མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སར་ཁོ་རྫེ་ལ་རེ་ལྟོས།

བོད་ཀྱི་དུས་བབ།
༢༠༡༠/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡང་ཇི་ཁྲི་ཡིས་ཧྥ་རན་སིའི་སྲིད་འཛིན་སར་ཁོ་རྫེ་ལོ་འདིའི་དཔྱིད་དུས་སུ་རྒྱ་ནག་ལ་ཡོང་རྒྱུར་དགའ་བསུ་བྱས་ཡོད་པ་རེད།

ཕྱི་ཚེས་ ༤ ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡང་ཇི་ཁྲི་ཡིས་པཱ་རེ་སི་ནས་བཤད་དོན། ལོ་འདིའི་ཕྱི་ཟླ་ ༤ པ་དང་ ༥ བར་མཚམས་ཤིག་ལ་ཧྥ་རན་སིའི་སྲིད་འཛིན་སར་ཁོ་རྫེ་ལགས་ཧྲང་ཧེ་རུ་ཕེབས་རྒྱུ་ཡིན་སྐོར་གསུངས་སོང་སྟབས། རྒྱ་ནག་གི་ཕྱོགས་ནས་ཁོང་གི་གཟིགས་སྐོར་འདིའི་སྐོར་གོ་ནས་དགའ་སྤྲོ་སྐྱེས་ཡོད་ཅེས་དང་། ཁོང་ལོ་འདིར་རྒྱ་ནག་ཏུ་ཕེབས་རྒྱུ་དེ་ནི་རྒྱ་ནག་དང་ཧྥ་རན་སི་གཉིས་བར་གྱི་འབྲེལ་བའི་ཤོག་ངོས་གསར་པ་ཞིག་རེད། ཧྥ་རན་སིའི་སྲིད་འཛིན་ལགས་ཀྱིས་ང་ལ་བཤད་དོན། ཧྥ་རན་སིའི་ཕྱོགས་ནས་རྒྱ་ནག་དང་མཉམ་འབྲེལ་གྱིས་གོ་ལ་རང་བཞིན་གྱི་འཐབ་བྱུས་གོང་སྤེལ་ཕྱོགས་ལ་ལས་དོན་སྒྲུབ་རྒྱུར་གྲ་སྒྲིག་ཨང་གསར་ཡོད་ཟེར་ལ། ཧྥ་རན་སི་དང་རྒྱ་ནག་གིས་མཉམ་འབྲེལ་ཐོག་རྒྱལ་སྤྱིའི་དཔལ་འབྱོར་ཉམས་རྒུད་དང་གནམ་གཤིས་འགྱུར་ལྡོག་གི་ཕྱོགས་ལ་མཉམ་ལས་གནང་རྒྱུའི་སྐོར་ནན་བཤད་གནང་སོང་ཞེས་སོགས་བརྗོད་ཡོད་པ་རེད།

དེ་བཞིན་ ༢༠༡༠ ལོར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་ཧྥ་རན་སིར་ལྟ་སྐོར་བྱ་རྒྱུ་ཡིན་ཚུལ་ཡང་རྒྱ་ནག་ཕྱི་སྲིད་བློན་ཆེན་ཡང་ཇི་ཁྲི་ཡིས་བཤད་ཡོད་པ་རེད།

༢༠༠༨ ལོར་པེ་ཅིན་ཨོ་རྩེད་ཀྱི་དཔལ་འབར་ཧྥ་རན་སི་ནས་འཁྱེར་སྐབས་བོད་དོན་ལས་འགུལ་བ་རྣམས་ཀྱིས་ངོ་རྒོལ་ཤུགས་ཆེར་བྱས་པ་དང་། ལོ་དེར་ཧྥ་རན་སིའི་སྲིད་འཛིན་སར་ཁོ་རྫེ་རྣམ་གཉིས་མཇལ་འཕྲད་གནང་བ་སོགས་ལ་བརྟེན། རྒྱ་ནག་དང་ཧྥ་རན་སི་གཉིས་ཀྱི་འབྲེལ་བ་ཇེ་སྡུག་དུ་ཕྱིན་ཡོད། འོན་ཀྱང་། ལོ་འདིར་ཧྥ་རན་སིའི་སྲིད་འཛིན་རྒྱ་ནག་ལ་ཕེབས་འཆར་འདིས་རྒྱལ་ཁབ་དེ་གཉིས་ཀྱི་འབྲེལ་བ་བསྐྱར་གསོ་བྱ་རྒྱུ་ཡིན་པའི་རེ་བ་བྱེད་ཀྱིན་ཡོད་པ་རེད།

རྒྱ་ནག་ཕྱི་སྲིད་བློན་ཆེན་ཡང་ཇི་ཁྲི་ནི་ཕྱི་ཚེས་ ༥ ཉིན་འཇར་མན་གྱི་གོང་ཁྱེར་མུ་ནི་ཆི་རུ་འཚོགས་པའི་རྒྱལ་སྤྱིའི་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༤༦ པའི་སྟེང་ཞུགས་ཡོད་ལ། འདི་ནི་ཚོགས་ཆེན་འདིའི་སྟེང་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཤིག་ཞུགས་པ་ཐོག་མ་ཆགས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

ཆུ་ཚོད་ ༢ སྔོན་ལ།
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

ཆུ་ཚོད་ ༢ སྔོན་ལ།
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥
https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

༢༠༢༦/༠༩/༠༥
བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

༢༠༢༦/༠༩/༠༥

མཆན། 7

  1. སྤོབས་པ་མཐའ་ཡས། says:
    ལོ་ 17 སྔོན།

    གསར་འགྱུར་རྩོམ་ཡིག་འདི་ལས་ཡུལ་གྱི་མིང་ཞིག་གི་སྐོར་མིག་ལ་མི་བདེ་བ་ཞིག་བྱུང་། འཇར་མན་གྱི་གྲོང་ཁྱེར་མུ་ནི་ཆི་ཟེར་བ་དེ་རེད། དབྱིན་སྐད་ལྟར་ན་Germanཟེར་བ་དེ་ཡུལ་དེའི་སྐད་དང་ཡུལ་མི་སོགས་ཡུལ་དེ་དང་འབྲེལ་བ་ཅན་ཞིག་ལ་ཟེར་བ་མ་གཏོགས་ཡུལ་མིང་རང་ལ་Germanyཟེར་བ་ཡིན་སྟབས་བོད་ཡིག་དུ་འབྲི་སྐབས་ཀྱང་འཇར་མན་ནི་ལྟ་བུ་འབྲི་དགོས་པ་རེད་སྙམ།
    མུ་ནི་ཆི་ཟེར་བའི་གྲོང་ཁྱེར་ཞིག་ཡུལ་དེར་མེད་སྙམ། Munich ལ་ཟེར་བ་ཡིན་ན་དེའི་སྒྲ་གདངས་ནི་མུའུ་ནིག་ལྟ་བུ་ཞིག་རེད། མྱུ་ནིག་འདྲ་བ་ཞིག་ཟེར་གྱིན་འདུག ཡུལ་དང་མིའི་མིང་སོགས་བོད་ཡིག་ཏུ་འབྲི་སྐབས་ཡུལ་དེའི་མིའི་སྐད་དང་ཐག་ག་ཚོད་ཉེ་ཉེ་ཞིག་འབྲི་ཐུབ་ན་ཕན་ཐོགས་ཆེན་པོ་འདུག གསར་འགོད་པ་ཚོར་རེ་སྐུལ་ཡིན་། ཐུགས་རྗེ་ཆེ།

    Reply
  2. Bhu Nyonpa says:
    ལོ་ 17 སྔོན།

    ད་འདུག་་་མི་དེ་ཚོས་ཁ་སྟོང་པ་རྐྱང་རྐྱང་གི་དྲ་རྒྱའི་ནང་མི་ཚེ་སྐྱེལ་བཞིན་ཕལ་ཆེར་སྐྲ་ལོ་ཡང་དཀར་པོར་ཆགས་ཚོད་ཡོད།

    Reply
  3. རྭ་ལོ། says:
    ལོ་ 17 སྔོན།

    དབྱིན་ཇི་ཚོ་ཁ་ཆེ་ཚོའི་སྟེང་ལ་རུབ་བརྒྱབས་ནས་རྒྱུག་གིན་ཡོད་པ་དེ་འདྲ་ཞིག་རྒྱ་ནག་གི་སྟེང་ལའང་རྒྱུག་ཐུབ་དགོས་པ་རེད། རྒྱུག་མ་ཐུབ་ཚེ་༼ཤར་ཕྱོགས་ཀྱི་གྲོག་མ་སྔོན་པོ་༽དེ་ཚོས་ཚུར་བཅོམ་ཡོང་གི་རེད།

    ལྷོ་ཕྲུག་སྣ་བོ་ཆེ་ལགས། བསམ་ཚུལ་ཡོད་ན་ཤུ་རུ་རུ་ཤོད།

    Reply
  4. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 17 སྔོན།

    རྒྱ་ནག་ལ་གད་མོ་དགོད་པ་དང་ལག་འཇུ་བྱས་པ་ཙམ་གྱིས་མང་གཙོའི་རྒྱལ་ཁབ་ཞིག་གིས་རང་ཚུགས་ཤོར་འགྲོ་བར་བཤད་ན་ཐལ་དྲགས་པ་རང་རེད།     མང་གཙོའི་རང་ཚུགས་ཤོར་སྟངས་དེ་འདི་ལས་ཏོག་ཙམ་ཚད་མཐོ་ས་ཞིག་ནས་བལྟ་ཐུབ་ན་སྙིང་རྗེ་བ་མེད་འགྲོ།
    རྭ་ལོ་ཟེར་བ་ལགས།

    Reply
  5. དབྱངས་བུ། says:
    ལོ་ 17 སྔོན།

    དྲ་གྲོག་ཤན་པ་ལག་དམར་ལགས།

    ཉིད་ཀྱི་མཆན་བུའི་ནང་དོན་ལ་བལྟས་ན་ཉིད་ཀྱི་མཚན་དང་མཐུན་པོ་ཞེ་དྲག་འདུག་་ཕལ་ཆེར་དྲག་ཤུགས་ཆེ་ཙམ་མེད་དམ་སྙམ།་་་ཀུ་རེ་ཡིན།
    འོན་ཀྱང་དྲི་བ་ཞིག་ཡོད་པས་ཁྱེད་ཀྱིས་ལན་འདེབས་གནང་རོགས

    དྲི་བ།་་་་་ཉིད་ཀྱི་མཆན་བུའི་ནང་དེ་ལྟར་གསལ་འདུག་་༼ཅི་ཞིག་ཡིན་རུང་རྒྱ་ནག་ཡོད་ས་ན་བདེ་འཇགས་ཡོད་མི་སྲིད་ལ་རང་དབང་དང་སྨྲ་བརྗོད་ཅིག་གང་ན་ཡོད། ༽གོང་གི་བརྗོད་པར་བལྟས་ཚེ་ཉིད་རང་དབུ་མའི་ལམ་ལ་དེ་ཙམ་གྱི་ཡིད་ཆེས་ཨེ་ཡོད་སྙམ།་་དེ་བས་འཚེ་མེད་ཞི་བའི་ལམ་ལ་ཡིད་ཆེས་མེད་ངེས་སྙམ།་་དེས་ན་ཉིད་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་།་་ལྟ་གྲུབ་གང་འདྲ་ཞིག་ལ་ཡིད་ཆེས་གནང་གི་ཡོད་དམ།་་རྒྱུ་མཚན་གང་ཡིན་ནམ།

    ཐུགས་རྗེ་ཆེ།།
    ནོར་འཁྲུལ་ཡོད་ན་དགོངས་འགལ་མེད་པ་ཞུ་རྒྱུ་ཡིན།།

    Reply
  6. རྭ་ལོ། says:
    ལོ་ 17 སྔོན།

    གསར་འགྱུར་འདིའི་ཤུགས་བསྟན་གྱི་གོ་བ་ངོ་མ་ནི། ནུབ་ཕྱོགས་ཀྱི་དམངས་གཙོའི་རྒྱལ་ཁབ་ཚོས་རང་ཚུགས་ཟིན་གི་མེད་པ་དེ་རེད།

    ཁ་སང་དེ་རིང་ཨོ་བྷ་མས་རྒྱ་ནག་མཉམ་དུ་ཅུང་མཁྲེགས་ཙམ་བྱེད་བཞིན་པའི་སྐབས་ལ་སར་ཁོ་རྫེ་ཡིས་རྒྱ་ནག་གི་ངོ་ལེན་ཁུལ་བྱས་སོང་། ན་ནིང་འཇར་མན་སྲིད་འཛིན་དང་སར་ཁོ་རྫེ་སོགས་ཡུ་རོབ་ཀྱི་དབུ་ཁྲིད་ཚོ་རྒྱ་ནག་གི་ཕྱོགས་ལ་མཁྲེགས་ཙམ་ཡོད་དུས། བྷུ་ཤུས་རྒྱ་ནག་གི་ངོ་སྲུང་སྟེ་པེ་ཅིན་གྱི་ཨོ་ལིམ་པིག་རྩེད་འགྲན་ཚུགས་སའི་བྱེའུ་ཚང་ར་བར་འཛུལ་བ་རེད།

    ད་ནི་ཁོང་ཚོས་གཅིག་གྱུར་གྱིས་རྒྱ་ནག་ལ་ངོ་ཡ་མ་བྱས་ན་རེ་རེ་བཞིན་རྒྱ་གུང་ཁྲན་ཚང་གིས་ཉོག་ཤར་ལེན་གི་རེད།

    དམར་ཤོག་གིས་དམངས་གཙོར་གཅར་རྡུང་བྱེད་གི་རེད།

    Reply
  7. ཤན་པ་ལག་དམར། says:
    ལོ་ 17 སྔོན།

    ཅི་ཞིག་ཡིན་རུང་རྒྱ་ནག་ཡོད་ས་ན་བདེ་འཇགས་ཡོད་མི་སྲིད་ལ་རང་དབང་དང་སྨྲ་བརྗོད་ཅིག་གང་ན་ཡོད། རྒྱལ་སྤྱིའི་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༤༦པ་ནས་མ་འོངས་པའི་རྒྱལ་སྤྱིའི་རང་་བཞིན་གྱི་ལྷན་ཚོགས་འདིའི་ཐོག་སྨྲ་བརྗོད་དང་རང་དབང་གི་གནས་ཚུལ་ཞིག་ཡོང་མི་ཐུབ་པ་གསལ་བོ་རེད། གང་ཡིན་ཞུས་ན་ད་ལྟའི་ལྷན་ཚོགས་འདིའི་སྟེང་རྒྱ་ནག་ཡོད་མ་འོངས་པའི་ལྷན་ཚོགས་འདིའི་ཐོག་ཡང་རྒྱ་ནག་ཡོད་ངས་རེད། དེར་བརྟེན་སྨྲ་བརྗོད་དང་རང་དབང་གི་གནས་ཚུལ་ཞིག་ཡོང་ཐུབ་ཀྱིན་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese