མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་ཚབ་ཚོ་ཕྱིར་ལྡི་ལིར་འབྱོར་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གི་སྐུ་ཚབ་རྣམ་པ་ཕྱི་ཚེས་ ༡ ཉིན་པེ་ཅིན་ནས་ལྡི་ལིར་འབྱོར་ཡོད་པ་དང་། ཕྱི་ཚེས་ ༡ གི་ཉིན་རྒྱབ་ལྡི་ལི་ནས་ངྷ་སར་ལམ་ལ་ཆས་ཡོད་འདུག

སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱིས་ཨེ་པེ་གསར་ཁང་ལ་གསུངས་པ་ལྟར་ན། ༧གོང་ས་མཆོག་གི་སྐུ་ཚབ་རྣམ་པ་དེ་རིང་ལྡི་ལིར་འབྱོར་ཡོད་པ་དང་། ཉིན་རྒྱབ་དེར་ལྡི་ལི་ནས་ངྷ་སར་ཕེབས་རྒྱུ་ཡིན་འདུག

ཟླ་ ༡༥ རྗེས་ཀྱི་འབྲེལ་མོལ་ཐེངས་དགུ་པ་འདིའི་སྐོར་ཁོང་རྣམ་པ་ཕྱིར་བཞུགས་སྒར་དུ་འབྱོར་མཚམས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ལ་མཇལ་བཅར་གྱིས་གནས་ཚུལ་ཅི་བྱུང་སྙན་སེང་ཞུ་རྒྱུ་ཡིན་འདུག

ཨེ་པེ་གསར་ཁང་གིས་སྤེལ་བ་ལྟར་ན། ཐེངས་འདིར་འབྲེལ་མོལ་གྱི་གྲུབ་དོན་ཁག་༧གོང་ས་མཆོག་ལ་སྙན་སེང་ཞུ་རྒྱུ་ཡིན་མིན་གསལ་ཁ་མི་འདུག

དེ་བཞིན་ཨེ་པེ་གསར་འགྱུར་གྱི་མཇུག་དེར་ཚིག་གྲུབ་ཅིག་འདུག་ལ། དེའི་ནང་དུ། གཟའ་མིག་དམར་ཉིན་རྒྱ་ནག་གི་དཔོན་རིགས་ཚོས་ཐེངས་འདིའི་འབྲེལ་མོལ་གྱི་སྐོར་ལ་བགྲོ་གླེང་བྱ་རྒྱུ་ཡིན་ཚུལ་ཡང་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 53

  1. གཡག་ཕྲུག། says:
    ལོ་ 15 སྔོན།

    ཡིད་ཆེས་མེད་པའི་རེ་སྒུག་ཞིག།

    Reply
  2. གཡག་ཕྲུག། says:
    ལོ་ 15 སྔོན།

    ྱཡིད་ཆེས་མེད་པའི་རེ་སྒུག་ཞིག་ཡོད།

    Reply
  3. གཡག་ཕྲུག། says:
    ལོ་ 15 སྔོན།

    སྐུ་ཚབ་ཚོར་། བཟང་ཕྱོགས་ཀྱི་གྲུབ་འབྲས་ལ་ཡིད་ཆེས་མེད་པའི་རེ་སྒུག་ཞིག་ཡོད།

    Reply
  4. གནས་ཚང་། says:
    ལོ་ 15 སྔོན།

    རྒྱ་རི་ཕྱི་ལོ ༢༠༠༢ལོ་ནས་ཕྱི་ལོ ༢༠༡༠ལོར་སྐུ་ཚབ་གནང་བའི་འབྲས་བུ་བོད་དོན་ཏཱ་ལའི་ཅན་ནས་ཏཱ་ལའི་སྒེར་དོན་ཅན་ལ་བསྐུལ་འདེད་གནང་ཡོད་པས། བྱས་རྗེས་ཟེར་ན་འདི་འདྲ་དགོས། སྐུ་ཚབ་ཟེར་ན་འདི་འདྲ་དགོས། བོད་དོན་ཚར་རག་བར་དུ་སྐུ་ཚབ་གནང་བར་ཤོག བོད་པ་འཇིག་རག་བར་དུ་སྐུ་ཚབ་གནང་བར་ཤོག

    Reply
  5. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 15 སྔོན།

    དེ་རིང་ཕྱི་དྲོ་རྒྱ་གར་གྱི་ཆུ་ཚོད་ ༣།༠༠ པའི་ཐོག་བོད་རྒྱ་འབྲེལ་མོལ་སྐུ་ཚབ་རྣམས་ཀྱི་གསར་འགོད་གསལ་བསྒྲགས་དེ་རྡ་རམ་ས་ལར་བྷག་སུའི་བརྙན་འཕྲིན་བརྒྱུད་ཐད་ཀར་བཏོན་རྒྱུ་རེད་འདུག་པ་དང་། བཙན་བྱོལ་བོད་གཞུང་གི་དྲ་བརྙན་བརྒྱུད་ཐད་ཀར་བཏོན་རྒྱུའང་ཡིན་འདུག

    Reply
  6. སྒོམ་སྡེ་དོན་གྲུབ་རྒྱལ་མཚན། says:
    ལོ་ 15 སྔོན།

    སྐུ་ཚབ་རྣམ་པ་ལྡི་ལིར་འབྱོར་ཞིང་ཁུ་སིམ་མེར་རྡ་སར་ཆས། བཀའ་ཁྲི་མཆོག་མཇལ་བཅར་ཟིན་རྗེས་སླར་ཡང་ཁུ་སིམ་མེ། དལ་ཅ་གེར་སོང་འདུག

    Reply
  7. རྒྱང་རིང་ནས། says:
    ལོ་ 15 སྔོན།

    གྲོས་མོ་ལན་དགུ་ཆད་ཡང་ལན་དགུ་མཐུད།
    རྫུན་མ་ལན་བརྒྱ་བཤད་ཡང་བདེན་པ་གཅིག
    གཡོ་སྒྱུར་ཁྲི་འབུམ་ཁྲག་ཡང་ཆུ་ཟླ་བཞིན།
    འོད་གསལ་ཉི་མ་འཆར་དུས་ཡལ་བ་ངེས།

    Reply
  8. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    མདང་དགོང་བོད་ཀྱི་དྲ་བརྙན་ལས་སྐུ་ཚབ་གཙོ་གྲས་རྒྱ་རི་བས་དེ་རིང་གསལ་བསྒྲགས་བྱེད་རྒྱུ་ཡིན་གསུངས་སོང་། ད་ང་ཚོས་གསར་འགྱུར་རྗེས་མ་ཞིག་ལ་སྒུག་ནས་འདུག་རྒྱུ་དེ་རེད།

    Reply
  9. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོའི་དགོངས་པ་ལ་ཟུར་བལྟ་བྱས་ནས་བསྡད་པ་ཡིན། དེ་རིང་གི་བགྲོ་གླེང་ནང་བོད་དོན་གྱི་ཐད་གནད་ལ་ཕིག་པའི་བགྲོ་གླེང་ག་རེ་བྱུང་འདུག བརྗིད་ཚད་ག་ཚོད་འདུག བོད་ཆོལ་གསུམ་ཆིག་སྒྲིལ་བྱེད་ཀྱི་ཡིན་ན་ཆིག་སྒྲིལ་གྱི་བཀའ་མོལ་ག་ཚོད་འདུག ཡང་ན་གཏོར་བཤིག་གི་སྐད་ཆ་ག་ཚོད་འདུག རྒྱ་ལ་ཁ་གཏད་གཅོག་གི་ཡོད་ན་ལན་ག་རེ་ཕོག་འདུག

    རང་རང་སོ་སོ་ནས་བགྲོ་གླེང་ནང་བཤད་པ་ཚོར་ཞིབ་གཟིགས་གནང་རོགས།

    Reply
  10. སྐྱ་ཀ says:
    ལོ་ 15 སྔོན།

    གང་སྨོས་བཞིན་སྐུ་ཚབ་སུ་ཞིག་གི་སྐུ་ཚབ་ཡིན་པ་གསལ་ཐག་ཆོད་དགོས་པ་ཞིག་རེད། སྤྱི་སྒེར་སུ་ཡིན་མ་ཤེས་གང་གསར་འགྱུར་ནང་གཟིགས་འབུལ་ཞུས་པས་གནད་དོན་འདའི་ཐོོག་ནས། གསར་འགྱུར་རྒྱུད་ལམ་ཁག་དང་དེང་སོང་བོད་ཀྱི་ཚགས་ཤོག་སོགས་སྟེང་དུ་བཀོད་པའི་གནས་ཚུལ་སོགས་དངོས་བདེན་ར་སྤྲོད་
    ཡིན་མིན་ཐག་མ་ཆོད་པ་ཡིད་གཉིས་ཟ་དགོས་དོན་དེའང་།

    Reply
  11. ལུང་རྟོགས། says:
    ལོ་ 15 སྔོན།

    སྐུ་ཚབ་ཕྱིར་ཕེབ་པའི་གསར་འགྱུར་འདིས་ང་ལ་དངང་ཚབ་ཞིག་བསློང་སོང། བཟང་ངན་ཇི་འདྲ་ཞིག་ཐོས་གྲབ་ཡོད་ན་དཀོན་མཆོག་མཁྱེན།

    Reply
  12. བློ་བཟང་ལུང་རྟོགས། says:
    ལོ་ 15 སྔོན།

    མ་རེད། རྒྱ་གཞུང་གིས་སྐུ་ཚབ་དང་སྐད་ཆ་བཤད་ཁུལ་བྱེད་ཀྱི་ཡོད་པ་དེ་རྒྱལ་སྤྱིའི་གནོན་ཤུགས་ལ་སྐྲག་པ་མ་རེད། གཙོ་བོ་བོད་ནང་གི་བོད་མི་ཚོར་ཞེད་ཀྱི་ཡོད་པ་རེད། ཁོང་ཚོ་དེང་སྐབས་རྒྱལ་ཁབ་སུ་དང་གང་ལ་ཡང་སྐྲག་གི་མེད་། གཙོ་བོ་ཁོ་ཚོ་ནང་ཁུལ་གྱི་རྙོག་དྲ་ལ་སྐྲག་གི་ཡོད།
    དོན་དངོས་ཀྱི་སྐད་ཆ་ཞིག་བཤད་ན།
    ཞི་མོལ་ཟེར་བ་དེ་བཟི་སྨན་རེད། བཟི་སྨན་དེས་ང་ཚོ་གཞིས་བྱེས་གཉིས་ཀྱི་བོད་རིགས་ཚོ་བཟི་རུ་འཇུག་གི་ཡོད་པ་རེད། ང་ཚོས་སེམས་པ་གནད་དུ་ཕབས་ནས་བསམ་བློ་བཏང་ན་བློས་བཏང་དང་དཀའ་ལས་རྒྱག་མི་དགོས་པར་འགྱེལ་ཡ་ནས་ལངས་ཐུབ་པ་ཞིག་གཏན་ནས་ཡོད་མི་སྲིད།
    བོད་ནང་གི་བོད་མིའི་སེམས་ཤུགས་དང་། ༧གོང་ས་མཆོག་གི་མཛད་འཕྲིན། བཙན་བྱོལ་བོད་མིའི་གནས་སྟངས་གང་ཅིར་ཞིབ་འཇུག་བྱས་པ་ཡིན་ན་ད་ལྟའི་དུས་ཚོད་འདིར་ང་ཚོས་སོ་སོ་མགོ་ལ་སོ་སོས་རྡོ་གཞུས་པའི་དུས་ཚོད་ཅིག་གཏན་ནས་མིན།

    Reply
  13. རྒྱ་རགས། says:
    ལོ་ 15 སྔོན།

    ཁོང་རྣམ་པ་ཚོ་ཕེབས་ནས་བོད་མི་རིགས་ཀྱི་དོན་ཞིག་གླེང་བ་རེད་དམ་ཡང་ན་༧གོང་ས་མཆོག་གི་དོན་ཞིག་གླེང་བ་རེད། ཁོང་རྣམ་པ་ཚོ་༧གོང་ས་མཆོག་གི་སྐུ་ཚབ་རེད་དམ་བོད་མི་རིགས་ཀྱི་སྐུ་ཚབ་རེད། ༧གོང་ས་མཆོག་གི་དོན་དང་བོད་མི་རིགས་ཀྱི་དོན་གཅིག་པ་རེད་ཟེར་རམ། རྒྱ་ནག་ཕྱོགས་ནས་ཏཱ་ལའི་ནི་རིང་ན་ལོ་བཅུ་གྲངས་ཀྱི་མི་ཡིན་ཟེར་གྱིན་ཡོད་ལ་དེའི་རྐྱེན་གྱིས་ཏཱ་ལའི་སྐུ་ཚབ་ཅེས་ཟེར་གྱི་ཡོད། ཏཱ་ལིས་ཀྱི་དོན་ནི་ནར་འགྱངས་བྱས་བཞག་ན་ལོ་བཅུ་གྲངས་ནས་རང་བཞིན་གྱིས་མཇུག་བསྒྲིལ་འགྲོ་གི་རེད་ཟེར་གྱི་ཡོད་པ་རེད། རང་ཕྱོགས་ནས་ཀྱང་འདི་ལྟར་༧གོང་ས་མཆོག་གི་སྐུ་ཚབ་ཅེས་བཏགས་ན་ཅི་འདྲ་ཡིན་ནམ། ངའི་བསམ་པར་འདི་ན་གནད་དོན་ཞིག་ཡོད་པར་སྙམ།

    Reply
  14. ཨ་མྱེ་རྫ་རྒྱ་ says:
    ལོ་ 15 སྔོན།

    སྐུ་ཚབ་རྣམ་པ་ཕེབ་པར་དགའ་བསུ་ཞུ། གྲུབ་འབྲས་བཟང་པོ་ཞིག་ཡོང་བའི་རེ་བ་ཡོད། རྗེས་ནས་མཆན་ཐུང་ཞིག་འབྲི་རྒྱུ་ཡིན་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

    Reply
  15. འཇམ་དཔལ། says:
    ལོ་ 15 སྔོན།

    སྐུ་ཚབ་རྣམས་རྒྱ་ནག་ནས་དེ་རིང་རྒྱ་གར་དུ་ཕྱིར་འབྱོར་བ་ལ་མཚམས་འབྲེལ་བཀྲ་ཤིས་བདེ་ལེགས་དང་གཏམ་བཟང་ཡོང་བའི་སྨོན་འདོན་བཅས

    Reply
  16. gyalpu says:
    ལོ་ 15 སྔོན།

    ཕེབས་པར་དགའ་བསུ་ཞུ་གི་མིན། གང་ཡིན་ཟེར་ན། འགྲུབ་འབྲས་བཟང་ངན་ཤེས་རྟོགས་མ་བྱུང་པས།

    Reply
  17. སྟག་རྩེ་དཔལ་ལྡན says:
    ལོ་ 15 སྔོན།

    ཁྱེད་རང་ཕེབས་པར་དགའ་སུ་ཞུ།

    Reply
  18. གཞིས་ལུས་བོད་པ། says:
    ལོ་ 15 སྔོན།

    ད་རེ་བ་དེ་ཙམ་མེད་ཚོད་རེད།

    Reply
  19. རིག་འཛིན། says:
    ལོ་ 15 སྔོན།

    ཆུ་ཐིགས་ཀྱིས་གསུང་བ་བཞིན་བེ་རི་རྒྱག་པ་དང་རྒྱལ་པོ་གང་ཡིན་ནཡང་ཡིག་ནོར་ལ་ཅུང་ཙམ་གཟབ་གཟབ་གནང་ན་ལེགས། མ་གཏོགས་ཟ་དགའ་ཉལ་སྐྱིད་རྐྱང་རྐྱང་བྱེད་དེ་ང་ཚའི་གླེང་སྟེགས་འདིར་གནས་ཐུབ་པ་ཁག་པོ་རེད་ད།

    Reply
  20. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    ཨ་རོགས་བེ་རི་རྒྱལ་པོ་ལགས་་་་་ད་དུང་བསམ་ཚུལ་གླེང་རན་མ་རེད་ལོ་་་་དང་པོ་སུམ་རྟགས་སོགས་ཅུང་ཙམ་སྦྱངས་ནས་ཡིག་ནོར་མེད་པ་བཟོས་རྗེས་འདིར་ཞུགས་ནས་བསམ་ཚུལ་སྤེལ་ན་ཅུང་དགེ་མཚན་འདུག་པ་ལས་བོད་པས་བོད་ཡིག་འདི་ཙམ་ལས་མ་ཤེས་ན་དེ་ནས་སུས་ཤེས་པ་རེད་་་་དེ་ནི་ང་ཚོ་ངོ་ཚ་དགོས་པ་ཞིག་མ་རེད་དམ། ཡི་གེ་་འདི་ཙམ་ལས་མ་ཤེས་གཞན་ལྟ་ཅི་སྨོས

    Reply
  21. ནགས་ཕྲན་པ་བསོད་ནམས་ཚེ་རིང་། says:
    ལོ་ 15 སྔོན།

    གང་ལྟར་ངས་སྐུ་ཚབ་ཐེངས་དྲུག་པ་ནས་རེ་བ་ཆད་པ་ཡིན། ད་ཐེངས་དེ་ལས་ཀྱང་རེ་བ་མེད་ལ། རྒྱ་ནག་གི་བཀའ་བཀྱོན་ཞིག་ཁུར་ནས་ཡོང་དགོས་ཐུག་གི་རེད་ཅེས་ཁ་སང་ཁར་ཉིད་ནས་བཤད་པ་ཡིན།

    Reply
  22. བེ་རི་རྒྱལ་པོ་ཟ་དགའ་ཉལ་སྐྱིད says:
    ལོ་ 15 སྔོན།

    སྐུ་ཚབ་ཚོ་ཕེབས་པ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆར་གཅིག་དུ་མ་འོང་པ་ཡང་༸གོང་ས་མཆོག་གི་ཞབས་ཞུ་བྱེད་རོགས་གནང་བོད་ཀྱི་གྲུབ་འབྲས་བཟང་ངན་ནི་རྒྱ་ནག་ལག་དུ་ཡོད་པ་ལས་ཁྱོད་ཚོའི་ལག་དུ་མེད་་་་ག་སྲིད་ཁྱོད་ཚོའི་ལག་དུ་ཡོད་ན་སྔོན་མ་ནས་ང་ཚོ་བོད་ལ་ལོགས་ཚ་བ་རེད

    Reply
  23. འབྲོག་རུ་ཆོས་གྲགས། says:
    ལོ་ 15 སྔོན།

    རྒྱ་ནག་གིས་བོད་རྒྱ་ཞི་མོལ་ཐད་ཀྱི་གསར་འགོད་གསལ་བསྒྲགས་དེ་སང་ཉིན་རྒྱ་ནག་གི་ཆུ་ཚོད་ ༡༠ དང་ཕྱེད་ཀའི་ཐོག་བསྒྲག་རྒྱུ་ཡིན་འདུག བཙན་བྱོལ་བ་ནང་ག་དུས་བསྒྲག་གི་ཡིན་ན།

    Reply
  24. རིག་འཛིན། says:
    ལོ་ 15 སྔོན།

    གྲུབ་འབྲས་བཟང་ངན་གང་འདྲ་བྱུང་ཡོད་མེད་འགྱོག་པོ་གོ་འདོད་ཤུགས་ཆེ་ཡོད་པས་་་རྣམ་པ་ཚོས་གནས་ཚུལ་ཁ་གསལ་གོ་མ་ཐག་འདིར་བཀོད་ཡོང་བའི་རེ་འབོད་ཡོད།།་

    Reply
  25. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    འོ་ཡ་་་བདེ་བར་སླེབས་པ་ལས་དོན་ཐག་ཅིག་ཆོད་མེད་པ་འདྲ་་་་་་་གང་ལྟར་འཆམ་འཆམ་ལྟ་བུ་ཡིན་ནའང་འདྲ་་་་་འགྲོ་རྒྱུའི་གོ་སྐབས་རེ་རེག་ན་ད་དུང་འགྲོ་དགོས་པ་རེད། ངས་བལྟས་ན་ཡང་བསྐྱར་ཤོག་ཟེར་ཡོད་ཁོ་ཐག་ཡིན་་་་་་་ཅིག་བྱས་ན་ལོ་མཇུག་ཙམ་མིན་འགྲོ། འདི་ནི་རྒྱ་ནག་གི་འགྲོ་སྟངས་རེད་ཡ

    Reply
  26. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    གསར་འགྱུར་ཀློག་གི་ཤོག

    མདུན་ངོས་དཀྱིལ་གྱི་གསར་འགྱུར་དང་པོ་དེ་ཀློག་གི་ཤོག

    Reply
  27. རྐང་རྗེན་པ། says:
    ལོ་ 15 སྔོན།

    ཞིན་ཧྭ་དྲ་ཚིགས་རྒྱ་ཡིག་ཐོག་ཏུ་འདུག ཁོང་ཚོའི་འཐབ་ཕྱོགས་གཅིག་གྱུར་ཁང་གི་དྲ་རྒྱའི་ཐོག་ཏུའང་འདུག བོད་ཡིག་ཐོག་ད་དུང་སླེབས་མི་འདུག བསྒྱུར་མ་ཚར་བ་འདྲ།

    Reply
  28. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ཞིན་ཧ་དྲ་རྒྱའི་བོད་སྐད་ཐོག་མི་འདུག
    གང་དུ་འདུག སྟོན་དང་།

    Reply
  29. བཀྲ་ཤིས་ཟླ་བ། says:
    ལོ་ 15 སྔོན།

    ང་རང་གིས་བསམ་ཚུལ་བརྗོད་ན། ད་ལྟ་ཕལ་ཆེར་བོད་རྒྱ་ཞི་མོལ་ལ་རེ་བ་གང་ཡང་མེད་པར་སྙམ། བྱེད་སྟངས་འདི་ནི་རྒྱ་ནག་གཞུང་གིས་རྒྱལ་སྤྱི་ཐོག་ལ་སྟོན་རྒྱུའི་སྟོན་མོ་ཡག་པོ་ཞིག་ལ་ངོས་འཛྀན་ཞུ་ཆོག

    Reply
  30. བཀྲ་ཤིས་ཟླ་བ། says:
    ལོ་ 15 སྔོན།

    དྲྭ་གྲོགས་རྣམ་པ་ཚོ་སྐུ་ཁམས་བཟང་ངམ། ཉིན་མང་པོ་ཞིག་ལ་ང་རང་གི་གསང་ཚིག་བརྗེད་དེ་འདིར་ཞུགས་ཐུབ་མ་སོང་། དགོངས་འགལ་མེད་པར་ཞུ།

    Reply
  31. རྐང་རྗེན་པ། says:
    ལོ་ 15 སྔོན།

    ྆རྒྱ་ནག་གིས་ཞིན་ཧྭ་དྲ་རྒྱའི་ཐོག་ད་རེས་ཀྱི་འབྲེལ་མོལ་སྐོར་གསལ་བསྒྲགས་བྱས་ཚར་འདུག དྲ་གྲོགས་ཚོས་ཞིན་ཧྭ་དྲ་རྒྱ་ལ་གཟིགས་དང།

    Reply
  32. དབྱངས་བུ། says:
    ལོ་ 15 སྔོན།

    ཨེ་པེ་གསར་ཁང་གིས་སྤེལ་བ་ལྟར་ན། ཐེངས་འདིར་འབྲེལ་མོལ་གྱི་གྲུབ་དོན་ཁག་༧གོང་ས་མཆོག་ལ་སྙན་སེང་ཞུ་རྒྱུ་ཡིན་མིན་གསལ་ཁ་མི་འདུག
    ཅེས་འཁོད་འདུག་པའི་རྒྱུ་མཚན་གང་ཡིན་ནམ།རྒྱ་རི་བློ་རྒྱལ་ཁོང་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་མ་ཡིན་ནམ།

    འོན་ཀྱང་གྲུབ་འབྲས་གང་ལེགས་ཡོང་བར་སྨོན།

    Reply
  33. གཞིས་ལུས་བོད་པ། says:
    ལོ་ 15 སྔོན།

    ད་རྣ་བ་འདིས་ཅི་འདྲ་ཞིག་ཚོར་ཡོང་། ད་དུང་ཧ་མི་གོ་གི་ཡ་གྲོགས་པོ་ཚོ།

    Reply
  34. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    http://www.state.gov/documents/organization/134445.pdf
    ༢༠༡༠/༠༡/༢༧ ཉིན་ཨ་རིས་བདེ་སྲུང་ལས་ཁུངས་ནས་ཕྱི་ལོ་༢༠༠༩/༡༠/༢༦ ཉིན་འདོན་སྤེལ་བྱས་པའི་བོད་སྐོར་གྱི་ཆོས་ལུགས་རང་དབང་གི་སྙན་ཐོ་དེ་དབྱིན་སྐད་ནས་བོད་སྐད་ཐོག་ཕབས་བསྒྱུར་གྱིས་བཀྲམས་འདུག གོང་གི་དྲ་བྱང་དེ་ནས་གཟིགས་ཐུབ་ཀྱི་འདུག

    Reply
  35. བོད། བདེ་སྐྱིད་ལྷ་མོ། says:
    ལོ་ 15 སྔོན།

    ད་གཏམ་བཟང་ཞིག་ཡོད་པ་ཐག་ཆོད།

    Reply
  36. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    http://www.youtube.com/watch?v=3H0A3DEWNKY&feature=related
    རྨ་ཁ་མེད་པའི་གཅར་བརྡུང་འདི་ན་ཉན་རྒྱུ་ཡོད།

    Reply
  37. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    སྐུ་ཚབ་རྣམ་པ། ཁྱེད་ཚོའི་སྤྲོ་འཆམ་དེ་གྲུབ་ཚར་སོང་ངམ། ཟེར་ནས་བོད་ཀྱི་དུས་བབ་དྲ་ཚིགས་སུ་རྩོམ་ཡིག་ལེགས་གྲས་སུ་བདམས་བཀོད་བྱས་འདུག དེར་བརྟེན་སྐུ་ཚབ་ཚོར་གསལ་འདེབས་ཐུང་ཐུང་ཞིག་བྱེད་རྒྱུར།

    ༸གོང་ས་ཏཱ་ལའི་བླ་མའི་སྐུ་ཚབ་ལགས། ད་ཁྱོད་ཚོ་དགོངས་པ་ཞུས་ན་ཡག་ས་རེད། ཁྱེད་ཚོ་སྐུ་ཚབ་ལ་འདེམས་གནང་བ་དེ་ཏཱ་ལའི་བླ་མས་ཕྱག་ལས་ནོར་འཁྲུལ་ཡིན་པ་བོད་ཀྱི་དུས་བབ་གསར་ཁང་གི་དྲ་གྲོགས་ཚོས་ངོས་འཛིན་གསལ་པོ་བྱས་འདུག ཁོང་ཚོ་དེང་སང་བཙན་བྱོལ་ནང་གི་མཁས་དབང་ཡིན་ཟེར་གྱི་ཡོད་རེད་ལ། ཁོང་ཚོས་ཁྱོད་ཚོ་འཆམ་འཆམ་ལ་ཕྱིན་པ་རེད་ཟེར་གྱི་ཡོད་རེད། ༸གོང་ས་ཏཱ་ལའི་བླ་མའི་ཐབས་སྐྱོ་བ་ལ། འཆམ་འཆམ་ལ་འགྲོ་མཁན་ཁ་ཤས་ལས་སྐུ་ཚབ་རག་མེད་པ་འདྲ། ཡང་ན་དྲ་གྲོགས་ཚོ་སྨྱོས་འདུག

    Reply
  38. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ང་ཚོའི་སེམས་པ་མི་ལོ་ལྔ་བཅུར་འཁྱག་སིབ་བེར་ཡོད་པ་ལ། དེ་རིང་དམིགས་བསལ་འཁྱག་དགོས་དོན་མི་འདུག

    Reply
  39. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དེ་ལ་བཙན་བྱོལ་ནང་གི་མི་མང་ལ་འཐེན་འཁྱེར་བསླབ་ནས་མི་སྡོད་པར་བོད་དོན་གྱི་རྩ་བའི་རྨང་གཞི་ནས་འཛུབ་ཁྲིད་བྱེད་དགོས་པ་རེད།

    Reply
  40. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དེ་ལ་མི་མང་བཙན་བྱོལ་ནང་གི་འཐེན་འཁྱེར་བསླབ་ནས་མི་སྡོད་པར་བོད་དོན་གྱི་རྩ་བའི་རྨང་གཞི་ནས་འཛུབ་ཁྲིད་བྱེད་དགོས་པ་རེད། ཅེས་པའི་བཟོ་བཅོས་འོག་ཏུ་བཀོད་པ།

    དེ་ལ་མི་མང་བཙན་བྱོལ་ནང་གི་མི་མང་ལ་འཐེན་འཁྱེར་བསླབ་ནས་མི་སྡོད་པར་བོད་དོན་གྱི་རྩ་བའི་རྨང་གཞི་ནས་འཛུབ་ཁྲིད་བྱེད་དགོས་པ་རེད།

    Reply
  41. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 15 སྔོན།

    བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་ཐོག་མར་དམིགས་བསལ་ཚོགས་ཆེན་མ་གྲུབ་བར་དུ་གསར་འགོར་གསལ་བསྒྲགས་གནང་རྒྱུ་མིན་སྐོར་ཡང་གསུངས་པ་རེད། རྗེས་སུ་རྒྱ་ནག་གིས་གསར་འགོད་ལྷན་ཚོགས་ཚོགས་པར་བརྟེན་ང་ཚོའི་སྐུ་ཚབ་ཚོས་གསར་འགོད་གསལ་བསྒྲགས་ལམ་སང་གནང་དགོས་ཆགས་པ་མ་རེད་དམ།

    Reply
  42. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    སྐུ་ཚབ་སུ་ཡིན་ནའང་འདྲ། ཡིག་ཆ་གང་འདྲ་ཞིག་ཁུར་ཡོད་ཀྱང་ཆོག གང་ལྟར་རྒྱ་ནག་གིས་ང་ཚོ་རྩེད་མོ་རྩེད་སྤྱད་བྱེད་ཀྱི་ཡོད་པ་རེད།

    སྤྲོད་རྒྱུའི་རེ་བ་མ་བྱེད། སྤྲོད་མཁན་སུ་ཡང་མེད་པ་ཤེས་དགོས། ལེན་དགོས་པ་རེད། ལེན་དགོས་པ་རེད། ལེན་ཐབས་བསམ་བློ་གཏོང་དགོས་ལ། ལེན་མཁན་མི་མང་གིས་ལེན་དགོས་པ་རེད། དེ་ལ་མི་མང་བཙན་བྱོལ་ནང་གི་འཐེན་འཁྱེར་བསླབ་ནས་མི་སྡོད་པར་བོད་དོན་གྱི་རྩ་བའི་རྨང་གཞི་ནས་འཛུབ་ཁྲིད་བྱེད་དགོས་པ་རེད།

    Reply
  43. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    གང་ལྟར་ཡང་གནས་ཚུལ་ཡོང་སྟངས་ལ་བལྟས་ན་འགྱུར་བ་ཞིག་ཡོད་པ་ཐག་ཆོད་རེད། འགྱུར་བ་འདི་ད་ལོའི་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་ཚོགས་མ་གྲུབ་བར་དུ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་རྒྱུ་རེད། དེའི་རྗེས་སུ་གང་ལྟར་བོད་དུ་མུ་མཐུད་དམ་བསྒྲགས་དང་། རྣམ་འགྱུར་ཇེ་འཁྲེགས་སུ་འགྲོ་ངེས་རེད། འདི་ནི་འབྲེལ་བ་བཟང་ཕྱོགས་ཀྱི་ངོ་གདོང་གི་འོག་ནས་ཕམ་པར་རྒྱག་ཐབས་ཀྱི་སྲིད་བྱུས་རེད།

    Reply
  44. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    སང་ཉིན་གསར་འགོད་གསལ་བསྒྲགས་མ་གནང་ཚེ། ཁོང་ཚོས་སང་ཉིན་རྒྱ་ནག་གི་གསར་འགོད་གསལ་བསྒྲགས་ལ་ཉན། དེ་ནས་བཟང་ལན་ངན་ལན་གང་རུང་ཞིག་ཕྱིར་སྤྲོད་འདོད་པ་ཡིན་རྒྱུ་རེད།

    རྒྱ་ནག་གིས་འདིའི་ཐད་ལ་གསར་འགོད་འདུ་འཛོམས་འཚོགས་གི་ཡོད་དུས་ཡག་རྟགས་ཤིག་ཡིན་མིན་མི་ཤེས།

    ད་གང་ལྟར་ཚོད་དཔག་རྐྱང་རྐྱང་བྱས་བསྡད་ནས་ཡོང་ས་མ་རེད། དངོས་སུ་འབྱོར་ཆུག་དང་།

    Reply
  45. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    ཡང་སེམས་འཁྱག་ལོག་གེར་བཏང་ཨེ་འགྲོ་སྙམ་ན་གསར་འགྱུར་ལ་སྒུག་རྒྱུ་སྐྲག་ནི་ཞིག་རེད།

    Reply
  46. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    རེམ་མོར་ཤོད་དང་། བྲེལ་བས་འབུ་འགུལ་གྱི་འདུག

    Reply
  47. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 15 སྔོན།

    ང་ཚོའི་སྐུ་ཚབ་ཚོས་སང་ཉིན་གསར་འགོད་གསལ་བསྒྲགས་གནང་རྒྱུ་མ་རེད་དྲན་གྱི་འདུག གང་ལགས་ཤེ་ན། ༸གོང་ས་མཆོག་གམ་དཔལ་ལྡན་བཀའ་ཤག་ལ་སྙན་གསན་ཆ་ཚང་ཞུ་དགོས་པ་རེད།

    Reply
  48. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    གཅིག་བྱས་ན། ཐེངས་འདིར་གསར་འགོད་གསལ་བསྒྲགས་དུས་མཉམ་དུ་གནང་རྒྱུ་ཡིན་པ་འདྲ།

    སྐུ་ཚབ་ཚོས་སང་ཉིན་གསར་འགོད་གསལ་བསྒྲགས་སྤེལ་སྲིད་ལ། རྒྱ་ནག་གིས་ཀྱང་སང་ཉིན་གཟའ་མིག་དམར་ཉིན་ཐེངས་འདིའི་འབྲེལ་མོལ་སྐོར་ལ་གསར་འགོད་འདུ་འཛོམས་ཤིག་བསྐང་རྒྱུ་ཡིན་པ་འདྲ།

    Reply
  49. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ཨོ་ཡ་ད་གཏམ་བཟང་གོ་རྒྱུ་ཡོད་ནི་སྨོན་ལམ།

    Reply
  50. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཨེ་པེ་གསར་འགྱུར་གྱི་མཇུག་ཏུ་འདི་ལྟ་བུ་ཞིག་བྲིས་འདུག

    Chinese officials have called a news conference Tuesday to discuss the meeting.

    འདིའི་གོ་དོན་གང་ཡིན་ནམ།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese