མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་ཚབ་རྣམ་པ། ཁྱེད་ཚོའི་སྤྲོ་འཆམ་དེ་གྲུབ་ཚར་སོང་ངམ། མདོ་འདུམ་ཚང་།

བོད་ཀྱི་དུས་བབ།
༢༠༡༠/༠༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

མདོ་འདུམ་ཚང་།

ད་ནངས་ཁ་པར་སླེབས་ནས། ཁྱེད་ཚོ་ཚེས་༢༥ཉིན་རྒྱ་ནག་ལ་ཕེབས་འདུག་ཟེར། དང་པོ་འགྲོ་ས་དེ་ཧུའུ་ནན་ཞིང་ཆེན་རེད་ཟེར། དེ་ནི་མའོ་ཙེ་ཏུང་གི་སྐྱེ་ཡུལ་ཡང་རེད་ཟེར། ཐོག་མའི་ཉིན་ཁ་ཤས་ལ་འཆམ་འཆམ་དང་དེ་ནས་གྲོས་མོལ་དངོས་གཞི་རེད་ཟེར། གྲོས་མོལ་དངོས་གཞི་དེ་ཡང་རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་རེད་ཟེར། ད་ཐེངས་དམིགས་བསལ་ཞིག་ལ། གྲོས་མོལ་དེའི་ཆེད་དུ། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་དུ་རིམ་གྲོ་སྒྲུབ་བཞིན་འདུག་ཟེར། སྐུ་ཚབ་རྣམ་པ། ཁྱེད་ཚོའི་འཆམ་འཆམ་དེ་གྲུབ་ཚར་སོང་སམ།-ཧུའུ་ནན་ཞིང་ཆེན་གྱི་ཡུལ་ལྗོངས་ག་འདྲ་འདུག ཧུའུ་ནན་ཞིང་ཆེན་གྱི་ཡུལ་མི་རྣམས་ག་འདྲ་འདུག ཧུའུ་ནན་ཞིང་ཆེན་ནས་མའོ་ཙེ་ཏུང་གི་འདྲ་སྐུ་མང་པོར་མཇལ་སོང་ངམ།

ད་ནངས་བོད་གཞུང་བཀའ་ཤག་ལ་ཁ་པར་བཏང་ནས་ཁྱེད་ཚོའི་སྐོར་ལ་སྐད་ཆ་དྲིས་ཡིན། བོད་གཞུང་བཀའ་ཤག་གིས་ཁྱེད་ཚོའི་ལག་ལ་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་འགྲེལ་བཤད་རྒྱས་བ་ཞིག་བཞག་ཡོད་ཟེར། ད་ཐེངས་སོང་ནས་ཡིག་ཆ་དེ་བསྐྱར་དུ་རྒྱ་ནག་གཞུང་ལ་ཕུལ་རྒྱུ་རེད་ཟེར། -སྐུ་ཚབ་རྣམ་པ་། དེ་བདེན་པ་རེད་དམ། ད་ཐེངས་ཀྱི་ཁྱེད་ཚོའི་ལས་ཀ་དེ་གཅིག་པོ་རེད་དམ། ཁྱེད་ཚོ་ཚང་མས་ཡིག་ཆ་དེ་ཚོའི་དགོངས་དོན་ཆ་ཚང་མཁྱེན་གྱི་ཡོད་དམ། -ཁྱེད་ཚོའི་ཡིག་ཆ་དེ་ལ་རྒྱ་ནག་གཞུང་གིས་བརྩི་འཇོག་གནང་གི་རེད་དམ། ཟླ་འདིའི་ཕྱི་ཚེས་༡༨ནས་༢༠བར་རྒྱ་ནག་པེ་ཅིང་དུ་བོད་རང་སྐྱོང་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ལྔ་བ་དེ་སྐོང་འཚོགས་གནང་འདུག ཀྲུང་དབྱང་གིས་གསུངས་ན། ཀྲུང་དབྱང་གིས་བོད་ལ་འཛིན་པའི་སྲིད་ཇུས་ཡང་དག་ཡིན་ཟེར། སྐུ་ཚབ་རྣམ་པ། ཁྱེད་ཚོ་ད་ཐེངས་ཕར་ཕེབས་ནས། ཀྲུང་དབྱང་གིས་བོད་ལ་འཛིན་པའི་སྲིད་ཇུས་དེ་ཡང་དག་མ་རེད་ཟེར་གྱི་ཡིན་ནམ། ཡང་ན་འཆམ་འཆམ་དེ་གྲུབ་པ་དང་། ཡིག་ཆ་དེ་ཕར་སྤྲད་པ་དང་། ཁྱོད་ཚོ་ཁ་བཙུམས་བཞིན་ཕྱིར་ལོག་ཡོང་གི་ཡིན་ནམ། སྐུ་ཚབ་རྣམ་པ། ཁྱེད་ཚོས་གསུངས་དང་།

སྐུ་ཚབ་རྣམ་པ། ཁྱེད་ཚོས་གོ་སོང་ངམ། ཁྱེད་ཚོ་རྒྱ་ནག་ལ་མ་ཐོན་པའི་སྔོན་ཏག་ཏག་ལ། རྒྱ་ནག་གཞུང་གིས། ཁམས་སོག་རྫོང་གི་གྲ་ཡེ་ཤེས་སྦྱིན་པ་དང་མི་སྐྱ་བསྟན་འཛིན་དར་རྒྱས།-ནོར་བུ་བཟང་པོ། ཨ་ནེ་ཆོས་སྒྲོན་བཅས་ལ་ལོ་༡ནས་༣བར་ཁྲིམས་ཐག་བཅད་སོང་། ཁོང་ཚོ་མུན་ནག་གི་བཙོན་ལ་བཅུག་སོང་། ད་དུང་དེས་ག་ལ་ཚད། སོག་ཕྲུག་བཀྲ་ཤིས་དོན་གྲུབ་ལ་ཆབ་སྲིད་དང་འབྲེལ་བའི་གཞས་བཏང་བའི་ཉེས་མིང་འོག་ལོ་གཅིག་དང་ཟླ་བདུན་ལྷག་གི་ཁྲིམས་ཐག་བཅད་འདུག སྐུ་ཚབ་རྣམ་པ། ཁྱེད་ཚོས་སོག་ཕྲུག་བཀྲ་ཤིས་དོན་གྲུབ་ཀྱི་གླུ་གཞས་གོ་མྱོང་ཡོད་དམ། ཁོང་གི་གཞས་འདི་འདྲ་ཞིག་བཏང་ཡོད། མི་ལ་ལས་བུ་ང་ངན་གི་ཟེར།། མི་ལ་ལས་བུ་ང་བཟང་གི་ཟེར།། ང་བཟང་ན་ཆོག་ར་ངན་ན་ཆོག། ངས་བླ་མ་དྲན་པའི་སྡུག་བསྔལ་འདི།། ངས་གངས་ཅན་བོད་ལ་སྒྲོག་རྒྱུ་ཡིན།། བསད་བཏང་རུང་འགྱོད་པ་ང་མེད་གི།།། གཞས་འདིར་ཉན་རྗེས། ང་ལ་ཤ་འདར་ཞིག་བརྒྱབ། མིག་ཆུ་ཞིག་ཤོར།
སྐུ་ཚབ་རྣམ་པ། གཞས་འདི་ལ་ཉན་ན། ཁྱེད་ཚོར་ཚོར་བ་ག་འདྲ་འདུག་གམ།

སྐུ་ཚབ་རྣམ་པ། ཧུའུ་ནན་ཞིང་ཆེན་དུ། ཁྱེད་ཚོའི་འཆམ་འཆམ་ག་འདྲ་བྱུང་སོང་ངམ། ཧུའུ་ནན་ཞིང་ཆེན་གྱི་ཁ་དབུགས་གཙང་མ་འདུག་གམ། ཧུའུ་ནན་ཞིང་ཆེན་གྱི་ཟ་མ་ཞིམ་པོ་འདུག་གམ། སྐུ་ཚབ་རྣམ་པ། ཁྱེད་ཚོས་གོ་སོང་ངམ། ཕྱི་ཚེས་༢༦ཉིན། ཆབ་མདོ་འཇོ་ཕུ་དགོན་པའི་སྤྲུལ་སྐུ་བྱང་ཆུབ་རིན་པོ་ཆེ་དང་གྲ་སངས་རྒྱས་རྒྱ་མཚོ། ཨ་པོ་མ་བཅས་མི་གསུམ་འཛིན་བཟུང་བྱས་འདུག ད་དུང་། ཁྱེད་ཚོ་རྒྱ་ནག་ལ་སླེབས་པ་དང། ལྷ་སར་དམ་དྲག་སྔར་ལས་ཆེ་རུ་འགྲོ་སོང་ཟེར། ལྷ་སའི་སྐོར་ལམ་ལ་དྲག་དམག་ཇེ་མང་དུ་ཕྱིན་སོང་ཟེར། སྐུ་ཚབ་རྣམ་པ། ཁྱེད་ཚོས་གོ་སོང་སམ། ཕྱི་ཚེས་༢༨ཉིན། ལྷ་ས་རིག་གནས་སྡེ་ཁག་དང་སྤྱི་བདེ་ཉེན་རྟོག་ཚན་པ། གྲོང་ཁྱེར་དོ་དམ་ཚན་པ་བཅས་མཉམ་འབྲེལ་ཐོག ལྷ་ས་ཁུལ་གྱི་དྲ་ཁང་ཁག་ལ་བཅོས་སྒྲིག་དང་གཙང་བཤེར་བྱས་ཏེ་དམ་དྲག་ཆེ་རུ་བཏང་འདུག ངས་གྲོགས་པོ་རྣམས་ལ་ཁ་བརྡ་བྱེད་རྒྱུའི་རང་དབང་དེ་བསྡུས་ཚར་སོང་། བཅད་ཚར་སོང་། སྐུ་ཚབ་རྣམ་པ། ཁྱེད་ཚོ་རྒྱ་ནག་ལ་སླེབས་པ་དང་། བོད་ནང་དུ་སྔར་བཞིན་ཁྲག་གི་འཁོར་ལོ་བསྐོར་ན། ཁྱེད་ཚོ་གཉིད་ཡག་པོ་ཞིག་ཁུག་ཐུབ་བམ། ཁྱེད་ཚོ་གཉིད་སྐྱིད་པོ་ཞིག་ཡོང་གི་འདུག་ངམ།

སྐུ་ཚབ་རྣམ་པ། ཕྱི་ནུབ་རྒྱལ་ཁབ་ཆེ་ཁག་ཁ་ཤས་ཀྱིས་། ཐེངས་འདིའི་ཁྱེད་ཚོའི་སྤྲོ་འཆམ་དང་གྲོས་མོལ་ལ་་དགའ་བསུ་བྱེད་བཞིན་འདུག དགའ་བསུ་ཞུ་དགོས་དོན་ལ་ཡང་རྒྱུ་མཚན་ཞིག་ཡོད་པ་འདྲ། ཐེངས་འདིའི་ཁྱེད་ཚོའི་སྤྲོ་འཆམ་དང་གྲོལ་མོལ་གྱི་དམིགས་ཡུལ་གཞན་ཞིག་ནི། བོད་ཀྱི་གྲོགས་པོ་རྒྱལ་ཁབ་ཚོས་བོད་དོན་ལ་བཅིངས་བའི་ཐུགས་འཚབ་དེ་འཇགས་པའི་སླད་དུ་ཡིན་ཟེར། འོན་ཀྱང་། ཐུགས་འཚབ་ཅི་ལྟར་འཇགས་ཀྱིན་ཡོད་མེད་ངས་མི་ཤེས། ཁྱེད་ཚོས་ཨེ་ཤེས། སྐུ་ཚབ་རྣམ་པ། ཁྱེད་ཚོས་འཆམ་འཆམ་གནང་བཞིན་པའི་སྐབས་སུ། ངའི་ཕ་ཡུལ་དུ། དགེ་འདུན་པ་ཚོའི་ཁ་པར་ཨང་གྲངས་དང་གླེང་མོལ་ཨང་གྲངས་ཀྱང་ཉེན་རྟོག་པར་རྩིས་སྤྲོད་དགོས་བ་མ་ཟད། དགེ་འདུན་པ་ཞིག་དྲ་ཁང་ནང་དུས་ཚོད་གཅིག་ལྷག་འདུག་དགོས་བྱུང་ཚེ། འབྲེལ་ཡོད་ཉེན་རྟོག་པའི་ལག་ནས་དགོངས་ཞུའི་ཡི་གེ་ཞིག་ལེན་དགོས་ཀྱི་འདུག་ཟེར། སྐུ་ཚབ་རྣམ་པ། ཁྱེད་ཚོས་གནས་ཚུལ་འདི་ཚོ་གོ་སོང་ངམ།

སྐུ་ཚབ་རྣམ་པ། ཁྱེད་ཚོས་རྒྱ་ནག་གཞུང་ལ་ཡིག་ཆ་དེ་སྤྲད་རྗེས། ཁུ་སིམ་མེར་ཕྱིར་ལོག་ཡོང་གི་ཡིན་ནམ། ཁྱེད་ཚོས། ཁ་སང་དེ་རིང་བོད་ནང་དུ་བྱུང་དང་འབྱུང་བཞིན་པའི་གནས་ཚུལ་སྟེ། བཙོན་འཇུག་དང་གཅར་རྡུང་གི་སྐོར་སོགས་ལ། རྒྱ་ནག་གཞུང་ལ་གླེང་མོལ་ཞུ་གི་ཡིན་ནམ། སྐད་ཆ་བཤད་ཀྱི་ཡིན་ནམ། ཁྱེད་ཚོས་བསམ་ཚུལ་ཞིག་སྤྲད་རྗེས། ཕྱིར་ལོག་ཡོང་བ་ཡིན་ན། བོད་ནང་གི་བཙོན་པ་ཚོ་བཙོན་ཁང་ནས་ཐར་གྱི་རེད་དམ། ཁོང་ཚོའི་ཕ་མ་སྤུན་ཉེ་ཚོའི་སེམས་ཀྱི་སྡུག་བསྔལ་སེལ་ཐུབ་བམ། ད་དུང་། ཉེ་ཆར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་བཏོན་པའི་༢༠༠༩ལོའི་ལོ་འཁོར་སྙན་ཐོ་ལྟར་ན། ༢༠༠༩ལོའི་ནང་བོད་མི་༣༠༠གང་བྱུང་འཛིན་བཟུང་བཀག་ཉར་བྱས་འདུག་ཟེར། སྐུ་ཚབ་རྣམ་པ། ཁྱེད་ཚོ་ཕྱིར་མ་ཡོང་བའི་སྔོན་ལ། བོད་མི་༣༠༠གློད་དུ་འཇུག་མ་ཐུབ་རུང་། བོད་མི་༡༠བཙོན་ནས་གློད་དུ་བཅུག་ཐུབ་བམ།

སྐུ་ཚབ་རྣམ་པ། ཁྱེད་ཚོས་འཆམ་འཆམ་གནང་བའི་ཞོར་ལ། བོད་ནང་དུ་གནས་ཚུལ་ཅི་ཞིག་འབྱུང་གིན་ཡོད་མེད་ལ་དོ་སྣང་སྤྲོད་ཀྱི་ཡོད་དམ། ངས་སྐད་ཆ་འདི་འདྲི་དོན་ལ་རྒྱུ་མཚན་གཅིག་ཡོད། གང་ཡིན་ཞེ་ན། ངས་ད་དུང་སེམས་ལ་གསལ་བོར་དྲན་གྱི་འདུག དེ་ནི་༢༠༠༨ལོའི་བོད་ནང་གི་ཞི་བའི་ཡར་ལངས་ཆེན་མོ་དེའི་རྗེས་སུ་རེད། ཁྱེད་ཚོ་རྒྱ་ནག་ལ་ཕར་ཕེབས་ནས་ཕྱིར་རྡ་ལམ་ས་ལར་སླེབས་མཚམས། ཁྱེད་ཚོས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་། དེ་དུས། ད་ལྟའི་བོད་ཀྱི་བང་ཆེན་ཚགས་པར་གྱི་རྩོམ་སྒྲིག་ལས་རོགས་ཆོས་ཉིད་འོད་ཟེར་གྱིས་།ཁྱེད་ཚོར་དྲི་བ་འདི་འདྲ་ཞིག་བཏང་སོང་། ཁྱེད་ཚོས། ཆབ་མདོ་རུ་དྲག་དམག་གིས་བོད་མི་མང་པོའི་སྒང་ལ་ཡ་ང་སྙིང་རྗེ་མེད་པར་མེ་མདའ་བརྒྱབས་འདུག་པ་དེ་གོ་སོང་ངམ་ཞེས་དྲིས་སོང་། ཁྱེད་ཚོའི་གྲས་ཀྱི་སྐུ་ཚབ་གཙོ་བོ་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས། ལན་དུ། ང་ཚོས་ཁྱོན་ནས་གོ་མ་སོང་། ང་ཚོ་ལ་ཁ་པར་གཏོང་མཁན་དང་གནས་ཚུལ་དེ་ལབ་མཁན་ཡང་བྱུང་མ་བྱུང་ཟེར། དྲི་ལན་དེས་ད་དུང་ཡང་བོད་མི་ཉམ་ཆུང་ང་ལ་ན་ཚ་གཏོང་གི་འདུག སྐུ་ཚབ་རྣམ་པ། ད་ལོར་ཁྱེད་ཚོས་འཆམ་འཆམ་གནང་བའི་སྐབས་སུ། ལག་འཁྱེར་ཁ་པར་གྱི་སྒོ་བརྒྱབ་ཡོད་དམ། གློག་ྐླད་ཀྱི་སྒོ་བརྒྱབ་ཡོད་དམ། བོད་ནང་དུ་གནས་ཚུལ་ཅི་བྱུང་ལ་དོ་སྣང་སྤྲོད་ཀྱི་ཡོད་དམ། བོད་ཕྱི་ལ་ཁ་པར་བཏང་ནས་སྐད་ཆ་འདྲི་གི་ཡོད་དམ། ད་ལོ་། ཁྱེད་ཚོ་ཕྱིར་རྡ་ལམ་ས་ལར་སླེབས་རྗེས། གོང་གི་དྲི་བ་དེ་འདྲ་ཞིག་དྲིས་ན། ཁྱེད་ཚོས་ལན་ཅི་ཞིག་རྒྱག་རྩིས་ཡོད་དམ།

སྐུ་ཚབ་རྣམ་པ། ངས་རྩོམ་འདི་འབྲི་བའི་སྐབས་སུ། ཁྱེད་ཚོ་པེ་ཅིང་དུ་སླེབས་འདུག ཁྱེད་ཚོས་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་འགྲེལ་བཤད་རྒྱས་པ་དེ་རྒྱ་ནག་གཞུང་གི་འབྲེལ་ཡོད་མི་སྣར་ཕུལ་ཚར་བ་ཡིན་ནམ། ཁོང་ཚོས་ཨ་ལན་ཅི་ཞིག་གནང་སོང་སམ། རྒྱ་ནག་གཞུང་གིས། ཁྱེད་ཚོར་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་གཏོང་འཆར་སྐོར་གྱི་སྙན་ཐོ་རིང་པོ་དེ་དག་སྒྲོག་སྦྱངས་བྱས་སོང་སམ། ཁྱེད་ཚོས་སྙན་ཐོ་དེ་དག་གི་སྒང་ལ་བསམ་ཚུལ་བཤད་ཡོད་དམ། ཁྱེད་ཚོས། བོད་ནང་གི་བོད་མིའི་ཡ་ང་བའི་གནས་སྟངས་སྐོར་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་ཡོད་དམ། བོད་ནང་གི་ཆབ་སྲིད་བཙོན་པ་ཁག་གློད་གྲོལ་གཏོང་དགོས་བའི་དགོས་འདུན་བཏོན་ཡོད་དམ། སྐུ་ཚབ་རྣམ་པ། ཁྱེད་ཚོའི་སྐད་ཆ་དང་བསམ་ཚུལ་ལ། ཁོང་ཚོས་ཉན་འཇོག་གནང་གི་འདུག་གམ། སྐུ་ཚབ་རྣམ་པ། ཁྱེད་ཚོའི་སྤྲོ་འཆམ་དེ་གྲུབ་རྗེས། -སྐུ་ལྷོད་ལྷོད་ངང་ཕྱིར་ཕེབས་རོགས་གནང་། སྐུ་ཚབ་རྣམ་པ། ཁྱེད་ཚོའི་སྤྲོ་འཆམ་དེ་གྲུབ་རྗེས། ལམ་བར་དུ་ཁྱེད་ཚོའི་སྐུ་གཟུགས་བདེ་བར་སྨོན།

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༨ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༡༨ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 31

  1. lobsang says:
    ལོ་ 15 སྔོན།

    གཞན་ལ་ལྟ་བའི་མིག་ཡོད་ན། །རང་ལ་ལྟ་བའི་མེ་ལོང་དགོས། །ཞེས་བ་བཞིན་སོ་སོ་རང་ཉིད་ཀྱིས་དེ་འདྲ་ཞིག་འཇོན་གྱི་ཡོད་དམ་མེད་བསམ་བློ་བཏང་ནས་སྐད་ཆ་བཤད་རྒྱུ་གལ་ཆེ་སྙམ།

    Reply
  2. ལུང་རྟོགས། says:
    ལོ་ 15 སྔོན།

    གཞན་ལ་བསྟ་བའི་མིག་ཡོད་ཀྱང། རང་ལ་བལྟ་བར་མེ་ལོང་དགོས། གཞན་ལ་སྤྱོན་བརྗོད་བྱེད་རྒྱུ་ལས་ལྷ་རུང་རང་གི་མགོ་ལ་བབས་ན་ཁག་པོ་ཡོད་རེད་ཏ།

    Reply
  3. Palgon says:
    ལོ་ 15 སྔོན།

    རེད་ལགས། ངའི་མཐའ་འཁོར་ནས་རྒྱུན་དུ་བསམ་མ་ཤེས་པའི་སྐད་ཆ་འཆད་མཁན་ཧ་ཅང་མང་བས།་ང་རྣ་བ་སུམ་ནས་བསྡད་ཡོད། མ་གཞི་ནས་མི་བསམ་ཤེས་ཀྱི་སྐད་ཆ་ལ་ཉན་རྒྱུ་ཡོད་གི། སྐུ་ཞབས་ལྷ་ཆབ་སྦྱིན་པ་ལགས་ཀྱིས་རྟག་ཏུ་བསམ་ཚུགས་པའི་སྐད་ཆ་རྣལ་མོ་ཤོད་ཀྱིན་འདུག་པར་ངས་ཡི་རང་དང་གོང་བཀུར་ཞུ་རྒྱུ་ཡིན།

    Reply
  4. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    རྩོམ་ཡིག་འདི་བསྟན་འཛིན་ཉིན་བྱེད་ལགས་ཀྱིས་དབྱིན་ཡིག་ནང་བསྒྱུར་འདུག འགྱུར་སྙིང་རྗེ་བོ་ཞིག་རེད། གཤམ་གྱི་འབྲེལ་ཐག་འདི་བརྒྱུད་དེ་ཀློག་རོགས།

    http://phayul.com/news/article.aspx?c=4&t=1&id=26533&article=Dear+Envoys%2c+how+was+your+trip+to+Peking%3f

    Reply
  5. འབྲུག་གྲགས། says:
    ལོ་ 15 སྔོན།

    ཕྱི་ནང་དང་དགྲ་གཉེན་ངོ་མི་ཤེས་མཁན་སྤྲང་ཁྱི་ལས་ཐབས་སྐྱོ་རེད། མ་གཞི་མི་དེ་རིགས་ཀྱི་ལས་འགན་དང་དམིོགས་ཡུལ་གང་ཡིན་སུས་ཤེས།

    Reply
  6. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    འདས་པའི་མི་ལོ་ལྔ་བཅུའི་རིང་བོད་ལ་གོད་ཆག་དང་། ཡར་རྒྱས་ཀྱི་རྣམ་པ་གང་བྱུང་ཡང་བོད་མི་མང་གིས་ནམ་ཡང་བློས་གཏོང་བྱས་མེད་པ་ནི་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡིན་ལ། གནད་དོན་འདིས་བོད་འདི་བདེ་སྡུག་གང་འདྲ་ཞིག་ཏུ་ལྷུང་ཡང་བོད་ཀྱི་དབུ་ཁྲིད་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡིན་པ་བོད་རྒྱ་ཆེའི་མི་མང་གིས་གསལ་པོ་བཟོས་པ་ཞིག་ཡིན། དེར་བརྟེན་སྐུ་ཚབ་ནི་བོད་ཀྱི་དབུ་ཁྲིད་ཀྱི་སྐུ་ཚབ་རེད། རྒྱུ་མཚན་འདི་ངོས་ལེན་མེད་ན་རྒྱ་ནག་གི་བརྗོད་པ་བཞིན་མི་སྒེར་གྱི་སྐུ་ཚབ་རེད།

    Reply
  7. Dhonling Bhu says:
    ལོ་ 15 སྔོན།

    མདོ་འདུམ་ཚང་གི་ད་ལན་ཆང་མི་འཐུང་ནས་ར་བཟི་བཤད་འདུག རྩོམ་ཡིག་དེ་འབྲི་སྟངས་ལ་བལྟས་སྐབས་། ཁྱེད་ནི་ཤེས་ལྡན་མི་སྣ་ཡིན་པ་ཙམ་མ་ཟད་རྒྱུན་དུ་འཛམ་གླིང་ཆབ་སྲིད་དང་ལྷག་པར་བོད་པའི་ཆབ་སྲིད་ཀྱི་ཐོག་ཏུ་དོ་སྣང་བྱེད་མཁན་ཞིག་ཡིན་ཚོད་འདུག ཡིན་ནའང་ཁྱེད་ཀྱིས་ད་ལན་རྒྱུ་མཚན་དང་ཁུངས་ལུང་མེད་པའི་རྩོམ་ཡིག་དེར་ངས་མི་ཐད།

    ཁྱེད་ཀྱི་ཕྲུག་གུ་ཆུང་ཆུང་ཞིག་གི་བསམ་པ་ལས་སྐྱོ་བའི་སྐད་ཆ་དེ་ཚོ། ཁྱེད་ཀྱི་སྨྱུག་རྩེ་ནས་ཅི་ལྟར་ཐོན་སོང། ཁྱེད་ཀྱིས་གསར་སྐྱེས་བོད་རིགས་ན་གཞོན་རྣམས་ཐེ་ཚོམ་གྱི་དྲ་བར་ལྷུང་དུ་འཇུག་བྱེད་ཡིན་ནམ། ཁོང་ཚོས་༸རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་དང་འཐབ་རྩོད་དེར་ཞེ་མེར་ལོང་དུ་བཅུག་རྒྱུ་ཡིན་ནམ།

    མ་འོངས་པར་ཁྱེད་ཀྱིས་སྨྱོ་ལབ་དེ་ཚོ་མ་རྒྱག་གོང། བཟི་ལས་དྭངས་ནས་བསམ་ཞིབ་དང། ཞིབ་འཇུག་ནན་མོ་ཞིག་བྱེད་ནས་རྩོམ་ཡིག་རྣམས་སྤེལ་རོགས།

    བཀྲ་ཤིས། ཚེ་རིང།

    Reply
  8. བེ་རི་རྒྱལ་པོ་ཟ་དགའ་ཉལ་སྐྱིད says:
    ལོ་ 15 སྔོན།

    ཧཧཧཧ་དུས་སྐབས་འདི་ང་ཡིས་ཡིས་ནམ་ལ་ལྟ་བ་མིན་་་གང་ཡིན་ཟེར་ན་དྲང་བདེ་དང་ཕྱོགས་རིག་མེད་པ་ལ་དགའ་བ་ཡིན་

    Reply
  9. བྱམས་རྒྱལ། says:
    ལོ་ 15 སྔོན།

    མདོ་འདུམ་ཚང་ཁག་མེད་ལ་ཁྱེད་ནང་བཞིན་བོད་རིགས་ཚང་མ་འུ་ཐུག་གི་གནས་སུ་གྱར་ཡོད་ འུ་ཐུག་པའི་སྨེ་ངག་འདོན་མཁན་ཤ་སྟག་རེད་ འོན་ཀྱང་རང་རིགས་ལ་སྡིགས་པས་ཅི་ཕན་ དགྲ་བོའི་གདུག་རྩུབ་དང་གཡོ་སྒྱུ་ང་ཚོས་ཤེས་ཤེས་པ་རེད་
    དེ་ལས་ཐབས་ལམ་གསར་པ་འཚལ་ཐབས་ལ་འབད་རོགས་གནང་།
    འདི་དྲ་གྲོགས་ཡོངས་ལ་རེ་སྐུལ་ཀྱང་ཡིན་
    ལུང་རིགས་ལགས་ཀྱི་ཐབས་ལམས་ཤིག་བཙལ་འདུག་ལ་དེ་ནང་བཞིན་ཚང་མས་ཐབས་ལམ་རེ་གསུངས་ན་ཁ་ཚ་དགོས་གཏུགས་ཀྱི་ཕན་ས་རེད་ལགས།

    Reply
  10. ཚྭ་སྒང་ཕོ་ཉ། says:
    ལོ་ 15 སྔོན།

    ཁྱེད་རང་བོད་པ་ཡིན་ནམ། ཁྱེད་ལ་བོད་དོན་ཐད་འགན་ཞིག་ཡོད་དམ།
    ཁྱེད་ཀྱི་ད་ལྟའི་བར་དུ་བོད་དོན་ཐད་ཕྱག་ལས་གནང་མྱོང་ཡོད་དམ།
    སྐུ་ཚབ་རྣམས་རྒྱ་ནག་ལ་མ་འགྲོ་སྔོན་ལ་ཁྱེད་ཀྱི་བསམ་ཚུལ་སྙན་སེང་ཞུ་མྱོང་ཡོད་དམ། ཁྱེད་ཉིད་ཀྱིས་ངོས་ནས་དེ་ལས་ལྷག་པའི་ལམ་སྟོན་གནང་རྒྱུ་ཡོད་དམ།
    སྐུ་ཚབ་རྣམས་ལ་ཡི་མ་རངས་པའི་སྐད་ཆ་བཤད་ན་སྤྱི་དོན་ལ་ཕན་ཐོགས་ཡོད་དམ། ང་ཚོ་བོད་མི་རྣམས་ལ་ཁ་ཚ་དགོས་གཏུག་ཕན་ཐོག་ཡོད་པའི་སྐད་བཤད་རྒྱུ་མེད་དམ། སྐུ་ཚབ་རྣམས་པ་༧གོང་ས་མཆོག་གི་དགོངས་གཞི་བཞིན་རྒྱ་ནག་ལ་སོང་བ་མ་ཡིན་ནམ། ཁྱེད་ཀྱི་ནང་ཁུལ་སྐྱོན་བརྗོད་བྱེད་རྒྱུ་མ་གཏོགས་ཤེས་ཀྱི་མེད་དམ།

    Reply
  11. khaaba says:
    ལོ་ 15 སྔོན།

    གོང་ས་ཏཱ་ལའི་བླ་མའི་སྐུ་ཚབ་རྣམས་ལ་སྐྱོན་རྗོད་པ་དེ་་ངས་བལྟས་ན་ཏཱ་ལའི་བླ་མ་ལ་སྐྱོན་རྗོད་པ་དང་ཁྱེད་ཡོད་མ་རེད་།་རྗེས་ཁྱེད་ཚོ་འི་བསམ་གནོ་ཡག་པོ་རྟོང་དགོས།

    Reply
  12. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    བེ་རི་རྒྱལ་འཁྱམ་དེས་ཡི་གེ་འབྲི་སྟངས་ལྟོས་དང་འདི་འདྲ་ཅི་ཡིན་ནམ་་་བོད་སྐད་མ་ཤེས་པ་ཡིན་རྒྱུ་མ་རེད་་་་དེ་ནས་ག་རེ་བྱུང་བ་རེད་་་་འདི་འདྲ་དྲ་ཚིགས་སུ་ཡོང་ན་ཕན་ལས་གནོད་མ་གཏོགས་མི་འདུག་་་་ང་ཚོས་དྲ་གྲོགས་ཚོའི་སྤུས་ཀ་ཇེ་ལེགས་སུ་གཏོང་ཐབས་ལ་འབད་ཁུལ་བྱས་དུས་འདི་འདྲ་སླེབས་ན་སྐྱག་ལངས་ཤོར་ནས་དྲ་ཚིགས་འདིར་ཡིག་ནོར་གྱིས་ཁེངས་ཡོང་ངེས་པས་ནམ་ཡིན་ཡང་ཐད་ཀར་སྐྱོན་ལ་མཛུབ་མོ་འཛུགས་རྒྱུ་ཡིན

    Reply
  13. བེ་རི་རྒྱལ་པོ་ཟ་དགའ་ཉལ་སྐྱིད says:
    ལོ་ 15 སྔོན།

    སྐུ་ཚབ་རྣམ་པ་མུན་མཐུན་ཕེབས་མཐུན་པའི་རེ་བ་ཡོད

    Reply
  14. གནས་ཚང་། says:
    ལོ་ 15 སྔོན།

    རྒྱ་རི་ཕྱི་ལོ ༢༠༠༢ལོ་ནས་ཕྱི་ལོ ༢༠༡༠ལོར་སྐུ་ཚབ་གནང་བའི་འབྲས་བུ་བོད་དོན་ཏཱ་ལའི་ཅན་ནས་ཏཱ་ལའི་སྒེར་དོན་ཅན་ལ་བསྐུལ་འདེད་གནང་ཡོད་པས། བྱས་རྗེས་ཟེར་ན་འདི་འདྲ་དགོས། སྐུ་ཚབ་ཟེར་ན་འདི་འདྲ་དགོས། བོད་དོན་ཚར་རག་བར་དུ་སྐུ་ཚབ་གནང་བར་ཤོག བོད་པ་འཇིག་རག་བར་དུ་སྐུ་ཚབ་གནང་བར་ཤོག

    Reply
  15. མདོ་ཁང་བསྟན་འཛིན་ཡོན་ཏན། says:
    ལོ་ 15 སྔོན།

    ལས་ཁུངས་གྲོལ་ན་ཡང་བསྐྱར་ྐློག་གི་ཡིན།

    Reply
  16. མདོ་ཁང་བསྟན་འཛིན་ཡོན་ཏན། says:
    ལོ་ 15 སྔོན།

    དེ་རིང་ཡིན་ན་གོ་བ་ལོན་མ་སོང་།

    Reply
  17. ལྷ་ཆབ་སྦྱིན་པ། says:
    ལོ་ 15 སྔོན།

    གང་བཤད་རུང་སྐུ་ཚབ་རེད། སྐུ་ཚབ་ཐེངས་གཅིག་ལ་སོང་བས་གྲུབ་འབྲས་སྟོན་ཤོག་ཟེར་ན་ནི་རང་ཉིད་ཀྱི་བསམ་བློའི་ཆུ་ཚད་ཀྱིས་མ་འདང་བ་རེད། དྲང་མོར་བཤད་ན་ཁོང་ཚོས་ཁོང་ཚོའི་ཚོད་ཀྱིས་འགན་ཞིག་འཁུར་ཡོད་པ་རེད། དེ་ལ་མི་འདོད་པའི་སྐད་ཆ་མང་བོ་ཞིག་གིས་རྗེས་འདེད་བཏང་ན་གཏན་ནས་མི་འོས། དྲ་གྲོགས་རྣམས་ཀྱིས་བསམ་བློ་ཞིབ་མོ་བཏང་ནས་རང་གི་ཕྱོགས་ལ་འདི་འདྲའི་མི་འོས་པའི་སྐད་ཆ་མ་བཤད།

    Reply
  18. གཡང་ལགས། says:
    ལོ་ 15 སྔོན།

    ཁྱེད་རང་གི་བློ་ལ་རྒྱ་གཞུང་གིས་བཀོད་སྒྲིག་བྱས་པའི་སྤྲོ་འཆམ་དེ་སྐྱིད་པོ་ཞེ་དྲག་ཡོ་རེད་དགོངས་ཀྱི་འདུག་གས། སྤྲོ་འཆམ་དེ་འདྲར་ཁྱེད་རང་སྨོན་གྱི་འདུག་གམ། ངས་བསམ་ན་ལ་ལ་ཡིས་ཁྱེད་རང་ལ་ཁ་བརྡའི་ནང་ལན་ཡག་པོ་ཞིག་བརྒྱབ་འདུག ངེད་བོད་ཚང་གི་ཁ་གཏད་དུ་ལངས་ནས་རྒྱ་མིའི་རྐུབ་གཡོག་རྒྱུགས་མཁན་དེ་ཚོའི་ཉེས་མཚང་བྲུས་བའི་ཐད་ལ་མཐུ་དང་ནུས་པ་འདོན་ཐུབ་ན་བུ་ཁྱོད་རྒོད་པོ་རེད། དེ་མིན་རང་གི་གཉེན་ལ་འཕྱ་བའི་ལས་བཙོག་པོ་དེ་སྤངས་ན་དགའ།

    ༡༡༽ ལ་ལ་ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༡ གི་ཆུ་ཚོད་ ༡༨ སྐར་མ་ ༢༡
    སྐུ་ཚབ་ལ་ཁ་རྡུང་གཏོང་བའི་བྱེད་སྟངས་འདི་ནི་མི་ཆོ་མེད་མགོ་སྟོང་སེམས་མེད་ཚོའི་ལས་རང་རེད། ཁྱོད་ལ་མི་འདོད་དང་འཁང་ར་ཡོད་ན་རྒྱ་ནག་གཞུང་ལ་བརྗོད་དགོས་པ་རེད། བདེན་པ་ལ་རྡོག་རུལ་གཏོང་མཁན་རྒྱ་ནག་གཞུང་རེད། རྒྱ་ནག་གཞུང་གིས་སྨྱོ་བ་ལྟར་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རུལ་དང་། རང་གི་མི་དམངས་དྲག་སྣོན། བོད་རིགས་གཙོས་པའི་མི་རིགས་གཞན་དག་དུད་འགྲོ་ལྟ་བུ་ལྟོ་དང་ཆུ་ཙམ་སྤྲད་ན་དེ་ཙམ་གྱིས་འགྲིག་པར་འཛིན་པའི་སྐབས་སུ་སྐུ་ཚབ་མི་འགའ་ཤས་ཞིག་གིས་ག་རེ་བྱེད་རྒྱུ་ཡོད་དམ། སྐུ་ཚབ་རྣམས་ཀྱིས་གང་ལྟར་རུང་རྒྱ་ནག་གི་ཁ་ངན་དེ་དག་ཉན་པར་ཕྱིན་པ་རེད། ཐོབ་ཤོར་གང་བྱུང་ཀྱང་རུང་གདོང་དང་གདོང་གཏུག་པ་སྐྱེས་པ་ཕོའི་བྱེད་སྟངས་རེད། རྒྱ་ནག་གིས་བདེན་པ་རྡོག་རུལ་བཏང་ན་ཡང་། རྒྱལ་སྤྱིའི་མིག་མདུན་དུ་རྒྱ་གཞུང་དང་བོད་གཞུང་གཉིས་གྲོས་བསྡུར་བ་རེད་ལ། རྒྱ་གཞུང་ནས་གྲོས་མཐུན་དོན་མཚན་བཅུ་བདུན་རྡོག་རུལ་གཏོང་བཞིན་ཡོད་པ་གསལ་པོ་རེད། འཇིག་རྟེན་མིག་ཏུ་རྒྱ་ནག་ནི་ཧམ་པ་ཅན་དང་བདེན་པ་ལ་མི་བརྩི་མཁན་ཞིག་ཡིན་པ་སྟོན་ཐུབ་པ་རེད། དེར་བརྟེན་རྒྱང་རིང་གི་དམིགས་པ་ནས་བྱས་ན་རྒྱལ་ཁ་ང་ཚོ་ལ་ཐོབ་པ་རེད། བུ་ལ་ཡོན་ཏན་དང་འཇོན་ཐང་ཡོད་ན་བོད་ལ་ཕན་པའི་ལས་བྱེད་དགོས་རེད། ཕྲག་དོག་དང་མིག་སེར། ཞེ་སྡང་ཁོ་ནས་འཇོན་པ་རྣམས་ལ་ཁ་བཏང་ནས་བསྡད་ན་ཁ་བ་ཅན་ལ་གནོད་ངེས་རེད། སྐད་ཆ་བསམ་ནས་བཤོད་དགོས་པ་དང་། རྩམ་པ་ཡང་ལྡད་ནས་མིད་དགོས་རེད། བོད་མི་ཕལ་ཆེ་བ་དགྲ་གཉེན་ཧ་གོ་མཁན་རེད། སྐུ་ཚབ་རྣམས་ཀྱིས་དཀའ་ལས་བཀྱོན་པ་ལ་རྗེས་སུ་ཡི་རང་ཞུ་དགོས་རེད། གལ་སྲིད་ཁྱེད་རང་ལ་ཁ་གཏོང་ས་ཞིག་དགོས་འདུག་ན་དེ་རིང་བོད་རྒྱ་འབྲེལ་མོལ་སྐབས་རྒྱ་ཕྱོགས་སུ་ལངས་པའི་བོད་རིགས་སྲི་ཐར་དང་ཉི་མ་ཚེ་རིང་གཉིས་ལ་ཁ་གཏོང་རོགས་གྱིས། མི་དེ་གཉིས་ནི་དངོས་སུ་མི་རིགས་འཚོང་མཁན་རེད། རྒྱ་མིའི་ལྟོ་བཟའ་མཁན་རེད། ཧ་གོ་སོང་ངམ།

    Reply
  19. གཡུ་དྲུག་དཀར། says:
    ལོ་ 15 སྔོན།

    གུས་པར་འོས་པའི་སྐུ་ཞབས་འཇིག་བྲལ་ལགས། ཁྱེད་ཀྱི་ཚིག་ཁ་ཤས་ཤིག་གི་ངོས་དང་ཟུར་གང་ནས་བལྟས་ཀྱང་ཁྱེད་དཀར་ས་ལ་འབུད་ས་ཤིག་མི་འདུག་མོད། ང་ཁྱེད་ང་ཁ་རྩོད་རྒྱག་འདོད་མེད་པར་མ་ཟད་དུས་ཚོད་ཀྱང་མེད་པས་ཁྱེད་ལ་རྒྱལ་ཁ་སྟེར་ཆོག
    ད་འགྲིག་སོང་ངམ། བློ་བདེ་སོང་ངམ། ཧ་ཧ་ཧ་

    Reply
  20. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ངས་སྐུ་ཚབ་ཚོ་ཕྱིར་ལྡི་ལི་ལ་འབྱོར་འདུག་ཅེས་པར་ཚིག་འདི་བྲིས་ཡོད།
    དེའི་དོན་ནི་སྐུ་ཚབ་འགྲིག་མིན་བཤད་པ་སྣང་བར་མ་སོང་ནས་ཡིན།

    ཚིག་དངོས་ནི།
    སྐུ་ཚབ་སུ་ཡིན་ནའང་འདྲ། ཡིག་ཆ་གང་འདྲ་ཞིག་ཁུར་ཡོད་ཀྱང་ཆོག གང་ལྟར་རྒྱ་ནག་གིས་ང་ཚོ་རྩེད་མོ་རྩེད་སྤྱད་བྱེད་ཀྱི་ཡོད་པ་རེད།

    Reply
  21. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    གཡུ་དྲུག་དཀར་ལགས་ཀྱི་མིག་ཕྱེ་ནས། བསམ་བློ་བཏང་ནས། ཡང་བསྐྱར་ཡང་བསྐྱར་ཀློག་རྟེན་དུ་བསྐྱར་འགོད་བྱས་ཡོད། གཤམ་ལ་གཟིགས་དང་གཡུ་དྲུག་དཀར་ལགས།

    ༸གོང་ས་ཏཱ་ལའི་བླ་མའི་སྐུ་ཚབ་ལགས། ད་ཁྱོད་ཚོ་དགོངས་པ་ཞུས་ན་ཡག་ས་རེད། ཁྱེད་ཚོ་སྐུ་ཚབ་ལ་འདེམས་གནང་བ་དེ་ཏཱ་ལའི་བླ་མས་ཕྱག་ལས་ནོར་འཁྲུལ་ཡིན་པ་བོད་ཀྱི་དུས་བབ་གསར་ཁང་གི་དྲ་གྲོགས་ཚོས་ངོས་འཛིན་གསལ་པོ་བྱས་འདུག ཁོང་ཚོ་དེང་སང་བཙན་བྱོལ་ནང་གི་མཁས་དབང་ཡིན་ཟེར་གྱི་ཡོད་རེད་ལ། ཁོང་ཚོས་ཁྱོད་ཚོ་འཆམ་འཆམ་ལ་ཕྱིན་པ་རེད་ཟེར་གྱི་ཡོད་རེད། ༸གོང་ས་ཏཱ་ལའི་བླ་མའི་ཐབས་སྐྱོ་བ་ལ། འཆམ་འཆམ་ལ་འགྲོ་མཁན་ཁ་ཤས་ལས་སྐུ་ཚབ་རག་མེད་པ་འདྲ། ཡང་ན་དྲ་གྲོགས་ཚོ་སྨྱོས་འདུག

    Reply
  22. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དྲ་གྲོགས་གཡུ་དྲུག་དཀར་ལགས། ཚིག་གི་གོ་བ་ལེན་ཤེས་ཀྱི་ཨེ་ཡོད། ལྟོས་དང་། བསྐྱར་བལྟ་བྱོས་དང་། དགག་པའི་ཟུར་མདའ་འཕེན་སྟངས་ཤེས་ཀྱི་མེད་དམ། མིག་བགྲད་ནས་ལྟོས། བསམ་བློ་གཏོང་བཞིན་ལྟོས། མ་ཤེས་ན་ཚིག་དོན་མི་ལ་སྐད་ཆ་ཕྲིས།

    ཁྱོད་རང་གིས་བརྗོད་བཞིན་པ་དེ་ངས་བཤད་ཡོད། ཉན་མ་ཤེས་ན་ཁྱོད་རང་གི་སྐྱོན་རེད་ལོ།

    Reply
  23. གཡུ་དྲུག་དཀར། says:
    ལོ་ 15 སྔོན།

    གུས་པར་འོས་པའི་མདོ་འདུམ་ཚང་ལགས། སྐུ་ཉིད་ཀྱི་བསམ་ཚུལ་དེ་བཀླགས་མ་ཐག་ངའི་ཀླད་པ་ནག་ཧང་ངེར་བཏང་བྱུང་། དངོས་གནས་འབྲི་སྟངས་ལ་བལྟས་ན་ཁྱེད་རང་དངོས་ཡོད་འཚོ་བ་མཐོང་མཁན་ཞིག་ཏུ་ཚོར་སོང་། འོན་ཀྱང་ཞིབ་ཏུ་བསམ་དུས་ཁྱེད་རང་ཚོར་བའི་རྗེས་འབྲངས་ཤིག་རེད། དེས་ཕྱིར་ཁྱེད་ལ་གསལ་བཤད་ཅུང་ཟད་བྱ་དགོས་བྱུང་། སྐུ་ཚབ་ཚོགས་རྒྱ་ནག་ཏུ་སོང་བ་རེད་མོད། སྤྲོ་འཆམ་ལ་སོང་བ་གཏན་ནས་མ་རེད། རྒྱ་ནག་གི་དཔོན་རིགས་ཚོས་མཐོང་ཆུང་དང་བརྙས་སྨོད་བྱས་མིན་ལ་མ་ལྟོས་པར་བོད་མི་རིགས་ཀྱི་བདེ་སྡུག་གླེང་དུ་སོང་བ་རེད།
    ཁོང་ཚོ་འགྲོ་སྟངས་དེ་ཡང་རྡུལ་ཕྲན་མཚོན་ཆའི་འཇིགས་ཟིལ་དང་དཔལ་འབྱོར་གྱི་སྟོབས་ཤུགས་འོག་ནས་རྒྱ་ནག་ལ་ཁ་གཏད་གཅོག་ཏུ་སོང་བ་མ་ཡིན་པར་ཉམ་ཆུང་གི་སྐྱབས་བཅོལ་བའི་ངོ་གདོང་ཁྱེར་ནས་ལག་པ་སྟོང་པ་མཆན་བཙིར་ཏེ་རྒྱ་ནག་ལ་ཞུ་བ་བྱེད་དུ་སོང་བ་རེད། ཁོང་ཚོ་དེ་འདྲའི་ཉམ་ཆུང་ཞིག་འགྲོ་དགོས་པ་དེ་ཡང་ཁོང་ཚོའི་འབངས་མི་སྟེ་ཁྱེད་ང་ལྟ་བུ་ཚོར་འཇོན་ཐང་དང་ནུས་པ་མེད་པ་ཁོ་ནས་རེད།
    ཁོང་ཚོ་ཕར་རྒྱ་ནག་ལ་སོང་དུས་རྒྱ་ནག་གི་མཐོང་ཆུང་དང་བཟེད་དགོས་ལ། ཕྱིར་རྒྱ་གར་ཏུ་འབྱོར་རྗེས་ང་ཚོས་ཁ་རྡུང་བཏང་ན་དངོས་ཡོད་གནས་ཚུལ་ལ་རན་པ་ཞིག་རེད་དམ། བསམ་བློ་ཞིབ་ཚགས་ཤིག་གཏོང་རོགས།
    ད་དུང་འཇིག་བྲལ་བསྟན་འཛིན་ནས་ཀྱང་ཁོང་ཚོ་སྐུ་ཚབ་ལ་བསྐོས་པ་དེ་༧གོང་ས་མཆོག་གིས་ནོར་འཁྲུལ་དུ་བཤད་ཁུལ་བྱས་འདུག འཇིག་བྲལ་ལགས། འོ་ན་ཁྱེད་ཀྱིས་ནོར་འཕྱུག་མེད་པའི་༧སྐུ་ཚབ་ཞིག་གི་མིང་གསུངས་རོགས། སྐད་ཆ་བཤད་ན་སྔ་གཞུག་ལ་བསམ་བློ་གཏོང་དགོས། ངས་ཐག་བཅད་ནས་བཤད་ཐུབ་པ་ཞིག་ནི་ཁོང་ཚོ་ལས་ལྷག་པའི་མི་གཅིག་ཁྱེད་ཀྱིས་རྙེད་མི་སྲིད་པ་དེ་རེད།
    མཐའ་དོན་སྐུ་ཞབས་མདོ་འདུམ་ཚང་གི་སྡུག་ཡུས་དེ་དག་དངོས་གནས་སེམས་འགུལ་ཐེབས་པ་ཞིག་བྲིས་འདུག་མོད། བོད་ཀྱི་གཏམ་དཔེར། ཁོང་ཁྲོ་གཡག་ལ་ཟ་ནས། མགོ་ལྕག་རྟ་ལ་བྲབ་ཅེས་པ་དེ་ལས་མ་འདས་སོ།

    Reply
  24. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    མདོ་འདུམ་ཚང་ཁག་མེད་བདེན་བདེན།

    Reply
  25. ཨ་འབྲུག་དཀོན་མཆོག says:
    ལོ་ 15 སྔོན།

    སྐུ་ཚབ་འདི་དག་གིས་དོན་དག་བསྒྲུབ་ཅིག་བསྒྲུབ་ཐུབ་མིན་ནི་སྐུ་ཚབ་འདི་དག་སྒེར་གྱི་ནུས་པ་ཙམ་ལ་ཐུག་མེད། དེ་ནི་བོད་རྒྱ་གཉིས་ཀྱི་གཞི་རྩའི་སྟོབས་ཤུགས་ཀྱི་བར་ཁྱད་ཅིག་ལ་ཐུག་ཡོད།
    སྐུ་ཚབ་འདི་དག་༸གོང་ས་མཆོག་གི་སྐུ་ཚབ་རེད་་་་དེ་བས་བོད་མི་མང་གི་སྐུ་ཚབ་ཀྱང་རེད། འདི་དག་ཆེ་མཐོང་ཆེ་ཤོས་དེ་ང་ཚོས་འཇོག་དགོས་པ་ཧ་ཅང་གལ་ཆེན་རེད།

    Reply
  26. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དག་བཅོས།

    ༸གོང་ས་ཏཱ་ལའི་བླ་མའི་སྐུ་ཚབ་ལགས། ད་ཁྱོད་ཚོ་དགོངས་པ་ཞུས་ན་ཡག་ས་རེད། ཁྱེད་ཚོ་སྐུ་ཚབ་ལ་འདེམས་གནང་བ་དེ་ཏཱ་ལའི་བླ་མས་ཕྱག་ལས་ནོར་འཁྲུལ་ཡིན་པ་བོད་ཀྱི་དུས་བབ་གསར་ཁང་གི་དྲ་གྲོགས་ཚོས་ངོས་འཛིན་གསལ་པོ་བྱས་འདུག ཁོང་ཚོ་དེང་སང་བཙན་བྱོལ་ནང་གི་མཁས་དབང་ཡིན་ཟེར་གྱི་ཡོད་རེད་ལ། ཁོང་ཚོས་ཁྱོད་ཚོ་འཆམ་འཆམ་ལ་ཕྱིན་པ་རེད་ཟེར་གྱི་ཡོད་རེད། ༸གོང་ས་ཏཱ་ལའི་བླ་མའི་ཐབས་སྐྱོ་བ་ལ། འཆམ་འཆམ་ལ་འགྲོ་མཁན་ཁ་ཤས་ལས་སྐུ་ཚབ་རག་མེད་པ་འདྲ། ཡང་ན་དྲ་གྲོགས་ཚོ་སྨྱོས་འདུག

    Reply
  27. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ༸གོང་ས་ཏཱ་ལའི་བླ་མའི་སྐུ་ཚབ་ལགས། ད་ཁྱོད་ཚོ་དགོངས་པ་ཞུས་ན་ཡག་ས་རེད། ཁྱེད་ཚོ་སྐུ་ཚབ་ལ་འདེམས་གནང་བ་དེ་ཏཱ་ལའི་བླ་མས་ཕྱག་ལས་ནོར་འཁྲུལ་ཡིན་པ་བོད་ཀྱི་དུས་བབ་གསར་ཁང་གི་དྲ་གྲོགས་ཚོས་ངོས་འཛིན་གསལ་པོ་བྱས་འདུག ཁོང་ཚོ་དེང་སང་བཙན་བྱོལ་ནང་གི་མཁས་དབང་ཡིན་ཟེར་གྱི་ཡོད་རེད་ལ། ཁོང་ཚོས་ཁྱོད་ཚོ་འཆམ་འཆམ་ལ་ཕྱིན་པ་རེད་ཟེར་གྱི་ཡོད་རེད། ༸གོང་ས་ཏཱ་ལའི་བླ་མའི་ཐབས་སྐྱོ་བལ། འཆམ་འཆམ་ལ་འགྲོ་ཁ་ཤས་ལས་སྐུ་ཚབ་རག་མེད་པ་འདྲ། ཡང་ན་དྲ་གྲོགས་ཚོ་སྨྱོས་འདུག

    Reply
  28. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    སྐུ་ཚབ་རྣམ་པར་དྲི་ལན་ཡིད་ཚིམ་པ་ཞིག་ཡོད་པའི་སྨོན་ལམ།

    Reply
  29. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    ད་དུང་ཧུ་ནན་ཞིང་ཆེན་གྱི་ཏན་ཞ་ཧྲན་ལ་གནས་མཇལ་དུ་སོང་ངམ། དེ་གའི་ཕོ་མཚན་གྱི་བྲག་རི་དང་མོ་མཚན་ཅན་གྱི་ཕ་བོང་དག་མཇལ་སོང་ངམ།

    Reply
  30. བདེ་བ་ཅན། says:
    ལོ་ 15 སྔོན།

    སྐུ་ཚབ་ཕྱིེར་ཕེབས་ཟིན་འདུག ཨེ་པེ་གསར་འགྱུར་ལ་གཟིགས་དང༌། སྐུ་ཚབ་ཚོགས་པ་ཕེབས་ཡུལ་འདི་མའོ་ཡི་སྐྱེས་ཡུལ་ཡིན་མིན་ལ་མ་ལྟོས་པར་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་ཚོགས་པས་རྒྱ་ནག་གཞུང་གི་གཞུང་འབྲེལ་དཔོན་རིགས་ཁག་དང་ངོ་ཐུག་སླད་བསྐྱོད་ཐུབ་པ་འདིར་བསྔགས་བརྗོད་ཞུ་མཁན་ཞིག་ཡིན། མ་འགྲིག་མ་འཐུས་པ་རྐྱང་པ་བཤད་ནས་བསྡད་ཚེ་ཡོང་རྒྱུ་གང་ཡང་མེད། གང་ལྟར་གདོང་གཏུགས་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས་བྱ་རྒྱུ་འདི་དོན་འབྲས་ཆེ་ཤོས་ཡིན་པ་ལས་དེ་ལས་ལྷག་པ་ཞིག་བྱ་རྒྱུ་ཡོད་པ་དང་བྱ་ཐུབ་མཁན་ཞིག་སུ་ཡོད་དམ། བཤད་རྒྱུ་མང་མ་དྲག

    Reply
  31. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    འོ་་་ད་དུང་ཚར་མ་སོང་་་་་་ད་དུང་འགོ་བ་འགའ་དང་ལྷན་དུ་ཞལ་ལག་ཡག་ཤོས་ཤིག་དང་ཝུ་ཆང་ཡག་ཤོས་དག་ཉིན་འགའི་རྗེས་འཐུང་ཆད་ཡོད་་་་་དེ་ཚར་རྗེས་ཅིག་བྱས་ན་ཡོང་གི་ཡིན་་་ད་དུང་ཞེ་དྲགས་ཧ་གོ་གི་མི་འདུག་་་་་ང་ཚོར་མ་བལྟ་ཨཱ་་་་་་་་་ཁྱོད་ཚོར་རྔན་པ་ཅི་ཡང་མེད་ལོ། ད་ཐེངས་སྐྱིད་པོ་ཞིག་འཆམ་དགོས༌༌༌༌༌༌༌༌༌༌༌༌༌༌

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese