མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} ཞེ་དྲུག

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༢/༠༧
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


ཞོགས་པ་སྔ་བོ་རླངས་འཁོར་ནང་གི་སྐུ་མགྲོན་ཚང་མ་ཟ་ཁང་ཆུང་ཆུང་མང་བོ་ཡོད་སའི་ལམ་བར་ཞིག་ནས་ཞོགས་ཇ་འཐུང་རྒྱུར་ཁ་ལོ་བའི་བཤད་པ་ལྟར། བློ་བཟང་དང་བན་སྡེ་འཚོ། ད་དུང་། ཕ་བུ་གཉིས་དང་བྱིས་པ་གཉིས་བཅས་ཁོང་ཚོ་མི་དྲུག་ལྷན་དུ་ཟ་ཁང་ཞིག་གི་ནང་དུ་ཅོག་རྩེ་གཅིག་གི་སྒང་དུ་བསྡད་དེ་ཞོགས་ཇ་བསྔགས། ཞོགས་ཇ་ནི་ཧ་ཅང་སྟབས་བདེ་བོ་ཡིན་པ་མ་ཟད། གོང་ཡང་དེ་འདྲའི་ཆེན་པོ་ཞིག་མ་རེད་འདོད་མཁན་དེ་ནི་བློ་བཟང་ཁོ་རང་རེད།

ཞོགས་ཇ་འཐུང་ནས་རྩིས་རྒྱག་རན་ཁར་བློ་བཟང་གིས་ལག་པ་སྔོན་དུ་སླེབས་ནས་ཁོང་ཚོ་ཚང་མའི་ཞོགས་ཇའི་རིན་པ་ཁོ་རང་གིས་སྤྲད་དུས་སུ། ཕ་བུ་གཉིས་ཀྱིས། ཁྱེད་རང་ལ་དཀའ་ལས་གཏད་སོང་ཟེར་ནས་ཁ་ཡག་ཞིག་བཤད་དུས་སུ། བན་སྡེ་འཚོས་ཟུར་ནས་གང་ཡང་མི་བཤད་པར་ཁ་རོག་གེར་བསྡད། ཕྱིར་རླངས་འཁོར་ནང་དུ་འབྱོར་དུས་སུ། བན་སྡེ་འཚོས་བློ་བཟང་ལ་ཁྱེད་རང་དེ་འདྲ་བྱེད་དགོས་ཀྱི་མ་རེད། མི་ཚང་མས་ཟས་རིན་ཁྱེད་རང་གིས་སྤྲད་ན་འགྲིག་གི་མ་རེད། འདི་་་་ ང་རང་གིས་ཟས་རིན་དེ་ལེན་རོགས་ཟེར་ནས་རྒྱ་སྒོར་བཅུ་ལོ་ཞིག་ཁོ་ལ་གཏད་དུས། བློ་བཟང་གིས་གདོང་ལ་འཛུམ་ཞིག་སྟོན་ཞོར་དུ། བོད་རིགས་གཅིག་པ་རེད་མོད། ཐེངས་གཅིག་ལ་སྐྱོན་ནི་མ་རེད་ཟེར་ནས་བན་སྡེ་འཚོས་སྐད་ཆ་དེར་ངེས་ལེན་མ་བྱས།

རླངས་འཁོར་ག་ལེར་གོར་མོའི་ཕྱོགས་སུ་བསྐྱོད་མགོ་བརྩམས་པ་དང་བློ་བཟང་དང་བན་སྡེ་འཚོ་གཉིས་ཀྱིས་ཀྱང་གཞི་ནས་འདང་ནུབ་ཀྱི་སྐད་ཆ་དེ་དག་གི་འཕྲོར་མཐུད།

བན་སྡེ་འཚོས། བློ་བཟང་ཁྱེད་རང་ལྷ་སར་གང་བྱེད་དུ་སོང་བ་ཡིན། ཚོང་འདྲ་རྒྱག་གི་ཡོད་ནི་མིན་ན་ཞེས་གཏིང་འདྲི་ཞིག་བྱས་དུས་སུ། བློ་བཟང་གིས་བསམ་བློ་ཞིག་གཏོང་བཞིན། སྐད་ཆ་དྲང་མོ་བཤད་པ་དེར་སྐྱོན་མི་འདུག་སྙམ་གྱིན། ང་རང་ལྷ་སར་སོང་བ་དེ་འདྲ་གང་ཡང་མིན། ང་རང་རྒྱ་གར་ནས་ཡོང་བ་ཡིན། ལྷ་ས་ནས་ཉིན་གསུམ་མ་གཏོགས་འདུག་ཁོམ་མ་བྱུང་། ཕ་མ་ཚོས་མགྱོགས་པོ་ཡོང་རོགས་ཟེར་བས་ནང་དུ་ལོག་བཞིན་ཡོད།

བན་སྡེ་འཚོས་བློ་བཟང་གི་སྐད་ཆ་དེ་གོ་བ་དང་ཅུང་ཧ་ལས་པའི་རྣམ་འགྱུར་དང་བཅས་དེ། དེ་འདྲ་ཞིག་ཡིན་ས་རེད། ངས་ཁ་སང་ཁྱེད་རང་ཐོག་མར་མཐོང་དུས་སུ། རྒྱ་ཞིག་རེད་བསམ་སོང་ལ། གོན་པ་གོན་སྟངས་ཀྱང་མི་འདྲ་བ་ཞིག་འདུག ཁྱེད་རང་དངོས་ནས་མི་ལས་ཅན་ཞིག་རེད། རྒྱ་གར་ནས་ལོ་ག་ཚོད་ཅིག་བསྡད་པ་ཡིན་ཟེར་ནས་དྲིས།

བློ་བཟང་གིས་ང་རང་རྒྱ་གར་དུ་སོང་ནས་ལོ་ངོ་བཞི་ཙམ་ཞིག་ཕྱིན་འདུག ཨ་མས་ཡང་ཡང་ནང་དུ་ལོག་རོགས་ཟེར་བས་ངོ་ལྡོག་མ་ཐུབ་པར་ཕྱིར་ཡོང་བ་ཡིན།

བན་སྡེ་འཚོས། ཨོ་རེད། དེས་ན་ད་ཁྱེད་རང་གིས་༧རྒྱལ་བ་རིན་པོ་ཆེ་ཚང་ལ་ཐེངས་མ་ག་ཚོད་ཅིག་མཇལ་རྒྱུ་རེག་སོང་། ཁོང་ཚང་བདེ་བོ་རེད་དམ་ཟེར་ནས་དྲིས་དུས། བློ་བཟང་གི་ཤ་གསེང་རུས་གསེང་ནས་འདར་སུག་ཞིག་རྒྱག་ཞོར་དུ། རེད་རེད། ཁོང་ཚང་བདེ་མོ་རེད། ང་རང་༧རྒྱལ་བ་རིན་པོ་ཆེ་ཚང་ལ་དངོས་སུ་ཐེངས་གཅིག་ཙམ་མཇལ་བ་ཡིན། འོན་ཀྱང་། གསུང་ཆོས་ཁ་ཤས་ལ་བཅར་མྱོང་ཡོད།

བན་སྡེ་འཚོས། ཁྱེད་རང་སློབ་གྲྭར་སོང་བ་ཡིན་རྒྱུ་རེད། དབྱིན་ཡིག་ཡག་པོ་ཤེས་ཀྱི་ཡོད་དམ་ཟེར་ནས་དྲིས་དུས། བློ་བཟང་ལ་རང་དབང་མེད་པར་ཕྱིར་དྲན་ཞིག་གི་སྒོ་མོ་ཕྱེ་རུ་བཅུགས།

བློ་བཟང་གིས། རེད་རེད། ང་སློབ་གྲྭ་ཞིག་ལ་སོང་བ་ཡིན། སློབ་གྲྭའི་མིང་ལ་ཤེས་རབ་དགའ་ཚལ་སློབ་གླིང་ཟེར་བ་རེད། དེ་རུ་བོད་ནས་ཡོང་བའི་ལོ་ན་བཅུ་བདུན་སྒང་དུ་སླེབས་པ་ཚོ་འགྲོ་ཡུལ་རེད། ང་རང་ལ་སྐྱེན་ཞིག་དང་འཕྲད་དེ་སློབ་གྲྭ་ནས་ཡུན་རིང་འདུག་ཐུབ་མ་སོང་བ་མ་ཟད། དབྱིན་ཡིག་ཡང་ཡག་པོ་སྤྱང་ཐུབ་མ་སོང་ལ། དབྱིན་སྐད་ཀྱང་ཤེས་ཀྱི་མེད་ཅེས་ལན་བཏབ།

བན་སྡེ་འཚོས། དེས་ན་ཁྱེད་རང་བོད་དུ་ཕྱིར་ལོག་ནས་ལས་ཀ་ག་རེ་བྱེད་རྩིས་ཡོད་དམ་ཟེར་ནས་དྲིས་དུས། བློ་བཟང་གིས་རང་གི་དམིགས་ཡུལ་དེ་དག་བན་སྡེ་འཚོ་ལ་མ་གསང་བར་དྲང་མོ་བཤད།

བན་སྡེ་འཚོས། བློ་བཟང་གི་དམིགས་ཡུལ་དེར་ཡིད་སྨོན་བྱས་པ་དང་། དངོས་ནས་དྲང་གནས་ཀྱི་བསམ་བློ་ཡག་པོ་རེད་ཅེས་བསྟོད་བསྔགས་ཀྱང་བྱས་དུས་སུ། བློ་བཟང་གིས་དེ་ནི་ང་རང་གི་དམིགས་ཡུལ་ཞིག་ལས་འགྲུབ་ཐུབ་མིན་དེ་ནི་རང་གི་ནང་མི་དག་ལ་བསྟེན་དགོས་དུས། ད་དུང་བཤད་མི་ཤེས་པར་གླེང་།

བན་སྡེ་འཚོས་སྐད་ཆ་དེ་གོ་བ་དང་། དེས་ན་གལ་སྲིད་ཁྱེད་རང་གིས་དམིགས་ཡུལ་དེ་མ་འགྲུབ་པ་ཡིན་ན་ཕྱིར་རྒྱ་གར་དུ་འགྲོ་རྒྱུ་ཡིན་ནམ། ཡང་ན། ཕ་ཡུལ་དུ་འདུག་རྩིས་ཡིན་ཞེས་དྲིས་དུས་སུ། བློ་བཟང་གིས་ང་རང་གི་རེ་བ་ནི་དམིགས་ཡུལ་དེ་འགྲུབ་རྒྱུ་དེ་ཡིན་མོད། འོན་ཀྱང་། ལམ་འགྲོ་མ་བྱུང་བ་ཡིན་ན་ནི། ཕ་མ་དག་གི་རེ་བ་ལྟར་ཕ་ཡུལ་ནས་བསྡོད་པ་ལས་ཐབས་ཤེས་གང་ཡོད་ཅེས་བཤད།

སྐབས་དེ་འདྲ་ཞིག་ལ། བན་སྡེ་འཚོས་རླངས་འཁོར་གྱི་སྒེའུ་ཁུངས་ནས་ཕྱི་ལ་བལྟ་བ་ལས་དྲི་བ་གཞན་གང་ཡང་མ་དྲིས་པར་ཁུ་སིམ་མེར་སོང་དུས། བློ་བཟང་གིས་ཁྱེད་རང་སྐུ་འབུམ་དགོན་པར་མཇལ་ཨེ་མྱོང་ཟེར་བའི་དྲི་བ་ཞིག་གློ་བར་དུ་ངག་ལས་ཤོར་བ་དེས་ཁོ་གཉིས་ལ་སླར་ཡང་ཁ་བརྡ་ཞིག་གི་མགོ་བཙུགས།

མཇལ་མྱོང་མེད།
མཇལ་འདོད་ཡོད་དམ།
མཇལ་འདོད་ཡོད། འོན་ཀྱང་། ང་རང་གཅིག་བུ་འགྲོ་རྒྱུར་སྐྲག་གི
དེས་ན་ངས་ཁྱེད་རང་ལ་འགྲོ་རོགས་བྱས་ན་ག་འདྲ་འདུག
དེ་འགྲིག་གི་མ་རེད། ཁྱེད་རང་ལ་ཕ་མ་དག་གིས་སྒུག་ཡོད་པ་རེད།
ཉིན་གཅིག་ལ་ཁྱད་པར་ཡོད་པ་མ་རེད།

གཅིག་བྱས་ན་ཉིན་གཅིག་ཀྱང་དལ་འགོར་བྱེད་མི་དགོས་ན་ཐང་མོད། ང་སྔོན་ཆད་བོད་དུ་ཡོད་དུས་སུ་ཟི་ལུང་ནས་ཐད་ཀར་ཀ་ཅུ་{ཀ་ཅུ་ཟེར་བ་འདི་ནི་ཁ་ཆེ་མང་སའི་གྲོང་ཁྱེར་ཞིག་གི་མིང་རེད}ལ་འགྲོ་མཁན་གྱི་རླངས་འཁོར་ཉིན་གུང་ཡང་ཡོད་པ་རེད། དེ་འདྲ་ཡིན་དུས། གོར་མོ་སླེབས་མ་ཐག མེ་འཁོར་ནང་དུ་ཟི་ལུང་ལ་སོང་བ་ཡིན་ན། ཞོགས་པ་སྔ་བོ་ཟི་ལུང་དུ་འབྱོར་མ་ཐག ཐད་ཀར་སྐུ་འབུམ་ལ་མཇལ་དུ་སོང་། དེ་ནས་ཕྱིར་ཡོང་ནས་རླངས་འཁོར་ཞིག་བཙལ་ནས་ཤར་རྒྱུགས་སོང་ན་འགྲིག་གི་རེད། ཁྱེད་རང་ལ་དངོས་ནས་མཇལ་འདོད་ཡོད་ན་ངས་རོགས་བྱེད་ཆོག་བཅས་བཤད།

བན་སྡེ་འཚོས། ངོ་མ་བཤད་ན་ང་རང་ལ་མཇལ་འདོད་འདུག ཡིན་ཡང་། ཁྱེད་རང་ལ་དཀའ་ལས་གཏད་ན་འགྲིག་གི་མ་རེད་ཅེས་འཁང་ཆུང་གིས་ཚུལ་དུ་བཤད། བློ་བཟང་གིས། དེ་ལ་དཀའ་ལས་ཀྱང་ཡོད་པ་མ་རེད། ངས་འགྲོ་ཞོར་གྱི་ལམ་ཁ་རེད་ཟེར་ནས་ཁོ་གཉིས་གོར་མོ་ནས་མེ་འཁོར་ལ་འགྲོ་རྒྱུ་བྱས་པ་དང་། ཟི་ལུང་ལ་འབྱོར་མ་ཐག སྐུ་འབུམ་ལ་འགྲོ་རྒྱུའི་ཐག་བཅད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

ཆུ་ཚོད་ ༧ སྔོན་ལ།
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

ཆུ་ཚོད་ ༧ སྔོན་ལ།
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༡ སྔོན་ལ།
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

༢༠༢༦/༠༦/༢༤
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

༢༠༢༦/༠༦/༢༤

མཆན། 3

  1. sha tak ri sim says:
    ལོ་ 16 སྔོན།

    ཁོམ་དུས་ཁོམ་དུས་ཡོང་གི་བསྡོད། བསམ་ཚུལ་བཟང་ངན་གང་ཡིན་་གསུང་གི་བསྡོད།

    Reply
  2. ttensher says:
    ལོ་ 16 སྔོན།

    ཧ་་ཧ་་་་་་་་་་དེ་རིང་ད་ང་ཁྱོད་ཀྱི་སྐུ་མགྲོན་ཐོག་མ་ཡིན་ད། ཇ་ཞིམ་པོ་ཞིག་སྐོལ། ཨོ་ཨོ་་་ རེད། དེ་རིང་འཐུང་ཁོམ་མ་བྱུང་བས་རྗེས་སུ་དལ་མོར་ཡོང་གི་ཡིན།

    Reply
  3. ttensher says:
    ལོ་ 16 སྔོན།

    དེ་རིང་ད་ང་ཁྱོད་ཀྱི་སྐུ་མགྲོན་ཐོག་མ་ཡིན་ད། ཇ་ཞིམ་པོ་ཞིག་སྐོལ། ཨོ་ཨོ་་་ རེད། དེ་རིང་འཐུང་ཁོམ་མ་བྱུང་བས་རྗེས་སུ་དལ་མོར་ཡོང་གི་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese