་མི་ས་ཡ་དྲུག་གི་སེམས་ཀྱི་དབུས་ནས་ཐོར་བའི་བསྔོ་སྨོན་གྱི་འདབ་མ་དྲུག་པོ་དེ་ཡིན། ཕྱག་ན་པདྨོ་མཁྱེན།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese