མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} ཞེ་བདུན།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


མེ་འཁོར་ནང་དུ་བློ་བཟང་དང་མཚོ་སྔོན་རྨ་ལྷོ་ནས་ཡིན་པའི་ཕ་བུ་གཉིས་དང་བྱིས་པ་གཉིས་ཁོང་ཚོ་ཚང་མ་ཡོད་ཀྱང་། བློ་བཟང་དང་བན་སྡེ་འཚོ་གཉིས་འདུག་སྟེགས་གཅིག་གི་སྒང་དུ་བསྡད་ཡོད་ཀྱང་། ཕན་ཚུན་གཤིབ་དེ་བསྡོད་འཕོད་ཀྱི་མེད་པ་དང་། བློ་བཟང་གིས་གང་ཡང་མ་ཤེས་ཁུལ་བྱས་ནས་ལྷོད་ལྷོད་ཅིག་འདུག་ཁུལ་བྱས་ཀྱང་། བན་སྡེ་འཚོས། སྐབས་རེར་ཅུང་དོགས་མི་བདེ་བའི་རྣམ་འགྱུར་དང་བཅས་དེ་ཟ་ཟུར་ནས་ལས་རྒྱུ་མེད་རྒྱུ་ལས་ཁ་འདྲ་བྱས།

མེ་འཁོར་གྱི་མགྱོགས་ཚད་ནི་ཧ་ཅང་མྱུར་ལ། མེ་འཁོར་ནང་ནས་མྱུར་ཟས་རིགས་དང་སྟབས་བདེ་ཟས་རིགས་བཙོང་མཁན་མི་ཉུང་བ་རེ་སླེབས་དུས་སུ་བློ་བཟང་གིས་བྱིས་པ་གཉིས་ལ་རྔན་པ་རེ་ཉོས་དེ་སྤྲོད་ཐེངས་རེར། ཕ་བུ་གཉིས་ཀྱིས་དེ་འདྲ་བྱེད་དགོས་པ་མ་རེད་ཟེར་ཞོར་དུ། བྱིས་པ་གཉིས་ལ་ཨ་རྒ་དེར་ཐུགས་རྗེ་ཆེ་ཞུས་ཟེར་བ་ལྟར། བྱིས་པ་གཉིས་ཀྱིས་ཀྱང་བློ་བཟང་ལ་བལྟ་ཞོར་དུ་བཀའ་དྲིན་ཆེ་ཞེས་བརྗོད།

ཟི་ལུང་གི་མེ་འཁོར་ས་ཚིགས་སུ་འབྱོར་མ་ཐག ཕ་བུ་གཉིས་ཀྱིས་ཁོ་གཉིས་ཀྱང་སྐུ་འབུམ་དགོན་པར་མཇལ་འདོད་ཡོད་པས་ང་ཚོ་ལྷན་དུ་སོང་ན་ག་འདྲ་འདུག འགྲིག་གི་ཡོད་ན་ནི། ཁྱེད་གཉིས་ཀྱིས་ཅ་ལག་ངེད་གཉིས་བསྡོད་སའི་མགྲོན་ཁང་ཞིག་ཡོད། དེ་རུ་བཅོལ་ནས་ང་ཚོ་ལྷན་དུ་འགྲོ་ཟེར་དུས། བློ་བཟང་གིས་འགྲིག་གི་རེད་ཅེས་ལན་བཏབ་དུས། བན་སྡེ་འཚོས་ཀྱང་མགོ་བོ་གཡུགས་གཡུགས་བྱས།

ཟི་ལུང་ནས་སྐུ་འབུམ་བར་དུ་ལམ་ཐག་རིང་བོ་མེད་སྟབས། ཁོང་ཚོ་གྲོས་ཁ་འཆམ་ནས་རླངས་འཁོར་ཆུང་ཆུང་ཞིག་གླས། སྐུ་འབུམ་དགོན་པར་འབྱོར་མ་ཐག བློ་བཟང་གིས་ད་རེབས་འུ་ཅག་ཚང་མ་རྗེ་རིན་པོ་ཆེ་ཡི་འཁྲུངས་ཡུལ་འདིར་ལྷན་དུ་མཇལ་དུ་ཡོང་བ་ཡིན་པས། རླངས་འཁོར་གྱི་གླ་ཆ་ཡོངས་རྫོགས་ངས་སྤྲད་ཆོག་ཟེར་ནས་ལག་པ་སྔ་མ་བྱས་དེ་རྒྱ་རྒན་ཁ་ལོ་བ་དེར་སྤྲད་དུས། ཕ་བུ་གཉིས་ཀྱིས་ཨ་་ཨ་་ དེ་འདྲ་དངོས་ནས་བྱེད་དགོས་པ་མ་རེད། ངེད་གཉིས་ཀྱིས་ཕྱེད་ཀ་སྤྲོད་ཟེར་ནས་རུམ་དུ་ལག་གཉོབ་བྱས་དུས་སུ་བློ་བཟང་གིས་མནའ་ཡང་བསྐྱལ་སྟབས། ཁོ་གཉིས་ཀྱིས་ཀྱང་། ཨ་དྲིན་ཆེན་པོ། དེས་ན་དེ་བྱེད། ད་ང་ཚོ་ག་ལེར་ཡོང་། ཁྱེད་གཉིས་སྔོན་དུ་སོང་ན་མ་གཏོགས་ཕྱིར་ཟི་ལུང་དུ་སྔ་བོ་མ་འབྱོར་ན་རླངས་འཁོར་རེག་རྒྱུ་དཀའ་ན་ཐང་ཞེས་བཤད།

བན་སྡེ་འཚོས། སྐབས་དེར་བློ་བཟང་གིས་མཆན་འོག་ནས་འཇུས་ཙམ་བྱས་དེ། འགྲོ འགྲོ འུ་གཉིས་མགྱོགས་པོ་འགྲོ ཁོང་ཚོ་ཟི་ལུང་ནས་འདུག་མཁན་རེད། འུ་གཉིས་མགྱོགས་པོ་བྱས་ན་མ་གཏོགས་ཞེས་བློ་བཟང་འཐེན་ཙམ་བྱས་དུས། བློ་བཟང་གིས་འཛུམ་ཙམ་བྱེད་ཞོར་དུ། རེད་རེད་་

རྗེ་རིན་པོ་ཆེ་ཚང་གི་འཁྲུངས་ཡུལ་འདིར་མཇལ་ཐུབ་པ་འདི་ཁྱེད་རང་གི་བཀའ་དྲིན་ཡིན་ཟེར་བཞིན་བན་སྡེ་འཚོས་བློ་བཟང་ལ་ཁ་སེམས་གཏིང་ནས་སྐད་ཆ་ཞིག་བཤད་དུས། བློ་བཟང་གིས་དེ་ནི་ཁྱེད་རང་གི་སྔོན་བསགས་ཀྱི་ལས་རེད། ངས་ཁྱེད་རང་ལ་འགྲོ་རོགས་ཤིག་བྱས་པ་དེ་ཙམ་རེད་ཅེས་འཁང་ཆུང་བྱས།

སྐུ་འབུམ་དགོན་པར་མཆོད་མཇལ་འགྲུབ་ནས་ཁོ་གཉིས་ཕྱིར་ཟི་ལུང་དུ་འགྲོ་བའི་རླངས་འཁོར་ཞིག་གི་ནང་དུ་བུད་ནས་ཟི་ལུང་དུ་ཕྱོགས་སུ་ཆས་པའི་ལམ་ཁར་བན་སྡེ་འཚོས། ཁྱེད་རང་གྲོད་ཁོག་ལྟོགས་ཀྱི་མི་འདུག་གམ་ཟེར་ནས་དྲིས།

ང་ལྟོགས་ཀྱི་མི་འདུག ཕྱིར་ཟི་ལུང་དུ་འབྱོར་ནས། རླངས་འཁོར་རེག་སོང་ན། ཅ་ལག་དེ་ཚོ་བླངས་རྗེས་ག་ལེར་ཟ་མ་ཟ་ཆོག་གི་རེད། ཁྱེད་རང་གྲོད་ཁོག་ཨེ་ལྟོགས་ཀི་ཞེས་སླར་ཡང་ཁོ་མོར་དྲིས། ཁོ་མོས་སླད་མེད་ཀྱི་གདོང་གཤིས་དེ་ཡིས་བློ་བཟང་དམ་ལ་འདོག་ཞོར་དུ། ང་་་

སྟབས་མ་ལེགས་པར། ཉིན་དེར་ཁོ་གཉིས་ལ་གཏན་ནས་ཟི་ལུང་ནས་ཀ་ཅུ་རུ་འགྲོ་བའི་རླངས་འཁོར་མ་རེག་པའི་སྐབས་དེར། བློ་བཟང་གིས་འུ་གཉིས་དོ་ནུབ་ལན་ཀྲིག་ལ་བུད་སོང་ན་ག་འདྲ་འདུག དེ་ནས་བླ་བྲང་དུ་འགྲོ་མཁན་ཏན་ཏན་རེག་གི་རེད། ཁྱེད་རང་གིས་བལྟས་པ་ཡིན་ན་ག་འདྲ་འདུག་ཞེས་དྲིས་དུས། བན་སྡེ་འཚོས། ཁྱེད་རང་ལ་བྲེལ་བ་ཆེན་པོ་ཡོད་པ་རེད་ཟེར་ན་མ་གཏོགས། འུ་གཉིས་ཀྱིས་དེ་འདྲའི་དཀའ་ལས་ཤིག་རྒྱགས་དགོས་དོན་མི་འདུག སང་ཉིན་སྔ་བོ་འདི་ནས་ཀ་ཅུ་རུ་འགྲོ་མཁན་རླངས་འཁོར་འདུག་པ་དེར་སྒུག་ན་འགྲིག་གི་རེད་ཅེས་བཤད།

བློ་བཟང་གི་སེམས་ནང་དུ་གློ་བར་དུ་བཤད་མི་ཤེས་པའི་ཚོར་བ་ཞིག་སྐྱེ་ཞོར་དུ། དེ་སྐྱོན་ནི་མ་རེད། ངས་ནང་དུ་ཁ་པར་བརྒྱབ་དེ་ང་རང་དོ་ནུབ་ཟི་ལུང་དུ་མི་བསྡོད་ཐབས་མེད་ཆགས་སོང་། རླངས་འཁོར་རེག་གི་མི་འདུག་ཟེར་ནས་བཤད་ན་འགྲིག་གི་རེད། འོན་ཀྱང་། ཁྱེད་རང་གི་ནང་དུ་སེམས་ཁྲལ་བྱེད་ཀྱི་མ་རེད་དམ་ཟེར་ནས་དྲིས་དུས་སུ། བན་སྡེ་འཚོས། ངའི་ནང་མི་དག་གི་ང་རང་ཕྱིར་ཡོང་གི་ཡོད་པ་ཤེས་ཡོད་པ་མ་རེད།

བློ་བཟང་གིས་དེས་ན་འུ་གཉིས་མགྲོན་ཁང་ཞིག་ཐོ་འགོད་བྱེད་དུ་འགྲོ དེ་ནས་ཅ་ལག་ལེན་དུ་སོང་ན་ག་འདྲ་འདུག

མུ་འགོད།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

༢༠༢༣/༠༦/༠༨
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

༢༠༢༣/༠༦/༠༨
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

༢༠༢༣/༠༦/༠༨
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

མཆན། 14

  1. sha tak ri sim says:
    ལོ་ 13 སྔོན།

    སྤུན་ཟླ་ཚོ། ཁྱེད་ཅག་གིས་རང་རང་གི་བསམ་ཚུལ་གང་ཡོད་གསུངས་པ་དེར་བཀའ་དྲིན་ཆེ་ལགས། ང་རང་གིས་སྤུན་ཟླ་དག་གི་བསམ་ཚུལ་གང་ཡོད་དག་ཉན་བཞིན་ཡོད་ལ། བསམ་བློ་ཡང་སྔ་ས་ནས་གཏོང་མྱོང་ཡོད། ད་ནི་ང་རང་གིས་སེམས་ཐག་བཅད་ཟིན་པ་ལྟར་དུས་ཚོད་དམ་འཛིན་གྱིས་སྒྲུང་མཇུག་འཕུད་ཐུབ་བྱེད་ངེས་ཡིན། བཟང་ངན་གང་གི་ངོ་བོ་གྱུར་མིན་དེ་ནི་ཀློག་མཁན་དག་གིས་དབང་ཚད་ལས་ང་ལ་གཏན་ནས་མེད།

    Reply
  2. arigman says:
    ལོ་ 13 སྔོན།

    ཉིན་འགར་དྲ་ཐོག་ལ་ཡོང་མ་ཐུབ་དེ་རིང་འདིར་འབུལ་ཙམ་བྱས་དུས་བོད་ཤ་ཁྲག་རུས་གསུམ་པས་དངོས་སྒྲུང་མུ་མཐུད་འདུག ངའི་ཆེད་དུ་ཡིན་པ་ལོས་ཤེས་དགའ་སྤྲོའི་ངང་ཚན་པ་་ལྔ་བོ་ཀློག་ཐང་གཅིག་གི་ཚར་དུས་དགའ་ནི་མ་དགོས་སྐྱོ་བྱུང་།
    ཨ་ཤུ་རེ་ཁོ་ང་བློ་བཟང་དེ་མིན་ནོ།
    ཨ་རོ་ལས་དཀའ་བཞག་དང་ངའི་སྒྲུང་བྲིས་བསྡད་ཡོ་ནས་ཁྱོས་བྱ་འདི་ཅང་འུ་ཡིན་ན། གང་ལྟར་ཐུགས་རྗེ་ཆེ་བོད་ཤ་ཁྲག་

    Reply
  3. tenzin9 says:
    ལོ་ 13 སྔོན།

    ཨེ་དྲ་གྲོགས་ཤ་ཁྲག་རུས་གསུམ། ང་ལ་དངོས་སྒྲུང་འདིའི་མཇུག་གློག་འདོད་མེད་ཀི། གང་ཡིན་ཞུས་ན་འདིའི་གནད་དོན་ཁྱོད་ཀྱིས་མཇུག་མ་ཕུད་རུང་། ངའི་ཤེས་ཀྱིན།

    Reply
  4. chokri nyima says:
    ལོ་ 13 སྔོན།

    གྲོགས་པོ་ལགས་ཚང་མ་ཀློག་པ་ཡིན་ད་མགྲོན་ཁང་ནང་དུ་ཅི་བྱེད་ཤེས་མ་སོང།ཧཧཧཧཧཧཧཧཧཧཧ

    Reply
  5. tashi.dolma says:
    ལོ་ 13 སྔོན།

    དྲྭ་གྲོགས་ལགས། ང་ལ་དཔྱད་གཞིའི་ཡིག་ཆ་ཞིག་འཚོལ་རོགས། ལུང་ཤར་བ་ཚེ་བརྟན་རྡོ་རྗེའི་སྐོར་གཙོ་བོར་གྱུར་བའི་སྐབས་དེའི་བཀའ་བློན་ཁྲི་སྨོན་པ་དང་སྲིད་བློན་གླིང་བདུན་སོགས་ཀྱི་སྐོར་ནས་བྲིས་པའི་དཔྱད་གཞིའི་ཡིག་ཆ་ཡོངས་གྲགས་ཡིན་མིན་གང་མང་ཞིག་སང་ཉིན་གྱི་རྒྱ་གར་ཆུ་ཚོད་བཅུ་གཉིས་བར་འདིར་འཇོགས་རོགས་ཞེས་རེ་སྐུལ་སེམས་གཏིང་ནས་ཞུ་བཞིན་ཡོད།

    Reply
  6. Dre Sha Zen says:
    ལོ་ 13 སྔོན།

    སྐུ་ཉྀད་ཀྱི་དངོས་སྒྲུང་ཚན་པ་འདི་སླར་མཇལ་གྱི་གོ་སྐབས་བྱུང་དགའ་ཚོར་ཡོད་་་་་
    ་་ང་ནི་དེ་རིང་བཀའ་སློབ་ཁྲི་འཚོལ་གྱི་བགྲོ་གླེང་ནང་སོང་ནས་ཡོང་ཡོད་ཀྱང་་་ད་བྲོད་ཁོག་སྟོང་པ་ཆག་ནས་དཀའ་ལས་འདུག་དཱ་་་སང་ཉིན་ཐོན་་ཡིན་ཐོན་ཡོང་་་ཧཧཧཧཧཧཧཧཧཧཧཧཧ

    Reply
  7. rinzing says:
    ལོ་ 13 སྔོན།

    བཀླགས་ཟིན་རྩོམ་སྒྲུང་སྙན་མོ་འདུག་མུ་མཐུད་དེ་ཡིན་ད་

    Reply
  8. free sopu says:
    ལོ་ 13 སྔོན།

    ཞིབ་ཏུ་ཀློག་ཚར་ཡིན་རུང་སེམས་ཁྲལ་ལྷག་མ་ཞིག་ཡོད་པ་ནི་བན་སྡེ་མཚོ་འདིས་བློ་བཟང་ལ་བར་ཆད་རེ་མི་གཏོང་སྙམ་གི

    Reply
  9. ajamyang says:
    ལོ་ 13 སྔོན།

    རྒན་རབས་པ་ལགས།ཁྱེད་ཀྱི་སྒྲུང་གཏམ་འདི་ཞིབ་གློག་ཅིག་བྱེད་ན་འདོད།   ཡིན་ན་ཡང་་་་དུས་ཚོད་ཀྱི་དབང་གིས་གློག་ཐབས་བྲལ།   འོད་ཀྱང་རྗེས་སུ་གློག་ཐབས་བྱེད་ངེས་ཡིན།

    Reply
  10. a gyatso says:
    ལོ་ 13 སྔོན།

    དྲ་གྲོགས་ཤ་ཁྲག་ལགས་རྩོམ་འདི་བཀླགས་ཟིན། ཡག་པོ་འདུག་འོན་ཅིང་ཚང་མ་ཡོད་ན་ཧ་ཅང་ཡག་པོ་འདུག་བསམ།

    Reply
  11. shedup says:
    ལོ་ 13 སྔོན།

    སྒྲུང་འདི་བཀླགས་ཟིན། དངོས་གནས་ཡག་པོ་འདུག།

    Reply
  12. ttshamba says:
    ལོ་ 13 སྔོན།

    ཨ་རོ་སྒྲུང་གཏམ་འདི་འགྲུབ་རྗེས་སྔ་གཞུག་ཆ༹ང་མ་མཉམ་གཅིག་ཏུ་དྲ་ཐོགས་ཞིག་ལ་འཇོག་ཨེ་ཐུབ་ལྟོས།སྔོན་ཆད་ལེའུ་བདུན་པ་བར་ཀློག་ཡོད།རྗེས་སུ་མུ་མཐུད་དུ་ཀློག་ཐུབ་མ་སོང་། ཟ་ལེ་རྒྱལ་གྱི་སྒྲུང་གཏམ་བླ་མའི་སྲས་མོར་འོས་བའི་ཁྱོ་ཀ་མེད་ཞེས་པ་དེ་ཡང་ཀློག་མཆ༹མས་བསྐྱུར་ཡོད།རྗེས་སུ་སྒྲུང་གཏམ་ཆ༹ང་མ་མཉམ་གཅིག་ཏུ་གྲོང་གསེབ་ཞིག་ལ་སོང་ནས་ཀློག་གི་ཡིན།

    Reply
  13. sha tak ri sim says:
    ལོ་ 13 སྔོན།

    དེས་ན་ད་སང་ཉིན་ག་ལེར་བཀོད་ཆོག ད་ཉལ་དུ་འགྲོ་རྒྱུ་ཡིན།

    Reply
  14. ttensher says:
    ལོ་ 13 སྔོན།

    ཨེ་ད་ཆོག་གི། ཁྱོས་ངའི་རྩོམ་ཡིག་དེ་རེམ་མོར་མར་ནུབ་ཏུ་འཇུག་སྙམ་པ་ཡིན་ནམ། ངའི་རྩོམ་ཡིག་ལ་རླུང་རྟ་མེད་པའི་ཐོག་འདི་ལྟར་བྱས་ན་སྙིང་རྗེ་ཞིག་མ་རེད་དམ། ཧ་ཧ་་ཧ་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist