མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} ཞེ་བཞི།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


བློ་བཟང་ཞོགས་པ་སྔ་བོ་ནས་ཡར་བླངས་དེ་ལོ་མང་རིང་དུ་གསེར་ཞལ་མཇལ་མ་ཐུབ་པའི་ཇོ་བོ་རིན་པོ་ཆེ་ལ་མཇལ་དུ་སོང་། ཇོ་ཁང་ནང་དུ་སྔོན་ཆད་དང་མི་འདྲ་བར་མཇལ་བ་ཚོར་ལྟ་རྟོགས་བྱེད་མཁན་ནི་དགེ་མདུན་པ་དག་མ་ཡིན་པར། དམག་མི་དག་ཆགས་ཡོད་པ་དེ་མཐོང་དུས་སུ་དངོས་ནས་དྲང་གནས་ཀྱི་སེམས་ཁོང་རུས་པའི་གཏིང་ནས་སྐྱོ་སྣང་ཟད་དུ་མེད་པ་ཞིག་སྐྱེ་ཞོར་དུ་མཇལ་བ་ཚོས་གྲལ་ནས་ཇོ་མདུན་དུ་ཕྱིན།

མཇལ་བ་ཚོ་ཇོ་མདུན་དུ་སླེབས་དུས་སུ། རང་རང་གི་སེམས་ཁོང་རུས་པའི་གཏིང་གི་སྨོན་ལམ་ཤུགས་དྲགས་ཀྱིས་གྱེར་པའི་སྒྲ་དབྱངས་དེས། བློ་བཟང་གི་སེམས་ཁོང་དུ། རྒྱང་རིང་རྒྱ་གར་དུ་བཞུགས་པའི་བོད་མི་རིགས་ཀྱི་༧རྩ་བའི་བླ་མ་དྲན་དུ་བཅུགས། ཁོས་ཀྱང་ལག་ཟུང་ཐལ་མོ་སྤྱར་ནས། ཇོ་མདུན་ནས་སྨོན་ལམ་ཤུགས་དྲགས་དུ་བཏབ་པ་དང་ཚད་མེད་ཡོན་ཏན་མ་ཚར་གཅིག་བཏོན།

ཇོ་ཁང་གི་མཐའ་སྐོར་དུ། སྔོན་ཆད་བོད་མིའི་གཉེར་བའི་ཚོང་ཁང་དང་ཟ་ཁང་མང་ན་ཡང་། དེ་ནི་འགྱུར་བ་ཐེབས་ནས་རྒྱ་རིགས་ཀྱི་འཁང་ནས་བསྡད་ཡོད་པ་མ་ཟད། ཚོར་གཉེར་བ་དེ་དག་གིས་བོད་མི་ཚོས་སྟེང་ལ་རྣམ་འགྱུར་མི་ལེགས་པ་སོགས་སྟོན་པ་མཐོང་ཐེངས་རེར། རང་ཡུལ་དུ་རང་མི་སྐྱབས་བཅོལ་བ་ལྟ་བུ་ཞིག་ཆགས་པའི་ཚོར་བ་བསྟུད་མར་སྐྱེ་སུ་བཅུགས།

ཉིན་དེར་ཁོ་རང་ཕོ་ཏྰ་ལའི་མདུན་ཐང་དུ་བསྐྱོད་སྐབས་སུ། བོད་ཀྱི་ཕོ་གསར་ལྷམ་མགོ་ཞུ་མཁན་ཞིག་དང་འཕྲད་ནས་ཁོས་དེ་ལ་ཁ་བརྡ་བྱས་དུས། ལྷམ་མགོ་ཞུ་མཁན་གྱི་ཕོ་གསར་་དེས་ཁོ་རང་ནི་སྔོན་ཆད་རྐང་འཁོར་གླ་བྱེད་གཏོང་མཁན་ཞིག་ཡིན་ན་ཡང་། ལས་ཀ་དེ་ཡི་ཁུངས་མ་ཆོད་སྟབས། ལྷམ་མགོ་མི་ཞུ་ཐབས་མེད་བྱུང་བའི་སྐོར་སོགས་གསུངས་པ་དེས། ཁོ་རང་གིས་རྒྱ་ནག་བོད་མི་དག་རང་ས་ལས་མེད་དུ་གཏོང་བཞིན་པའི་ཐབས་ཤེས་དེ་ལ་ཁོང་ཁྲོ་ཚད་མེད་སྐྱེ་ན་ཡང་། ལྷམ་མགོ་ཞུ་མཁན་གྱི་ཕོ་གསར་དེ་ལ་ཁྱེད་རང་གིས་རང་ས་ནས་ལས་ཀ་འདི་འདྲ་ཞིག་བྱེད་འཕོད་པ་དེ་ཡང་ཡག་པོ་རེད་ཅེས་ངོ་བསྟོད་ཅིག་ལས་གཞན་གང་ཡང་བཤད་རྒྱུ་མེད་པར་རང་གི་ལྷམ་མགོ་གཙང་མ་ཡིན་ཡང་རྒྱ་སྒོར་གཅིག་སྤྲད་དེ་གཙང་མ་བྱེད་དུ་བཅུགས།

བློ་བཟང་གིས་ཕོ་ཏྰ་ལའི་མདུན་གྱི་རྒྱ་དམར་གྱི་དར་ཆ་རླུང་གིས་ག་ལེར་བསྐྱོད་ཀྱིན་མཐོང་དུས་སུ་དངོས་ནས་སེམས་སྐྱ་མོ་སྡུག་གིས་འཁང་ན་ཡང་། གངས་སེང་དར་ཆ་བསྒྲེང་ཐུབ་པའི་ཉིན་མོ་ཞིག་ཡོང་རྒྱུར་རེ་བཞག་དང་གྱེས་དེ་ཕོ་ཏྰ་ལའི་ཐང་ཆེན་ནས་ཁ་གྱེས།

ཉིན་གསུམ་གྱིས་རྗེས་སུ་ཁོ་རང་རང་གི་ཕ་ཡུལ་ཨ་མདོའི་ཕྱོགས་སུ་འགྲོ་བའི་རླངས་འཁོར་ཞིག་གི་འཛིན་བྱང་ཉོས་དེ། ཅ་ལག་རྣམ་བསྡུ་གསོག་བྱས་དེ་སྒེར་སྤྱོད་རླངས་འཁོར་འབབ་ཚིགས་དེ་ཡི་ཕྱོགས་སུ་ཆས། རྒྱ་རྒན་ཁ་ཆེ་དེས་རླངས་འཁོར་ནང་གི་མི་ཚང་མ་ས་ལ་འབབ་རོགས། དེ་ནས་རང་རང་གི་འཛིན་བྱང་ལག་དུ་སོང་ནས་ཕྱིར་ནང་དུ་བསྐྱོད་རོགས་ཟེར་ནས་རེ་སྐུལ་བྱས་པ་ལྟར། རླངས་འཁོར་ནང་གི་སྐུ་མགྲོན་ཚང་མ་ས་རུ་འབབ་པ་ལྟར། ཁོ་རང་ཡང་ས་ལ་འབབ།

རླངས་འཁོར་དེ་ནི་ལྷ་ས་ནས་གོར་མོ་བར་དུ་འགྲོ་མཁན་ཡིན་ལ། དེ་ཡི་ནང་དུ་བོད་རིགས་ཁོ་དང་ཕ་ཡུལ་མཚོ་ལྷོ་ནས་ཡིན་པའི་ཕ་བུ་གཉིས་ཀྱིས་བྱིས་པ་གཉིས་ཁྲིད་པ་ཞིག་ཡོད་པ་དེར། བློ་བཟང་གིས་བོད་ལྭ་གོན་ཡོད་སྟབས་ཁོ་གཉིས་སར་སོང་དེ་སྐད་ཆ་དྲིས་དེ་ཤེས་པ་རེད། སྐབས་དེ་འདྲ་ཞིག་ལ། སྐབས་དེ་འདྲ་ཞིག་ལ་བུད་མེད་གཟུགས་སྐྱེ་ལུས་གང་ཐད་ནས་ཡིད་སེམས་འཕྲོག་པའི་བུད་མེད་ཅིག་ཁོང་ཚོས་སར་ཡོང་ནས་ཕ་བུ་དེ་གཉིས་ལ་ཁ་བརྡ་བྱོས་དུས། བློ་བཟང་གིས་བུད་མེད་དེར་ཁྱེད་རང་གང་དུ་འགྲོ་མཁན་་ཡིན་་ཟེར་ནས་དྲིས་དུས། བུད་མེད་དེ་དངོས་ནས་ཧང་སངས་སངས་ཀྱི་རྣམ་པ་བཅས། ཁྱེད་རང་བོད་ཡིན་ནམ། ངས་ཁྱེད་རང་རྒྱ་མི་ཞིག་རེད་བསམ་སོང་ཞེས་བཤད།

མི་རེ་རེ་བཞིན་རླངས་འཁོར་ནང་དུ་འཛུལ་ཚར་དུས། རླངས་འཁོར་ཕྱི་ལོག་ནས་འཕྲད་པའི་བོད་ཀྱི་བུད་མེད་མཛེས་མ་དེ་ཡི་ཉལ་ས་དང་བློ་བཟང་གི་ཉལ་སའི་བར་དུ་རྒྱ་མི་ཞིག་ལས་མེད་པ་རེད། རླངས་འཁོར་དེ་ཡི་ནང་དུ་མི་འཁང་ནས་ཡོད་ཀྱང་བོད་པ་ཁོང་ཚོ་མི་དྲུག་ལས་མེད་པ་རེད།

བློ་བཟང་གིས་བུད་མེད་དེར་ལྟ་ཞོར་དུ། ཨ་ཙི་བུད་མེད་འདི་འདྲ་ཞིག་རྨི་ལམ་ནང་དུའང་ཡོང་རྒྱུ་ཁག་པོ་རེད། སྐྲ་གཅིག་བུའི་མཛེས་ཉམས་དེས་ཀྱང་སེམས་པ་ཤོར་ས་ཞིག་འདུག་སྙམ་ཞོར་དུ་རང་གི་ཉལ་ཁྲིའི་སྟེང་དུ་འབུད།

དངོས་ནས་བཤད་ན། བུད་མེད་དེ་ཡི་ཡག་མོ་སྒོ་ནི་བློ་བཟང་གིས་སེམས་པ་འཕྲོག་པ་ལས་ཀྱང་བརྒལ་ཡོད། སྐྲ་ནི་ཕལ་ཆེར་བུས་མོའི་སྟེང་བར་དུ་བཞག་ཡོད་པ་དང་། རྫི་མ་ནི་དངོས་ནས་རི་མོ་སྒྱུ་རྩལ་བ་ཞིག་གིས་པུར་སྨྱུག་གི་རྩེ་ནས་བྲིས་པ་ལྟ་བུ་ཞིག་ཡོད་པ་རེད། གོན་པ་དེ་ཡང་བབ་ཆགས་པོ་ཞིག་གོན་ཡོད་པ་མ་ཟད། འགྲོ་སྟངས་ཀྱང་དངོས་ནས་ཞི་དུལ་གྱི་རྣམ་པའི་ཡོངས་སུ་ཕྱུག་པ་ཞིག་ཡོད་པ་རེད།

བློ་བཟང་གིས་བསམ་བློ་འདྲ་མིན་བཅོ་བརྒྱད་ཅིག་འཁོར་བཞིན་པའི་སྐབས་དེར། ཕྱི་ལོག་ནས་བུད་མེད་དེས་ཁོ་རང་ལ་སྐད་བཏང་།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

སྐར་མ ༥༡ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༣ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese