མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་ཚབ་ཚོཊ་པ་རྒྱ་ནག་ལ་ཕེབས་ཐལ།

བོད་ཀྱི་དུས་བབ།
༢༠༡༠/༠༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པ་བོད་པའི་སྐུ་ཚབ་ ༤ རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་ནས་རྒྱ་ནག་ལ་ཕེབས་ཀྱིན་ཡོད་འདུག་ཅིང་། སྐུ་ཚབ་དེ་བཞི་ནི་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་སྐལ་བཟང་རྒྱ་མཚན། དེ་བཞིན་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་བུ་ཆུང་ཚེ་རིང་། བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་བསྟན་འཛིན་ཕུན་ཚོགས་བཅས་ཡིན་འདུག་ལ། ཐེངས་འདིར་བོད་རྒྱའི་སྐུ་ཚབ་རྣམ་པ་ཐུག་འཕྲད་གནང་ཡུལ་རྒྱ་ནག་ཧུ་ནན་ཞིང་ཆེན་ཡིན་འདུག

ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༡༡ ནང་བོད་རྒྱའི་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་སུ་བོད་པའི་སྐུ་ཚབ་རྣམ་པས་རྒྱ་ནག་གི་དཔོན་རིགས་ཚོར་༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར། ༽ ཞེས་པའི་ཡིག་ཆ་དེ་སྤྲད་ཡོད་ཀྱང་། རྒྱ་ཕྱོགས་ནས་དེ་ལ་ངོས་ལེན་རྩ་བ་ནས་བྱས་མེད་པར། རྣམ་པ་བསྒྱུར་བའི་རང་བཙན་དང་མངོན་པར་མི་གསལ་བའི་རང་བཙན། ཕྱེད་རང་བཙན་སོགས་ཀྱི་འཁྱོག་བཤད་སྣ་ཚོགས་བྱས་ཡོད་སྟབས། ༢༠༠༩ ཟླ་ ༦ ནང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༡༩ བ་དེ་བཞུགས་སྒར་ངྷ་རམ་ས་ལར་ཚོགས་ཏེ། བསམ་འཆར་ཡིག་ཆ་དེ་ལ་རྒྱ་ཕྱོགས་ནས་ཆེད་དུ་འཁྱོག་བཤད་བྱས་པ་དང་། གོ་བ་གཏིང་ཟབ་མ་ལོན་པའི་རིགས་ལ་སླར་ཡང་གསལ་བཤད་དང་འགྲེལ་བརྗོད་ཀྱི་ཡིག་ཆ་གཉིས་པ་ཞིག་བཟོས་ཡོད།

འབྲེལ་ཡོད་གསར་འགྱུར།

ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

ཆུ་ཚོད་ ༢༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩

མཆན། 33

  1. ལུང་རྟོགས། says:
    ལོ་ 15 སྔོན།

    དྲ་གྲོག་ཚང་མར་ཐོག་མའི་འཚམ་དྲི་དང་བཀྲ་ཤིས་བདེ་ལེགས་ཡོད་ལ། སྐུ་ཚབས་རྒྱ་ནག་ལ་ཕེབ་པར་ཡང་བཀྲ་ཤིས་བདེ་ལེགས་ཡོད། འོན་ཀྱང་དྲ་གྲོག་རྣམས་པས་ཕན་ཚུན་ལ་རྩི་ཀུར་དང་སྐུ་ཚབས་རྣམས་པས་བཀྲ་ཤིས་བདེ་ལེགས་ཀྱི་གཏམ་བཟང་ཞིག་ཁྱེར་ཏེ་ལོག་ཕེབས་རྒྱུའི་རེ་བ་ཡོད།

    Reply
  2. རྒྱང་རིང་ནས། says:
    ལོ་ 15 སྔོན།

    ད་ཐེངས་ལ་རེ་བ་ཆེན་པོ་ཞིག་ཡོད་གདའ།

    Reply
  3. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ངས་རང་གི་བསམ་ཚུལ་ཐེངས་གསུམ་ལ་བྲིས་ཀྱང་ཡར་འཇུག་སྐབས་རྩ་བ་ནས་འགྲོ་རོགས་བྱས་མ་སོང་།

    Reply
  4. མཐོ་སྒང་བུ་ says:
    ལོ་ 15 སྔོན།

    ཞི་མོལ་གྱི་ལམ་ནས་ངའི་སེམས་ཀྱི་ངར་དེ་བསད་སོང་།
    གྲོས་མོལ་གྱི་ལམ་ནས་ངའི་ལུས་ཀྱི་ཟུངས་དེ་ཟད་སོང་།

    Reply
  5. སྙེ་ལྷའི་ཐུགས་སྲས། says:
    ལོ་ 15 སྔོན།

    དཀོན་མཆོག་མཁྱེན། ཡང་ང་ཚོ་དབུགས་རིང་དང་མགོ་བོ་སྨད་ནས་བསྡད་མི་དགོས་པའི་ཆེད་སྐུ་ཚབ་ཚོགས་པར་སྙན་པོའི་གཏམ་གྱི་པི་ཝང་བསྐུར་བ་ཤོག
    རེ་བ་དང་རེ་བས་བསྐྱལ་བའི་ལོ་འདིར་ད་ལོ་འཇུག་སྡུད་ཐུབ་པར་ཤོག

    Reply
  6. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རིང་བོ་རིན་པོ་ཆེན་མཆོག་ལགས།
    ཉིས་སྟོང་བཅུའི་ལོ་མགོ་ལ་ང་ཚོ་ལྷོད་ལྷོད་བྱས་ནས་བོད་ལ་འགྲོ་ཆོག་གི་རེད། དེ་ཚང་མས་སེམས་ལ་ཉར་རོགས་ཞེས་གསུངས་འདུག་ཀྱང་ང་ཅོ་རི་ནུབ་ཕྱོགས་ཡུལ་དུ་མགོ་འཁོར་ནས་ལུང་བསྟན་སོགས་ཅི་ཡང་ཤིས་མ་སོང་།
    སྐུ་ཉིད་ནི་རྣམ་དཔྱད་ལྡན་པའི་དྲ་གྲོགས་ཤིག་ངོས་འཛིན་བྱས་ཀྱིན་ཡོད་པས་སྐུ་ཉིད་ཀྱིས་གསལ་བཤད་ཤིག་གནང་རོགས་ཞུ།
    ང་རང་སྒེར་ལ་ཆ་འཇོག་ན་བློ་ཕམ་ཆེ་ཕྱོགས་བོད་རྒྱའི་འབྲེལ་མོལ་ཅི་ཙམ་བྱས་ཀྱང་གསང་བ་ཡིན་མདོག་མདོག་གིས་བཙན་བྱོལ་མི་དམངས་ལ་གསལ་ཁ་མེད་པར་འདི་ཡིན།

    Reply
  7. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཟླ་བ་ཚེ་རིང་ལགས།
    ཁྱེད་ཀྱིས་ཐེངས་འདིའི་འབྲེལ་མོལ་སྐབས་གླེང་གཞི་གཙོ་བོ་དེ་མི་འགྱངས་པར་སྐུ་མདུན་ཨ་རིའི་སྲིད་འཛིན་ཨོ་བྷ་མར་འཇལ་འཕྲད་གནང་འཆར་ སྐོར་ལ་རེད་ཟེར། རྒྱ་གཞུང་གིས་འབྲེལ་མོལ་འདི་བརྒྱུད་ནས་སྐུ་མདུན་ཨོ་བྷ་མར་འཇལ་འཕྲད་གནང་བར་བཀག་འགོག་དང་། མཇལ་འཕྲད་གནང་སྐབས་བོད་དོན་ཤུགས་ཆེན་མི་གླེང་བའི་ལམ་སྟོན་བྱེད་རྒྱུ་དམིགས་ཡུལ་དུ་བཟུང་ཡོད་པར་གླེང་། ཞེས་གསུངས་པར་གཞིར་ན་༧གོང་ས་མཆོག་ཨ་རིའི་སྲིད་འཛིན་འཇལ་འཕྲད་བྱེད་ཆོག་པའི་ཆོག་མཆན་རྒྱ་ནག་གཞུང་ལ་ཞུ་བཞིན་ཡོད་པར་འདྲ།
    བོད་ཀྱི་ལོ་རྒྱུས་ཐོག་བོད་ཀྱི་ཆོས་ལུགས་ཁག་གི་བླ་ཆེན་ཚོས་རང་གི་ཆབ་སྲིད་སྲ་བརྟན་ཡོང་ཆེད་དུ་རྒྱ་ནག་གོང་མ་དང་འབྲེལ་བ་འདྲ་མིན་སྣ་ཚོགས་བྱས་པས་རྐྱེན་གྱིས་དེང་སང་རྒྱ་ནག་གིས་བོད་འདི་ལོ་རྒྱུས་ཐོག་ནས་རྒྱ་ཁུངས་ཡིན་པ་སྒྲུབ་དང་སྒྲུབ་བྱེད་བཀོད་བཞིན་པ་འདི་རེད།
    མ་ཟད་༧གོང་ས་མཆོག་ཨ་རིའི་སྲིད་འཛིན་འཇལ་འཕྲད་དགོས་མིན་རྒྱ་ནག་མཉམ་དུ་གྲོས་སྡུར་བྱེད་དགོས་ན་མ་འོང་གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཡང་རྒྱ་ནག་གཞུང་ལ་ཆོག་མཆན་ཞུ་དགོས་པ་རེད་དམ།
    ང་ཚོ་བོད་མི་རིགས་འདིའི་ལོ་རྒྱུས་འདི་ཡང་དག་པའི་རང་བཙན་གཙང་མའི་རྒྱལ་ཁབ་ཤིས་ཡིན་པ་མ་ཟད་དེང་སང་ཡང་བོད་ཕྱི་ནང་གཉིས་ཀྱི་གཞོན་སྐྱེས་ཚང་མའི་སེམས་ཁུངས་སུ་ཡོད་པ་ནི་རང་བཙན་གཙང་མ་ཡིན་པར་གསལ་པོ་རེད།
    དེ་འདྲ་ཡིན་དུས་བོད་ཀྱི་ལོ་རྒྱུས་ཐོག་ཏུ་རི་མོ་ནག་པོ་མང་པོ་ཞིག་བྲིས་སྡོད་ན་མ་འོང་མི་རབས་གསར་པ་རྣམས་ཀྱི་རང་དབང་འཐབ་རྩོད་ལ་དཀའ་ངལ་བཟོ་གིས་རེད་སྙམ།

    Reply
  8. རྨེ་རུ། says:
    ལོ་ 15 སྔོན།

    བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་ཡིན།
    གྲོས་མོལ་ལེགས་པོ་ཡོང་བའི་རེ་བ་ཞུ་བཞིན་ཡོད།

    Reply
  9. ཚེ་རིང་། says:
    ལོ་ 15 སྔོན།

    རྒྱ་ནག་གི་བོད་ཀྱི་ལས་དོན་ཚོགས་འདུ་ཐེངས་ལྔའི་སྐོར་ཀྱི་ཤིན་ཧྭ་གསར་ཁང་གི་སྟེང་གི་ཆེད་བཀོད་ཚན་པ་དག་ལ་བལྟས་ན་རེ་བ་ཆེན་པོ་ཞིག་མེད་ཁ་འདྲ། ཡིན་ནའང་ཚིག་དོན་མ་འདྲ་བ་རེ་འགའ་གསར་དུ་སླེབས་འདུག བོད་ཀྱི་དམིགས་བསལ་ཁྱད་ཟེར་བ་དང་། ཞིང་ཆེན་ལྔའི་བོད་ཁུལ་ཚང་མ་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་ཟེར་བ་འདྲ་བོ་འགའ་རེ་འདུག ད་སྐབས་ཨ་རྒྱ་གཉིས་གཙོས་པའི་ས་སྒང་རིལ་མོ་སྟེང་ཕྱོགས་ཁག་ཆེན་པོ་གཉིས་གདུང་ཐུག་རྒྱག་གིན་ཡོད་པར་སྐད། དེ་ཐེངས་ཡང་། དེ་སྔོན་གྱི་པེ་ཅིན་ཨོ་རྩེད་མ་ཚོགས་སྔོན་གྱི་མགོ་སྐོར་མགོ་གཡོགས་ཀྱི་ཀ་ར་ཞིམ་པོ་རེ་སྐུ་ཚབ་ཚོའི་ཁ་ནང་ལ་བཞག་ནས་ཕྱིར་གཏོང་རྒྱུ་ལོས་ཡིན་འདོད་གི། ཧུ་ནན་ནི་རྒྱ་ནག་ཧྭ་ཞཱ་མི་རིགས་ཀྱི་མཆེད་ཁུངས་གཙོ་བ་དང་རྒྱ་ནག་གི་རྒྱལ་རབས་ཐོག་མ་ཞཱ་རྒྱལ་རབས་ཚིགས་ཡུལ་དང་རྒྱ་ནག་རྒྱལ་རབས་རིམ་བྱུང་གི་ལྟེ་གནས་ཡང་རེད། རྒྱ་ནག་གི་ལོ་རྒྱུས་དེབ་ཐར་དག་ཏུ་རྒྱའི་རིག་གནས་དང་མི་རིགས་ཀྱི་མཆེད་ཁུངས་སུ་བསྔགས་ཡོད་པ་རེད། རྒྱ་ནག་རྒྱལ་མཁར་ཆེན་པོ་བརྒྱད་ཀྱི་ནང་གི་བཞི་ཧུ་ནན་ཞིང་ཆེན་ཡོད་རབས་ཟེར། ད་ཐེངས་སྐུ་ཚབ་རྣམ་པ་གནའ་བོའི་རྒྱ་མཁར་དང་མཛེས་ལྗོངས་ལ་ལྟ་རུ་སོང་ནི་མིན་འགྲོ། འགྲོ་ས་འཁོར་ས་ཚང་མ་འགྲིག་མེད་ལ། ཧེ་ཧེ་ཧེ། ཨོ་རེད། ལས་བཟང་ན་བ་ཡན་ཧ་རིའི་ཁོང་གསེང་ནས་བརྡོལ་བའི་གངས་ལྗོངས་ཀྱི་གཙང་བོ་ཆེན་པོ་སྟེ་འབྲི་ཆུའི་རྔ་མ་ཞིག་མཐོང་ཐུབ་འགྲོ་ན་ཐང་།

    Reply
  10. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཐེངས་འདིར་རྒྱ་རི་བློ་གྲོས་རྒྱལ་མཚན་དང་སྐལ་བཟང་རྒྱལ་མཚན་རྣམ་གཉིས་ཀྱི་ཕྱག་རོགས་སུ་མི་གསུམ་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བུ་ཆུང་ཚེ་རིང་ལགས་དང་། ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས། དེ་བཞིན་བོད་རྒྱ་ཞི་མོལ་གྲ་སྒྲིག་ཚོགས་ཆུང་གི་དྲུང་ཆེ་འཇིགས་མེད་པ་སངས་བཅས་འདུག

    བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་ཚབ་རྣམ་པ་གཉིས་བཅས་ཀྱིས་ཕྱི་ཚེས་ ༢༢ ཉིན་༧ཐེངས་འདིའི་གྲོས་མོལ་གྱི་ནང་དོན་རྣམས་༧གོང་ས་མཆོག་ལ་སྙན་སེང་ཞུས་ཡོད་འདུག

    འདི་ནི་བོད་རྒྱ་འབྲེལ་མོལ་གྱི་རིམ་པ་ཐེངས་དགུ་པ་དེ་ཡིན་པའི་ངོས་འཛིན་གནང་འདུག

    སྐུ་ཚབ་ཚོ་ཟླ་རྗེས་མའི་ཟླ་མགོར་ཕྱིར་བཞུགས་སྒར་དུ་འབྱོར་རྒྱུ་རེད་ཅེས་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་བསྒྲགས་གནང་སོང་།

    Reply
  11. བདེ་བ་ཅན། says:
    ལོ་ 15 སྔོན།

    བོད་ཀྱི་ཞི་མོལ་གྱི་སྐུ་ཚབ་ཚོགས་པ་མུ་མཐུད་ཕེབས་ཐུབ་པར་དགའ་བསུ་ཞུ་རྒྱུ་ཡིན། གྲུབ་འབྲས་གང་ལེགས་ཡོང་བའི་སྨོན་ལམ་ཡོད། བོད་མི་ཡིན་ཕྱིན་འཐུས་མི་སུ་ཞིག་ཕྱིན་ནའང་ཁྱད་པར་མེད་མཐོང་གི་འདུགགང་ལྟར་༸རྒྱལ་བ་དོན་གྱི་བདག་པོས་མངགས་པའི་འཐུས་མི་ཚོར་མོས་མཐུན་ཡོད། གཏམ་བཟང་སྒུག་ནས་བསྡད་ཡོད་དོ༎

    Reply
  12. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ༼ མཇལ་འཕྲད་གནང་དུས། ༽ ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བ་ཚོགས་ཏེ། སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་གསུང་བཤད་གལ་ཆེན་གནང་གྲུབ་མ་ཐག

    ༼ མཇལ་འཕྲད་གནང་ཡུལ། ༽ གྲངས་ཉུང་མི་རིགས་ཁག་ལ་མིག་དཔེར་སྟོན་འོས་པའི་རྒྱ་ནག་གི་ཆེས་སྔོན་ཐོན་གྲོང་ཁྱེར་ཆེ་གྲས་ཧུ་ནན་ཞིང་ཆེན་གྱི་ཡིད་དུ་འོང་བའི་མཛེས་ལྗོངས།

    ༼ མཇལ་འཕྲད་གནང་དོན། ༽ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་རྩ་འགྲེལ་འཇའ་སཱ་གསེར་བྲིས་འཁྱུག་ཡག་མ་སྙན་སྒྲོན་ཞུ་རྒྱུ། ཧེ་ཧེ་ཧེ་་་་་་་་་་་་་་་་་་་་་་་

    Reply
  13. རིག་འཛིན། says:
    ལོ་ 15 སྔོན།

    མི་རིགས་དང་རྒྱལ་ཁབ་གཅིག་གི་འཐབ་རྩོད་ལ་གྲུབ་འབྲས་ཡོང་ཆོག་ཆོག་གཅིག་ཁག་པོ་རེད་་་འོན་ཀྱང་ང་ཚོས་བྱེད་དགོས་པ་ནི་སོ་སོའི་ལས་འགན་སོ་སོས་་བསྒྲུབ་དེ་་་མཐུན་སྒྲིགས་དང་ཤེས་ཡོན་གྱིས་གོམ་པ་མདུན་སྤོ་དགོས་པ་འདི་ཤུན་ཏུ་གལ་གནད་ཆེ་གྲལ་ཞིག་རེད་་་་དེས་ན་ང་ཚོའི་ནང་ཕན་ཚུན་འགྲིགས་མ་འགྲིག་བཤད་པའི་དུས་ཚོད་འདིའི་རིང་་་་་སོ་སོའི་ནུས་པ་གང་ཡོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ལས་ཀ་རེ་བྱེད་ཐུབ་ན་བཟང་སྙམ།

    Reply
  14. ཟླ་བ་ཚེ་རིང་། says:
    ལོ་ 15 སྔོན།

    མདོར་བསྡུས་ན་སྐུ་ཚབ་ཚོ་ད་ཐེངས་རྒྱ་ནག་ལ་བོད་སྐོར་གསར་དུ་གཏན་འབེབས་བྱས་པའི་ཏང་གི་ཡིག་ཆ་ཁག་ལ་སློབ་སྦྱོང་བྱེད་དུ་འགྲོ་གི་ཡོད་པ་རེད། ཕྱིར་འཁོར་རྗེས་ཏང་གི་དགོངས་དོན་ལྟར་ངྷ་སའི་གནམ་ས་གཉིས་ལ་ནང་སྦྱོང་གསར་བ་ཞིག་འབྲི་འཇུག་གི་རེད།

    Reply
  15. རྭ་ལོ། says:
    ལོ་ 15 སྔོན།

    བློ་བཟང་ཐུབ་བསྟན་ལགས། ཁྱོད་དེ་འདྲའི་ཨུ་ཐུག་དོན་ཅི་རེད། བླ་མ་ཡི་དམ་སུ་ཞིག་ལ་དེ་འདྲའི་ནུས་པ་ཞིག་ཡོད་པ་རེད། ཏཱ་ལའི་བླ་མ་ཡང་བཙན་བྱོལ་དུ་བརྫངས་ཏེ་ལོ་ ༥༠ འཁོར་གྱིན་འདུག སྲུང་མ་དམར་ནག་གཉིས་ལ་ཡང་ཐབས་ཤེས་ཟད་ནས་འདུག གླེན་བཤད་རྒྱག་གི་མ་འདུག དྲ་ངོས་ནས་མ་ནི་འདོན་པ་དང་གསོལ་བ་འདེབས་མཁན་འདི་དག་ལས་སྡུག་ཅིག་མི་འདུག

    Reply
  16. སེར་ལྷོ་བློ་བཟང་རྒྱ་མཚོ། says:
    ལོ་ 15 སྔོན།

    དྲ་ཐོག་ཏུ་གསར་དུ་སླེབས་པའི་བློ་བཟང་ཐུབ་བསྟན་ལགས། ཁྱེད་ཀྱི་ཁ་གཡང་སྒྲོག་པའི་དོན་འབྲས་སྨིན་པའི་རེ་བ་ཡོད། རྗེས་ཕྱོགས་སྐུ་ཉིད་ཀྱིས་ཡིག་ནོར་ལ་ངེས་པར་གཟབ་དགོས། ༼ད་རས་༽ད་རེས་༼གྲོས་མོས༽གྲོས་མོལ། ༼ཡོངས་བ་ཤོག༽ ཡོང་བར་ཤོག ༼སེམས་ཕྲས། ༽སེམས་ཕྲལ། ༼ལྟོན་འདུག༽བསྟན་འདུག
    ༼མཉམ་འཛོན༽ མཉམ་འཛོམ། ༼སེམས་ཕྲས་ནས༽སེམས་ཕྲལ་ནི། ༼བསླུ་ཕྲིད༽
    བསླུ་བྲིད། ༼བསམ་གི་འདུག༽བསམ་གྱིན་འདུག ད་ཐེངས་ཁྱེད་ཀྱི་ཡིག་ཕྲེང་ཐུང་ངུ་བཞི་ལ་ཡིག་ནོར་དགུ་འདུག བརྡ་ནོར་ཡང་མང་པོ་འདུག ཁྱེད་རང་དྲ་ཚིགས་སུ་གསར་དུ་འབྱོར་བ་ཞིགཡིན་པ་དང་། ཁོ་བོར་དག་ཆ་ནོར་བཅོས་བྱ་བར་སྐུལ་བ་བཞིན་དག་བཅོས་འགའ་ཟུང་བྱས་ཡོད། རྗེས་སུ་གཟབ་གཟབ་བྱོས་ལོ

    Reply
  17. ཟླ་བ་ཚེ་རིང་། says:
    ལོ་ 15 སྔོན།

    ཐེངས་འདིའི་འབྲེལ་མོལ་སྐབས་གླེང་གཞི་གཙོ་བོ་དེ་མི་འགྱངས་པར་སྐུ་མདུན་ཨ་རིའི་སྲིད་འཛིན་ཨོ་བྷ་མར་འཇལ་འཕྲད་གནང་འཆར་ སྐོར་ལ་རེད་ཟེར། རྒྱ་གཞུང་གིས་འབྲེལ་མོལ་འདི་བརྒྱུད་ནས་སྐུ་མདུན་ཨོ་བྷ་མར་འཇལ་འཕྲད་གནང་བར་བཀག་འགོག་དང་། མཇལ་འཕྲད་གནང་སྐབས་བོད་དོན་ཤུགས་ཆེན་མི་གླེང་བའི་ལམ་སྟོན་བྱེད་རྒྱུ་དམིགས་ཡུལ་དུ་བཟུང་ཡོད་པར་གླེང་། ཞོར་དུ་ཉེ་སྔོན་རྒྱ་གཞུང་གིས་བསྡུས་པའི་བོད་ཀྱི་ལས་དོན་ཚོགས་འདུའི་སྙིང་དོན་རྣམས་བོད་པའི་སྐུ་ཚབ་ཚོར་འགྲེལ་བཤད་བྱེད་རྒྱུ་དེ་རེད། བོད་རྒྱའི་འབྲེལ་མོལ་མུ་མཐུད་རྒྱུན་འཁྱོངས་ཡོངས་པར་ཆ་རྐྱེན་གསར་པ་འགའ་ཡང་བཤད་སྲིད་པའི་ཚོད་དཔག་བྱེད་ཀྱིན་འདུག

    Reply
  18. བློ་བཟང་ཐུབ་བསྟན་ says:
    ལོ་ 15 སྔོན།

    ༄༅བླ་མ་ཡི་དམ་ཆོས་སྐྱོང་སྲུང་མ་མཁྱེན་ད་རས་རྒྱ་བོད་གཉིས་ཞི་བའི་ལམ་ནས་གྲོས་མོས་ཡང་དག་པ་ཡོངས་བ་ཤོག། དྲ་གྲོགས་རྣམས་དེ་རིང་གསར་འགྱུར་འདི་མཐོང་མ་ཐག་བརྗོད་མི་ཤེས་པའི་སྤྲོ་སྣང་དང་སེམས་ཕྲས་ཞིག་བྱུངསྤྲོ་སྣང་ནས་རྣམ་འགྱུར་སྔར་ལས་ཅུང་ཡག་དུ་ལྟོན་འདུག་པས་ཤ་རུས་ཅིག་པའི་སྤུན་ཟླ་རྣམས་
    མཉམ་འཛོན་ཡོང་བའི་དུས་ཞིག་ཤར་ལ་ཉེ་བ་མིན་ན་བསམ་པའི་སྤྲོ་སྣང་བྱུང སེམས་ཕྲས་ནས་མགོ་བསྐོར་
    བསླུ་ཕྲིད་བྱེད་ཀྱི་མེད་ན་བསམ་གི་འདུག བླ་མ་མཁྱེན

    Reply
  19. རྒྱང་རིང་ནས། says:
    ལོ་ 15 སྔོན།

    ད་ཐེངས་གཏམ་བཟང་ཞིག་སྒུག་ནས་སྡོད་ཀྱིན་ཡིན་ཐལ།

    Reply
  20. ཀླུ་ བློ་བསམ། says:
    ལོ་ 15 སྔོན།

    ཉེ་སྔོན་རྒྱ་གཞུང་གིས་བོད་དོན་ཆེད་ཚོགས་འདུ་ཞིག་ཀྱང་འཚོགས་འདུག་པ་དང་། དེ་རྗེས་སྐུ་ཚབ་ཚོགས་པའང་མགྲོན་འབོད་བྱས་འདུག་པས། ད་འང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་གཞུང་དགེར་ཚང་མའི་ཁ་དེས་གཅོད་སྤྱད་བྱེད་ཀྱི་རེད། རྒྱལ་སྤྱིའི་ཡུལ་གྲུ་ཁག་གིས་བལྟས་ནའང་བོད་དོན་ཆེད་ཚོགས་འདུ་འཚོགས་ནས་བོད་ཀྱི་སྐུ་ཚབ་དང་མཉམ་དུ་གྲོས་མོལ་ཀྱང་བྱས་ཡོད་པའི་མཚོན་བྱེད་རེད་སྙམ།

    Reply
  21. རི་བོང། says:
    ལོ་ 15 སྔོན།

    འོ་ད་ཡིན་ན་གྲུབ་འབྲས་ཡོད་ཐག་ཆོག་ཡིན་རྒྱུ་རེད། ལོ་སྔོན་མའི་ད་ཚོད་ཅིག་ལ་རྒྱ་གར་གྱི་བུ་མོ་ཆུང་ཆུང་དེའི་ལུང་བསྟན་ཞིག་བརྒྱབ་པ་རེད། དེ་དུས་བབས་ཚང་གི་ཚ་ཚ་འུར་འུར་བྱས་ནས་བསྒྲགས་པ་རེད། ད་དེ་དུས་ལ་བབས་པ་རེད། ཉིས་སྟོང་བཅུའི་ལོ་མགོ་ལ་ང་ཚོ་ལྷོད་ལྷོད་བྱས་ནས་བོད་ལ་འགྲོ་ཆོག་གི་རེད། དེ་ཚང་མས་སེམས་ལ་ཉར་རོགས།

    Reply
  22. གཞིས་ལུས་བོད་པ། says:
    ལོ་ 15 སྔོན།

    གང་ལྟར་ཡང་རྣམ་པ་ཅུང་ཟད་རེ་ཇེ་བཟང་དུ་འགྲོ་བའི་རེ་འདུན་ཡོད།

    Reply
  23. aonca says:
    ལོ་ 15 སྔོན།

    འོ་རེད་ལོ་མགོ་འདི་ལ་གཏམ་བཟང་རེ་ཡོད་ན་ཐང་གི་ཡ་་་་་ཡོ་ནས་བཟང་ཕྱོགས་ཀྱི་རྣམ་པ་རེ་དམ་མ་རེད/

    Reply
  24. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    སྐུ་ཚབ་རྒྱ་ལ་ཕེབས་པ་གཏམ་བཟང་རེད།།
    དོན་འབྲས་ལྐོག་གྱུར་ཡིན་པས་སེམས་འཚབ་རེད།།

    དོན་འབྲས་ཡག་པོ་ཞིག་ཡོང་བར་ཤོག

    Reply
  25. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    མདང་དགོང་མཚོ་སྔོན་བརྙན་འཕྲིན་ལས་་་ ལེང་ཧྲན་གྱི་དཔལ་རྟུལ་ཚོ་དང་གོང་མའི་སྲིད་གཞུང་གཉིས་བར་ལ་”ཞི་འགུག་”གི་ལམ་ཁ་འཚོལ་གྱིན་པ་དེ་སྟོན་གྱིན་འདུག བལྟ་གིན་བལྟ་གིན་ང་ལ་རྒྱ་ནག་གུང་བྲན་ཏང་གི་བྱེད་སྟངས་མང་པོ་ཞིག་ནི་ད་དུང་ཡང་འདི་འདྲ་ཡིན་རྒྱུ་འདོད་པའི་བསམ་བློ་ཞིག་འཆར་སོང་། གང་ལྟར། ང་ཚོ་ལ་དམག་དཔུང་དང་རྡུལ་མཚོན་མེད་ལ། ང་ཚོ་ནི་དེ་ལྟའི་ལས་རྩོམ་པར་འདོད་མཁན་ཡང་མ་རེད། དེ་བས། ཞི་མོལ་དང་འབྲེལ་མོལ་གང་ལྟར་ཡང་སྐད་ཆ་རེ་བཤད་བསྡད་ན་ཡག་པོ་ཡོད་རྒྱུ་འདོད། རྒྱ་ནག་གིས་ང་ཚོའི་སྐུ་ཚབ་ཚོར་བལྟ་སྟངས་གང་འདྲ་ཞིག་བཟུང་ཡོད་རུང་། ང་ཚོའི་ངོས་ནས་སེམས་ཤུགས་མ་ཆག་པར་མུ་མཐུད་ནས་ཧུར་བརྩོན་བྱེད་དགོས་ངེས་རེད།
    མི་མང་གི་ངོས་ནས་སྐུ་ཚབ་རྣམ་པས་གཏམ་བཟང་རེ་ཁུར་ནས་ཡོང་རྒྱུར་རེ་སྒུག་བྱེད་ཆོག་གི་རེད་ལ། གཏམ་ངན་ཁུར་ནས་ཡོང་ན་ཡང་དེ་ཁོང་ཚོའི་ནོར་འཁྲུལ་མིན་པ་ངོས་ཟིན་པའི་ཐོག་ནས་ཁོང་ཚོར་སྣེ་ལེན་བྱེད་དགོས་རྒྱུ་རེད་འདོད།

    Reply
  26. དགུ་ཚིགས་སྐྱ་མོ། says:
    ལོ་ 15 སྔོན།

    བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༡༩ བའི་བསམ་འཆར་ཡིག་ཆ་དེ་ལ་རྒྱ་ཕྱོགས་ནས་ཆེད་དུ་འཁྱོག་བཤད་བྱས་པ་ཡིན་ན། སླར་ཡང་གསལ་བཤད་དང་འགྲེལ་བརྗོད་ཀྱི་ཡིག་ཆ་གཉིས་པ་ཞིག་བཟོས་པ་ལ་དོན་བདག་ཅི་ཡོད།
    ཐེངས་༡༩ཚོགས་ཆུང་གི་ཡིག་ཆའི་གོ་བ་གཏིང་ཟབ་མ་ལོན་པ་མ་རེད། དེ་གོ་བ་ལེན་རིན་ཅན་ཞིག་གི་གྲངས་སུ་མི་བརྩི་བ་རེད།

    Reply
  27. རྒྱལ་ཐང་ཡོན་ཏན says:
    ལོ་ 15 སྔོན།

    གཏམ་བཟང་སྒུགས་ནས་བསྡོད་ཡོད།

    Reply
  28. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ད་དུང་ཁ་སྣོན་འགའ་བཤད་ཀྱི་ཡིན།
    ངེད་ཀྱིས་འབྲེལ་མོལ་ལ་གྲུབ་འབྲས་ཡོང་གི་མ་རེད་ཟེར་དོན་ནི།
    ད་ལྟའི་འབྲེལ་མོལ་བྱེད་སྟངས་ཀྱི་བརྒྱུད་ལམ་དང་ད་ལྟའི་འབྲེལ་མོལ་བྱེད་མཁན་གྱི་སྐུ་ཚབ།
    ད་ལྟའི་འབྲེལ་མོལ་གྱི་སྣེ་མཐུད་སྟངས་གསུམ་པོ་འདི་ལ་འགྱུར་བ་ཞིག་མ་བཏང་བར་མུ་མཐུད་དུ་བསྡད་པ་ཡིན་ན།
    གྲུབ་འབྲས་ཡོང་རྒྱུ་དཀའ་མོ་རེད་ཟེར་གྱི་ཡོད། འབྲེལ་མོལ་དེ་གྲུབ་འབྲས་ཡོང་བ་ཞིག་གི་ལམ་ལ་བསྐྱོད་དགོས་ན།
    དང་པོ། ད་ལྟའི་འབྲེལ་མོལ་བྱེད་སྟངས་ཀྱི་བརྒྱུད་ལམ་ལ་འགྱུར་བ་ཐོངས།
    གཉིས་པ། ད་ལྟའི་འབྲེལ་མོལ་བྱེད་མཁན་གྱི་སྐུ་ཚབ་རྣམས་ལ་འགྱུར་བ་ཐོངས།
    གསུམ་པ། ད་ལྟའི་འབྲེལ་མོལ་གྱི་སྣེ་མཐུད་སྟངས་འདི་ལ་འགྱུར་བ་ཐོངས།
    ད་གཉིད་ཀྱི་ཡིན།

    Reply
  29. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    བོད་རྒྱ་འབྲེལ་མོལ་ལབ་ནས་མིང་བྱང་རྫིག་པོ་དང་གྲུབ་འབྲས་སྟོང་པའི་ལས་ཀ་ཞིག་གི་སྒང་ལ་དུས་ཚོད་གཏོང་བ་ལས།
    ད་ཐེངས་ཕར་ལ་སོང་ནས། བོད་ནང་གི་ཆབ་སྲིད་བཙོན་པ་ཚོ་བཙོན་གྲོལ་གཏོང་དགོས་བའི་སྐད་ཆ་ཤོད། རྒྱ་ནག་གཞུང་གིས་བོད་མི་ཉམ་ཆུང་ཚོར་དྲང་བདེན་མ་ཡིན་པའི་སྲོག་ཁྲིམས་བཅད་པ་དེ་ཚོའི་སྲོག་སྐྱིན་ལོངས། ལས་ཀ་འདི་ཚོའི་རིགས་སྒྲུབ། སྐུ་ཚབ་ཡིན་པའི་འགན་ཁུར་སྟེ་ལས་ཀ་འདི་ཚོ་ནས་འགོ་རྩོམས།
    སྤེན་སྐྱིད་སོགས་བོད་མི་བཞི་ལ་ལྷ་ས་ནས་སྲོག་ཐོག་བཏང་སོང་། མཆོད་མེ་དྲ་རྒྱ་གཙོ་གཉེར་བ་དཀོན་མཆོག་ཚེ་འཕེལ་ལ་ལོ་བཅོ་ལྔའི་ཁྲིམས་ཐག་བཅད་སོང་། སྨན་པ་ཡེ་ཤེས་ཆོས་སྒྲོན་ལ་ལོ་བཅོ་ལྔའི་ཁྲིམས་ཐག་བཅད་སོང་། སྦང་རི་སྣ་རིན་པོ་ཆེ་ལ་ལོ་བརྒྱད་དང་ཟླ་དྲུག་གི་ཁྲིམས་ཐག་བཅད་སོང་། རྩོམ་པ་པོ་གངས་ཉི་ལ་ལོ་དྲུག་གི་ཁྲིམས་ཐག་བཅད་སོང་།
    དོན་གྲུབ་དབང་ཆེན་ལ་ལོ་དྲུག་གི་ཁྲིམས་ཐག་བཅད་སོང་། སྒྲོལ་མ་རྣམ་རྒྱལ་ལ་ལོ་དྲུག་གི་ཁྲིམས་ཐག་བཅད་སོང་། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་ད་ལྟ་བཙོན་ཁང་ན་ཡོད། སྤྲུལ་སྐུ་བསྟན་འཛིན་དགེ་ལེགས་རིན་པོ་ཆེ་ཡང་བཙོན་ཁང་ན་ཡོད། ཁུངས་ལྡན་ཡིག་ཆ་ལྟར་ན། ཕྱི་ལོ་༢༠༠༨ལོའི་ཟླ་༣པ་ནས་ཟླ་༡༢བར། བོད་མི་༡༢༠ཙམ་བསད་ཅིང་། ༦༤༠༠ཙམ་འཇུ་བཟུང་། བོད་མི་༡༩༠ཅམ་ལ་དྲང་བདེན་མིན་པའི་ཁྲིམས་ཆད་བཏང་འདུག དང་པོ་ཕར་ལ་སོང་ནས་འདི་ཚོའི་གནད་དོན་ཤོད།
    ད་ལྟ་བཙོན་ཁང་དུ་ཡོད་པ་རྣམས་མར་གློད་ཏུ་བཅུག། སྲོག་བཅད་པ་རྣམས་ཀྱི་རོ་སྐྱིན་ལོངས།
    སྐུ་ཚབ་ཡིན་ཟེར་ནས་འབྲེལ་མོལ་གྱི་སྐད་ཆ་མ་བཤད་སྔོན་ལ་གོང་གི་གནད་དོན་འདི་ཚོའི་སྒང་ལ་སྐད་ཆ་བཤད་ནས་གྲུབ་འབྲས་ལོན་པ་བྱོས།

    Reply
  30. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ད་འབྲེལ་མོལ་འབྲེལ་མོལ་ཟེར་གྱི་འདུག་མ་གཏོགས་། ད་ཕན་སྤྱི་སྒེར་གཉིས་ནས་འབྲེལ་བ་ཐེངས་ཉུ་ཤུ་ལྷག་བྱས་བ་དེ་ཚོ་ཡང་། མཚམས་རེར་ཆད། མཚམས་རེར་མཐུད།
    མཚམས་རེར་ཕར་ལ་འགྲོ་གི་ཡོད་པ་མ་གཏོགས་འབྲེལ་བ་དམིགས་བསལ་ཅི་ཡང་བཙུགས་མེད་པའི་བཟོ་འདྲ་བོ། མཚམས་རེར་ཕར་ལ་འབྲེལ་བ་འཛུགས་ཏུ་འགྲོ་གི་ཡོད་པ་ལྟ་བུ་མ་ཡིན་པར་རྒྱ་ནག་གཞུང་གི་གཤེ་གཤེ་ལེན་ཏུ་འགྲོ་གི་ཡོད་པའི་བཟོ་འདྲ་བོ། མཚམས་རེར་ཕར་ལ་ཕྱིན་ནས་ཁས་ལེན་བྱེད་མི་དགོས་བ་མང་པོ་ཞིག་ཁས་ལེན་འདྲ་བྱས། ཚུར་ཡོང་ནས་འཇོན་པའི་བཟོ་འདྲ་བཤད། ཉིན་ཁ་ཤས་ཀྱི་རྗེས་ལ་འཇོན་མེད་པའི་རྐུབ་དེ་ལྷང་ལ་བུད། ད་ཁྱེད་ཚོས་འབྲེལ་བ་བྱེད་མི་དགོས། སྐུ་མཁྱེན། འབྲེལ་བ་ཟེར་བ་དེ་ཕྱིར་བསྡུ་གནང་རོགས།
    ད་ཕན། འབྲེལ་བ་གནང་ཡིན་ཟེར་ནས་འབྲེལ་བ་ཡག་ཏུ་ཕྱིན་པའི་གནས་ཚུལ་སྟོན་རྒྱུ་མེད། འབྲེལ་བ་སྡུག་ཏུ་ཕྱིན་པ་ནི་གསལ་ཐང་ཐང་འདྲ་ཞིག་རེད།
    དེ་གཅིག་ཡིན།
    དེ་ནས་། འབྲེལ་བའི་ཞོར་ལ་གླེང་མོལ་དེའི་སྐོར་ཡིན། ད་ལྟ་བར་དུ་ཅིག་བཤད་བསྡད་པ་རེད། ཕར་ལ་ཉུང་ཉུང་ཞིག་བཤད། ཚུར་ལ་མང་པོ་ཞིག་ཉན་བསྡད་པ་རེད།
    ཕར་ལ་བཤད་རྒྱུའི་མདོ་དོན་དེ་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཟེར་བ་དེ་རེད། བསམ་འཆར་དེ་སྒྲོག་རྩེ་སྒང་ལ་འཇོག་ཐུབ་རྒྱུའི་སླད་དུ་
    ལོ་མང་པོ་བཏང་བ་རེད། མཐའ་མར་བསམ་འཆར་དེ་འཇོག་ཐུབ་ཙམ་བྱུང་། བསམ་འཆར་དེ་བཞག་ནས་ཅང་མ་འགོར་བར། བསམ་འཆར་དེ་ལ་ངོས་ལེན་མེད་ཞེས་རྒྱ་ནག་གཞུང་གིས་ཕྱི་བསྒྲགས་ནང་བསྒྲགས་བྱས་བ་རེད། འབྲེལ་བ་ཟེར་བ་ནའང་འདྲ། གླེང་མོལ་ཟེར་ནའང་འདྲ། འབྲེལ་མོལ་ཟེར་ནའང་འདྲ། མཚམས་དེ་རེད།
    ད་ཡང་བསྐྱར་ཕར་ལ་ཕྱིན་ནས་དམིགས་བསལ་གྱིས་ཐག་གཅོད་རྒྱུ་དང་ཐག་ཆོད་རྒྱུ་གང་ཡང་མི་འདུག་བསམ། ད་ཐེངས་ཕར་ལ་འགྲོ་དོན་གྱི་དམིགས་ཡུལ་ཡང་ཕལ་ཆེར་འདི་འདྲ་ཞིག་རེད་བསམ། ད་ལྟའི་བཀའ་ཤག་གི་ངོས་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཟེར་བ་འདིའི་ནང་གསེས་དོན་ཚན་ཁག་ལ་རྒྱ་ནག་གཞུང་གིས་དོགས་འདྲི་དང་ངོས་ལེན་མེད་ལབ་པ་དེ་ཚོར། ལན་རྒྱག་པའི་སླད་དུ། ནང་གསེས་དོན་ཚན་ཁག་ལ་འགྲེལ་བཤད་རྒྱས་པ་དང་ཞིབ་ཚགས་པ་ཞིག་བྲིས་ཡོད་པ་དེ་ཕར་ལ་འཁྱེར་ནས་འགྲོ་གི་ཡོད་པ་རེད་དྲན། ད་མ་གཏོགས་གཞན་སྐད་ཆ་དམིགས་བསལ་ཞིག་དང་ཐག་གཅོད་དམིགས་བསལ་ཞིག་ཡོང་རྒྱུ་མེད་པ་ཐག་གིས་ཆོད།
    འདི་ལྟར་ཕྱོགས་ཡོངས་ནས་བསམ་ན། ད་ང་ཚོར་འབྲེལ་མོལ་ཟེར་བ་དེ་ཡང་མི་དགོས། སྐུ་ཚབ་ཟེར་བ་དེ་ཡང་མི་དགོས། རྒྱལ་རི་བློ་གྲོས་རྒྱལ་མཚན་དང་སྐལ་བཟང་རྒྱལ་མཚན་སོགས་ཚང་མས་དགོངས་ཞུ་གནང་རོགས། ངེད་ཚོར་སྐུ་ཚབ་མི་དགོས་ལ་འབྲེལ་མོལ་ཡང་མི་དགོས། བོད་རྒྱ་འབྲེལ་མོལ་ཟེར་བའི་མིང་བྱང་རྫིག་པོ་དེ་ཡང་དེ་རིང་ནས་བཟུང་གནམ་ནས་བླངས་སྟེ་ས་ལ་ཞོག

    Reply
  31. ལག་དམར། says:
    ལོ་ 15 སྔོན།

    བསླུ་བྲིད་ནི་ནམ་ཡང་བསླུ་བྲིད་རེད།དེ་ལ་འབྲས་བུ་ཞིག་ཡོད་མི་འདོད།

    Reply
  32. ཕུན་ཚོགས ། says:
    ལོ་ 15 སྔོན།

    ཧུ་ནན་ཞིང་ཆེན་ནི་རྒྱ་ནག་གི་ཞིང་ཆེན་དག་གི་ཁྲོད་ནས་བོད་རང་སྐྱོང་ལྗོངས་ཟེར་བ་དང་འབྲེལ་ལམ་ཤིན་ཏུ་ཟབ་པའི་ཞིང་ཆེན་ཞིག་ཡིན་པ་དང་།་༡༩༩༧ལོར་ཧུ་ནན་ཞིང་ཆེན་ཀྱིས་ཐད་གཏོགས་རོགས་སྐྱོར་འོག་ལྷ་སར་ཉི་འོད་ལམ༼་་་་ཡང་ཀོང་ཏོའོ༽་་་་་་་ཟེར་བའི་སྲང་ལམ་ཞིག་ཀྱང་བཟོས་ཡོད་པ་རེད།དེ་བས་ཐེངས་འདིར་སྐུ་ཚབ་ཚོ་དམིགས་སུ་བཀར་ཏེ་ཞིང་ཆེན་འདིའི་མིང་ཐོག་ཏུ་འགྲོ་དགོས་དོན་ནི་རྒྱ་བོད་ཞི་མོལ་ཟེར་བའི་བརྗོད་གཞིའི་ཐོག་ཏུ་ཕེབས་པ་མ་ཡིན་པར།ལྷ་སའི་ཁོར་ཡུག་དང་འཛུགས་སྐྲུན་བྱེད་ཕྱོགས་ལ་བསམ་འཆར་ཞིག་ཞུ་རུ་སོང་བ་ཨེ་ཡིན་ནམ་སྙམ།

    Reply
  33. ནོར་བུ་རྒྱལ་མཚན། says:
    ལོ་ 15 སྔོན།

    བཀྲ་ཤིས་བདེ་ལེགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese