མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་སའི་མགོ་ཁྲིད་འཕོ་འགྱུར།

བོད་ཀྱི་དུས་བབ།
༢༠༡༠/༠༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༡༢ ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དགུ་བའི་ཚོགས་འདུ་ཐེངས་གསུམ་པའི་སྟེང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་གཙོ་ལེགས་མཆོག་དང་། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བྱམས་པ་ཕུན་ཚོགས་རྣམ་གཉིས་ཀྱིས་རྩ་དགོངས་ཞུས་པའི་རྣམ་པའི་ཐོག་ནས་ལས་གནས་འཕྲོ་འགྱུར་བཏང་ཡོད་འདུག  

དེ་རིང་ཚེས་༡༥ཉིན་གྱི་སྔ་དྲོར་ཚོགས་འདུ་ཡོངས་སུ་མཇུག་བསྡུ་ལ་ཉེ་སྐབས། སྔར་གྱི་ལེགས་མཆོག་གི་ཚབ་ཏུ་བྱམས་པ་ཕུན་ཚོགས་སླར་ཡང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་གཙོར་བསྐོ་བཞག་དང་། སྔར་གྱི་བྱམས་པ་ཕུན་ཚོགས་ཀྱི་ཚབ་ཏུ་པད་མ་འཕྲིན་ལས་བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་ལ་བསྐོ་བཞག་བྱས་ཡོད་འདུག

 

རྒྱ་ནག་གི་འགྲོ་སྟངས་ལྟར་ན་ཀྲུང་དབྱང་དབུས་ཁུལ་གྱི་མགོ་ཁྲིད་དག་ལོ་ ༦༠ ནས་རྒས་ཡོལ་དང་། ས་གནས་རིམ་པའི་མགོ་ཁྲིད་ལོ་ ༦༥ ནས་བགྲེས་ཡོལ་དུ་ཕེབས་དགོས་ཀྱིན་ཡོད། བྱམས་པ་ཕུན་ཚོགས་ད་ལྟ་ལོ་ ༦༢ ཟིན་ཙམ་ཡིན་སྟབས་མུ་མཐུད་ལས་འཁུར་བཞེས་རྒྱུ་ཡིན་པ་དང་། ལེགས་མཆོག་ད་ལྟ་ལོ་ ༦༥ ཧྲིལ་བོ་ཟིན་ཡོད་སྟབས་བགྲེས་ཡོལ་དུ་ཕེབས་རྒྱུར་ཚོད་དཔག་བྱེད་ཀྱིན་ཡོད།

པད་མ་འཕྲིན་ལས་ནི་དེ་སྔ་བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་གཞོན་པ་ཡིན་ཞིང་། ༢༠༠༨ ལོའི་ཟླ་ ༡༡ ནང་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་སྐུ་ཚབ་བར་འབྲེལ་མོལ་ཐེངས་བརྒྱད་པ་གནང་སྐབས། པད་མ་འཕྲིན་ལས་བོད་ནང་གི་བོད་མིའི་སྐུ་ཚབ་ཀྱི་མིང་ཐོག་ནས་འཁྲིད་ཡོང་ཡོད་འདུག་ཅིང་། སྐབས་དེར་ཁོང་གིས་༧གོང་ས་མཆོག་གི་སྐུ་ཚབ་རྣམ་གཉིས་ལ་སྐད་ཆ་བཤད་སྐབས་ཧ་ཅང་འཚེར་སྣང་གི་རྣམ་པ་འདུག་ཚུལ་བཤད།

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༧ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 11

  1. ནད་པ says:
    ལོ་ 15 སྔོན།

    བོད་རང་སྐྱོང་ལྗོངས་ཀྱི་ནང་ད་ཡོད་མི་འབོར་ལ་གཞིགས་ན་བོད་རིགས་༢༠༠༨༠ ཁྲི་ཚོ་ཉིས་བརྒྱ་གྱ་བཅུ་དང་། རྒྱ་རིགས་མི་འབོར་ ༨༠༠༠༠ ཁྲི་ཚོ་བརྒྱད་ཙམ་འཚོ་གནས་བྱེད་བཞིན་ཡོད།

    བོད་རིགས་མི་འབོར་ལ་ཆ་བཞག་ན་བོད་རང་སྐྱོང་ལྗོངས་ཀྱི་ནང་ས་ཡ་དང་གྲངས་ཆུང་བརྒྱད་ཙམ་ཡོད་ལ་དེ་མིན་མདོ་བསྟོད་སྨད་གཉིས་ས་ཡ་གསུམ་དང་ལྷག་ཙམ་བཅས་བོད་རིགས་ཀྱི་མི་འབོར་སྤྱིའི་ཆ་ནས་ས་ཡ་ལྔ་ལྷག་ཙམ་ལས་མེད།

    བོད་ཀྱི་ས་ཆའི་རྒྱ་ཁྱོན་ལ་གཞིགས་ན་སྤྱི་ལེ་ངོས་སྙོམས་གྲུ་ཞི་མ་ ༢༢༠ ཡོད་ལ་འཛམ་གླིང་ནང་མི་འབོར་གྱི་ཆ་ནས་ཧ་ཅང་གི་གྲངས་ཉུང་ཡིན་ལ་ས་ཁྱོན་ནས་བཤད་ན་འཛམ་གླིང་ནང་རྒྱ་ཁྱོན་ཆེ་ཤོས་ཀྱི་ཨང་བཅུ་པའི་གྲས་སུ་སླེབས་ཀྱི་ཡོད།

    བོད་ནང་ཡོད་པའི་བོད་རིགས་ཀྱི་བློ་མཐུན་སུ་ཞིག་ཡིན་ནའང་རང་ཉིད་བོད་རིགས་ཤིག་ཡིན་བསམས་པ་དེ་སེམས་ཁོངས་ཀྱི་ལྷན་སྐྱེས་ཤིག་ཡིན་སྟབས། དེར་བརྟེན་རང་ཉིད་བོད་རིགས་གཅིག་གིས་ངོས་ནས་ག་ཚོད་ཐུབ་ཐུབ་ཀྱིས་བོད་མི་རིགས་འགན་འཁྲི་ལེན་དགོས།

    དེས་མ་ཟད་ད་དུང་བོད་རིགས་ཙམ་མ་ཡིན་པར་རྒྱ་རིགས་མི་དམངས་ལའང་ངེས་པར་དུ་བོད་རིགས་ཀྱི་ལྷན་སྐྱེས་སུ་མངའ་བའི་གཤིས་ཀ་བཟང་པོ་དེ་བེད་སྤྱད་དེ་གང་ཐུབ་ཀྱིས་དམངས་ཀྱི་ཞབས་ཞུ་བསྒྲུབ་ཐུབ་པ་ཞིག་བྱ་དགོས།

    Reply
  2. བདེ་བ་ཅན། says:
    ལོ་ 15 སྔོན།

    བོད་རང་སྐྱོང་ལྗོངས་ཞེས་པའི་འགོ་ཁྲིད་མཐོ་གྲས་བྱམས་པ་ཕུན་ཚོགས་ལགས་དང་། ལེགས་མཆོག་ལགས། པདྨ་འཕྲིན་ལས་ལགས་བཅས་གནས་རིམ་བརྗེ་བསྒྱུར་བྱ་བཞིན་པ་འདིས་བོད་མི་མཐོ་རིམ་འགོ་ཁྲིད་གྲས་སུ་འགྱུར་བ་ཤུགས་ཆེ་ཙམ་འགྲོ་རྒྱུ་ཡིན་པ་ཧ་ཅང་གསལ་པོ་ཡིན་ཅིང༌། རིམ་པས་བྱམས་པ་ཕུན་ཚོགས་ལགས་པེ་ཅིང་དུ་གནས་སྤོས་གཏོང་སྲིད་པའམ་ལེགས་མཆོག་ལྟར་བར་སྐབས་ཤིག་རིང་གོ་གནས་ཡོད་ཀྱང་དབང་ཆ་མེད་པའི་དཔོན་གནས་བཟུང་སྟེ་གོ་རྒྱུ་དེ་ཙམ་དུ་མེད་པར་གྱུར་སྲིད། འོན་ཏེ་པདྨ་འཕྲིན་ལས་ནི་ལོ་སྔོན་མའི་ཞི་རྒོལ་བྱུང་རྗེས་རྣམ་པ་ཁ་གསལ་བཏོན་ཏེ་བེད་སྤྱོད་བྱ་བཞིན་པའི་བོད་རིགས་འགོ་ཁྲིད་གྲས་ཤིག་ཡིིན་པས་གནས་སྐབས་དེ་སྔ་བྱམས་པ་ཕུན་ཚོགས་ལགས་བེད་སྤྱོད་བྱས་ཟིན་པ་ལྟར་རྒྱལ་ཕྱི་དང་བོད་ནང་མདུན་ངོས་སུ་ཐོན་ཏེ་མང་ཚོགས་སྟེང་སྦྱངས་བཤད་བྱ་མཁན་ལ་བེད་སྤྱོད་བྱ་རྒྱུ་རེད། འགྲོ་ལམ་གཅིག་ལས་མེད་པ་ནི་ང་ཕོད་དང་། རག་སྡིས་སོགས་ལྟར་བེད་སྤྱོད་ཚར་རྗེས་པེ་ཅིང་དུ་མིང་སྐམ་པོ་ཞིག་འཁུར་ཏེ་དབང་ཆ་གང་ཡང་མེད་པར་ཚེ་མཇུག་བསྐྱལ་རྒྱུ་དེ་རེད། ཡིན་ནའང་ད་ལྟ་པེ་ཅིང་དུ་མ་སོང་གོང་བོད་ནང་ཡོད་མུས་སུ་གོ་གནས་དང་གོ་སྐབས་ལ་དཔག་པའི་ཆ་ཤས་བླངས་ཏེ་སོ་སོའི་མི་རིགས་ལ་ཕན་པ་བསྒྲུབ་རྒྱུའི་སྐད་ཆ་ཚིག་གཅིག་ལས་མེད་ཀྱང་བཤད་ཐུབ་ན་དེ་ནི་མི་ཚེའི་གཟི་བརྗིད་ཆེ་ཤོས་སུ་གྱུར་རྒྱུའི་གདམས་ག་དེ་ཁོང་ཚོ་སོ་སོའི་ལག་ཏུ་ཡོད་པ་རེད། གང་ལྟར་འབྱུང་འགྱུར་ལ་ཚོད་བགམ་བྱེད་དཀའ་བས་ཁོང་ཚོའི་ཁྲོད་ནས་རིམ་པས་མི་རིགས་ཀྱི་གནད་དོན་ཐད་ནས་དབུས་གཞུང་ལ་བོད་མི་རིགས་ཀྱི་བདེ་སྡུག་གསལ་བཤད་ཞུ་ཐུབ་པའི་སྤོབས་པ་སླེབས་པ་བྱ་རྒྱུ་ནི་ང་ཚོ་བོད་ཕྱི་ནང་ཡོངས་ཀྱི་བོད་མི་ཀུན་གྱི་རེ་བ་གཅིག་པུ་དེ་ཡིན་པས་ཁོང་ཚོས་ཏན་ཏན་གོ་སྐབས་དམ་འཛིན་བྱ་སྲིད་པའི་རེ་བ་ཡོད༎

    Reply
  3. ཆོས་སྒྲོན། says:
    ལོ་ 15 སྔོན།

    པད་མ་འཕྲིན་ལས་མཆོག་བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་ལ་གསར་དུ་བསྐོ་བཞག་བྱས་པར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་གཅིག བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ཆེའི་མི་དམངས་ཀྱི་སྲིད་འབྱོར་རིག་གསུམ་ལ་ཧུར་ཐག་གིས་བོད་མི་རིགས་ཀྱི་རྩ་བའི་ལར་ཞེན་སྙིང་བཅིངས་བྱ་རྒྱུར་འབོད་བསྐུལ་ཞུ་བཞིན་ཡོད། གཞན། དྲ་གྲོགས་རྣམ་པའི་ཀྱང་བློ་མཐུན་པད་པ་འཕྲིན་ལས་མཆོག་གི་འདས་པའི་མི་ཚེ་ལོ་རྒྱུས་དང་། ཕྱག་ལས་གནང་ཕྱོགས། བསམ་བློའི་ཁྱེར་སོ་བཅས་ཀྱི་ཐད་བགྲོ་གླེང་དང་། གནས་ཚུལ་གང་རེག་འདིར་སྤུངས་རྒྱུའི་རེ་འདུན་བཏོན་པ་ཡིན།

    Reply
  4. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    འདི་དག་ཁོ་ཚོས་གཡོ་སྒྱུ་རེད།

    Reply
  5. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    འདི་ནི་གཡོ་སྒྱུའི་ལས་ཀ་རེད།

    Reply
  6. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    བོད་ལྭ་གྲལ་དག་ཅིག་གྱོན་འདུག

    Reply
  7. དགུ་ཚིགས་སྐྱ་མོ། says:
    ལོ་ 15 སྔོན།

    བསེ་རུ་ཚང་གི་གསུངས་པ་དེ་དངོས་གནས་བདེན་པ་རེད། གསར་འགོད་པ་འདི་ཚོས་འདི་འདྲའི་རིགས་དོར་སྣང་མ་སྤྲད་པར། གང་བྱུང་མ་བྱུང་ཡིག་ཐོག་ལ་བྲིས་ན་མ་འོངས་པ་ལ་བོད་ཀྱི་སྐད་ཡིག་ལོ་རྒྱུས་སོགས་ལ་གནོད་པ་ཚབ་ཆེན་གཏོང་ངེས་རེད།

    Reply
  8. ནོར་བུ་རྒྱལ་མཚན། says:
    ལོ་ 15 སྔོན།

    བྱམས་པ་ཕུན་ཚོགས། སྐྱེས་པ། བོད་རིགས ༡༩༤༧ལོའིཟླ༥པར་སྐྱེས(ལོ ༦༢) བོད་ལྗོངས་ཆབ་མདོ་བ།

    ༡༩༧༤ལོའི་ཟླ༥པར་ཏང་ལ་ཞུགས། ༡༩༧༠ལོའི་ཟླ༡༠པར་ལས་ཀར་ཞུགས།

    གྲུང་ཆིང་སློབ་ཆེན་འཕྲུལ་ཆས་ཚན་ཁག་གི་འཕྲུལ་ཆས་བཟོ་སྐྲུན་ཆེད་ལས་ཐོན། སློབ་ཆེན་འཛིན་གྲྭ་དཀྱུས་མའི་སློབ་རིམ།

    ད་ལྟ་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་བཅས་ཀྱི་འགན་འཁུར་མུས།

    ༡༩༧༠.༡༠–༡༩༧༢.༤བར། བོད་རང་སྐྱོང་ལྗོངས་ཆབ་མདོ་ས་གནས་ཞིང་འཕྲུལ་བཟོ་གྲྭར་ལས་ཀ་བྱས།

    ༡༩༧༢.༤–༡༩༧༥.༡༠བར། གྲུང་ཆིང་སློབ་ཆེན་འཕྲུལ་ཆས་ཚན་ཁག་ཏུ་འཕྲུལ་ཆས་བཟོ་སྐྲུན་ཆེད་ལས་སློབ་སྦྱོང་བྱས།

    ༡༩༧༥.༡༠–༡༩༧༩.༣བར། བོད་རང་སྐྱོང་ལྗོངས་ཆབ་མདོ་ས་གནས་ཞིང་འཕྲུལ་བཟོ་གྲྭའི་ལག་རྩལ་པ་དང་ཁྲང་ཀྲང་བྱས།

    ༡༩༧༩.༣–༡༩༨༠.༡༠བར། བོད་རང་སྐྱོང་ལྗོངས་ཆབ་མདོ་ས་གནས་ཞིང་འཕྲུལ་ཅུད་ཀྱི་ཅུད་ཀྲང་གཞོན་པ་བྱས།

    ༡༩༨༠.༡༠–༡༩༨༣.༨བར། བོད་རང་སྐྱོང་ལྗོངས་སྤོ་མེས་རྫོང་ཨུད་ཀྱི་ཧྲུའུ་ཅི་བྱས (དེའི་རིང་༡༩༨༡.༩–༡༩༨༢.༧ཀྲུང་དབྱང་ཏང་སློབ་ལས་བྱེད་སྦྱོང་བརྡར་འཛིན་གྲྭར་སློབ་སྦྱོང་བྱས)

    ༡༩༨༣.༨–༡༩༩༢.༡༡བར། བོད་རང་སྐྱོང་ལྗོངས་ཆབ་མདོ་ས་གནས་སྲིད་ཧྲུའི་ཀྲོན་ཡོན་གཞོན་པ་བྱས།

    ༡༩༩༢.༡༡–༡༩༩༥.༦བར། བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཧྲུའི་ཀྲོན་ཡོན་བྱས།

    ༡༩༩༥.༦–༡༩༩༧.༡༡བར། བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཨུད་ཀྱི་ཧྲུའུ་ཅི་བྱས།

    ༡༩༩༧.༡༡–༡༩༩༨.༥བར། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་བྱས།

    ༡༩༩༨.༥–༢༠༠༣.༡བར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་བྱས།

    ༢༠༠༣.༡–༢༠༠༣.༣བར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་བྱས།

    ༢༠༠༣.༣–༢༠༠༣.༥བར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུཅི་གཞོན་པ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་བྱས།

    ༢༠༠༣.༥–༢༠༠༦.༡༠བར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་བྱས།

    ༢༠༠༦.༡༠– བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་བྱས།

    སྐབས་བཅུ་དྲུག་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་། སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན།
    བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུང་ནས་འདོན་སྤེལ་བྱས།

    Reply
  9. ནོར་བུ་རྒྱལ་མཚན། says:
    ལོ་ 15 སྔོན།

    པད་མ་འཕྲིན་ལས། སྐྱེས་པ། བོད་རིགས། ༡༩༥༡ལོའི་ཟླ༡༠སྐྱེས(ལོ༥༨) བོད་ལྗོངས་སྟེང་ཆེན་བ། ༡༩༧༠ལོའི་ཟླ༡༠ཏང་ལ་ཞུགས། ༡༩༦༩ལོའི་ཟླ་བ༡༢པར་ལས་ཀར་ཞུགས། ཀྲུང་དབྱང་ཏང་སློབ་ཞིབ་འཇུག་སློབ་མའི་སློབ་གླིང་གི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་ཏང་གི་རིགས་གཞུང་སྨྲ་བ་དང་ཏང་ལེགས་སྐྱོང་སྐོར་གྱི་ཆེད་ལས་ཐོན། ཀྲུང་དབྱང་ཏང་སློབ་ཞིབ་འཇུག་སློབ་མའི་སློབ་རིམ། ད་ལྟ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པའི་འགན་འཁུར་མུས།
    ༡༩༦༥.༩–༡༩༦༩.༡༢བར། བོད་ལྗོངས་མི་རིགས་སློབ་ཆེན་གྲ་སྒྲིག་འཛིན་གྲྭར་སློབ་སྦྱོང་བྱས།

    ༡༩༦༩.༡༢–༡༩༧༠.༣བར། མཚོ་སྔོན་ཞིང་ཆེན་དམག་གསར་མདའ་ཤོག་ཏུ་འཐབ་འཛིང་པ་བྱས།

    ༡༩༧༠.༣–༡༩༧༤.༨བར། བཅིངས་འགྲོལ་དམག་སྐམ་དམག་ཁྲི་ཤོག་ལྔ་བཅུ་ང་གསུམ་པའི་མེ་སྒྱོགས་མདའ་ཤོག་གི་བཅུ་དཔོན་གཞོན་པ་དང་བཅུ་དཔོན། ལྡིང་དཔོན་གཞོན་པ། ལྡིང་དཔོན་བཅས་བྱས།

    ༡༩༧༤.༨–༡༩༨༠.༡བར། བཅིངས་འགྲོལ་དམག་སྐམ་དམག་ཁྲི་ཤོག༥༣པའི་མེ་སྒྱོགས་མདའ་ཤོག་གི་ཆབ་སྲིད་ཁྲུའིུ་མང་ཚོགས་ལས་དོན་གྱི་ལས་ཚན་བྱས།

    ༡༩༨༠.༡–༡༩༨༤.༡༠བར། བོད་དམག་ཁུལ་ཁང་ཆབ་སྲིད་པུའི་མང་ཚོགས་ལས་དོན་ཁྲུའུ་ཡི་བརྒྱ་དཔོན་རྒན་རིམ་དང་རུ་དཔོན་གཞོན་རིམ་གྱི་ལས་ཚན་བྱས།
    ༡༩༨༤.༡༠–༡༩༨༦.༦བར། བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་བུད་མེད་ཚན་ཁག་གི་མདའ་དཔོན་གཞོན་རིམ་གྱི་ཆབ་སྲིད་རོགས་འདེགས་པ་བྱས།
    ༡༩༨༦.༦–༡༩༩༢.༥བར། བོད་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་ལས་ཐིང་དྲུང་ཡིག་ཁྲུའུ་གཉིས་པའི་ཁྲུའུ་རིམ་གཞོན་པའི་དྲུང་ཡིག་བྱས(དེའི་རིང་༡༩༨༩.༩–༡༩༩༡.༧བར། ཀྲུང་དབྱང་ཏང་སློབ་ཀྱི་ཐེངས་དྲུག་པའི་བོད་ཀྱི་མི་རིགས་ལས་བྱེད་འཛིན་གྲྭར་སློབ་སྦྱོང་བྱས)

    ༡༩༩༢.༥–༡༩༩༣.༦བར། བོད་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་ལས་ཐིང་དྲུང་ཡིག་ཁྲུའུ་གཉིས་པའི་ཁྲུའུ་ཀྲང་གཞོན་པ་བྱས།

    ༡༩༩༣.༦–༡༩༩༣.༩བར། བོད་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་ལས་ཐིང་དྲུང་ཡིག་ཁྲུའུ་གཉིས་པའི་ཁྲུའུ་ཀྲང་བྱས།

    ༡༩༩༣.༩–༡༩༩༨.༥བར། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་བྱས།

    ༡༩༩༨.༥–༢༠༠༠.༦བར། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དྲུང་ཆེ་དང་ལས་ཁུངས་ཏང་ཙུའུ་ཡི་ཧྲུའུ་ཅི་བྱས།

    ༢༠༠༠.༦–༢༠༠༣.༡བར། བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཧྲུའི་ཀྲོན་ཡོན་བྱས(༢༠༠༠ལོའི་ཟླ༣–༢༠༠༡.༡བར། ཀྲུང་དབྱང་ཏང་སློབ་ཀྱི་སློབ་ཡུན་ལོ་གཅིག་གི་གཞོན་དར་འཛིན་གྲྭར་སློབ་སྦྱོང་བྱས། ༢༠༠༠.༣–༢༠༠༢.༡བར། ཀྲུང་དབྱང་ཏང་སློབ་ཀྱི་ཞིབ་འཇུག་སློབ་གླིང་དུ་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་ཏང་གི་རིག་གཞུང་སྨྲ་བ་དང་ཏང་ལེགས་སྐྱོང་སྐོར་གྱི་ཆེད་ལས་སློབ་སྦྱོང་བྱས)

    ༢༠༠༣.༡–༢༠༠༥.༧བར། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་སྲིད་གཞུང་གི་དྲུང་ཆེ་གཅིག་ལྕོགས་བྱས།

    ༢༠༠༥.༧–༢༠༠༦.༡༠བར། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བྱས།

    ༢༠༠༦.༡༠–༢༠༠༦.༡༡བར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བྱས།

    ༢༠༠༦.༡༡–༢༠༡༠.༡བར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བྱས།
    ༢༠༠༦.༡༡–༢༠༡༠.༡བར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བྱས།
    ༢༠༡༠.༡– བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བྱས།

    བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུང་ནསདོན་སྤེལ་བྱས།

    Reply
  10. བསེ་རུ། says:
    ལོ་ 15 སྔོན།

    ལྷ་སའི་མགོ་ཁྲིད་ལ་འཕོ་འགྱུར་བྱུང་བ་ཡིན་ནམ།
    བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ལ་འཕོ་འགྱུར་བྱུང་བ་རེད་དམ།

    དེང་སྐབས་ལྷ་ས་ཞེས་པའི་ཐ་སྙད་འདིར་རྩོམ་སྒྲིག་པ་དང་གསར་འགོད་པ། རྩོམ་པ་པོ་སོགས་ཀྱིས་བོད་དབུས་གཙང་ཡོངས་རྫོགས་ལ་ལྷ་ས་ཞེས་པའི་ཐ་སྙད་འདི་སྤྱོར་གྱིན་ཡོད་པའི་ཚོར་སྣང་བྱུང་ལ། དེ་རིགས་ཀྱི་དཔེ་མཚོན་ཡང་འཇོག་རྒྱུ་ཡོད། དེ་སྔོན་གསར་ཤོག་སོགས་ཀྱི་ནང་། ལྷ་ས་ཀོང་པོ་ཞེས་པ་དང་། ལྷ་ས་མངའ་རིས་ཞེས་པའི་ཚིག་འདི་ལྟ་བུའི་རིགས་ཐོན་ཟིན་པ་རེད། དེ་རིགས་ལ་ང་ཚོས་ཁ་ནས་གང་ཐོན་ལག་ནས་བྲིས་ཚེ། འབྱུང་འགྱུར་ལོ་རྒྱུས་ཀྱི་ནང་དཀའ་རྙོག་འཕྲད་རྒྱུའི་གཞི་རྩ་ལས་མ་འདས་པས་དེ་དོན་ཚང་མས་ཐུགས་སྣང་གནང་དགོས་ཀྱི་འདུག།

    Reply
  11. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    གང་ལྟར། བོད་ཁུལ་ནས་བོད་མི་རེ་མིང་མེད་པ་ནས་ཡོད་པའི་གོ་གནས་ཤིག་རེག་པ་དེར་ཡག་པོ་རེད། འོན་ཀྱང་། ལས་ཀ་ག་རེ་བྱེད་ཐུབ་མིན་དང་གང་བྱེད་འདོད་ཀྱང་བྱེད་ཐུབ་མིན་དེ་ནི་གནད་དོན་གཞན་ཞིག་ཆགས་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese