མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངྷ་སའི་བཙན་གཡེམ་གྱོད་དོན།

བོད་ཀྱི་དུས་བབ།
༢༠༡༠/༠༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

ངྷ་སའི་བོད་རིགས་གཞོན་སྐྱེས་གཉིས་ཀྱིས་འཇར་མན་གྱི་བུད་མེད་ཅིག་ལ་བཙན་གཡེམ་བྱས་པའི་གནས་ཚུལ་རྒྱ་གར་གྱི་གསར་ལམ་ཁག་ཏུ་ཁྱབ་འདུག

ཕྱི་ཚེས་ ༡༧ ཉིན་གྱི་རྒྱ་གར་གྱི་གསར་ཤོག་ The Tribune དང་  Hindustan Times གཉིས་ཀྱི་ནང་གནས་ཚུལ་སྤེལ་བ་ལྟར་ན། མེག་གྷན་གྱི་བོད་རིགས་གཞོན་སྐྱེས་གཉིས་ཀྱིས་འཇར་མན་ནས་ཡིན་པའི་བུད་མེད་ཅིག་ལ་བཙན་གཡེམ་བྱས་སྐོར་བཀོད་འདུག གནས་ཚུལ་ལྟར་ན། བུད་མེད་དེ་ལོ་ ༤༦ ཡིན་པ་དང་། མེག་གྷན་ནས་ཟླ་ ༡༠ རིང་བསྡད་མྱོང་ཡོད་འདུག ཟླ་སྔོན་མའི་ཚེས་ ༢༧ ཉིན་མོ་རང་བོད་རིགས་གཞོན་སྐྱེས་ཤིག་གིས་རྒྱ་གར་ཁང་བདག་གིས་སྐད་གཏོང་གི་འདུག་ཅེས་ཁྲིད་ཡོད་པ་དང་། མོ་རང་ཁྲིད་ས་དེ་ཁང་བ་ཁེར་ཆད་ཅིག་ཡིན་ལ། དེའི་ནང་འབྱོར་མ་ཐག་བོད་རིགས་གཞོན་སྐྱེས་དེའི་གྲོགས་པོས་སྔ་ས་ནས་སྒུག་འདུག་ཟེར། དེ་རྗེས་མོ་ལ་རིལ་བུ་ཞིག་བཏུང་བཅུག་རྗེས་མོ་རང་དྲན་པ་འཐོར་ཞིང་ཕྱི་ཉིན་ ༢༨ ཉིན་བར་དུ་བོད་རིགས་དེ་གཉིས་ཀྱིས་བཙན་གཡེམ་བྱས་པར་བཤད་འདུག

དོན་རྐྱེན་འདི་ཀང་ར་རྫོང་གི་ཉེན་རྟོག་པས་ཡུལ་མིའི་ཁྲིམས་ལུགས་ལྟར་ཁ་མཆུ་རྩིས་ལེན་བྱས་ཡོད་པ་མ་ཟད། ཉེ་ཆར་ཀང་ར་རྫོང་དུ་ཡོད་པའི་ཀན་ཌ་སྨན་ཁང་ནས་བརྟག་དཔྱད་ཀྱང་བྱས་ཡོད་འདུག

འཇར་མན་བུད་མེད་འདིའི་གཏུགས་བཤེར་ལྟར་ན། མོ་རང་ལ་ཕྱི་ཚེས་ ༢༧ ཉིན་བཙམ་གཡེམ་བྱས་ཀྱང་། ཕྱི་ཟླ་དང་པོའི་ཚེས་ ༧ ཉིན་བར་དུ་དྲན་པ་སོས་མེད་ཚུལ་བཤད་འདུག ཡང་གནས་ཚུལ་ལྟར་ན། བུད་མེད་དེ་ཐ་མ་ནག་པོ་ལ་མྱོས་ལངས་སུ་ཤོར་མཁན་ཞིག་ཀྱང་ཡིན་ཚུལ་འདུག་པས། བོད་མི་ཚོའི་ནང་དུ་མོའི་གཏུགས་བཤེར་དེ་ནི་བཙན་གཡེམ་གྱི་ངོ་བོར་སྦྱར་ན་འོས་འཚམ་ཡིན་མིན་གྱི་བསམ་ཚུལ་ཀྱང་ཡོད་མཁན་ཀྱང་འདུག དེའི་རྒྱུ་མཚན་ནི་ཐ་མ་ནག་པོར་ལངས་ཤོར་དུ་གྱུར་བའི་མི་འདི་དག་གི་ནམ་རྒྱུན་གྱི་བྱ་སྤྱོད་དེ་ནི་ཚད་བཀག་དང་ཚད་གཞི་ཡོད་པ་ཞིག་མིན་སྟབས་ཁོང་ཚོར་ཚོར་བའི་དབང་དུ་ག་དུས་ཤོར་ན་དེ་དུས་སོ་སོའི་བདེ་བ་གང་ལའང་ལོངས་སུ་སྤྱོད་ཀྱི་ཡོད་ལ། བུད་མེད་འདི་ཡང་བོད་པའི་ཕོ་གསར་གཉིས་དང་མཉམ་དུ་བསྡད་དེ་ཁང་ཚོས་ཐ་མ་ནག་པོ་དང་དེའི་ཕན་གྱི་ཆགས་སྤྱོད་སོགས་འདྲ་མིན་ལ་ལོངས་སུ་སྤྱད་ཡོད་སྲིད་པས་གྱོད་དོན་འདི་ནི་བཙན་གཡེན་ཡིན་མིན་ལ་དོགས་པ་བྱེད་ཀྱིན་ཡོད་འདུག

ཕྱི་ཚེས་ ༡༧ ཉིན་ངྷ་སའི་འབྲེལ་ཡོད་ཉེན་རྟོག་པས་བཤད་པ་ལྟར་ན། གྱོད་དོན་འདི་དང་འབྲེལ་ཏེ་བོད་རིགས་གཞོན་སྐྱེས་གཉིས་འཛིན་བཟུང་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Former Pakistan prime minister Imran Khan, gestures as he speaks with Reuters during an interview, in Lahore, Pakistan March 17, 2023. REUTERS/Akhtar Soomro
Mobile App

པཱ་ཀི་སི་ཐན་གྱི་གྲོས་ཚོགས་འཐུས་མི་ཟུར་བ་ ༡༠༨ ལ་ལོ་བཅུ་རེའི་ཁྲིམས་ཐག་བཅད།

ཆུ་ཚོད་ ༥ སྔོན་ལ།
ལྷོ་སོག་གི་མགོ་ཁྲིད་ཟུར་བ་ཏུའུ་ཙེ་ལ་ལོ་ ༡༥ ཡི་ཁྲིམས་ཐག་བཅད་འདུག
Mobile App

ལྷོ་སོག་གི་མགོ་ཁྲིད་ཟུར་བ་ཏུའུ་ཙེ་ལ་མི་ལོ་ ༡༥ ཡི་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༥ སྔོན་ལ།
Mobile App

ལོ་ངོ་ ༡༢༧ རྗེས་ནས་སངས་རྒྱས་ཀྱི་རིག་དངོས་ཕྱིར་སློག་བྱས།

༢༠༢༥/༠༧/༣༡
Flood in Bhotekoshi river washes away Nepal-China border bridge-at-Rasuwagadhi
Mobile App

བོད་མཐོ་སྒང་གི་འཁྱག་རོམ་བཞུས་རྐྱེན་བལ་ཡུལ་ནང་ཆུ་ལོག་འབྱུང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༥/༠༧/༣༡
སྲིད་སྐྱོང་མཆོག་གིས་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་། ༢༠༢༥།༠༧།༣༠ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་གནས་སྡོད་མངའ་སྡེ་ལྔའི་ནང་ཕྱོགས་ཕེབས་གནང་བཞིན་པ།

༢༠༢༥/༠༧/༣༡
ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཏ་ཕིར་གྷའོ་མཆོག་བཞུགས་སྒར་དྷ་རམ་ས་ལར་ཆེད་ཕེབས་ཀྱིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༤།༠༩།༠༦
Mobile App

འཚེ་མེད་ཞི་བདེའི་གནས་མཆོག་རྒྱ་གར་གྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞི་བདེའི་རླབས་ཆེན་མཛད་པར་ཆེ་བསྟོད་གཟེངས་རྟགས་དབུལ་དགོས་པའི་འབོད་སྐུལ་ཞུས།

༢༠༢༥/༠༧/༣༡

མཆན། 18

  1. lenpa says:
    ལོ་ 16 སྔོན།

    དེང་སང་སྡ་ས་ནས་བོད་རིག་གཞོན་སྐྱེས་གཉིས་གྱི་ཕྱི་རྒྱལ་བ་དགེ་མོ་ཞིག་ལ་གཙན་གཡེམ་བྱས་པའི་སྐད་ཆ་གང་སར་ཆབ་འདུག་ངས་བསམ་ན་བོད་རིག་གཞོན་སྐྱེས་དེ་གཉིས་ལ་ངེས་པར་དུ་རོག་བྱེད་དགོས་པ་སྣང།
    འབྲེལ་ཡོད་རྣམ་པ་ཁྱེད་རྣམས་པས་གལ་སྲིད་ཁོ་གཉིས་སྐྱིས་ཁ་པར་ཨང་གྲང་དང་E_mail ཁ་བྱང་ཤེས་ན་ང་ལ་སྤྲད་རོག་གནང་ངས་ཁོ་གཉིས་ལ་སྐད་ཆ་ཞིག་བཤད་ན་འདོད།
    གནས་ཙུལ་འདི་གསལ་བོ་བཟོ་ཐབ་ཞིག་ཡོད་ན་མ་གཏོག་དེང་སང་མི་དེ་དག་གི་གཞོན་སྐྱེས་རྣམ་ལ་མཐོང་ཆུང་ཤ་ཏག་བཏང་གི་ཁོ་བོའི་ནི་དེ་ནོར་འཕྲུལ་ཁོ་ན་ཡིན་པར་སེམ། my E_mail tashit24@yahoo.in

    Reply
  2. lenpa says:
    ལོ་ 16 སྔོན།

    དེང་སང་སྡ་ས་ནས་བོད་རིག་གཞོན་སྐྱེས་གཉིས་གྱི་ཕྱི་རྒྱལ་བ་དགེ་མོ་ཞིག་ལ་གཙན་གཡེམ་བྱས་པའི་སྐད་ཆ་གང་སར་ཆབ་འདུག་ངས་བསམ་ན་བོད་རིག་གཞོན་སྐྱེས་དེ་གཉིས་ལ་ངེས་པར་དུ་རོག་བྱེད་དགོས་པ་སྣང།
    འབྲེལ་ཡོད་རྣམ་པ་ཁྱེད་རྣམས་པས་གལ་སྲིད་ཁོ་གཉིས་སྐྱིས་ཁ་པར་ཨང་གྲང་དང་E_mail ཁ་བྱང་ཤེས་ན་ང་ལ་སྤྲད་རོག་གནང་ངས་ཁོ་གཉིས་ལ་སྐད་ཆ་ཞིག་བཤད་ན་འདོད།
    གནས་ཙུལ་འདི་གསལ་བོ་བཟོ་ཐབ་ཞིག་ཡོད་ན་མ་གཏོག་དེང་སང་མི་དེ་དག་གི་གཞོན་སྐྱེས་རྣམ་ལ་མཐོང་ཆུང་ཤ་ཏག་བཏང་གི་ཁོ་བོའི་ནི་དེ་ནོར་འཕྲུལ་ཁོ་ན་ཡིན་པར་སེམ།

    Reply
  3. lenpa says:
    ལོ་ 16 སྔོན།

    ངས་བསམ་ན་བོད་རིག་གཞོན་སྐྱེས་དེ་གཉིས་ལ་ངེས་པར་དུ་རོག་བྱེད་དགོས་པ་སྣང་འབྲེལ་ཡོད་རྣམ་པ་ཁྱེད་རྣམས་པས་གལ་སྲིད་ཁོ་གཉིས་སྐྱིས་ཁ་པར་ཨང་གྲང་དང་E_mail ཁ་བྱང་ཤེས་ན་ང་ལ་སྤྲད་རོག་གནང་།

    Reply
  4. lenpa says:
    ལོ་ 16 སྔོན།

    i like jikdal tenzin

    Reply
  5. ཧི་མ་ལའི་དུས་རབས། says:
    ལོ་ 16 སྔོན།

    གནས་ཚུལ་དེ་འདྲ་གསལ་པོ་ཞིག་པ་བཟོས་ན་བོད་མི་རིགས་ལ་བབ་ཆགས་ངན་པ་ཞིག་བཞག་ངེས་རེད།
    བསམ་བློ་ཞིབ་ཕྲ་གཏོང་དགོས། རྒྱ་གར་དུ་བོད་རིགས་མི་གྲངས་ག་ཚོད་ཡོད་དམ། མང་པོ་མེད། མི་གཅིག་གི་ལས་ངན་བྱས་ན་དེའི་མི་གྲངས་ཀྱི་བརྒྱ་ཆ་ཆུང་ཆུང་མ་རེད།
    རང་ཉིད་ནི་རྒྱ་ནག་པེ་ཅིང་དུ་སློབ་ཆེན་འགྲིམས་པའི་སློབ་མ་ཞིག་ཡིན། རེ་བར་འབྲེལཡོད་མི་སྣས་གནས་ཚུལ་དེ་གསལ་པོ་བཟོ་རོགས།
    ད་ལྟ་བོད་ཀྱི་སྤྱིའི་གནས་དོན་ཛ་དྲག་སྐབས་མི་རིགས་ཀྱི་རྐང་པ་ནས་འཐེན་མི་ཉན།

    Reply
  6. བཙན་པོའི་བུ། says:
    ལོ་ 16 སྔོན།

    གལ་སྲིད་བོད་པའི་ཕོ་སར་གཉིས་ཀྱིས་རྒན་མོ་དེར་བཙན་གཡེམ་བྱས་ཡོད་པའི་དབང་དུ་བཏང་ན། ད་དུང་དེ་ལས་ལྷག་པའི་དཔང་རྟགས་མང་པོ་ཞིག་ཡོད་དགོས་ལ། དཔང་རྟགས་དེ་དག་ཀྱང་མིའི་སྣང་ངོར་མི་ཤོངས་པའི་རྫུན་གཏམ་མ་ཡིན་པ་ཞིག་དགོས་པར་སེམས། སྤྱིའི་ཆ་ནས་དེ་ལྟར་བྱུང་མི་སྲིད་པ་ཞིག་མ་རེད། ཡིན་ན་ཡང་ཉིན་གྲངས་བཅུ་བཞི་ལྷག་རིང་བཟི་མ་དང་པའི་རིལ་བུ་ཞིག་གཏན་ནས་བྱུང་བ་རེད་དམ། རྒན་མོ་དེའི་རྒྱབ་ལྗོངས་དང་མོའི་སྤྱོད་པ་སོགས་ལ་ཡང་ངེས་པར་དུ་བརྟག་དཔྱད་བྱེད་དགོས་ལ། དེ་བཞིན་ཕོ་གསར་གཉིས་ལ་ཡང་ཇི་ལྟར་འབྲེལ་བ་བྱུང་སྟངས་དང་། བྱ་བ་གང་ཞིག་གི་ཐོག་ནས་ཕན་ཚུན་ངོ་ཤེས་པ། རྒྱུ་མཚན་ཅི་ཞིག་ལ་བརྟེན་ནས་རྒན་མོ་དེ་ཁོང་གཉིས་ཀྱི་ནང་དུ་ཡོང་སོགས་ལ་སྐད་ཆ་འདྲི་དགོས། མ་གཞི་ནས་རྡ་སར་ཡོད་པའི་བོད་པའི་ཕོ་སར་མང་པོ་ཞིག་གི་སྤྱོད་པ་ཉམས་ཆགས་སུ་འགྲོ་བཞིན་ཡོད་པ་དངོས་ཡོད་གནས་ཚུལ་ཡིན་རུང་། མཚམས་རེར་ཕྱི་རྒྱལ་ཀླད་མེད་དག་གིས་ཀྱང་བོད་པ་འདི་སྐྱབས་དང་བདག་མེད་ཡིན་པ་ཤེས་བཞིན་དུ། ཆེད་གསོད་དང་མཐོང་ཆུང་བྱེད་བཞིན་པའི་གནས་རབ་དང་རིམ་པ་མང་པོ་ཞིག་གོ་རྒྱུ་འདུག་པས། ཁྲིམས་ཐོག་ནས་དྲང་བདེན་ལ་གཞི་བཅོལ་ནས་གནད་དོན་འདི་རིགས་དབྱེ་ཞིབ་གསལ་བོ་ཞིག་ཡོང་བའི་རེ་བ་ཡོད། སྥྱིར་རྒྱ་གར་གཞུང་གིས་བོད་དོན་ཐད་འཛིན་སྟངས་ཡོད་པ་བདེན་དུ་ཆུག་ཀྱང་། ཉེན་རྟོག་པ་དང་ཁྲིམས་དཔོན་ཁག་ཅིག་གིས་དངུལ་གྱི་བམ་ཁ་སུ་ལ་འཐུག་ན་དེ་ལ་སྤྲེལ་ལད་འཁྲབ་རྒྱུའི་ལུགས་སྲོལ་དེ་ཕལ་ཆེར་རིག་གཞུང་ལྟ་བུར་གྱུར་ཡོད།

    Reply
  7. དོན་གོ says:
    ལོ་ 16 སྔོན།

    རྐུ་ཤོར་བའི་བོད་པའི་ཁྱིམ་ཚང་དེ་དག་གིས་གསར་འགོད་པར་བྱུང་ཟིན་པའི་གནས་ཚུལ་གསང་བ་བྱས་ཏེ་མི་བརྗོད་པར་མ་ཟད། ཉེན་རྟོག་པར་ཡང་གསང་བ་བྱས་ཏེ། རང་གི་དཀའ་སྡུག་གི་རྔུལ་ཆུ་ལས་ཐོབ་པའི་དངུལ་ལོ་ཚང་མ་རྐུ་མར་འབུལ་གྱིན་འདུག
    ང་ཚོར་རང་གི་གཞུང་དང་གནས་སྡོད་རྒྱལ་ཁབ་ཀྱི་ཁྲིམས་ཡོད་ཀྱང་། དེ་དག་ལ་རྒྱབ་རྟེན་མི་བྱེད་པར་མ་ཤེས་མདོག་མདོག་གིས་བཟོད་བསྲན་གྱིས་ཉི་མ་བསྐྱལ་འདིས་བོད་མི་ཚོས་ཤེས་ཡོན་གྱི་གནས་ཚད་དང་ཁྲིམས་ལུགས་ཀྱི་གོ་རྟོགས་ཇི་འདྲ་ཡིན་མིན་གསལ་བོར་མཁྱེན་ཐུབ

    Reply
  8. དོན་གོ says:
    ལོ་ 16 སྔོན།

    ད་ལྟ་ངྷ་ས་ནས་བོད་པའི་གཞོན་སྐྱེས་ཚོས་བཙན་གཡེམ་གྱི་དོན་རྐྱེན་བཟོ་བཞིན་པ་མ་ཟད། ད་དུང་རྐུན་མའི་ལས་བྱས་ཏེ་ཉེ་འཁོར་གྱི་ཁྱིམ་ཚང་མང་པོ་ཞིག་སྟོང་པ་བཟོས་ཡོད་འདུག་་་་་་་་་་་་་་་་་་་་་་འདི་ལྟར་ཡུན་རིང་ཕྱིན་ཚེ་་་་་་་་་་་་་་་་་ངྷ་ས་འདི་ལྷ་ས་ལས་ཀྱང་སྡུག་པའི་གནས་ཤིག་ཆགས་ཉེན་འདུག

    Reply
  9. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ཉེན་རྟོག་པས་འཛིན་བཟུང་བྱས་པའི་ཕོ་གསར་དེ་གཉིས་དང་འཇར་མན་བུད་མེད་ཀྱི་གྱོད་དོན་ཐད། ཕྱི་ཚེས་ ༢༠ ཉིན་ཀ་ཅ་རིའི་ཁྲིམས་ཁང་ནང་དུ་ཁྲིམས་གཏུགས་བྱ་རྒྱུ་རེད། ངྷ་ས་བདེ་དོན་འགན་འཛིན་ཡང་ཞུ་གཏུགས་མ་བྱས་པའི་གོང་ལ་ཕོ་གསར་དེ་གཉིས་ལ་ཐུག་སྟེ་དོན་དངོས་ཀྱི་གནས་ཚུལ་ཅི་ཡིན་རྒྱུས་ལོན་གནང་འཆར་ཡོད་འདུག

    Reply
  10. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 16 སྔོན།

    གནས་ཚུལ་འབྱུང་ཁུངས་ཧིན་དྷིའི་དུས་བབ།

    Reply
  11. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 16 སྔོན།

    ཝ་ར་ཎ་སི:རེས་གཟའ་པ་སངས་ཉིན་རྒྱ་ནག་གི་རྒྱ་གར་དུ་ཡོད་པའི་གཞུང་ཚབ་པ་ཚུད་པའི་རྒྱའི་སྐུ་ཚབ་ཚོགས་པ་ཞིག་ས་ར་ན་ཐའི་འགྲེམ་སྟོན་ཁང་དུ་འགྲོ་སྐབས། བོད་ཀྱི་གཞོན་སྐྱེས་བཞིས་འགོག་ཐབས་བྱས་པར་བརྟེན་གཞོན་སྐྱེས་དེ་ཚོ་ཉེན་རྟོག་པས་འཇུ་བཟུང་བྱས་འདུག
    གཞོན་སྐྱེས་དེ་ཚོ་ནི་ནོར་བུ་རིག་འཛིན་དང༌། བསྟན་འཛིན་དགྲ་འདུལ། པདྨ་ཚེ་རིང༌། ངག་དབང་ཚེ་རིང་བཅས་རེད། ཁོ་ཚོ་ཚང་མས་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་ནང་དོན་རིག་པར་སློབ་གཉེར་བྱེད་བཞིན་ཡོད།ཁོང་ཚོས་བོད་ཀྱི་རྒྱལ་དར་ཕྱར་ཏེ་རྒྱ་ནག་གི་སྐུ་ཚབ་ས་ར་ན་ཐའི་གནའ་རྫས་འགྲེམ་སྟོན་ཁང་དུ་འཛུལ་སྐབས་འགོག་ཐབས་བྱས་འདུག
    གནས་ཚུལ་དེ་ཤེས་རྟོགས་བྱུང་མ་ཐག་ཉེན་རྟོག་པས་ཁོ་ཚོ་འཇུས་ནས་དོ་དམ་ཁང་བཅུག་སྟེ་ས་ར་ན་ཐའི་ཉེན་རྟོག་ཁང་དུ་བཀག་འདུག ཧིན་དྷིའི་དུས་བབ་ལ་གནས་ཚུལ་བརྗོད་དུས་བསྟན་འཛིན་དགྲ་འདུལ་གྱིས་གསུང་དོན”ང་ཚོ་ཁོ་ཚོ་དང་བོད་དོན་ཐོག་ཞི་བའི་གྲོས་མོལ་ཞིག་བྱེད་འདོད་པས་ཞི་བའི་ཐོག་ནས་འགོག་ཐབས་བྱས་ཡོད “ཟེར།ཡང་ཁོང་གིས་རྒྱ་ནག་ལ་སྐྱོན་འཛུགས་བྱེད་དོན་”ྋགོང་ས་མཆོག་གིས་ཡང་ནས་བསྐྱར་དུ་འབད་བརྩོན་ཇི་ལྟར་གནང་ཡང་རྒྱ་ནག་གིས་བོད་ཀྱི་ཆོས་དང་རིག་གཞུང་ཚུད་པའི་བོད་ནང་གི་བོད་མི་རྣམས་ཀྱི་རང་དབང་གི་གནད་དོན་ཐོག་དྲང་ཕྱོགས་ཀྱི་ལན་འདེབས་ནམ་ཡང་བྱས་མེད།

    Reply
  12. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    Hindustan Times སྟེང་གི་གནས་ཚུལ་འགོད་སྟངས་དེར་ངོ་མ་འཁྱོགས་བརྗོད་ཀྱི་རྣམ་པ་ཤུགས་ཆེན་པོ་མངོན་འདུག སྨན་པ་དེས་བཤད་ཚུལ་ལྟར་ན་་་་ རྒན་མོ་དེས་རང་སྲོག་གཅོད་ཆེད་དུ་སྨན་ཟས་འདུག་་་་ཟེར་གྱི་འདུག ཐ་མག་ནག་པོ་འཐེན་ལུགས་ཀྱི་སྐད་ཆ་གང་ཡང་བཤད་མི་འདུག

    Reply
  13. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    ཨ་ཁ་ཁ། བོད་པའི་ཕོ་གསར་གཉིས་ཀྱིས་བོད་མི་རིགས་སྤྱིའི་མགོ་ལ་ཞབས་འདྲེན་ཡག་ཐག་གཅོད་ཅིག་བཞག་འདུག། བཙན་གཡེམ་འདི་ནི་དེང་སང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་རྣམས་ཀྱི་ལུགས་སྲོལ་ལ་ཁྲིམས་འགལ་ཧ་ཅིང་ཆེན་པོ་དང་། མ་ཟད་བཙན་གཡེམ་བྱེད་མཁན་གྱི་མི་ལ་མཚོན་ན། ངོ་ཚ་དང་ཁྲེལ་མེད་པ། སྤྱོད་ངན་ལ་འཛེམ་བག་མེད་པའི་མི་སྡུག་པོ་མཐར་ཐུགས་གཅིག་ལ་བརྩི་བ་རེད། མི་དེ་གཉིས་བཙོན་འཇུག་ཡུན་རིང་བྱེད་དགོས་ངེས་ཅན་རེད།

    Reply
  14. རྩེ། ཆུ་མིག says:
    ལོ་ 16 སྔོན།

    ཐ་མ་ནག་པོ་འཐེན་ནས།
    སྦ་ཁུག་སྟོང་པ་ཆགས་ནས།
    མཐའ་མ་འགྲོ་ཐབས་བྲལ་ནས།
    ཐབས་ཤེས་འཐེན་པ་མིན་འགྲོ
    མི་ཤེས་ཡང་མིང་ལ་བོད་པ་ཁྱེར་ནས་དོན་ལ་བོད་དྲི་མི་བྲོ་བ་ཁ་ཤས་ཀྱིས་དེ་ལྟར་བྱེད་སྲིད་པ་རེད། ཁོང་ཚང་གི་བཞུགས་སྒར་རྡ་ས་ནས་དེ་ལྟར་བྱས་ན་ཧ་ཅང་གི་ཞབས་འདྲེན་ཡང་རེད། ཉི་མ་ཟླ་བའི་ངོ་ཚ། བོད་པ་ཚང་གི་ངོ་ཚ།

    Reply
  15. ཟ་ལེ་རྒྱལ། says:
    ལོ་ 16 སྔོན།

    མི་དེ་ང་མིན། རྡ་སའི་ཟ་ལེ་རྒྱལ་ཟེར་བ་ཞིག་འདུག་པས་ཁོ་ཡིན་རྒྱུ་རེད།

    Reply
  16. རས་པ། says:
    ལོ་ 16 སྔོན།

    རྒྱ་གར་གསར་འགོད་པ་འདི་ཚོས་ཅིག་གོ་མ་ཐག་ཐག་བཅད་ནས་བཀོད་བཞག་པ་འདི་དམངས་གཙོའི་རིན་ཐང་ཡིན་མིན་བཤད་མི་ཤེས།

    Reply
  17. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    གང་ལྟར་ཕོ་གསར་དེ་གཉིས་ད་ལྟ་བཙོན་ཁང་དུ་འདུག རྒྱ་གར་ལ་མཚོན་ན་བཙན་གཡེམ་གྱི་གྱོད་དོན་ནི་ནག་ཉེས་ཆེ་ཤོས་ཀྱི་གྲས་ཡིན་འདུག

    ཀང་རའི་ཉེན་རྟོག་པས་གནས་ཚུལ་འདི་ལྡི་ལིའི་འཇར་མན་གཞུང་ཚབ་ཁང་ལའང་སྙན་སེང་ཞུས་འདུག

    ཊན་ཌ་སྨན་ཁང་གིས་བརྟག་དཔྱད་བྱས་པ་རེད་ཅེས་པ་ལས་བཙན་གཡེམ་བྱས་ཡོད་མེད་ཀྱི་སྙན་ཐོ་སྤྲད་མིན་སྐོར་གནས་ཚུལ་ནང་བཀོད་མི་འདུག

    ངས་ཚགས་པར་གཉིས་ནང་གི་གནས་ཚུལ་དག་བཀླགས་པ་ཡིན། གནས་ཚུལ་འགོད་སྟངས་ཀྱང་དྲང་པོ་རེད་བསམ་པ་ཞིག་མ་བྱུང་།

    ཕྱི་ཟླ་ ༡༢ པའི་ཚེས་ ༢༧ ཉིན་ནས་ ཕྱི་ཟླ་ ༡ ཚེས་ ༧ བར་དྲན་པ་འཐོར་ནས་བསྡད་པ་རེད་ལབ་ན་ཡིད་ཆེས་དཀའ་བ་ཞིག་རེད།

    ངྷ་ས་འདི་ནི་༧གོང་ས་མཆོག་གི་བཞུགས་སྒར་ཡིན་སྟབས་གནས་ཚུལ་ཆུང་ཆུང་ཞིག་ཡིན་ནའང་ཆེན་པོར་བཟོ་བ་དང་། གནས་ཚུལ་ཆེན་པོ་དེ་འཛམ་གླིང་ལ་སྒྲོག་རྒྱུའི་གོམས་སྲོལ་ཞིག་འཇགས་འདུག

    Reply
  18. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཕྱི་རྒྱའི་རྒན་མོ་རང་ལོ་༤༦ཟིན་པའི་རྒན་མོ་ཉལ་ཐ་འཐེན་མཁན་ཞིག་ལ་བཙན་གཡེམ་བྱས་མི་དགོས་འདི་ནི་ཚོད་དཔག་བྱེད་ཐུབ།
    བོད་པའི་ཕོ་གསར་གཉིས་ཀྱིས་དང་པོ་འདོད་ཆགས་བྱས་ཡོད་ངེས་རེད་རྗེས་སུ་རྨོ་རྒས་མོས་འདོད་པ་བཞིན་མ་བྱས་དུས་ཁྲིམས་གཏུགས་བྱས་པ་ཡིན་གྱིན་རེད།
    ཕོ་གསར་གཉིས་ཀྱིས་ནོར་འཁྲུལ་བྱས་མེད་ན་བོད་མི་རིགས་ཀྱི་འགོ་ལ་ཞྭ་མོ་ནག་པོ་གྱོན་མི་ཉན། སྙིང་སྟོབས་ལྡན་པའི་ཐོག་ནས་ཞྭ་མོ་ནག་པོ་མ་གྱོན་རོགས་ཞེས་རེ་བ་དང་བཅས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese